བཟོ་གྲྭ་འདི་ལོ་རབས་དྲུག་ཅུའི་སྨད་ཆར་སྐྲུན་ཞིང་དེ་དུས་བཟོ་པ་མི་གྲངས་800ལྷག་ཙམ་ཡོད། ཁོ་ཚོ་ནི་བོད་ཀྱི་བཟོ་པ་ཐོག་མ་ཡིན་པ་དང་བཟོ་གྲྭས་སྐབས་དེ་དུས་ལོ་རེར་ཐེར་མ་སྨི་ཁྲི་6ཐོན་སྐྱེད་ཐུབ་ཀྱི་ཡོད། ད་ཆ་བཟོ་གྲྭ་འདིར་འཁོར་ཁང་བདུན་ཡོད་པ་དང་བཟོ་པ་མི་གྲངས་1600ལྷག་ཙམ་ཡོད། ཐེར་མ་ཐོན་སྐྱེད་བྱེད་པ་ཕུད། ད་དུང་བལ་སྐུད་དང་ས་གདན་ཐོན་སྐྱེད་བྱེད་བཞིན་ཡོད། ལོ་རེའི་ཐེར་མ་ཐོན་ཚད་ནི་སྨི་ཁྲི་40དང་བལ་སྐུད་སྤྱི་རྒྱ་ཁྲི་40 ཀམ་པ་ལི་ངོ་གྲངས་ཁྲི་2བཅས་སོ། བཟོ་གྲྭ་བཙུགས་པ་ནས་ད་བར་དུ་ཡོང་འབབ་བསྡོམས་གྲངས་སྒོར་དུང་ཕྱུར་2.7ཟིན་ཡོད། དེ་མིན་ཤོག་བུ་བཟོ་བའི་རྐྱུ་ཆ་དང་ཤིང་ཆ་མཉམ་ལས་ལས་སྣོན་ཁང་ལ་ཡང་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད།

བརྒྱད་གཅིག་གྲོང་བརྡལ་ནི་ཁྲོན་བོད་གཞུང་ལམ་ཐོག་གི་གལ་ཆེའི་གྲོང་བརྡལ་ཞིག་ཏུ་གྲུབ་ཟིན་པ་དང༌། བཟོ་ལས་ཐོན་རྫས་དང་རྒྱུན་མཁོའི་ཚོང་ཟོག་མཉམ་འདྲེས་ཀྱི་དངོས་ཟོག་ཐར་ཐོར་དང་དངོས་ཟོག་བརྗེ་རེས་ལྟེ་གནས་ཤིག་ཏུ་གྱུར་པ་རེད། ཉིང་ཁྲིར་ད་ལྟ་ཉིང་ཁྲི་བལ་འཐག་བཟོ་གྲྭས་གཙོ་བོ་བྱས་པའི་རླངས་འཁོར་སྐྱེལ་འདྲེན་དང༌།འཕྲུལ་ཆས་བཟོ་སྐྲུན། ཤིང་ཆ་ལས་སྣོན། སྨན་ཁང་སོགས་ཁེ་ལས་བཅུ་རིམ་པ་བཞིན་དབུ་བརྙེས་ཡོད་པ་རེད།བརྒྱད་གཅིག་གྲོང་བརྡལ་གྱི་ཤར་ན་ཁྲེན་ཏུའུ་དང་ལྷོ་རུ་ལྷོ་ཁ། བྱང་དུ་ལྷ་ས་གནས་རྐྱེན། ཁྲོན་བོད་གཞུང་ལམ་ཐོག་ཤར་གཏོང་བྱེད་བཞིན་པའི་དངོས་ཟོག་དབོར་འདྲེན་རླངས་འཁོར་གྱིས་ནང་སའི་དངོས་ཟོག་མི་ཉུང་བ་བརྒྱད་གཅིག་གྲོང་ 2/3 མདུན་ངོས། 上一页 1 2 3 下一页 尾页 |