ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། ཆོས་ཀྱི་དབྱིངས་སུ་བསྟོད་པའི་འགྲེལ་པ་ངེས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་ཅེས་བྱ་བ་བཞུ
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

 ༄༅། །དྷ རྨ དྷཱ ཏུ སྟ བ སྱ ཊི ཀ ནཱི ཏཱ རྠཿ ག མྦྷི ར སྱ ནི དྷཱི ཕུ ལི ཏཾ ན མ བི ཧ ར ཏི སྨ།།

     ༄༅། །ཆོས་ཀྱི་དབྱིངས་སུ་བསྟོད་པའི་འགྲེལ་པ་ངེས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་ཅེས་བྱ་བ་བཞུགས་པའི་དབུ་ཕྱོགས་ལགས་སོ།། ཆོས་ཉིད་གནས་ལུགས་ཇི་བཞིན་གཟིགས་ཀྱང་ཇི་སྙེད་དོན་ཀུན་སོ་སོར་གསལ། །གདོད་ནས་མངོན་པར་རྫོགས་སངས་རྒྱས་ཀྱང་གདུལ་བྱའི་འགྲོ་ལ་ལྷག་པར་བརྩེ། །ཡོན་ཏན་དབྱེར་མེད་ངོ་བོ་དག་ཀྱང་གློ་བུར་དྲི་མས་སྒྲིབས་པའི་ཁམས། །མ་རིག་རྨོངས་པའི་འགྲོ་ལ་སྟོན་ཀྱང་གཟུང་འཛིན་སྤྲོས་པས་དབེན་ལ་འདུད། །དཔག་མེད་བསྐལ་པའི་སྔོན་ནས་སངས་རྒྱས་ཀྱང་། །རྒྱལ་སྲས་སེམས་དཔའི་ཚུལ་འཛིན་འགྲོ་ལ་གཟིགས། །རྨད་བྱུང་མཁྱེན་བརྩེ་ནུས་པ་བསམ་ཡས་པ། །རྗེ་བཙུན་འཇམ་དཔལ་དཔའ་བོ་ཕྱག་གི་གནས། །ངེས་དོན་ཟབ་མོའི་དགོངས་པ་མ་འདྲེས་པ། །ཇི་བཞིན་སྟོན་པ་རྒྱལ་བའི་ལུང་གི་བསྔགས། །རབ་དགའི་སར་གནས་བདེ་ལྡན་ཞིང་དུ་བགྲོད། །འཕགས་མཆོག་ཀླུ་སྒྲུབ་གཙུག་གི་རྒྱན་དུ་མཛོད། །ཡང་ཟབ་མདོ་ཡི་བཅུད་བསྡུས་འཕགས་པའི་གཞུང་། །རང་རྒྱུད་བག་ཆགས་བཟང་པོའི་རྟེན་འབྲེལ་དུ། །དམིགས་ནས་ཚིག་དོན་ཆ་ཙམ་དགྲོལ་བ་ལ། །སྲས་བཅས་རྒྱལ་བས་ཤིས་པའི་མེ་ཏོག་རྩོལ། །དེ་ཡང་སྲིད་རྩ་བདག་འཛིན་བཅད་དེ་རྣམ་གྲོལ་བསྒྲུབ་པ་ལ་མ་འབད་ན་སྲིད་པའི་འཁོར་ལོར་བར་མེད་དུ་འཁོར་བས་སྲིད་པའི་སྡུག་བསྔལ་རྒྱ་ཆེ་ལ་རྒྱུན་རིང་བ་འདི་ལས་ཐར་མི་སྲིད་ཅིང་། རྣལ་འབྱོར་གྲོལ་བའི་ཐབས་དེའང་ལམ་ལོག་མུ་སྟེགས་ཀྱི་ལམ་དང་ལམ་གོལ་ཉན་རང་གི་ལམ་ལྟ་བུ་ནི་ཐེག་ཆེན་དོན་གཉེར་གྱིས་སྤངས་ནས་ཐེག་ཆེན་གྱི་ལམ་ལ་འཇུག་དགོས་ལ། ལམ་མཁན་ཐར་པའི་སྒྲོན་མེ་སངས་རྒྱས་ལ་མ་བརྟེན་པར་སངས་རྒྱས་ལྟ་ཅི། ཉན་རང་གི་གོ་འཕང་ཙམ་ཡང་བསྒྲུབས་མི་ཤེས་ལ། དེས་ན་སངས་རྒྱས་ཀྱི་གསུང་རབ་ལ་བརྟེན་དགོས་སོ། །གསུང་རབ་ཀྱི་དགོངས་པ་སོ་སྐྱེ་ལས་དང་པོ་པས་ཇི་ལྟ་བ་བཞིན་རྟོགས་དཀའ་བས། རྗེས་འཇུག་མཁས་པའི་གསུང་ལ་བརྟེན་དགོས་ཤིང་། སྤྱིར་བསྟན་བཅོས་རྩོམ་པ་མང་ཡང་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྒྱལ་བས་ལུང་གིས་བསྔགས་ཞིང་འཕགས་པ་ལ་གནས་པ་ཀླུ་ཐོག་གཉིས་གང་རུང་ལ་མ་བརྟེན་ན་རང་སྟོབས་ཀྱིས་བཀའ་ཡི་དགོངས་པ་འགྲེལ་ནུས་པའང་དཀའ་བས། སྲོལ་འབྱེད་གཉིས་པོའང་ཟབ་རྒྱས་གཉིས་སྟོན་ཚུལ་གཙོ་ཆེ་ཆུང་ཙམ་ལས་ལམ་ངོ་བོ་གཅིག་པས་འགལ་མེད་དུ་རྟོག་དགོས་སོ། །དེའང་ཀླུ་སྒྲུབ་ནི་དབུ་མའི་སྲོལ་འབྱེད་ཀྱི་སློབ་དཔོན་ཡིན་པས་གསུང་རབ་ཀུན་དབུ་མའི་གཞུང་ལུགས་སུ་རྩོད་མེད་དུ་གྲུབ་ཀྱང་། བྱམས་ཆོས་སྐོར་མངོན་རྟོགས་རྒྱན་རང་རྒྱུད་དང་། བར་པ་གསུམ་སེམས་ཙམ་དང་། རྒྱུད་བླ་ཐལ་འགྱུར་དུ་འདོད་པ་དང་། རྒྱུད་བླ་ཡང་སེམས་ཙམ་དུ་འདོད་པ་དང་། ཆོས་ཉིད་རྣམ་འབྱེད་ཡང་དབུ་མར་བཞེད་པ་དང་། མདོ་རྒྱན་ཡང་ཡིག་ཆ་དངོས་མ་མཐོང་ཡང་དབུ་མར་བཞེད་པ་བྱུང་བར་ཐོས་ཤིང་། མངོན་རྟོགས་རྒྱན་ཡང་ཐལ་འགྱུར་དུ་འདོད་པ་སོགས་མང་དུ་བྱུང་ཡང་ཐལ་རང་གཉིས་ཐ་སྙད་ཞལ་བཞེས་ཙམ་ལས་མཐར་ཐུག་གི་ལྟ་བ་ཁྱད་པར་མེད་ལ། བྱམས་ཆོས་བར་པ་སེམས་ཙམ་དུ་འདོད་པ་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་ཕྱིར། ཆོས་ཉིད་རྣམ་འབྱེད་མཁས་པ་གཞན་གྱི་དབུ་མར་བསྒྲུབས་ཟིན་ལ། ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་སྟོན་པ་དང་གཞི་ཡི་སྐབས་རིགས་ཆད་བསྟན་པ་རིགས་དང་སྙིང་པོ་ཐ་དད་དུ་སྟོན་པ་དང་། ཐེག་གཅིག་དྲང་དོན་དང་ཐེག་པ་གསུམ་སྟོན་པ་ངེས་དོན་དུ་འདོད་པ་དང་། གནས་གྱུར་བཞེད་པ་དང་རྣམ་ཤེས་ཚོགས་བརྒྱད་བསྟན་པ་སོགས་ཀྱིས་སེམས་ཙམ་དུ་འདོད་ནའང་དེ་ཙམ་སྒྲུབ་བྱེད་རྣམ་དག་ཏུ་མ་ངེས་ཏེ། ཀུན་བརྟགས་གཞན་དབང་ཡོངས་གྲུབ་བསྟན་པས་སེམས་ཙམ་དུ་འགྱུར་ན་མངོན་རྒྱན་ཡང་དེར་འགྱུར་ཏེ། དེ་མ་རྫོགས་དང་རབ་རྫོགས་དང་ཞེས་སོགས་ངོ་བོ་ཉིད་གསུམ་ལ་སྦྱར་དགོས་པའི་ཕྱིར། རྩ་ཤེར་དང་བཞི་བརྒྱ་པ་སོགས་ལའང་སེམས་ཙམ་པས་ངོ་བོ་ཉིད་གསུམ་གྱིས་འཆད་དགོས་པའི་ཕྱིར། འདི་གཉིས་ཀྱང་སེམས་ཙམ་དུ་ཐལ་བ་དང་། ངོ་བོ་ཉིད་གསུམ་དབུ་སེམས་གཉིས་ཆར་གྱིས་ཁས་ལེན་པ་ལ་འགལ་བ་མེད་དེ། བདེན་པ་གཉིས། གཞི་ལམ་འབྲས་གསུམ་ལ་སོགས་པ་ལྟར། གསུང་རབ་འཆད་པའི་འཆིང་ཙམ་ཡིན་པའི་ཕྱིར་དཔེར་ན་ཤེས་བྱ་གཞི་ལྔ་བྱེ་སྨྲ་ཁོ་ནས་འདོད་པ་འཆད་མི་རུང་བ་བཞིན་ནོ། །རིགས་ཆད་སོགས་རིགས་ལྔའི་དབྱེ་བ་གནས་སྐབས་ཙམ་དབུ་མས་ཀྱང་འདོད་དགོས་ལ་གཏན་ཏུ་རིགས་ཆད་སྟོན་པ་མདོ་རྒྱན་ན་གསལ་ཁ་མེད་ཀྱང་སེམས་ཙམ་རང་འདོད་ཀྱིས་སྦྱར་བ་ཙམ་དུ་ཟད་པས་སོ། །མཐར་ཐུག་ཐེག་པ་གཅིག་དང་གསུམ་གོ་ཟློག་སྟེ་འཆད་ན་མདོ་རྒྱན་གྱི་རྩ་ཚིག་དང་ཤིན་ཏུ་འགྲིག་ཅིང་སེམས་ཙམ་ལྟར་ན་ཀྱོག་བཤད་བྱེད་འདུག་པ་དང་། རིགས་དང་སྙིང་པོ་ཐ་དད་དུ་བཤད་པ་མདོ་རྒྱན་ན་ཟུར་ཙམ་དུ་མེད་ཀྱང་། སེམས་ཙམ་པས་རང་གར་སྦྱར་བ་དང་། རྣམ་ཤེས་ཚོགས་བརྒྱད་དང་གནས་གྱུར་འདོད་པས་དེར་འགྱུར་ན། རྒྱུད་བླ་དང་ཆོས་དབྱིངས་བསྟོད་པ་དང་བྱང་ཆུབ་སེམས་འགྲེལ་སོགས་ངེས་དོན་གྱི་མདོ་རྒྱུད་མཐའ་དག་སེམས་ཙམ་པའི་གཞུང་དུ་ཁས་ལེན་དགོས་པར་འགྱུར་ལ། མདོ་རྒྱན་སོགས་བྱམས་ཆོས་བར་པ་འདི་དག་སེམས་ཙམ་དུ་བཀྲལ་འདུག་པས་དེར་ངེས་སྙམ་ན། ཀླུ་སྒྲུབ་དང་བྱམས་པའི་གསུང་མཐའ་དག་དང་ཤེར་ཕྱིན་སོགས་མདོ་རྒྱུད་མཐའ་དག་དེར་འགྱུར་ཏེ། སེམས་ཙམ་དང་མཐུན་པར་བཀྲལ་བའི་ཕྱིར། དེས་ན་བྱམས་ཆོས་བར་པ་གསུམ་སེམས་ཙམ་ཁོ་ནར་མ་སྦྱར་འོས་མེད་ཀྱི་ལུང་རིགས་གང་ཡང་མེད་པས་དབུ་མ་ལྟར་ཤིན་ཏུ་འཆད་བདེའོ། །དེས་ན་བྱམས་པས་བདེ་གཤེགས་སྙིང་པོ་བསྒྲུབ་པའི་ཚུལ་བསྟན་པ་ཀུན་རྫོབ་གསལ་བའི་ལྡོག་ཆ་དང་། ཀླུ་སྒྲུབ་ཀྱིས་མཐའ་བཞི་སྐྱེ་མེད་སོགས་ཀྱིས་སྤྲོས་པ་གཅོད་པ་དོན་དམ་སྟོང་པའི་ལྡོག་པ་གཙོར་སྟོན་ཡིན་པས་འདི་གཉིས་བདེན་གཉིས་དབྱེར་མེད་གཅིག་ཏུ་མ་ཤེས་ན་སྟོང་པ་ཕྱང་ཆད་གནས་ལུགས་ཁས་ལེན་ནས་སྙིང་པོ་དྲང་དོན་དུ་འཆད་པ་དང་། སེམས་ཙམ་ལྟར་སྙིང་པོ་བདེན་གྲུབ་ཏུ་ཕྱོགས་སོ་སོར་ཁས་ལེན་ན། བདེན་གཉིས་ཀྱི་ལམ་ལས་ཉམས་པས་ཐར་ལམ་གྱི་རྩ་བ་སྟོར་ཏེ། དབུ་མ་འཇུག་པ་ལས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པ་ཐར་པ་གྲུབ་ཡོད་མིན། །ཞེས་གསུངས་པ་ལྟར་རོ། །གནོད་བྱེད་ཀྱང་ཡོད་དེ། མདོ་རྒྱན་དེ་ཁོ་ན་ཉིད་ཀྱི་ལེའུ་དང་། ཆོས་ཚོལ་གྱི་སྐབས་དང་། ཕར་ཕྱིན་ལེའུ་སོགས་སུ་ཆོས་ཐམས་ཅད་བདེན་མེད་བསྟན་པ་དང་། དབུས་མཐའ་རྣམ་འབྱེད་རང་བཞིན་གསུམ་གྱིས་མཚན་ཉིད་སྟོན་པ་དང་། དེ་ཁོ་ན་ཉིད་དང་། སྟོང་ཉིད་བཅོ་བརྒྱད་བསྟན་པ་སོགས། མདོར་ན་རང་བཞིན་གྱི་ཆོས་ཐམས་ཅད་སྟོང་ཉིད་རང་བཞིན་མེད་པ་ཁོ་ན་སྟོན་འདུག་པའི་ཕྱིར་རོ། །དེའང་གཟུར་གནས་བློ་ལྡན་གྱིས་ལེགས་པར་དཔྱད་ན་ཤེས་པས་གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །ཡང་མངོན་རྟོགས་རྒྱན་ཐལ་འགྱུར་དུ་སྦྱར་མི་རུང་བར་འདོད་པའང་། དེ་ལྟར་ངེས་པ་མེད་དེ། གཞུང་ཉིད་ལས་མཚན་མར་འཛིན་པའི་ཆ་ཉན་རང་གི་ལམ་དང་། མཚན་མེད་སྤྲོས་བྲལ་གྱི་ལྡོག་པ་དེའི་གཉེན་པོའི་ཚུལ་དུ་བྱང་སེམས་ཀྱི་ལམ་བསྟན་ཅིང་བདེན་གྲུབ་སྟོན་པ་ཟུར་ཙམ་ཡང་མེད་ཅིང་། འཕགས་སེང་གི་འགྲེལ་པ་ལས་ཀྱང་། བདེན་གྲུབ་སྟོན་པ་མེད་ལ། རང་རྒྱལ་སྐབས། གཟུང་དོན་རྟོགས་པ་སྤོངས་ཕྱིར་དང་། །ཞེས་པ་ཡང་། བདེན་འཛིན་མེད་ཀྱང་འཁོར་གསུམ་རྣམ་རྟོག་ལ་དགོངས་ཏེ། རྒྱུད་བླ་ལས། སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་དང་། ཤེར་ཕྱིན་མངོན་རྟོགས་རྒྱན་རང་གི་གཞུང་ལས་བསྟན་པ་གཟུང་འཛིན་དབང་དུ་བྱས་པ་ཡིན་གྱི་གཞན་དུ་གཞུང་ཉིད་ལས་འཕགས་པ་ལ་རྫས་འཛིན་མེད་པར་བཤད་པ་དང་འགལ་ཞིང་། བྱམས་པས་ཤེར་མདོའི་དགོངས་པ་མ་རྟོགས་པར་འགྱུར་ཞིང་ཡང་ན་མངོན་རྟོགས་རྒྱན་ཤེར་ཕྱིན་གྱི་དགོངས་འགྲེལ་མིན་པར་འགྱུར་ཏེ་མདོར་ན་ཆོས་ཐམས་ཅད་བདེན་མེད་བསྟན་པ་ཁོ་ནར་ངེས་པས་སོ། །དེས་ན་ཤེས་སྒྲིབ་བདེན་འཛིན་སྟོན་པ་མངོན་རྟོགས་རྒྱན་གྱི་བསྟན་དོན་མཐར་ཐུག་མ་ཡིན་ཅིང་། ཉན་རང་གི་ཆོས་ཐམས་ཅད་བདེན་མེད་མ་རྟོགས་པའང་མི་འཐད་དེ། མདོ་དང་བསྟན་བཅོས་གཉིས་རྒྱབ་འགལ་དུ་ཐལ་བའི་ཕྱིར་དང་། སློབ་དཔོན་འགའ་ཞིག་གིས་རང་རྒྱུད་དུ་བཀྲལ་བས་ཐལ་འགྱུར་དུ་སྦྱར་མི་རུང་བའང་མིན་ཏེ། གཞན་དུ་རྩ་ཤེར་རང་རྒྱུད་དུ་བཀྲལ་བས་ཐལ་འགྱུར་དུ་འཆད་མི་རུང་བར་ཁས་ལེན་དགོས་ལ། དེས་ན་གང་ལྟར་ཡང་འཆད་དུ་བཏུབ་མོད། མཐར་ཐུག་དགོངས་པ་ཐལ་འགྱུར་ལྟར་གནས་ཤིང་། ཐལ་རང་གི་ཁྱད་པར་གཙོ་བོ་དོན་དམ་དཔྱད་པའི་ཚུལ་གསུམ་ཐལ་འགྱུར་དང་རང་རྒྱུད་འདོད་པའི་སྒོ་ནས་འབྱེད་དགོས་ཤིང་མཚན་ཡང་དེ་ལྟར་ཆགས་པ་ཡིན་ནོ། །དེས་ན་དངོས་བསྟན་སྟོང་ཉིད་ཀྱི་ལྡོག་པ་གཙོ་བོར་སྟོན། ཀླུ་སྒྲུབ་ཀྱི་གཞུང་ཡིན་པས་དོན་དམ་གཏན་ལ་འབེབས་ཚུལ་ཀླུ་སྒྲུབ་དེ་ཡི་རྗེས་སུ་འབྲང་དགོས་པས། སྦས་དོན་གྱི་སྐབས་སུ་དོན་དམ་དཔྱད་པའི་རིགས་པ་གཙོར་སྟོན་མི་བྱེད་ཅིང་ལམ་མངོན་རྟོགས་གཙོར་སྟོན་བྱེད་པས་ཐལ་རང་གི་དབྱེ་གཞི་གཙོ་བོ་མིན་པས་ཐལ་རང་གང་ལྟར་ཡང་སྦྱར་དུ་བཏུབ་བོ། །དེས་ན་ཐལ་འགྱུར་དུ་འཆད་པ་ལ་གནོད་བྱེད་མེད་ཅིང་། སྒྲུབ་བྱེད་ཡོད་དེ། དངོས་བསྟན་སྟོང་ཉིད་དེ་གཙོ་བོ་ཐལ་འགྱུར་ལྟར་གནས་ན། ཤུགས་བསྟན་ལམ་མངོན་རྟོགས་དེའང་ཐལ་འགྱུར་ལྟར་གནས་དགོས་ཏེ། གཞུང་ཤེར་མདོ་གཅིག་གི་བསྟན་དོན་ལམ་