ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ལྷོ་ཁ། བདུན་པ། ཡུལ་སྐོར་ལས་རིགས་དང་གནའ་ཤུལ་གྲགས་ཅན་གཙོ་གྲས།
སྤེལ་དུས།05-11  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ལྷ་ཁང་དེའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་4667ཡོད་པ་དང༌། ལྷ་ཁང་21དང་ ཁྱམས་ར་རིང་མོའང་ཡོད།དབུ་རྩེ་གསེར་ཟངས་ཀྱི་རྒྱ་ཕིབས་ཀྱིས་འོད་མདངས་འཚེར་བས་ཉམས་དགའ་བར་སྣང༌། རྒྱལ་བ་སྐུ་ཕྲེང་ལྔ་པ་ནས་བཟུང་སྟེ་སྐུ་ཕྲེང་རིམ་བྱོན་དུས་བཀག་ལྟར་མཇལ་བར་ཕེབས་མྱོང་བ་དང༌།རྒྱ་བཟའ་ཀོང་ཇོའང་བཞུགས་མྱོང་སྐད།
ཁྲ་འབྲུག་གཙུག་ལག་ཁང་དུ་ནོར་རྫས་དང་རིག་དངོས་མང་པོ་ཡོད་པ་དཔེར་ན། སློབ་དཔོན་ལྷ་ཁང་དུ་ངོ་མཚར་ཆེ་བའི་མུ་ཏིག་ཐང་ག་དང༌།རྒྱ་བཟའ་ཀོང་ཇོའི་ཕྱག་རྫས་སུ་གྲགས་པའི་ཐབ་དང་སིལ་སྙན་སོགས་ཀྱང་མཆིས། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་1961ལོའི་ཟླ་3ཚེས་4ཉིན་ལྷ་ཁང་དེ་རྒྱལ་ཡོངས་ཀྱི་རིག་དངོས་གཙོ་གནད་སྲུང་བའི་སྡེ་ཚན་ཨང་དང་པོའི་གྲས་སུ་བཙུད།
བསམ་ཡས་གཙག་ལག་ཁང༌།
གཙུག་ལག་ཁང་དེ་ནི་བོད་དང༌།རྒྱ་ནག རྒྱ་གར་གསུམ་གྱི་གནའ་བོའི་དཔལ་ཡོན་གྱིས་བརྒྱན་ཞིང་རྒྱ་ནག་ལུགས་དང༌། བོད་ལུགས། རྒྱ་གར་ལུགས་གསུམ་ཐོག་ནས་སྤྱི་ལོའི་དུས་རབས་8པའི་དུས་དཀྱིལ་ཏེ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་དུས་ལྷོ་ཁ་གྲ་ནང་གི་བྱང་ངོས་ཧས་པོ་རིའི་ངོགས་སུ་བཞེངས་ནས་ད་བར་ལོ་ངོ་1200འདས་ཤིང༌། བོད་རིགས་ཀྱི་གནས་ཤུལ་ཁྲོད་ནས་ལོ་རྒྱུས་རིང་བའི་གཙུག་ལག་ཁང་གྲགས་ཅན་ཞིག་ཡིན། གཞན་ཡང་མཁན་ཆེན་ཞི་བ་ཚོས་བསློབ་སྡོམ་གནང༌། བོད་ཕྲུག་“སད་མི་མི་བདུན་”བྱ་བ་རབ་ཏུ་བྱུང་བས་དེའི་དབང་གིས་དཀོན་མཆོག་གསུམ་གཅིག་ཏུ་འདུས་པའི་བོད་ཀྱི་གཙུག་ལག་ཁང་ཐོག་མར་གྱུར།
60.jpg
གཙུག་ལག་ཁང་དེར་གནའ་ཤུལ་མང་བ་དཔེར་ན། གོང་མས་གནང་བའི་སྒོ་བྱང་དང༌། མཐོ་ཚད་ལ་སྨི་4.9ཟིན་པའི་རྡོ་རིང༌། སྒྲ་དབྱངས་སྣ་དགུ་འཛོམས་པའི་དྲིལ་བུ་སོགས་ཡོད་ལ་ལྡེབས་རིས་སྣ་ཁ་མང་ལ་ནང་དོན་ཕུན་སུམ་ཚོགས་པ་དང་འབྲི་རྩལ་རྩེར་སོན་པས་སྙན་གྲགས་ཀྱི་བ་དན་མཁའ་རུ་འཕྱོ།དེ་དག་ལས་བོད་ཀྱི་“ལོ་རྒྱུས་མཚོན་པའི་ལྡེབས་རིས་”ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་ལས་བོད་དུ་འགྲོ་བ་མིའི་རིགས་བྱུང་ལུགས་སོགས་པ་ནས་རྒྱལ་བ་ལྔ་པའི་མཛད་རྗེས་སོགས་འཁོད་པའི་ལྡེབས་རིས་ཡོངས་རྫོགས་སྨི་92ཙམ་ཟིན་གྱི་ཡོད་པ་དེ་དག་ནི་བོད་ཀྱི་ལྡེབས་རིས་ཁྲོད་ནས་རྩེར་སོན་གྲས་ཡིན།
བསམ་ཡས་གཙུག་ལག་ཁང་བཞེངས་པ་ནས་ད་བར་དུས་རབས་མང་པོའི་རིང་ལ་དར་རྒུད་ཐེངས་འགའ་བྱུང་ཞིང༌། བཙན་པོའི་རྒྱལ་རབས་དུས་སུ་གླང་དར་མས་བསྟན་པ་བསྣུབས་ནས་གཙུག་ལག་གཏོར། སྤྱི་ལོའི་དུས་རབས་10པའི་དུས་འགོར་ས་སྐྱ་ཆོས་རྒྱལ་འཕགས་པས་ཉམས་གསོ་མཛད།1951ལོར་བོད་ཞི་བའི་བཅིངས་འགྲོལ་བཏང་བའི་རྗེས། ཀྲུང་གོའི་སྲིད་གཞུང་གིས་གནའ་བོའི་དགོན་སྡེ་དང་དགོན་སྡེའི་ནང་གི་རིག་དངོས་སྲུང་རྒྱུར་གཟིགས་མཐོང་གནང་ཐོག་ཆེད་དངུལ་བཏང་ནས་ཞིག་གསོ་བྱས།1962ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ལྷན་གྱིས་བསམ་ཡས་གཙུག་ལག་ཁང་དེ་ཉིད་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་ཁུལ་སྡེ་ཚན་གཙོ་གྲས་སུ་བཙུད་པའོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号