ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ལྷོ་ཁ། བདུན་པ། ཡུལ་སྐོར་ལས་རིགས་དང་གནའ་ཤུལ་གྲགས་ཅན་གཙོ་གྲས།
སྤེལ་དུས།05-11  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
སྨིན་གྲོལ་གླིང༌།
གྲ་ནང་སྨིན་གྲོལ་གླིང་ནི་རྙིང་མའི་དགོན་པ་གསུམ་གྱི་ཡ་གྱལ་ཡིན།བསྟན་པ་ཕྱི་དར་དུས་སུ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱིས་དུས་རབས་10པའི་དུས་མཇུག་ཏུ་སྨིན་གྲོལ་གླིང་གྲོང་ཚོར་ དགོན་ཆུང་འིག་བཏབ་པ་དེའི་རྨང་གཞིའི་ཐོག་རྒྱལ་དབང་ལྔ་པའི་ཡོངས་འཛིན་གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་མཆོག་གིས་རྒྱས་སྐྲུན་མཛད་པ་ཡིན།
དགོན་པ་དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་l0ཙམ་ཡོད་ པ་དང༌། གཙུག་ལག་ཁང་དང༌། བདུད་འདུལ་མཆོད་རྟེན། གསང་སྔགས་ཕོ་བྲང༌། རྣམ་རྒྱལ་ཕོ་བྲང་སོགས་ལས་སྒྲུབ་པ་ཡིན།
སྨིན་གྲོལ་གླིང་གི་གྲྭ་པ་ཚོ་ཆོས་ཙམ་མ་ཟད། གསོ་རིག་དང༌། གནམ་དཔྱད་སྐར་རྩིས། ལེགས་སྦྱར་གྱི་ཡི་གེ།ཡིག་གཟུགས་སོགས་ཀྱང་སྦྱོང་བས་དེ་གའི་ཡིག་གཟུགས་གྲགས་ཆེ་བ་དང༌།གྲྭ་པ་ཁག་གཅིག་སྨན་རྩིས་ཁང་དུ་སྐར་རྩིས་འིབ་འཇུག་དང་《བོད་ཀྱི་ལོ་རྒྱུས་ལོ་ཚིག་རེའུ་མིག་》བཟོ་བ་དང༌། རྒྱུན་སྲོལ་ལྟར་བཀའ་ཤག་གི་བླ་སྤྱི་དཔོན་རིགས་སློབ་གྲྭའི་དགེ་རྒན་དུ་མངགས་མྱོང་ཡོད་པ་རེད།
ཡར་འབྲོག་གཡུ་མཚོ།
མཚོ་དེ་ནི་སྣ་དཀར་རྩེ་རྫོང་ཁོངས་སུ་མཆིས་ཤིང༌། དམངས་ཁྲོད་ཀྱི་བཤད་རྒྱུན་ལྟར་ན། མཚོ་དེ་ལྷ་མོ་ཞིག་ལས་སྤྲུལ་པ་ཡིན་ཟེར།
011.jpg
ཡར་འབྲོག་གཡུ་མཚོའི་ངོས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4441དང༌།ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ་130 ལྷོ་བྱང་གི་ཞེད་ཚད་ལ་སྤྱི་ལེ་70 རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་638 མཚོ་མཐའི་རིང་ཚད་ལ་སྤྱི་ལེ་250ལྷག་ཙམ། མཚོ་གཏིང་ ལ་ སྨི་ 30ནས་ 40བར་ དང༌།གཏིང་རིང་ཤོས་ལ་སྨི་60ཉེ་བ་བཅས་ཡོད་ལ་བོད་ལྗོངས་ཀྱི་མཚོ་ཆེན་གསུམ་གྱི་ཡ་གྱལ་ཡང་ཡིན།
མཚོ་དེའི་དཀྱིལ་དུ་རི་ཆུང་12ཙམ་ཡོད་པའི་ནང་ནས་ཆེ་ཤོས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བའི་མ་8དང༌། ཆུང་ཤོས་ལ་སྨི་གྲུ་བཞི་མ་3000ཙམ་ཡོད། རི་དེ་ཚོའི་ཐོག་ཏུ་རྩྭ་བཟང་ལ་བྱ་རིགས་ཀྱང་ཤིན་ཏུ་མང་ཞིང༌། མཚོའི་ནང་དུ་ཉ་རིགས་ཤིན་ཏུ་མང་ལ་མཚོ་མཐའི་རྩྭ་རའང་སྤྱི་ཆིང་66.6ཙམ་ཟིན་གྱི་ཡོད་པས་བོད་ལྗོངས་ཀྱི་འབྲོག་ར་གྲགས་ཅན་ཞིག་ཡིན།
ཡར་འབྲོག་གཡུ་མཚོ་ནི་ལྷག་པར་ཡིད་དུ་འོང་སྟེ། བསིལ་རླུང་ལྡང་བའི་ཚེ་ན་རླབས་ཕྲེང་གི་གཟི་མདངས་ཕྱུངས་ཤིང༌། ཆུ་བྱ་ངང་པའི་ཚོགས་མཚོ་རླབས་དང་འགྲོགས་ནས་རྩེད་དགར་རོལ། ཕྱོགས་མཚམས་རི་བོ་དག་ཀྱང་གཡུ་ཡི་མདངས་ལ་འཁུ་བའི་མཚོ་ངོས་སུ་གསལ་ཞིང༌། མཚོ་མཐའི་རྟ་ནོར་ལུག་ཀྱང་བདེ་བར་གནས་ཡོད།
ཡར་འབྲོག་གཡུ་མཚོ་ནི་ཡར་ཀླུང་གཙང་པོ་དང་བར་ཐག་རི་གཅིག་ལས་མེད་ལ་ཉེ་སར་སྤྱི་ལེ་6ཙམ་ལས་མེད་པས་མཚོ་ཁ་དེར་ཆུ་འཐེན་གློག་ཁང་བསྐྲུན་ཡོད་པས་བོད་ལྗོངས་ཀྱི་དཔལ་འབྱོར་དར་རྒྱས་གཏོང་བར་ནུས་པ་ཆེན་པོ་ཐོན་ངེས་རེད།
ལྷ་མོའི་བླ་མཚོ།
རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་1ཙམ་མཆིས་པའི་བླ་མཚོ་དེ་ནི་རྒྱ་ཚ་རྫོང་གི་ཚལ་རྒྱུ་ཤང་དུ་ཡོད། མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་5100ཟིན་པའི་གངས་རིའི་རྩེ་མོ་ནས་མཇལ་བའི་ཚེ་ཤིན་ཏུ་དྭངས་བའི་མཚོ་མོ་དེ་ངོས་སྙོམས་པའི་མེ་ལོང་ཆེན་པོ་ཞིག་དང་འདྲ་བར་ངོ་
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号