ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། དྲུག་པ། ཁ་གཏད་རོགས་སྐྱོར་གྱི་གཏམ་བཟང་རྒྱུན་པར་གྲགས།
སྤེལ་དུས།05-09  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ཕུན་སུམ་ཚོགས་པའི་ཉིང་ཁྲིའི་ཡུལ་སྐོར་སྤྲོ་འཆམ་གསར་སྤེལ་བྱེད་ཆེད་དང༌། ཉིང་ཁྲི་ས་གནས་དང་རྒྱལ་ཕྱི་རྒྱལ་ནང་དབར་འབྲེལ་བ་ཡོང་ཆེད།1994ལོར་ཀྲུང་དབྱང་སྲིད་གཞུང་གིས་གཏན་འཁེལ་བའི་ལས་གྲྭ་62ཀྱི་ཡ་གྱལ་ཉིང་ཁྲི་མགྲོན་ཁང་བསྐྲུན་རྒྱུ་དེ་ཀོང་ཏུང་ཞིང་ཆེན་གྱི་རོགས་སྐྱོར་བྱས་ཏེ་བསྐྲུན་རྒྱུར་གཏན་འཁེལ་བྱས་པ་རེད།
ཀོང་ཏུང་ཞིང་ཆེན་གྱིས་ལས་གྲྭ་དེར་མཐོང་ཆེན་བྱས་ཏེ་ཆེད་མངགས་ལས་གྲྭའི་གཞུང་དོན་ཁང་བཙུགས་པ་རེད། མགྲོན་ཁང་གི་ས་ཁྱོན་བཟུང་ཚད་ནི་སྨི་གྲུ་བཞི་མ་ཁྲི་5.23ཡིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ་6618ཡིན། དེར་འགྲུལ་ཁང་ཆ་ཚང་150དང་ཉལ་ཁྲི་300 དེ་མིན་གཞུང་དོན་ཁང་དང་ལས་བཟོའི་སྡོད་ཡུལ་སོགས་སྨི་གྲུ་བཞི་མ་1120ཡོད།མགྲོན་ཁང་དབྱིབས་ནི་སྒོར་ཕྱེད་དབྱིབས་དང་ཐོག་ཁང་གཙོ་བོ་དེར་གཡུ་རྩི་བཏང་ཡོད། འཆར་གཞིར་སྒོར་ཁྲི་2110ཡིན་ཀྱང་རྗེས་སུ་སྒོར་ཁྲི་819སྣོན་དགོས་བྱུང་ཡོད། སྐྲུན་རོགས་སྡེ་ཚན་ནི་ཟི་ཁྲོན་ཞིང་ཆེན་འཛུགས་སྐྲུན་ཀུང་སི་གསུམ་པའི་བོད་ལྗོངས་ཡན་ལག་ཀུང་སི་དང༌། ཀོང་ཀྲོའུ་ཞིང་ཆེན་སྐར་ལྔའི་མགྲོན་ཁང་གིས་མ་དངུལ་བཏང་ཡོད་པ༌རེད། ལས་གྲྭ་དེ་1994ལོའི་ཟླ་9པའི་ ཚེས་30ཉིན་འགོ་ཚུགས་པ་དང་1996ལོའི་ཟླ་1པོར་མཇུག་སྒྲིལ་བ་རེད།མགྲོན་ཁང་གི་ཐེངས་དང་པོའི་ཞབས་ཞུ༌མ་ནི་ཚང་མ་ཀོང་པོའི་བུད་མེད་ཡིན་པ༌དང་ལས་ཀ་ཞིབ་ཚགས་ལ་གང་སྤྱིར་སྨོས༌དགོས་མེད་པ་རེད།མགྲོན་ཁང་གི་ལོ་རེར༌རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཁྲི་1.6ལ༌སྣེ་ལེན་ཞུ་བ་དང་ཡོངས་འབབ་སྒོར་ཁྲི༌800ཡས་མས་ཟིན་གྱི་ཡོད།1997ལོའི་ཟླ་བ་2པའི་མཇུག་ལ་བསྡོམས་རྩིས་བརྒྱབ་པར་གཞིགས་ན།ལས་ཞོར་ཡོང་འབབ་སྒོར་ཁྲི་240ཟིན་ཡོད་པས་སྤྱི་ཚོགས་ཐོག་གི་ལས་ཤོར་མི༌80ཡི་ལས་ཀ་ཐག་གཅོད་བྱས་ཤིང་སྤྱི་ཚོགས་ཀྱི་དཔལ་འབྱོར་ཕན་འབྲས་མངོན་གསལ་དོད་པོ་ཡོད། མགྲོན་ཁང་གི་ཨར་ལས་གྲུབ་རྗེས། ཀོང་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སླར་ཡང་ཉིང་ཁྲིར་སྒོར་ཁྲི་800བཏང་ནས་བརྒྱད་གཅིག་གྲོང་བརྡལ་གྱི་ལམ་བུ་སོགས་སྐྱར་བཟོ་བྱ་རྒྱུའི་གཏན་འཁེལ་བྱས་པ་མ་ཟད། ཉིང་ཁྲི་དང་སྤོ་མེས་རྫོང་གཉིས་སོ་སོར་སྒོར་ཁྲི་100བཏང་ཏེ།དེ་ཁུལ་གྱི་དཔལ་འབྱོར་དཀའ་གནད་སེལ་རྒྱུ་བྱས་པ་རེད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号