གྱི་ངོ་བོ་གཅིག་ཡིན་པའི་ཕྱིར། གཞན་དུ་མདོ་ཡི་དངོས་བསྟན་མཐར་ཐུག་ཐལ་འགྱུར་དང་། ཤུགས་བསྟན་མཐར་ཐུག་རང་རྒྱུད་དང་། ཡང་མདོ་ཉིད་ཐལ་འགྱུར་གྱི་དགོངས་དོན་ལྟར་གནས་ལ། དེ་ཡི་དགོངས་འགྲེལ་བསྟན་བཅོས་རང་རྒྱུད་ཁོ་ནར་ངེས་ན་བསྟན་བཅོས་མཁན་པོ་ལ་སྒྲོ་བཀུར་དང་དཔྱད་ན་བཞད་གད་གྱི་གནས་སུ་འགྱུར་བའི་ཕྱིར་རོ། །དེས་ན་བྱམས་ཆོས་སྡེ་ལྔ་དང་། མགོན་པོ་ཀླུ་སྒྲུབ་ཀྱི་གསུང་རབ་ཀུན། སེམས་ཙམ་རང་རྒྱུད་ཐལ་འགྱུར་གསུམ་ཆར་གྱིས་འཆད་རུང་བ་གཞུང་གི་ཁྱད་ཆོས་ཡིན་ཏེ། གང་ཟག་གཅིག་ཆར་བ་དང་རིམ་གྱིས་པ་དཀྲི་བའི་ལམ་མཐའ་དག་གཞུང་རེ་རེ་ལ་ཚང་བའི་ཕྱིར་རོ། །སྐབས་ཀྱི་འཆད་བྱ་དངོས་ནི། འཕགས་པ་ཀླུའི་གསུང་རབ་གཏམ་ཚོགས་རྣམས་བཀའ་དང་པོའི་དགོངས་འགྲེལ། རིགས་ཚོགས་རྣམས་བར་པའི་དགོངས་འགྲེལ། བསྟོད་ཚོགས་རྣམས་ཐ་མའི་དགོངས་འགྲེལ་འཆད་པ་ཡོད་པས། དེ་ལྟར་ཡང་རུང་མོད། འདིར་ནི་རིགས་ཚོགས་རྣམས། གཞི་ལྟ་བ་གཙོ་བོར་སྟོན་ཅིང་། གཏམ་ཚོགས་ཀྱིས་ལམ། བསྟོད་ཚོགས་ཀྱིས་འབྲས་བུ་གཙོ་བོར་སྟོན་པ་ལས་བསྟོད་ཚོགས་ཀྱིས་གཙོ་བོ་ཆོས་ཀྱི་དབྱིངས་སུ་བསྟོད་པ་འདི་འཆད་པ་ལ་དོན་གསུམ་ཏེ། མཚན་དོན། གཞུང་དོན། མཇུག་དོན་སྨོས་པའོ། །དང་པོ་ལ་གཉིས། མཚན་དང་། འགྱུར་ཕྱག་གོ །དང་པོ་ནི། རྒྱཾ་གཾར་སྐདཾ་དུཾ། དྷཾརྨཾ་དྷཱཾ་ཏུཾ་བྷཾ་བཾ། བོདཾ་སྐཾད་དུཾ། ཆོཾས་ཀྱིཾ་དབྱིཾངས་སུཾ་སྟེ་རང་བཞིན་ལ་ཆེ་བའི་ཡོན་ཏན་བརྗོད་པས་བསྟོདཾ་པའོཾ། །དེའང་དབྱིངས་དང་། རང་བཞིན་དང་། རྒྱུ་རྣམས་ནི་དོན་གཅིག་པས་སྟོང་རྐྱང་ལ་དབྱིངས་སུ་གོ་བར་མི་བྱ་སྟེ། གསལ་སྟོང་ཟུང་འཇུག་འདུས་མ་བྱས་པའི་དབྱིངས་ཞེས་པའི་དོན་ཏོ། །གཉིས་པ་ནི། འཕཾགས་པཾ་འཇཾམ་དཔལཾ་གཞོཾན་ནུཾར་གྱུརཾ་པཾ་ལཾ་ཕྱགཾ་འཚལཾ་ལོཾ། །གཉིས་པ་ལ་གཉིས། དྲི་བཅས་དེ་བཞིན་ཉིད་ལ་བསྟོད་པ་དང་། དྲི་བྲལ་ཆོས་སྐུ་ལ་བསྟོད་པའོ། །དང་པོ་ལ་གཉིས། ཆོས་དབྱིངས་འཕོ་འགྱུར་མེད་པར་བསྟན་པ་དང་། གློ་བུར་གྱི་དྲི་མ་དོན་ལ་མ་གྲུབ་པར་བསྟན་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། དཔེ་ཡི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། ཆོས་དབྱིངས་གངཾ་ཞིཾག་གནས་སྐབས་ཀུཾན་ཏུ་མཾ་ཤེཾས་ནཾ། འདོད་ཁམས་གཟུགས་གཟུགས་མེད་དེ་སྲིདཾ་པཾ་གསུམཾ་དུཾ་ལས་ཉོན་གྱི་དབང་གིས་རྣམཾ་པརཾ་འཁོརཾ་བ། སེཾམས་ཅནཾ་ཀུནཾ་ལཾ་རང་བཞིན་གྱི་ཚུལ་དུ་ངེསཾ་པར་གནསཾ་པཾའི། ཆོསཾ་ཀྱིཾ་དབྱིཾངས་གློ་བུར་དྲི་བཅས་སྟེ་དེའི་ཚུལ་ནི་ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པ་དང་། དེ་བསྐྱོད་པའི་ལས་དང་ཉོན་མོངས་པ་སྡུག་བསྔལ་བ་ཐམས་ཅད་ནི་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ལ་གོས་པ་མེད་པའི་ཚུལ་དུ་གནས་ཀྱང་དབྱིངས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཚུལ་གྱིས་འདུས་མ་བྱས་པའི་རང་བཞིན་ཡིན་པས་དེ་ནི་གང་ལ་ཡང་མི་བརྟེན་ཏེ། རྒྱུད་བླ་མ་ལས། ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །གང་ལ་ཡང་ནི་གནས་པ་མེད། །ཅེས་གསུངས་པ་ལྟར་རོ། །དེ་ལཾ་ཕྱགཾ་འཚཾལ་ཞིང་འདུདཾ་པའི་དོན་ཏོ། །ཆོས་དབྱིངས་གཾང་ཞིགཾ་འཁོརཾ་བཾའི་རྒྱུརཾ་རམ་རང་བཞིན་དུ་གྱུརཾ་པཾ། དབྱིངས་དེཾ་ཉིདཾ་ལམ་གྱིས་སྦྱངཾ་བཾ་བྱསཾ་པཾ་ལསཾ། དགཾ་པཾ་གཉིས་ལྡན་དུ་གྱུར་པ་དེ་ཉིཾད་ལ་མྱཾ་ངནཾ་ལས་འདསཾ་པ་ཞེས་བྱ་ཞིང་མཐར་ཐུག་ཆོསཾ་ཀྱིཾ་སྐུཾ་ཡངཾ་དེཾ་ཉིདཾ་དོཾ། །སེམས་ཅན་ཀུན་ལ་ཆོས་དབྱིངས་ངེས་པར་ཡོད་ན་ཅི་ཡི་ཕྱིར་མི་མཐོང་སྙམ་ན། གཉིས་པ་ལ་གཉིས། ཁམས་ཡོད་པར་སྒྲུབ་བྱེད་དཔེ་དྲུག་གིས་སྤྱིར་བསྟན། དཔེ་གསུམ་གྱིས་དེ་ཉིད་འཕེལ་འགྲིབ་མེད་པར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས། དཔེ་གསུམ་གྱིས་ཁམས་གྱི་གནས་ལུགས་སྤྱིར་བསྟན་པ་དང་། ཕྱི་མ་གསུམ་གྱིས་ཡོད་པའི་འཐད་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཇིཾ་ལྟཾར་འོཾ་མཾ་དངཾ་འདྲེསཾ་པསཾ་ན། འོ་མའི་གནས་སྐབས་སུ་མརཾ་གྱིཾ་སྙིངཾ་པོ་མིཾ་སྣངཾ་བཾ། དཔེ་དེཾ་བཞིཾན་དུ་ཉོནཾ་མོཾངས་དངཾ་འདྲེསཾ་པསཾ་ན། འཁོར་བའི་གནས་སྐབས་ན་ཆོསཾ་ཀྱིཾ་དབྱིཾངས་ཀྱངཾ་དངོས་སུ་མིཾ་མཐོངཾ་ངོཾ་། །འོ་ན་ནམ་གྱི་ཚེ་མཐོང་སྙམ་ན། ཇིཾ་ལྟརཾ་འོཾ་མཾ་རྣཾམ་པར་སྦྱངཾ་སྟེ་བསྲུབས་པསཾ། མརཾ་གྱིཾ་སྙིཾང་པོ་དྲི་མ་མེདཾ་པཾར་སྣང་བར་འགྱུརཾ་རོ། །དེཾ་བཞིཾན་ཉོནཾ་མོངཾས་རྣམཾས་རྣམ་པར་སྦྱངཾས་པསཾ། ཆོསཾ་ཀྱི་དབྱིཾངས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་སྟེ་ཤིནཾ་ཏུཾ་དྲིཾ་མ་མེདཾ་པའི་ཆོས་སྐུར་འགྱུརཾ་རོ། །འདི་ནི་གཞི་ཡི་གནས་སྐབས་སུ་ཡོད་པའི་དོན་ཏོ། །འོ་ན་སྔར་མེད་གསར་སྐྱེ་འགྱུར་སྙམ་ན། མ་ཡིན་ཏེ། ཁམས་ཀྱི་རང་བཞིན་ཡོན་ཏན་ཡེ་ལྡན་དེ་ཉིད་རིམ་གྱིས་དྲི་མ་དག་སྟོབས་ཀྱིས་མངོན་པར་གསལ་བ་ཡིན་ཅེས་བསྟན་པ་ནི། ཇི་ལྟཾར་མཾར་མེཾ་བུམཾ་ནངཾ་གནསཾ་པ་དེ། ཅུངཾ་ཞིཾག་ཀྱང་སྣཾང་བརཾ་མིཾ་འགྱུརཾ་བཾ། དཔེ་དེཾ་བཞིཾན་དུ་ཉོནཾ་མོཾངས་པའི་བུམཾ་ནངཾ་གནཾས་པའི་ཆོསཾ་ཀྱིཾ་དབྱིངཾས་ཀྱངཾ་སོ་སྐྱེ་ཐ་མལ་པས་མིཾ་མཐོཾང་ངོཾ་། །ཕྱོཾགས་ནིཾ་གཡས་གཡོན་སོགས་གཾང་དངཾ་གཾང་དགཾ་ནསཾ། བུམཾ་པ་ལཾ་བུཾ་གཾ་གཏོཾད་པར་གྱུརཾ་པཾ་བུ་ག་དེཾ་དང་ཾ། དེཾ་ཡིཾ་ཕྱོཾགས་ཉིཾད་ནསཾ་འོདཾ་ཀྱིཾ་རཾང་བཞིནཾ་གསལ་བར་འབྱུཾང་བརཾ་འགྱུརཾ་རོ། །དཔེ་དེ་བཞིན་དུ་རིགས་ཅན་གསུམ་གྱི་རིམ་པ་ལྟར། ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་དང་། རང་རྒྱལ་གྱིས་དེ་སྟེང་གཟུང་མེད་དང་། བྱང་སེམས་ཀྱི་གཟུང་འཛིན་གཉིས་མེད་སྤྲོས་བྲལ་རྟོགས་པ་ཡིན་ནོ། །ཡང་ན་བྱང་སེམས་སོ་སྐྱེས་དབྱིངས་དོན་སྤྱི་ཙམ་ལས་མི་རྟོགས་ལ། འཕགས་པ་ས་དང་པོ་ནས་རྟོགས་པ་རིམ་གྱིས་ས་བཅུའི་བར་འཕེལ་བ་ལ་སྦྱར་རུང་ངོ་། །ས་བཅུ་རྒྱུན་མཐའི་དུས་གཾང་གིཾ་ཏིཾང་ངེ་འཛིཾན་ཚེ་རྡོཾ་རྗེཾ་ལྟ་བུ་ཡིསཾ། ལས་ཉོན་གྱི་བུམཾ་པཾ་དེཾ་ནིཾ་མཐའ་དག་བཅཾག་པར་གྱུརཾ་པཾ། དུས་དེཾ་ཡི་ཚེཾ་དཔེར་ན་མར་མེ་དེས་ཕྱོགས་བཅུ་ཀུན་ཏུ་གསལ་བ་ལྟར་སྙིང་པོ་ཆོས་སྐུ་དེཾ་ནིཾ་ནམཾ་མཁའཾ་ཡིཾ། མཐཾར་ཐུགཾ་པའི་བརཾ་དུཾ། ཇི་ལྟ་བ་དང་ཇི་སྙེད་པའི་དངོས་པོ་མ་ལུས་པ་སྣཾང་བཾར་བྱེདཾ་དེ་མཁྱེན་པར་འགྱུར་རོ། །འདིས་ལམ་གྱི་གནས་སྐབས་ན་ཡོད་པར་སྟོན་ཏོ། །དེས་ན་ལས་ཉོན་ཟད་པ་ཙམ་ལས་སངས་རྒྱས་པས་ན་ཆོསཾ་ཀྱིཾ་དབྱིངཾས་ནིཾ་སྐྱེཾ་བ་མཾ་ཡིཾན་ཅིང་། དྲི་བཅས་ཀྱི་གནས་སྐབས་ལྟ་བུ་ནཾམ་ཡཾང་འགཾག་པརཾ་འགྱུརཾ་བཾ་མེདཾ་དོ། །དེས་ན་ཁམས་རང་གི་ངོ་བོ་ལ་བསམ་ན་གློ་བུར་གྱི་དྲི་བཅས་དང་དྲི་མེད་ཀྱི་གནས་སྐབས་དུསཾ་རྣཾམས་ཀུནཾ་ཏུཾ་ཉོཾན་མོཾངས་གཤིས་ལ་ཞུགས་པ་མེདཾ་དེ། ཐོགཾ་མཾ་གཞི་ཡི་གནས་སྐབས་དང་། བརཾ་ལམ་ཞུགས་ཀྱི་གནས་སྐབས་དང་། མཐརཾ་འབྲས་བུའི་གནས་སྐབས་གསུམ་ཆར་དུ་ངོ་བོ་ལ་ཁྱད་པར་མེད་པ་དྲིཾ་མ་དང་བྲལཾ་བཾའོ། །མདོར་ན་ངོ་བོ་ལ་སྤང་བྱའི་དྲི་མ་བྲལ་བའི་དོན་ཏོ། །འོ་ན་དྲི་མ་གཤིས་ལ་མེད་ཅིང་གདོད་ནས་ཡོན་ཏན་མཐའ་དག་ལྡན་ན་སྟོབས་སོགས་ཀྱི་ཕྲིན་ལས་འཇུག་དགོས་སོ་སྙམ་ན་མ་ཡིན་ཏེ། དཔེ་ཇིཾ་ལྟཾར་ན། རིཾན་པོ་ཆེཾ་བཻཾ་ཌཱུཾརྻཾ་དེ་ཉིད་འཆིང་བུ་ལས་གྲོལ་མ་གྲོལ་བའི་དུསཾ་རྣཾམས་ཀུནཾ་ཏུཾ་ཡང་ངོ་བོ་འོདཾ་གསལཾ་ཡཾང་། རྡོཾ་ཡིཾ་ནཾང་ནཾ་གནཾས་པར་གྱུརཾ་པའི་གནས་སྐབས་ནཾ། ནོར་བུ་དེཾ་ཡིཾ་འོདཾ་ནིཾ་གསཾལ་བ་མཾ་ཡིཾན་ནོ། །དེཾ་བཞིཾན་གློ་བུར་བའི་ཉོནཾ་མོངཾས་ཀྱིསཾ་བསྒྲིབཾས་པའིཾ། ཆོསཾ་དབྱིངཾས་ངོ་བོ་ལ་ཤིནཾ་ཏུཾ་དྲིཾ་མ་མེཾད་པཾ་ཡིན་ནའཾང་། འཁོཾར་བརཾ་ཕྲིན་ལས་ཀྱི་འོཾད་ནིཾ་གསཾལ་བ་མཾ་ཡིཾན་ཏེ་གློ་བུར་གྱི་དྲི་མ་དང་ལྡན་པའི་ཕྱིར། ལས་ཉོན་ཟད་དེ་མྱཾ་ངནཾ་ལས་འདཾས་ནཾ་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱི་འོཾད་གསཾལ་བར་འགྱུརཾ་རོ། །ཡོན་ཏན་མཐའ་དག་ཡེ་ལྡན་དུ་བསྟན་ཏེ། འདི་ནི་འབྲས་བུའི་གནས་སྐབས་ལ་དགོངས་པའོ། །གཉིས་པ་ལ་འཐད་པ་དཔེས་བསྟན་པ་དང་། དོན་བསྡུ་བའོ། །དང་པོ་ནི། ཁམཾས་སོ་གསེར་གྱི་རིགས་ཡོཾད་ནཾ་ནིཾ་དེ་སྦྱངས་བའི་ལསཾ་བྱསཾ་པསཾ། སཾ་ལེཾ་སྦྲམ་ཾགསེར་དགཾ་མཐོཾང་བརཾ་འགྱུརཾ་ལ། ཁམསཾ་མེདཾ་པར་གྱུར་ནཾ་ནིཾ་ལཾས་བྱསཾ་ནཾ་ཡང་། ཉོནཾ་མོཾངས་ཏེ་དཀའ་ཚེགས་འབའཾ་ཞིགཾ་བསྐྱེདཾ་པརཾ་ཟཾད་ཀྱི་དགོས་པ་གང་ཡང་མི་འགྲུབ་བོ། །དཔེ་དེ་བཞིན་དུ་སངས་རྒྱས་ཀྱི་ཁམས་སེམས་ཅན་ལ་མེད་ན་ལམ་སྒྲུབ་པ་དོན་མེད་པར་འགྱུར་རོ། །དེས་ན་ད་ལྟ་ནས་ཁམས་ཡོད་དགོས་སོ། །འོ་ན་ད་ལྟ་ནས་སངས་རྒྱས་ཀྱི་ཁམས་དངོས་ཡོད་ན་སེམས་ཅན་ཀུན་སངས་རྒྱས་སུ་ཁས་ལེན་དགོས་སྙམ་ན། མ་ཡིན་ཏེ། དཔེ་ཇིཾ་ལྟཾར་ན་སྦུནཾ་པསཾ་གཡོཾགས་པར་གྱུརཾ་པསཾ། སོཾ་བཾ་སྤུ་ལས་མ་གྲོལ་བ་དེ་དངོས་སུ་ལོངས་སྤྱད་འོས་ཀྱི་འབྲཾས་བུརཾ་མིཾ་འདོཾད་པ་ལྟཾར། དཔེ་དེཾ་བཞིཾན་དུ་གློ་བུར་གྱི་ཉོནཾ་མོཾངས་པ་རྣམས་ཀྱིསཾ་གཡོཾགས་པསཾ་ན། ཁམས་དེཾ་ནིཾ་ངོ་བོ་ཡེ་དག་གི་སངཾས་རྒྱསཾ་ཡིན་ཡང་དག་པ་གཉིས་ལྡན་གྱི་སངས་རྒྱས་ཞེཾས་མིཾ་བརྟགཾ་སྟེ་མི་བྱའོ། །ཇིཾ་ལྟཾར་སོ་བ་སྦུནཾ་པཾ་ལསཾ་གྲོལཾ་བ་ནཾ་དངོས་སུ་སྤྱད་རུང་བའི་འབྲཾས་བུཾ་ཉིད་སྣཾང་བརཾ་འགྱུརཾ་བཾ་ལྟརཾ། དེཾ་བཞིཾན་དུ་གློ་བུར་གྱི་ཉོནཾ་མོཾངས་ལསཾ་གྲོལཾ་བ་ནཾ། དག་པ་གཉིས་ལྡན་གྱི་ཆོསཾ་ཀྱིཾ་སྐུཾ་ཉིདཾ་རཾབ་ཏུཾ་གསཾལ་བ་ན་སངས་རྒྱས་ཉིད་ཅེས་བྱའོ། །འོ་ན་ངོ་བོ་ཡེ་དག་གི་སངས་རྒྱས་ཆ་སེམས་ཅན་མིན་ལ་ལས་ཉོན་གྱི་རང་བཞིན་སངས་རྒྱས་ཡིན་པས་ཉོན་མོངས་པའི་རང་བཞིན་འཁོར་བའི་སེམས་ཅན་སངས་རྒྱས་སུ་འགྱུར་བ་མི་སྲིད་དེ་རྫས་ཐ་དད་འབྲེལ་མེད་ཡིན་པའི་ཕྱིར་སྙམ་ན། སྐྱོན་མེད་དེ། འཁྱག་རོམ་གྱི་ངོ་བོ་ཆུ་ཡིན་པ་ལྟར་འཁོར་བའི་ངོ་བོ་སངས་རྒྱས་ཀྱི་ཁམས་ཡིན་ཅིང་འཁོར་བའི་རྫས་