བཙན་པོའི་བང་སོ།
བཙན་པོ་རིམ་བྱོན་གྱི་བང་སོ་ནི་འཕྱོངས་རྒྱས་རྫོང་ཁོངས་ཀྱི་མུ་ར་རི་དང་དོན་མཁར་མདའ་རུ་ཡོད། བཙན་པོའི་བང་སོ་གནས་ཁུལ་གྱི་ཤར་ནུབ་བར་ལ་སྨི་2076ཙམ་དང༌། ལྷོ་བྱང་བར་ལ་སྨི༌1407ཙམ། གཞི་ཁྱོན་ལ་སྨི་གྲུ་བཞི་མ་305ཙམ་བཅས་ཡོད།
ལོ་རྒྱུས་ཡིག་རིགས་མང་པོར་སྤྱི་ལོའི་དུས་རབས་6པའི་དུས་འགོར་ཡར་ཀླུང་ཚོ་པས་ཉེ་འཁོར་གྱི་ཚོ་པ་དབང་དུ་བསྡུས་ནས་བོད་བཙན་པོའི་རྒྱལ་རབས་བཙུགས། སྤྱི་ལོའི་དུས་རབས་7པའི་དུས་འགོར་སྲོང་བཙན་སྒམ་པོས་རྒྱལ་ས་ལྷ་སར་སྤོས་ཀྱང་འཕྱོངས་རྒྱས་ཁུལ་ནི་བཙན་པོའི་འབྱུང་གནས་ཡིན་གཤིས།གཟིགས་མཐོང་ཆེས་ཆེར་མཛད་པའི་ཁར་བཙན་པོ་རིམ་བྱོན་གྱི་བང་སོའང་མུ་ར་རིའི་ཉེ་འཁོར་དུ་བརྩིགས།
ཡིག་རིགས་སུ་འཁོད་གསལ་ལྟར་ན། བང་སོ་21ཡོད་སྐད་ཀྱང་ད་ལྟ་དངོས་སུ་རིག་ཐུབ་པ་19ལས་མེད།དེ་དག་ཀྱང་མུ་ར་རི་རྒྱུད་དུ་12དང༌།དོན་མཁར་མདའ་རུ་7ཡོད་པ་དེ་གཉིས་བར་ཐག་སྨི་800ཙམ་ཡོད། བང་སོ་ངེས་སྲོལ་གྱི་སྐོར་ལ་སྲོང་བཙན་སྒམ་པོ་དང༌། འདུས་སྲོང་མང་པོ་རྗེ། ཁྲི་སྲོང་ལྡེ་བཙན་བཅས་གཅིག་མཐུན་ཙམ་ལས་དེ་མིན་བཤད་སྲོལ་མི་འདྲ་བར་སྣང༌།
བང་སོ་བརྩིགས་ལུགས་ཀྱང་རིགས་གཉིས་ཏེ། རྩེ་མོ་ཐང་སྡེར་དང༌།སྐས་དབྱིབས་ཀྱི་ཐང་སྡེར་རྣམ་པ་གཉིས་སུ་མཆིས་ཤིང༌། རྡོ་ལེབ་རིམ་བརྩིགས་སམ་ས་རྡུང་ལས་གྲུབ།
1961ལོར་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བང་སོ་དེ་དག་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་ཁུལ་སྡེ་ཚན་ཡིན་པའི་ཁྱབ་བསྒྲགས་གནང་ནས་ཆེད་དངུལ་ཐེངས་མང་གནང་སྟེ་ཉམས་ག།སོ་དང་སྲུང་སྐྱོབ་གནང༌། 1989ལོའི་ཟླ་8ཚེས༌10ཉིན་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བང་སོ་དེ་དག་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་བའི་སྡེ་ཚན་གཙོ་གྲས་དང་པོར་བཙུད།
|