ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །མངའ་རིས། བདུན་པ། སྤུ་ཧྲེང་རྒྱལ་སྤྱིའི་ཁྲོམ་ར།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ད་ཆ་བྲག་ཕུག་འགའ་རེར་སྔར་བཞིན་སྡོད་མཁན་ཡོད་པ་ཕུད། ཕལ་ཆེ་བ་ནི་བེད་མེད་དུ་འགྱུར་ཟིན་ཡོད་པ་རེད། དུ་ནག་གིས་འཚོས་པའི་བྲག་ཕུག་དེ་ཚོར་བལྟས་པ་ཡིན་ན་སྔོན་དུས་ཀྱི་འདུ་འཛི་ཆེ་བའི་མཐའ་མཚམས་ཉོ་ཚོང་གི་རྣམ་པ་ཞིག་རང་གི་ཡིད་ལ་འཆར་ཐུབ། ཐང་དཀར་ཁྲོམ་རར་བསྐྱོད་བྱེད་ཀྱི་ཟམ་པ་གཉིས་ཡོད་ཅིང༌། གྲོང་བརྡལ་རྙིང་པ་དང་ཉེ་བའི་ཟམ་འགོའི་་ཁུལ་དུའང་རང་བཞིན་གྱིས་“ཟམ་འགོའི་ཁྲོམ་ར་”ཆགས་ཡོད་པ་དེར་གཙོ་བོ་རྒྱ་ནག་གི་ཚོང་པ་དང་ནེ་པེ་ལའི་མཐའ་མཚམས་ཀྱི་མི་ཁག་གཅིག་གིས་ཚོང་གཉེར་བྱེད་ཀྱི་ཡོད། ཐང་དཀར་ཁྲོམ་ར་ནི་གཙོ་བོ་ཧིན་རྡུ་དང༌། ནེ་པེ་ལའི་ཚོང་པ་དང་དེ་བཞིན་ས་གནས་དེ་གའི་བོད་རིགས་མང་ཚོགས་རྣམས་ཚོང་གཉེར་བྱེད་ས་ཞིག་ཡིན། ཁྲོམ་ར་གཅིག་ཆུའི་ཤར་དང༌། གཅིག་ཆུའི་ནུབ་ཏུ་ཡོད་པ་དང་དེ་གཉིས་དབར་བར་ཐག་སྤྱི་ལེ་3 ཡོད་ཅིང་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་རའི་ཚོང་ལས་ཆགས་ཚུལ་ཞིག་ཁེར་རྐྱང་དང་འབྲེལ་བ་ཡོད་པའི་སྒོ་ནས་གྲུབ་ཡོད། ཐོ་བཀོད་པ་ལྟར་ན་སྤུ་ཧྲེང་རྫོང་གི་མཐའ་མཚམས་ཉོ་ཚོང་ལ་ལོ་ངོ་500 ཡི་ལོ་རྒྱུས་ཡོད་པ་རེད། དུས་རབས་ཉི་ཤུ་པའི་ལོ་རབས་50 པའི་དུས་མཇུག་ཏུ། ཀྲུང་གོ་སྲིད་གཞུང་གིས་
67.jpg
རྒྱལ་སྤྱིའི་ཁྲོམ་ར་འཛུགས་རྒྱུར་དངོས་སུ་ཆོག་མཆན་གནང་བས་འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་འབྲེལ་གྱི་ཚོང་འགྲུལ་ཁ་ཞིག་ལ་འགྱུར་བ་རེད།1995ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་མངའ་རིས་ལ་རིམ་པ་གཉིས་པའི་ཚོང་འགྲུལ་བྱེད་ས་འཛུགས་རྒྱུའི་ཆོག་
68.jpg
མཆན་གནང་བ་རེད། ལོ་ངོ་བཞི་བཅུའི་རིང་མངའ་རིས་ས་ཁུལ་གྱི་མཐའ་མཚམས་ཉོ་ཚོང་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་ཉོ༌ཚོང་བྱས་ཚད་ཀྱང་རྒྱུན་ཆད་མེད་པར་གོང་མཐོར་འགྲོ་བཞིན་ཡོད། སྤྱི་ལོ་1961 ལོར་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་ཚད་མི་དམངས་ཤོག་སྒོར་ཁྲི་50.5 ཟིན་པ་དང༌། སྤྱི་ལོ་1960ལོར་ཚོང་འགྲུལ་བྱེད་ས་དེར་ཚོང་གཉེར་བྱེད་མཁན་གྱི་ཧིན་རྡུ་དང་ནེ་པེ་ལའི་ཚོང་པའི་དུད་ཚང་61 ནས་1961 ལོར་157 བར་འཕར་སྣོན་བྱུང༌། 1962ལོའི་9 ཚེས་18 ཉིན་རང་རྒྱལ་ཕྱི་འབྲེལ་པུའུ་ཡིས་ནེ་པེ་ལའི་ཚོང་དུད་ཀྱིས་སྤུ་ཧྲེང་རྒྱལ་སྤྱིའི་ཁྲོམ་རར་སྡོད་ཁང་གསར་རྒྱག་བྱ་རྒྱུར་ཆོག་མཆན་གནང་བ་རེད།རྒྱལ་ཁབ་ཀྱིས་སྲིད་ཇུས་ལྷུག་གཏོང་བྱས་པས་སྤུ་ཧྲེང་གི་ཚོང་ར་སྔར་བས་དར་རྒྱས་ཆེ་བ་བྱུང་ཞིང༌། སྐབས་དེ་དུས་ཐོ་བཀོད་པར་གཞིགས་ན། “ཉོ་ཚོང་གི་ལས་ཀ་རྣམས༌ཚོང་འགྲུལ་ཁ་གཅིག་ཏུ་འདུས་ཡོད་པས་མི་ཕྱུགས་མང་བ་དང༌།དུས་སྐབས་གཅིག་རིང༌། ཁྲོམ་རར་གུར་100ལྷག་ཙམ་དང་མི་1000ལྷག་ཙམ་ཡོད་པ་དང༌། ཚོང་ཟོག་རི་ལྟར་སྤུངས་ཡོད་པས་ཁྲོམ་ར་དར་ཞིང་རྒྱས་པ་ཡོད་”ཅེས་བཀོད་ཡོད། མཐའ་མཚམས་ཉོ་ཚོང་འཕེལ་རྒྱས་ཕྱིན་པའི་རྐྱེན་གྱིས་སྤུ་ཧྲེང་རྫོང་གི་མི་འབོར་1987 ལོའི་མི་གྲངས་ 6957 ནས་ 1997ལོར་7500བར་འཕར་སྣོན་བྱུང་ཡོད། ཚོང་
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号