གྲུབ་པ་མེད་པས་ཡེ་ནས་འཁོར་འདས་ཀྱི་འབྲེལ་བ་གྲུབ་པའི་ཐ་སྙད་ཐོབ་བོ། །དེའང་མེ་ཡི་ཚ་བ་དང་ཆུ་ཡི་གཤེར་བ་དང་ཉི་མ་དང་འོད་ཟེར་ལྟར་ཡོན་ཏན་ནམ་ཡང་འབྲལ་མ་མྱོང་ལ། མར་མེ་ལ་སྒྲིབ་བྱེད་བུམ་པ་དང་། ཆུ་ལ་རྡུལ་དང་། ཉི་མ་ལ་སྤྲིན་ལྟར་གློ་བུར་གྱི་ཉོན་མོངས་ཀྱིས་གོས་མ་མྱོང་ཞིང་ཉོན་མོངས་རང་གི་ངོ་བོ་གྲུབ་མ་མྱོང་སྟེ་དེས་ན་གློ་བུར་བ་ཞེས་བྱའོ། །དེས་ན་ལམ་གྱིས་སྦྱངས་ནས་འཁོར་བ་གློ་བུར་བ་དག་ན་སངས་རྒྱས་སུ་འགྱུར་རོ་ཞེས་བསྟན་པ་ནི། ཆུཾ་ཤིཾང་གི་སྡོང་པོ་ལ་སྙིཾང་པོཾ་མེདཾ་དོཾ་ཞེཾས། འཇིགཾ་རྟེནཾ་ནཾ་ནིཾ་དཔེཾར་བྱེཾད་མོད་ཀྱངཾ་། སྡོང་པོ་དེཾ་ཡིཾ་འབྲཾས་བུཾ་ནི་སྙིཾང་པོཾ་ཉིཾད། མངཾར་པོཾ་འབྱུང་བ་དེ་ཟཾ་བརཾ་བྱེདཾ་ཅིང་དེ་ཉིད་ཆུ་ཤིང་གི་འབྲས་བུ་མ་ཡིན་ཞེས་ཀྱང་བརྗོད་མི་ནུས་པཾ་ལྟཾར། དཔེ་དེ་བཞིན་དུ་སྙིཾང་པོཾ་མེདཾ་པའིཾ་ལས་ཉོན་གྱི་སྒྲིབ་པའི་འཁོརཾ་བཾ་ལསཾ། ཉོནཾ་མོཾངས་པའི་གཟེབཾ་དཾང་བྲལཾ་བར་གྱུརཾ་པ་ནཾ། འཁོར་བ་འཁྲུལ་པ་བྲལ་བ་དེཾ་ཡིཾ་འབྲསཾ་བུཾ་སངསཾ་རྒྱསཾ་སྐུ་གསུམ་གྱི་བདག་ཉིདཾ་མངོན་དུ་གྱུར་པ་དེ། ལུསཾ་ཅནཾ་ཀུནཾ་གྱིཾ་ཉོན་མོངས་པའི་ནད་འཇོམས་པའི་བདུདཾ་རྩིཾ་ལྟ་བུར་འགྱུརཾ་རོ། །དཔེ་འདི་གསུམ་གྱི་དོན་རིམ་པ་བཞིན་དབྱིངས་ཡོད་པ་དང་། དེ་གློ་བུར་གྱི་དྲི་མས་སྒྲིབ་པ་དང་། དྲི་མ་གློ་བུར་བ་ཡིན་པས་སྤང་ན་སངས་རྒྱས་ཐོབ་རུང་དུ་བསྟན་ཏོ། །གཉིས་པ་ནི། དེཾ་བཞིནཾ་དུ་འཇིག་རྟེན་ན་རྒྱུ་སཾ་བོཾན་ཐམཾས་ཅདཾ་ལཾས་རྒྱུཾ་དངཾ་འདྲཾ་བཾའི་འབྲསཾ་བུཾ་ཐམས་ཅད་འབྱུངཾ་ངོ་། །རྒྱུ་སཾ་བོཾན་མེདཾ་པརཾ་འབྲསཾ་བུ་འབྱུང་བ་ཡོདཾ་པརཾ་ཤེསཾ་ལྡཾན་གྱི་གངཾ་ཟག་གང་གིསཾ་སྒྲུབཾས་པཾར་ནུསཾ་ཏེ་མི་ནུས་སོ། །དེ་བཞིན་དུ་འབྲས་བུ་སངས་རྒྱས་ཀྱི་སཾ་བོནཾ་དུ་གྱུརཾ་པཾ་ཁམསཾ་དེཾ་ཉིདཾ། སངས་རྒྱས་གྱི་སྟོབས་སོགས་ཆོསཾ་རྣམཾས་ཀུནཾ་གྱིཾ་རྟེནཾ་ནམ་རྒྱུ་ཉིད་དུཾ་འདོདཾ་པའི་ཁམས་དེའི་དྲི་མ་རིམཾ་གྱིསཾ་སྦྱངཾས་བརཾ་གྱུཾར་པཾ་ལཾས་ནི། བྲལ་སྨིན་དྲུག་ཅུ་རྩ་བཞིའི་བདག་ཉིད་སངསཾ་རྒྱསཾ་ཀྱི་གོཾ་འཕཾངས་ཐོབཾ་པརཾ་འགྱུརཾ་གྱི་གཞན་རྒྱུ་ཁམས་མེད་ན་དེ་ཐོབ་པར་མི་འགྱུར་རོ། །གཉིས་པ་འཕེལ་འགྲིབ་མེད་པར་བསྟན་པ་ནི། འོ་ན་ཐ་མལ་པའི་རྒྱུ་འབྲས་ལྟར་ཡིན་ན་ས་བོན་གྱི་གནས་སྐབས་འབྲས་བུ་དངོས་སུ་མེད་ཅིང་། ས་བོན་འགགས་དགོས་པ་དང་། འབྲས་བུ་ཡང་གསར་སྐྱེ་ཡིན་པ་དེ་བཞིན་དུ་འཁོར་བ་བདེན་གྲུབ་གཅིག་འགགས་ནས་སངས་རྒྱས་ཀྱང་གསར་སྐྱེ་དང་འདུས་བྱས་སུ་འགྱུར་བའི་ཕྱིར་ཞེ་ན། སྐྱོན་མེད་དེ་ཕྱོགས་ཙམ་འདྲ་མོད། རྣམས་ཀུན་ཏུ་འདྲ་བ་མ་ཡིན་ཏེ། ལན་རིམ་པ་ལྟར་བསྟན་པ་ནི། དཔེ་ཇི་ལྟར་ན། ངོ་བོ་ལ་རྡུལ་སོགས་ཀྱི་དྲིཾ་མ་མེདཾ་ཅིང་འོད་དང་འོད་ཟེར་གྱི་མདངས་དང་འབྲལ་མི་ཤེས་པར་ལྡན་པ་ཉིཾ་མཾ་དང་ཟླཾ་བཾ་ཡངཾ་གློ་བུར་གྱི་སྤྲིནཾ་དངཾ་ཁུགཾ་རྣཾ་དང་དུཾ་བཾ་དངཾ་། སྒྲཾ་གཅནཾ་གྱི་གདོངཾ་མཇུག་དང་རྡུལཾ་ལཾ་སོགསཾ་པཾ། སྒྲིབཾ་པཾ་ལྔཾ་ཡིཾས་སྒྲིབཾ་པརཾ་གྱུརཾ་པ། དཔེ་དེཾ་བཞིཾན་འོདཾ་གསལཾ་བཾ་ཡིཾ་སེམཾས་བདེ་གཤེགས་སྙིང་པོ་རང་བྱུང་གི་རིགས་པ་ལྷན་ཅིག་སྐྱེས་པའི་ངོ་བོ་རང་བཞིན་གྱིས་འོད་གསལ་བ་ཐོག་མ་མེད་པ་ནས་སྤྲོས་པ་མེད་པའི་བདག་ཉིད་དམ་པ་སྟོབས་སོགས་ཡོན་ཏན་གྱི་དཀྱིལ་འཁོར་གང་བས་མཛེས་པ་ནི་ཉི་ཟླ་སྒྲིབ་པ་མེད་པ་ལྟར་སྐྱོན་ཡེ་ཟད་དབྱིངས་ཆོས་ཉིད་ནམ་མཁའ་ལྟ་བུ་རང་བཞིན་ལས་མི་གཡོ་བར་འདུས་མ་བྱས་ལྷུན་གྲུབ་ཆེན་པོར་ཡེ་ནས་གནས་པའི་རང་བཞིན་རྣམ་དག་སྣང་སྟོང་དབྱེར་མེད་ཆེན་པོར་གནས་པ་ཉིད་ཡིན་ཡང་གློ་བུར་གྱི་དྲི་མ་འདོད་པའི་འདོདཾ་ཆགས་སྲིད་པ་སླན་པར་བྱེད་པའི་སྤྲིན་ལྟ་བུ་དངཾ་། ཞེ་སྡང་གི་མེས་བསྐྱེད་པའི་གནོདཾ་སེམསཾ་དུ་བ་ལྟ་བུ་གཉིས་ཀྱིས་ཚུལ་ཁྲིམས་དང་། གཏི་མུག་གིས་མི་གསལ་བར་བྱེད་པ་ལེཾ་ལོཾ་ཁུག་རྣ་ལྟ་བུས་གསུམ་ཆར་ལ་དངཾ་། སེམས་རྒོདཾ་པཾ་ང་རྒྱལ་དངཾ་བཅས་པ་སྒྲ་གཅན་གྱི་གདོང་ལྟ་བུས་ཏིང་ངེ་འཛིན་དང་ནིཾ། ལྟ་བ་སྣ་ཚོགས་ཀྱིས་བསྐྱེད་པའི་ཐེཾ་ཚོམཾ་རྡུལ་འཚུབས་པ་ལྟ་བུས་ཤེས་རབ་ལ་སྒྲིབ་པ་སྟེཾ། དེས་ན་སྒྲིབཾ་པཾ་ལྔཾ་ཡིསཾ་རང་བཞིན་ལ་གོས་པ་མེད་ཀྱང་འཁྲུལ་སྣང་དུ་སྒྲིབ་པ་ལྟར་སྣང་ནས་སྒྲིབཾ་པཾར་གྱུརཾ་ཏོ། །དེས་ན་ས་བོན་ལ་མྱུ་གུ་འབྱུང་རུང་གི་ནུས་པ་ཙམ་ལས་མཐའ་གཅིག་ཏུ་མི་འདྲ་སྟེ་ཡོན་ཏན་ཀུན་ཡེ་ལྡན་ཡིན་པའི་ཕྱིར་རོ། །འདིས་ནི་གཞི་ཡི་གནས་སྐབས་སུ་འཕེལ་འགྲིབ་མེད་པར་བསྟན་ཏོ། །དཔེ་ཇིཾ་ལྟཾར་ན་མེཾ་ཡིཾས་དགཾ་པའིཾ་ལྷ་ཡི་གོསཾ། སྣཾ་ཚོཾགས་པའི་དྲིཾ་མཾས་དྲིཾ་མཾ་ཅན་དུ་གྱུར་པ་དེཾ། ཇིཾ་ལྟཾར་མེཾ་ཡིཾ་ནངཾ་དུ་བཅུགཾ་པ་ནཾ། དྲིཾ་མཾ་མཐའ་དག་ཚིག་པར་འགྱུརཾ་གྱི་གོསཾ་ནི་ཚིག་པ་མིནཾ་པ་ལྟཾར། དེཾ་བཞིཾན་འོཾད་གསལཾ་བཾ་ཡིཾ་སེམཾས་དེ་ཉིད། འདོདཾ་ཆཾགས་ལཾ་སོགཾས་པ་གློ་བུར་གྱི་དྲི་མས་དྲིཾ་མཾ་ཅན་