ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ལྷོ་ཁ། བདུན་པ། ཡུལ་སྐོར་ལས་རིགས་དང་གནའ་ཤུལ་གྲགས་ཅན་གཙོ་གྲས།
སྤེལ་དུས།05-11  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
63.jpg
མཚར་དང་འཕྲུལ་སྣང་གིས་མཛེས།བཤད་རྒྱུན་ལྟར་ན། བློ་རྩེ་གཅིག་གིས་བྱ་ར་བྱས་པ་ན་བླ་མཚོ་ལས་འཕྲུལ་པའི་སྣང་བ་ཅིའང་སྟེར་ཞིང༌། མ་འོངས་ལུང་དུ་སྟོན་པ་ཡིན་ཟེར། དེའང་ཏཱ་ལའི་བླ་མ་དང་པཎ་ཆེན་གྱི་ཡང་སྲིད་བཙལ་འཚོལ་སྐབས་སུ་འདིར་མཚོ་གཟིགས་ཀྱི་མཛད་ཀྱི་ཡོད་པས་སྔར་བས་ངོ་མཚར་བར་གྱུར། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་འཚོ་བཞུགས་སྐབས་འཆར་ཅན་ལྟར་མཚོ་གཟིགས་སུ་མྱོང་བ་མ་ཟད་ལོ་རེ་བཞིན་དད་ལྡན་མཚོ་མཇལ་བའི་རྒྱུན་ཆད་མྱོང་མེད་པ་རེད།
65.jpg
ཡར་ཀླུང་གི་མཛེས་ལྗོངས་དང་གནས་མཆོག་གྲགས་ཅན།
1988ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེ་ཁུལ་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་དང་གནས་མཆོག་གྲགས་ཅན་ཁག་གཉིས་པ་དང༌། རང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་དུ་ཆོག་མཆན་བཀོད། དེ་ཁུལ་གནམ་གཤིས་བཟང་ལ་ཡུལ་ཁམས་གཙང་བ་དང་ས་རྒྱ་ཆེན་པོ་ཡོད། མཛེས་ལྗོངས་ཁུལ་ནི་རྩེད་ཐང་ལྟེ་གནས་སུ་གྱུར་པའི་མཛེས་ལྗོངས་ཆེ་ཁག་བཅུ་པོའི་ཆ་ཤས་58དེ་དག་ཡིན། མཛེས་ལྗོངས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་1580ཡོད་པ་དེ་དག་ལས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6635.8ཟིན་པའི་ཡར་ལྷ་ཤམ་པོ་ཙམ་མ་གཏོགས་དེ་བྱིངས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3450ནས་3600བར་དུ་ཡོད་པ་དང༌། ཡར་ཀླུང་གཙང་པོའི་གཞོགས་གཉིས་སུ་ས་ཁོད་སྙོམས་ལ་ས་རྒྱུ་གཤིན་པ་དང༌། གྲོང་ཚོ་མུ་འབྲེལ་དུ་ཡོད།
མཛེས་ལྗོངས་ཁུལ་དེར་རོང་སའི་ཁྱད་ཆོས་ལྡན་ཞིང༌། བོད་ཀྱི་ལོ་རྐྱུས་དང་ཆོས་ལུགས་དམངས་སྲོལ་སོགས་པ་གཅིག་ཏུ་འདུས་པས་རིག་དངོས་བདག་གཅེས་དང༌། གནས་གཟིགས་ལྟ་སྐོར།ཡུལ་ལུགས་གོམས་སྲོལ་ཉམས་སུ་མྱོང་བ།ཚན་རྩལ་ཞིབ་དཔྱད། རིག་གཞུང་ཞིབ་འཇུག་བྱེད་ཡུལ་སོགས་ཡོངས་སུ་ཚང་བའི་རྒྱལ་ཁབ་རིམ་གནས་མཆོག་གྲགས་ཅན་ཞིག་ཡིན།
ད་ལྟ་ཀྲུང་གོ་སྲིད་གཞུང་གིས་མ་དངུལ་འཕོན་ཆེན་བཏང་ནས་ལྷོ་ཁའི་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་འགྲིམ་འགྲུལ་དང༌། འཕྲིན་སྐྱེལ། སྣེ་ལེན་ཞབས་ཞུ་ལ་སོགས་པའི་སྒྲིག་ཆས་ལེགས་བཅོས་དང༌། གནའ་ཤུལ་ཉམས་གསོ།ཤིང་འཛུགས་ནགས་བཟོ་བཅས་བྱས་ནས་སྐྱེ་ཁམས་ལེགས་ལ་སྒྲིག་ཆས་སྔོན་ཐོན་དང་ལྡན་པའི་མཐོ་སྒང་གི་ཡུལ་སྐོར་གནས་མཆོག་ཁྱད་ཆོས་ལྡན་པ་ཞིག་ཏུ་བསྐྲུན་བཞིན་ཡོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号