ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། དྲུག་པ། ཁ་གཏད་རོགས་སྐྱོར་གྱི་གཏམ་བཟང་རྒྱུན་པར་གྲགས།
སྤེལ་དུས།05-09  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ལས་གྲྭ་འགོ་ཚུགས་སྐབས་ཟླ་བ་བདུན་པ་ཡིན་པ་མ་ཟད། ཀོང་ཏུང་ཁུལ་དུ་གནམ་གཤིས་ཆེས་དྲོ་བའི་དུས་ཡིན་རུང༌། མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་4100ཟིན་པའི་བོད་ལྗོངས་སུ་གྲང་ངར་ཆེ་བས་བཟོད་དཀའ་མོད། འོན་ཏེ་ལས་གྲྭའི་ལག་རྩལ་འགན་འཁུར་མི་སྣ་དང་བཟོ་པ་ཚོས་དེ་ཁུལ་བོད་རིགས་མི་དམངས་ཀྱི་རོགས་རམ་ལ་བརྟེན་ནས་མཚེའུའི་ཁ་ཡི་ལས་གྲྭ་ལེགས་པར་བསྒྲུབས་པ་རེད། བརྒྱད་གཅིག་གློག་ཁང་ནི་དུས་ཡུན་ཟླ་བ་བརྒྱད་ཀྱི་དུས་ཚོད་སྟེ་1995ལོའི་ཟླ་8པའི་ཚེས་30ཉིན་མཇུག་སྒྲིལ་བ་རེད། བསྐྱར་བསྐྲུན་བྱས་རྗེས་ཀྱི་བརྒྱད་གཅིག་གློག་ཁང་
39.jpg
གི་གློག་སྐྱེལ་ཚད་ནི་དེ་སྔོན་གྱི་ལྡབ་གཅིག་ཡིན་པ་དང༌། གྲང་ངར་ཆེ་བའི་དགུན་དུས་སུ་གློག་མཁོ་འདོན་གྱི་དགོས་མཁོ་སྐོང་ཡོད། 1996ལོར་བརྒྱད་གཅིག་གློག་ཁང་གི་ལོ་ཧྲིལ་པོའི་གློག་སྐྱེལ་ཚད་ནི་ཏུའུ་ཁྲི་3500དང་ཡོང་འབབ་སྒོར་ཁྲི་500ལྷག་ཙམ་ཡིན། ཕུའུ་ཅན་ཞིང་ཆེན་གྱིས་སྔ་རྗེས་སུ་བོད་སྐྱོར་ལས་གྲྭར་མ་དངུལ་སྒོར་ཁྲི་9340བཏང་ནས་སྨན་གླིང་རྫོང་དང་ཉིང་ཁྲི་རྫོང་ལ་གློག་ཁང་སོགས་སྐྲུན་ཡོད་པ་དང༌། སྨན་གླིང་རྫོང་གི་ཤའང་7ལ་ཕུའུ་ཅན་ཞིང་ཆེན་གྱིས་མ་དངུལ་སྒོར་ཁྲི་80བཏང་ནས་སྤྱི་ལེ་30སར་གློག་སྐུད་འཁྲིད་དེ་ཀུན་ལ་འོད་སྣང་ཁྱབ་པར་བྱས་ཡོད།
40.jpg
ཕུའུ་ཅན་ཞིང་ཆེན་གྱིས་མ་དངུལ་སྒོར་ཁྲི་3000བཏང་ནས་ཉིང་ཁྲི་ས་ཁུལ་གྱི་འཛུགས་སྐྲུན་གྲབས་གཤོམ་ལས་གྲྭར་རོགས་སྐྱོར་བྱས་ཡོད་ཅིང༌། སྣང་རྫོང་དང་སྨན་གླིང་རྫོང་གཉིས་ལ་དབེན་ཀྲོའུ་གྲོང་ཁྱེར་དང་ཕུའུ་ཀྲོའུ་གྲོང་ཁྱེར་གཉིས་སོ་སོས་མ་དངུལ་སྒོར་ཁྲི་950དང་500བཏང་ནས་རྫོང་གི་འཛུགས་སྐྲུན་དང་འཕྲོད་བསྟེན་སྨན་བཅོས་ལ་རོགས་རམ་བྱས་ཡོད། ཉིང་ཁྲི་ཡི་སྨན་བཟོའི་རྩི་ཤིང་རིགས་ནི་སྟོང་ལྷག་ཡོད་པ་དེས་ལྗོངས་ཡོངས་ཀྱི་བརྒྱ་ཆ་90ཡན་ཟིན་ཡོད། ཁུལ་དེར་གསར་སྤེལ་བྱེད་ཆེད།   ཀན་སུའུ་ཞིང་ཆེན་ཆེས་བྲིན་ཁེ་ལས་ཚོགས་པས་མ་དངུལ་སྒོར་ཁྲི་1000བཏང་ནས་བོད་ལྗོངས་ཉིང་ཁྲི་བོད་སྨན་བཟོ་གྲྭ་བསྐྲུན་པ་རེད། སྨན་ཐོན་སྐྱེད་བྱས་རྗེས་1997ལོའི་སྟོད་ཆར་དཔྱ་ཁྲལ་སྒོར་ཁྲི་200ལྷག་ཙམ་འཇལ་ཐུབ་ཡོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号