དུ་བྱས་པ་ནིཾ། བདག་མེད་རྟོགས་པའི་ཡེཾ་ཤེསཾ་ཀྱི་མེཾ་ཡིཾས་ཉོནཾ་མོཾངས་མཐའ་དག་བསྲེགཾས་ལ། ཡེ་ཤེས་དེཾ་ཉིདཾ་ཀྱིས་འོདཾ་གསལཾ་བ་ཡི་སེམས་ཀྱི་རང་བཞིན་ནི་བསྲེགས་པ་མཾ་ཡིཾན་ཏེ་གནས་ལུགས་རང་གི་ཡིན་ནོཾ། །འོ་ན་རྩུབ་སྟན་དང་རྩུབ་ཤིང་མཉམ་དུ་ཟད་པ་ལྟར་སྤང་གཉེན་མཉམ་ཟད་མ་ཡིན་ནམ། ཤེར་ཕྱིན་གྱི་མདོ་ལས་ཀྱང་། ཆོས་ཐམས་ཅད་བཀག་པར་མཛད་པས་ལུང་དང་ཡང་འགལ་ལོ་ཞེ་ན། སྐྱོན་མེད་དེ་ཆོས་ཐམས་ཅད་རང་བཞིན་མེད་པ་སྟོངཾ་པཾ་ཉིདཾ་ནིཾ་གསལ་བར་སྟོནཾ་པའིཾ་མདོཾ་ཤེར་ཕྱིན་སོགས། རྒྱལཾ་བསཾ་ཇིཾ་སྙེདཾ་མང་དུ་གསུངཾས་པཾ་གངཾ་ཡིན་པ། དེཾ་དགཾ་ཀུནཾ་གྱིསཾ་ཀྱང་འཁྲུལ་སྣང་གི་ཉོནཾ་མོཾངས་མཐའ་དག་ལྡོག་གིཾ དེས་ན་འཁོར་ལོ་བར་པར་སྟོང་ཉིད་སྤྲོས་བྲལ་གྱི་ལུང་གསུངས་པ་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་གནས་ལུགས་ཁམསཾ་དེཾ་ནི་ཉཾམས་པརཾ་བྱེདཾ་པའམ་སྤང་བྱར་བསྟན་པ་མཾ་ཡིནཾ་གྱི་སྐྱེ་འགགས་གནས་གསུམ་སོགས་འདུས་བྱས་ཀྱི་མཚན་ཉིད་ཀྱིས་དབེན་པ་ཙམ་སྟོན་པའི་ཕྱིར་རོ། །དེའང་མཐའ་བྲལ་སྟོན་པའི་དབུ་མའི་རིགས་པས་འཁྲུལ་སྣང་ལྡོག་པའི་གཉེན་པོ་ཙམ་བྱེད་མོད་དོན་ལ་སྤང་གཉེན་གཉིས་ཆར་བརྫུན་པ་ཡིན་ཏེ། རྩོད་བཟློག་ལས། དགག་བྱ་ཅི་ཡང་མེད་པས་ན། །ངས་ནི་ཅི་ཡང་མི་འགོག་གོ །དེ་ཕྱིར་དགག་པར་བྱེད་དོ་ཞེས། །བསྐུར་པ་དེ་ནི་ཁྱོད་ཀྱིས་བཏབ། །ཞེས་དང་། སྤྱོད་འཇུག་ལས། ཇི་ལྟ་རྨི་ལམ་བུ་ཤི་ལ། །དེ་མེད་སྙམ་པའི་རྣམ་རྟོག་ནི། །དེ་ཡོད་རྣམ་པར་རྟོག་པ་ཡི། །གེགས་ཡིན་དེ་ཡང་བརྫུན་པ་ཡིན། །ཞེས་སོ། །དེས་ན་སྤང་གཉེན་གཉིས་ཆར་མཉམ་དུ་མེད་པར་འགྱུར་བས་གནས་ལུགས་ཅང་མེད་ཅི་ཕྱིར་མི་འགྱུར་སྙམ་ན། རྨི་ལམ་གྱི་སྐྱེ་ཤི་གཉིས་བརྫུན་པར་སྟོན་གྱི། སད་པའི་སྣང་བ་བརྫུན་པར་སྟོན་པ་མིན་ནོ། །དཔེ་དེ་བཞིན་དུ་འཁྲུལ་པའི་བློ་ངོར་སྣང་བའི་དགག་སྒྲུབ་མཐའ་དག་དགག་བྱ་རང་བཞིན་གྱིས་གྲུབ་མ་མྱོང་བ་དེས་ན་བརྫུན་པར་སྟོན་གྱི། གནས་གྱུར་པས་འཁྲུལ་སྣང་ཟད་པའི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་མེད་པར་སྟོན་པ་ག་ལ་ཡིན། གཞན་དུ་རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང་། སེམས་ཀྱི་རང་བཞིན་འོད་གསལ་ཞིང་། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་དང་། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དེ་བསལ་སངས་རྒྱས་དངོས། །ཞེས་སོགས་ངེས་དོན་གྱི་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ལས། ཁམས་ཀྱི་ཡོན་ཏན་བཤད་པ་ཀུན་རི་རྭའི་བཤད་པ་བཞིན་དོན་མེད་དུ་འགྱུར་ཏེ་ཁམས་དང་དྲི་མ་གཉིས་ཀ་གློ་བུར་བ་འདྲ་བའི་ཕྱིར་རོ། །དེ་ནི་གདུལ་བྱའི་སྤྲོ་བ་བསྐྱེད་པའི་ཡན་ལག་ཙམ་ཡིན་ནོ་སྙམ་ན། དེ་ལྟ་གནས་སྐབས་སྤྲོ་བ་ཙམ་སྐྱེ་མོད། གནས་ལུགས་ཅང་མེད་ཡིན་ན། མཐར་དེ་ངོ་སྤྲད་དགོས་པས་དེ་དུས་ཡི་ཕམ་ཀྱང་བསྐྱེད་པའི་ཕྱིར་བརྟག་ན་བཞད་གད་གྱི་གནས་སོ། །དེས་ན་སྤང་གཉེན་གཉིས་ཆར་མེད་པར་བསྟན་པ་ནི་བློས་བྱས་ཡོད་མེད་ཀྱི་འཛིན་སྟངས་སྟོང་པའི་དོན་ཡིན་གྱི་བློ་འདས་ཆོས་སྐུ་མེད་པར་སྟོན་པ་མིན་ནོ། །འོ་ན་བདེན་གྲུབ་ཡོད་པ་ཞིག་ཡིན་ནམ་སྙམ་ན། བདེན་གྲུབ་ལྟ་ཅི་བདེན་མེད་ཀྱང་ཡོད་པར་མི་འདོད་དེ། ཡོད་མེད་བདེན་རྫུན་སོགས་གང་ལྟར་ཁས་ལེན་ཡང་རིགས་པའི་གནོད་བྱེད་ཡོད་དེ། དེ་དག་ཕན་ཚུན་ལྟོས་གྲུབ་ཡིན་པས་གང་ཡང་ཁས་ལེན་དུ་མི་བཏུབ་སྟེ་སྤྲོས་བྲལ་ཡིན་པས་སོ། །དེ་སྐད་དོ་ཧ་ལས། ཡོད་པར་འཛིན་པ་ཕྱུགས་དང་འདྲ་བ་སྟེ། །མེད་པར་འཛིན་པ་དེ་བས་ཀྱང་ནི་བླུན། །ཞེས་སོ། །དེས་ན་སོ་སྐྱེའི་བློས་དམུས་ལོང་གི་གླང་ཆེན་ལྟར་གནས་ལུགས་ཇི་ལྟ་བ་བཞིན་གཞལ་མི་ནུས་པས་གསལ་བའམ་སྟོང་པ་རྩལ་སྟོན་ཕྱོགས་རེ་ལ་དེ་ཁོ་ན་ལྟར་ཞེན་པར་མི་བྱ་སྟེ། བདེན་གཉིས་དབྱེར་མེད་རྣམ་གྲངས་མིན་པའི་དོན་བདེ་གཤེགས་སྙིང་པོ་ནི་རྟོག་གེ་བས་དཔྱད་སྒོམ་གྱིས་གོ་ཡུལ་ཙམ་ལས་ཇི་བཞིན་རྟོགས་མི་སྲིད་ལ། རྣལ་འབྱོར་པས་སྤྲོས་བྲལ་འཇོག་སྒོམ་གྱི་རྟོགས་བྱ་ཡིན་ནོ། །གལ་ཏེ་ཁམས་ཀྱང་མེད་པ་ཡིན་ན་མཐར་ཐུག་གི་འབྲས་བུ་ཅང་མེད་དུ་རྒྱང་འཕེན་པའི་འདོད་པ་ལྟར་དུ་འགྱུར་བས་ལམ་བསྒྲུབས་པ་དོན་མེད་འགྱུར་ཞིང་། འབྲས་བུ་སངས་རྒྱས་མེད་པས་ཕྲིན་ལས་རྒྱུན་ཆད་པ་སོགས་སྐྱོན་མང་པོར་འབབ་བོ། །དེས་ན་ས་བོན་འགག་ནས་མྱུ་གུ་སྐྱེ་བ་དང་མི་འདྲའོ། །འདིས་ནི་ལམ་གྱི་གནས་སྐབས་སུ་དྲི་མ་ཟད་པར་བྱེད་པ་ཙམ་ཡིན་གྱི་ཁམས་འཕེལ་འགྲིབ་མེད་པར་བསྟན་པའོ། །ཡང་དཔེ་ཇི་ལྟར་ན་ས་ཡི་དཀྱིལ་ན་ཡོད་པའི་ཆུ་ནི་ངོ་བོ་ལ་ས་ཡི་དྲི་མ་མེད་པར་དྭངས་བར་གནས་པ་ལྟར། གློ་བུར་བའི་ཉོན་མོངས་ནང་ན་ངོ་བོ་ཡེ་དག་གི་ཡེ་ཤེས་ཀྱང་། དེ་བཞིན་དྲི་མ་མེད་པར་གདོད་ནས་གནས་པ་དེ་ལམ་གྱི་དྲི་མ་སྦྱང་སྟོབས་ཀྱིས་མངོན་དུ་གྱུར་པ་ཙམ་