ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། བདུན་པ། གཅིག་གྲོང་བརྡལ།
སྤེལ་དུས།05-09  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
46.jpg
བརྡལ་དུ་དབོར་བ་མ་ཟད།ཉེ་འཁོར་གྱི་ཀོང་པོ་རྒྱ་མདའ་དང་མེ་ཏོག་སྤོ་མེས། སྨན་གླིང་སོགས་རྫོང་གི་ཞིང་འབྲོག་ཚོས་ས་ཁུལ་དེ་གའི་སྣམ་བུ་དང༌།གདུ་བུ། བོད་གྲི། ཁ་གདན་སོགས་མི་རིགས་ལག་ཤེས་ཐོན་རྫས་ཁྲོམ་ལམ་དུ་ཚོང་བཞིན་མཆིས། བརྒྱད་གཅིག་གྲོང་བརྡལ་གྱི་སྲང་ལམ་དུ་གོམ་སྟབས་བསྒྱུར་ཚེ། འདི་གར་ཁང་བཟང་གྲལ་སྟར་འགྲིག་ལ། ཚོང་ཁང་འདྲ་མིན་སྣ་ཚོགས། ཚོང་ཟོག་སྣེ་ཁ་འཛོམས་ཤིང༌། ཚོང་ར་འཁྲུག་ཆ་དོད་པ་ཞིག་མིག་མདུན་དུ་ལྷམ་མེར་འཆར་ལ་འདས་ཟིན་པའི་རྡོ་གཅལ་ལམ་བུ་དེ་རྣམས་མཐོང་རྒྱུ་མེད་པར་ད་ཆ་ཡོད་པ་ནི་ཀོང་ཏུང་ལམ།ཕུའུ་ཅན་ལམ། ཀྲུའུ་ཧའེ་ལམ་སོགས་ཁྲོམ་ལམ་ཁག་བདུན་དང༌། ཤཱ་མེན་ཐང་ཆེན་དང་ཀྲུའུ་ཅང་ཁྲོམ་ར། དེ་མིན་ལྟོས་བཅས་སུ་གཞུང་ལམ་གྱི་གློག་སྒྲོན། ཁྲོམ་ལམ་གྱི་སྔོ་ལྗང༌། མེ་ཏོག་གི་ལྡུམ་རྭ་སོགས་ཀྱི་རྣམ་པ་གསར་རྐྱང་ཞིག་བརྗེས་ཡོད།
47.jpg
      ཉེ་བའི་ལོ་ཤས་ནང་གསར་སྐྲུན་བྱས་པའི་ཁང་པའི་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ་11ཟིན་པ་དང༌། མགྲོན་ཁང་དང་ཚོང་ཁང༌། ཟ་ཁང༌། གླུ་གར་ཁང་སོགས་གཅིག་ལས་གཅིག་ལེགས་པ་ཡོད་པས་ད་ཆའི་བརྒྱད་གཅིག་གྲོང་བརྡལ་ནི་དུས་བཞི་དབྱེར་མེད་ལང་ཚོའི་བཞིན་དཔལ་ངོམས་བཞིན་པའི་གཞོན་ནུ་མ་ཞིག་དང་ཡོངས་སུ་མཚུངས།      
བཙུགས་མ་ཐག་པའི་ཀྲུའུ་ཅང་ཁྲོམ་ར་ནི་མི་ཚོགས་མཐུག་ལ་གྲལ་སྟར་སྒྲིག་པ། ཚལ་རིགས་འཛོམས་ལ་གང་དགོས་ཡོད་པ། རི་གྲོང་གི་རང་རང་ཐོན་རྫས་དང་སྨན་རྩའི་རིགས་ནི་གོང་ཚད་མཐོ་པོས་ཕྱིར་འཚོང་ཐུབ་རྐྱེན། ལྟ་མོ་ཟེར་བ་ཞིག་གིས་རང་གི་ཚོང་ཟོག་ལ་མཛུབ་མོས་གཏད་ཅིང༌། སླར་ཡང་དངུལ་ལོར་ཆག་པ་ཞིག་བཏོན་ནས་“རི་གྲོང་ལས་ཐོན་ཏེ་ཚོང་རའི་དཔལ་འབྱོར་དབུས་སུ་ཁེ་བོགས་ཡོད་པའི་ཚོང་བརྒྱབ་པ་དེ་ལ་གཞི་ནས་འབྱོར་འབྲིང་འཚོ་བར་ཁ་ཕྱོགས་པ་”ཟེར་གྱི་ཡོད་ཞེས་གསུངས་བཞིན་འདུག
བརྒྱད་གཅིག་གྲོང་བརྡལ་ཉེ་འཁོར་གྱི་རི་བོའི་ཐོག་འཚོ་སྡོད་བྱེད་བཞིན་པའི་རྔོན་པ་དང་ཡུལ་མི་དེ་རྣམས་ལས་ཁ་ཤས་ཀྱི་ཉེ་བའི་ལོ་ཤས་ནང་སྔར་གྱི་ཤིང་ཁང་མེད་པར་བཟོས་ཏེ་ཐོག་ཁང་གསར་པ་བརྒྱབ་པ་དང༌། ཁང་པ་དེ་དག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཆིས་པས་དེ་རྣམས་མིག་ལ་མཛེས་ཤིང་བློར་འགྲོ་བ་ཞིག་དང༌། བརྒྱད་གཅིག་གྲོང་བརྡལ་གྱི་ཡུལ་ལྗོངས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号