ཡིན་གྱི་སྔར་མེད་གསར་སྐྱེ་མ་ཡིན་ཏེ་ཆོས་ཉིད་འཕེལ་འགྲིབ་མི་རུང་བའི་ཕྱིར་རོ། །དེས་ན་ཡོན་ཏན་གསར་དུ་བསྣན་པ་མེད་ཅིང་དྲི་མ་གློ་བུར་ཙམ་ལས་ངོ་བོ་བསལ་དུ་མེད་དེ། རྒྱུད་བླ་མ་ལས། འདི་ལ་བསམ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་ལྟར་འདིས་ནི་འབྲས་བུའི་གནས་སྐབས་སུ་སྔར་གྱི་རང་བཞིན་མངོན་དུ་གྱུར་པ་ཙམ་ལས་གསར་སྐྱེ་མེད་པར་བསྟན་ཏོ། །དེས་ན་ས་བོན་ལས་མྱུ་གུ་གསར་དུ་སྐྱེ་བ་དང་མི་འདྲའོ། །གཉིས་པ་གློ་བུར་བའི་དྲི་མ་དོན་ལ་མ་གྲུབ་པར་བཤད་པ་ལའང་གཉིས། དྲི་མ་མ་གྲུབ་པའི་ཚུལ་དང་། དེས་ན་དེ་སྦྱོང་བྱེད་ལམ་སྒྲུབ་ཚུལ་ལོ། །དང་པོ་ལའང་གསུམ། འཁྲུལ་པ་དོན་ལ་མ་གྲུབ་པར་བསྟན། ཐབས་ཤེས་གཉིས་དང་ལྡན་ན་དེ་ཉིད་གྲོལ་རྐྱེན་དུ་འགྱུར་ཚུལ། དེས་ན་འཁོར་འདས་འཆིང་གྲོལ་འཐད་པའོ། །དང་པོ་ལའང་གསུམ། འཁོར་བ་སྣང་ལ་རང་བཞིན་མེད་པར་བསྟན། མྱང་འདས་ཀྱང་ཐ་སྙད་དུ་ཁས་ལེན་དགོས་ཀྱང་གཟུང་འཛིན་གྱི་ངོ་བོ་མ་གྲུབ་པར་བསྟན། དེས་ན་འཁོར་འདས་དབུ་མའི་ལམ་དུ་དོན་གཅིག་པར་བསྟན་པའོ། །དང་པོ་ལ་གཉིས། རྒྱས་བཤད་དང་དོན་བསྡུའོ། །དང་པོ་ལ་གསུམ། བདག་དང་བདག་གི་དོན་ལ་མེད་ཀྱང་ཐ་སྙད་དུ་སྣང་རུང་བ་དང་། དེ་ཉིད་གཉེན་པོ་ལམ་གྱིས་སྦྱང་ཚུལ། གནས་ལུགས་དོན་ལ་གྲུབ་ཀྱང་དྲི་བཅས་ཀྱི་སྐབས་སུ་མི་མཐོང་བའི་འཐད་པ་དཔེས་བསྟན་པའོ། །དང་པོ་ནི། འོ་ན་ཐ་མལ་པའི་གནས་སྐབས་ན་ཡང་ཆོས་ཉིད་ཡོད་ན་དེ་བདག་དང་བདག་གིར་འཛིན་ཡུལ་ཡིན་ནོ་སྙམ་ན། མ་ཡིན་ཏེ། ཆོསཾ་དབྱིཾངས་ནི་རྒྱུ་མཚན་གངཾ་གི་ཕྱིརཾ་བདགཾ་མཾ་ཡིནཾ་ལ། བུདཾ་མེདཾ་མཾ་ཡིནཾ་སྐྱེསཾ་པཾའངཾ་མིཾན་ཏེ་བདག་དང་བདག་གི་བའི་འཁོར་བ་དོན་ལ་གྲུབ་མ་མྱོང་བ་ཡིན་ནོ། །དེ་གནས་ལུགས་གཟུངཾ་བཾ་དང་འཛིན་པ་ཀུནཾ་ལསཾ་རྣམཾ་པར་གྲོལཾ་བཾ་ཆོས་དབྱིངས་དེ། ཇིཾ་ལྟཾར་གཟུང་འཛིན་གྱི་རང་བཞིན་བདགཾ་ཅེཾས་བརྟགཾ་པརཾ་བྱཾ་སྟེ་དངོས་འགལ་ཡིན་པའི་ཕྱིར་སྣང་བ་ལ་མུན་པར་བརྗོད་མི་རུང་བ་ལྟར་རོ། །དོན་གྱི་གནས་ལུགས་འཁོར་གསུམ་གྱི་ཆཾགས་པཾ་མེཾད་པཾའི་ཆོཾས་རྣམས་ཀུནཾ་ལཾ་བུདཾ་མེཾད་དང་སྐྱེསཾ་པཾ་ཞེས་དམིགཾས་པ་མཾ་ཡིཾན་ནོ། །དེའང་། སྤྱོད་འཇུག་ལས། དེ་ལྟར་རྨི་ལམ་ལྟ་བུ་ཡི། །གཟུགས་ལ་དཔྱོད་ལྡན་སུ་ཞིག་ཆགས། །དེས་ན་སྐྱེས་པ་བུད་མེད་གང་། །ཞེས་གསུངས་པ་ལྟར་རོ། །འོ་ན་འཇིག་རྟེན་གྱི་མངོན་སུམ་དང་འགལ་ཞིང་ལུང་ལས་ཀྱང་ཐ་སྙད་ཀྱི་རྣམ་བཞག་མང་དུ་འབྱུང་བ་དེ་ཅི་ཞེ་ན། འདོདཾ་ཆཾགས་ཀྱིསཾ་ཆོས་དབྱིངས་མཐོང་བའི་ཤེས་རབ་ཀྱི་མིག་ལྡངཾ་བའི་གདུལཾ་བྱཾ་རྨོངས་པ་དེ་དག་འདུལ་བའིཾ་ཕྱིརཾ་དུ། བུདཾ་མེདཾ་དང་། སྐྱེསཾ་པཾ་ཞེསཾ་སོགས་ཐ་སྙད་ཀྱི་རྣམ་བཞག་སེམས་ཀྱི་ངོར་མཛད་ནས་རཾབ་ཏུ་མང་པོ་བསྟནཾ་པ་ཡིན་ཏེ། དེ་སྐད་དུ་གང་འཇིག་རྟེན་ཡོད་པར་འདོད་པ་དེ་ངེད་ཀྱང་ཡོད་པར་འདོད་དོ་ཞེས་སོགས་གསུང་པའི་ཕྱིར་རོ། །གཉིས་པ་དེ་ལྟ་བུ་འཁོར་བའི་འཁྲུལ་སྣང་གློ་བུར་བ་དེ་སྦྱང་བའི་ཚུལ་ནི་མིཾ་རྟགཾ་པ་དང་སྡུགཾ་བསྔལཾ་བ་དང་སྟོངཾ་པཾ་ཞེསཾ་བྱཾ་བཾ་རྣམ་པ་གསུམཾ་པོསཾ་ནི་སེམཾས་སྦྱོངཾ་བྱེདཾ་ཐོག་མར་སྔོན་འགྲོ་ལྟ་བུ་ཉོན་མོངས་མགོ་གནོན་ཙམ་ཡིན་གྱི། དངོས་གཉེན་མཆོཾག་ཏུཾ་སེམཾས་ནིཾ་སྦྱོངཾ་བྱེདཾ་པའིཾ། གཉེན་པོ་ཆོསཾ་ཐམས་ཅད་ནིཾ་རངཾ་བཞིནཾ་མེདཾ་པཾ་བདག་མེད་རྣམ་པ་གཉིས་ཡིཾན་ནོ། །གསུམ་པ་ནི། གློ་བུར་གྱི་དྲི་མ་དོན་ལ་མ་གྲུབ་ན་ལམ་སྒོམ་པ་དོན་མེད་དེ། ཆོས་དབྱིངས་གདོད་ནས་འཕོ་མེད་དུ་གནས་པའི་ཕྱིར་ཐམས་ཅད་ཀྱིས་མཐོང་བར་ཐལ་ཞེ་ན། དཔེ་ཇིཾ་ལྟརཾ་ན་སྦྲུམཾ་མཾ་དམན་པའི་ལྟོཾ་བ་ནཾ་ས་བདག་འཁོར་བསྒྱུར་བུཾ། ཡོདཾ་ཀྱངཾ་གནས་སྐབས་མངལ་ལས་མ་གྲོལ་བར་མཐོཾང་བཾ་མཾ་ཡིནཾ་པཾ། དེཾ་བཞིཾན་དོན་ལ་མ་གྲུབ་པ་གློ་བུར་བའི་ཉོནཾ་མོཾངས་ཀྱིསཾ་གཡོཾགས་པའིཾ། ཆོསཾ་ཀྱིཾ་དབྱིཾངས་སེམས་ཅན་ལ་འབྲལ་མེད་དུ་ཡོད་ཀྱངཾ་མཐོངཾ་བ་མཾ་ཡིཾན་ནོ། །གཉིས་པ་དོན་བསྡུ་བ་ནི། ངེས་ན་བདགཾ་ཏུ་འཛིན་པ་དངཾ་། བདགཾ་གིརཾ་འཛིན་པའི་རྣམཾ་རྟོགཾ་གཉིསཾ། ཀ་བུམ་ལྟ་བུ་མིངཾ་གིཾ་རྣམ་རྟོག་དང་། མིང་དེར་འདུཾ་ཤེསཾ་པའི་མཚནཾ་དོནཾ་གྱིསཾ། རྣམཾ་པར་རྟོགཾ་ན་སྟེ་བཞིཾ་པོཾ་ཐ་སྙད་དུ་འབྱུངཾ་བཾ་ཡཾང་། གཙོ་བོ་འབྱུངཾ་བཞི་དངཾ་འབྱུཾང་བ་ལཾས་གྱུརཾ་པ་བཅུ་གཅིག་དང་གཟུགས་ཕུང་རག་ཕྱིར་ཕལ་ཆེར་གྱིས་བདག་ཏུ་འཛིན་པཾས་སོཾ། །དེ་ཡང་དཔྱད་ན་མ་གྲུབ་སྟེ། རིགས་པ་དྲུག་ཅུ་པ་ལས། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་ལ་ཡང་དག་འདུ། །དེ་ཤེས་པས་ནི་འབྲལ་གྱུར་ན། །ལོག་པ་རྣམ་བརྟག་མ་ཡིན་ནོ། །ཞེས་དང་། དབྱིག་གཉེན་གྱིས། དྲུག་གིས་གཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །ཞེས་གསུངས་སོ། །འདི་ནི་རག་ཕྱིར་མཚོན་པ་ཙམ་སྟེ་གཟུང་འཛིན་འཁྲུལ་སྣང་ཡོད་དོ་ཅོག་གློ་བུར་བྱུང་བ་ཙམ་ཡིན་གྱི་དོན་ལ་མ་གྲུབ་ཅེས་སོ། །གཉིས་པ་ནི། འཁོར་བ་དོན་ལ་མ་གྲུབ་མོད་མྱ་ངན་ལས་འདས་པའི་རང་བཞིན་སངས་རྒྱས་ངེས་པར་ཡོད་ལ་དེ་ཡོད་པས། དེས་གདུལ་ཞིང་འཁོར་བའང་ཡོད་དོ་སྙམ་ན། མྱང་འདས་དོན་ལ་གྲུབ་པ་ཐ་སྙད་ཙམ་དུ་ཁས་ལེན་དགོས་མོད། འོན་ཀྱང་གཟུང་འཛིན་གྱི་ངོ་བོ་ཁས་ལེན་མི་བཏུབ་སྟེ་འཁོར་བ་དང་ཁྱད་པར་མེད་པའི་ཕྱིར། དེས་ན་ཐ་སྙད་ཙམ་ལས་གནས་ལུགས་ལ་འཁོར་འདས་ཀྱི་སྤྲོས་པ་དབེན་ལ་མྱང་འདས་ཀྱང་གཟུང་འཛིན་གྱི་ངོ་བོ་མ་གྲུབ་པར་བསྟན་པ་ནི། སཾངས་རྒྱསཾ་རྣཾམས་ཀྱིཾ་སྨོཾན་ལཾམ་སྟོབས་ཀྱིས་གཟུགས་སྐུའི་སྣང་བ་ཡཾང་། སྣཾང་བཾ་རང་མཚན་པ་མེདཾ་ཅིངཾ་མཚཾན་ཉིཾད་དུ་གྲུབ་པ་ཅུང་ཟད་ཀྱང་མེདཾ་དོ། །འོན་ཀྱང་སངས་རྒྱས་ཀྱི་སྨོན་ལམ་དང་གདུལ་བྱའི་དཀར་པོ་དགེ་བ་འཇོམས་པ་ལས་སྣང་སྟེ་ཆུ་ཟླ་བཞིན་ནོ། །གཟུགས་སྐུ་གཉིས་ཀྱང་གཞན་སྣང་ཁོ་ནར་འདོད་ན་ནི་མི་རུང་སྟེ་ནམ་མཁའི་ཟླ་བ་མེད་པར་ཆུ་ཟླ་མི་སྲིད་པ་བཞིན་བདག་རྐྱེན་སངས་རྒྱས་མེད་ན་སེམས་ཅན་ལ་ཅི་ཞིག་སྣང་སྟེ་སྣང་དུ་མི་རུང་། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དུ་ཡང་མི་རུང་ངོ་། །སོཾ་སོཾ་རངཾ་གིས་རིགཾ་པའི་སྦྱོརཾ་བ་ལྡནཾ་པ་སྨྲ་བསམ་བརྗོད་པ་དང་བྲལ་བ་ཉིདཾ་དེ། སངས་རྒྱས་བཅོམ་ལྡན་འདས་ནི་འདུས་མ་བྱས་རྟགཾ་པའིཾ་ཆོཾས་ཉིཾད་ཅནཾ་ཡིནཾ་པས་དེ་ནི་གཟུང་འཛིན་ལས་འདས་པ་ཡིན་ནོཾ། །དེ་ཡང་ཆོས་སྐུ་རང་བཞིན་གྱི་རྟག་པ་དང་ལོངས་སྐུ་རྒྱུན་གྱི་རྟག་པ་དང་། སྤྲུལ་སྐུ་རྒྱུན་མི་ཆད་པའི་ཚུལ་གྱི་རྟག་པའི་བརྡའ་སྦྱར་ཡང་རྟག་དངོས་ཁས་ལེན་མི་རུང་ངོ་། །གསུམ་པ་དེས་ན་འཁོར་འདས་དབུ་མའི་ལམ་དུ་རོ་གཅིག་པར་བསྟན་པ་ལ་གཉིས། གནས་ལུགས་དོན་ལ་འཁོར་འདས་དབྱེར་མེད་བསྟན། ཐ་སྙད་ཙམ་དུ་འཁོར་འདས་སོ་སོར་འཆིང་བའི་ཚུལ་བཤད་པའོ། །དང་པོ་ནི། དཔེ་ཇིཾ་ལྟརཾ་ན་རིཾ་བོཾང་གིས་མགོཾ་ཡིཾ་རཾ། བློས་མིང་རྐྱང་ལ་བརྟཾགས་པཾ་ཉིཾད་དེཾ་དོན་ལ་མེཾད་པཾ་འཇིག་རྟེན་ན་གྲགས་པ་ལྟཾར། དེཾ་བཞིཾན་འདུས་བྱས་འདུས་མ་བྱས་ཀྱི་འཁོར་བ་དང་མྱང་འདས་སོགས་ཆོཾས་རྣཾམས་ཐམཾས་ཅཾད་ཀྱཾང་། འཁྲུལ་བློས་བརྟཾགས་པཾ་ཙམ་ཉིདཾ་དེཾ་རང་བཞིན་རྡུལ་ཙམ་ཡོཾད་པ་མཾ་ཡིཾན་ནོ། །ཕྲཾ་རཾབ་རྡུལཾ་གྱིཾ་ངོཾ་བོཾ་ཕན་ཚུན་འཕྲད་མ་འཕྲད་དཔྱད་པའི་རིགས་པ་ཡིཾས། དཔྱད་ན་འཇིག་རྟེན་ན་ཡོད་པར་གྲགས་པའི་གླངཾ་གིཾ་རྭཾ་ཡཾང་དོན་ལ་དམིཾགས་པ་མཾ་ཡིནཾ་ཏེ་རི་རྭ་བཞིན་ནོ། །དེ་བཞིན་དངོས་པོ་ཀུན་ལ་སྦྱར་རོ། །དཔྱད་ན་མ་གྲུབ་པས་འོ་ན་གནས་ལུགས་ཆོས་སྐུ་ཡང་བློས་སྒྲོ་བཏགས་སུ་འགྱུར་རོ་སྙམ་ན་ཡོད་མེད་དུ་ཞེན་ན་བདེན་ཡང་འཛིན་པ་ཞིག་པས་མི་འདྲ་སྟེ། ཇིཾ་ལྟཾར་སྔོཾན་དྲི་བཅས་ཀྱི་སྐབས་བཞིཾན་ཕྱིཾས་དྲི་མེད་ཀྱི་གནས་སྐབས་སུ་ཡང་དེཾ་བཞིནཾ་ཏེ་ཆོས་ཉིད་དོན་དམ་བདེན་པ་ཡིན་པའི་ཕྱིར་ངོ་བོ་ལ་བཟང་ངན་དུ་རྟོག་པ་མེད་དོ། །དེས་ན་ཆོས་ཉིད་གཟུང་འཛིན་ལས་གྲོལ་བ་དེཾ་ལཾ་ཅིཾ་ཞིཾག་བློས་སྒྲོ་བཏགཾས་པཾར་བྱཾ་སྟེ་སྤྲོས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །འཁྲུལ་སྣང་མཐའ་དག་རང་མཚན་མ་གྲུབ་པས་ཐ་སྙད་ཙམ་དུ་རྒྱུ་རྐྱེན་ལ་བརྟེཾན་ནཾས་འབྱུཾང་བརཾ་འགྱུརཾ་བཾ་དངཾ་། བརྟེནཾ་ནཾས་འགཾག་པརཾ་འགྱུརཾ་བསཾ་ནཾ། སྐྱེ་འགག་སོགས་དངོས་པོ་རང་མཚན་གྲུབ་པ་གཅིཾག་ཀྱངཾ་ཡོདཾ་པཾ་མཾ་ཡིནཾ་ནཾ། བྱིཾས་པཾ་རྣམས་ཀྱིས་ཇིཾ་ལྟཾར་རང་མཚན་ཞིག་རྟོཾགས་པཾར་བྱེདཾ་དེ་རང་མཚན་པ་མཐོང་བ་མ་ཡིན་ནོ། །སྨོས་མ་ཐག་པ་ལྟར་འཇིག་རྟེན་ན་མེད་པར་གྲགས་པ་རིཾ་བོང་གི་རྭ་དང་། ཡོད་པར་གྲགས་པ་གླཾང་གིཾ་རྭཾ་ཡིཾ་དཔེཾས། ཇིཾ་ལྟཾར་ན་བདེཾ་བཾར་གཤེཾགས་པའཾི་འཁོར་འདས་ཀྱི་ཆོཾས་རྣཾམས་ཉིཾད་ཐམས་ཅད། མཐའ་བྲལ་དབུ་མ་ཟུང་འཇུག་མཉམ་པ་ཉིད་དུ་སྒྲུབ་པར་བྱེད་དོ། །གཉིས་པ་ནི། འོ་ན་ཀུན་རྫོབ་འཁོར་འདས་ཇི་ལྟར་སྣང་བར་འགྱུར་ཞེ་ན། འདི་ལྟར་སྣང་བའི་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་ཅིང་བདེན་པར་མ་གྲུབ་པས་དོན་དམ་དུ་བདེན་པ་མིན་ལ་སེམས་ཀྱི་རང་རྩལ་འགག་མེད་སོ་སོར་སྣང་བས་འཁྲུལ་ངོར་བརྫུན་པའང་མིན་ཏེ། དཔེ་ཇིཾ་ལྟཾར་ན་ཉིཾ་ཟླཾ་དང་སྐཾར་མའིཾ་གཟུཾགས་མ་འདྲེས་པ་སོ་སོར། དངཾ་བའིཾ་སྣོཾད་ཀྱིཾ་ཆུཾ་ཡི་ནཾང་དུཾ། གཟུཾགས་བརྙཾན་མཐོཾང་བརཾ་གྱུརཾ་པཾ་ན་ཟླ་བ་སོགས་སྣང་དུས་ནས་རང་མཚན་ཡོད་མ་མྱོང་བ་དང་། ཟླ་བ་སོགས་མེད་བཞིན་དུ་ཟླ་བའི་གཟུགས་དང་ཁ་དོག་སྣང་བ་ཙམ་མ་འགགས་པ་ཟླ་སྣང་དང་སྟོང་པ་གཉིས་དབྱེར་མི་ཕྱེད་ཅིང་ཆུ་ཟླའི་མཚན་ཉིད་སྟོང་པར་ཤེས་ན་ཟླ་འཛིན་རང་སར་གྲོལ་བ་ལྟར། ཀུན་རྫོབ་ཏུ་འཁོར་འདས་ཀྱི་མཚན་ཉིད་ཀྱང་མ་འདྲེས་པར་སོ་སོར་རྫོགས་ཤིང་སྣང་དུས་ཉིད་ནས་བདེན་པར་ཡོད་མ་མྱོང་བ་དང་། བདེན་པར་མེད་བཞིན་དུ་སྣང་ཙམ་མ་འགགས་པར་སྣང་བ་སྟེ། དེས་ན་སྣང་སྟོང་དབྱེར་མི་ཕྱེད་པ་དང་མཚནཾ་ཉིདཾ་སྟོང་པར་ཤེས་ན་སྣང་བར་འཛིན་པ་རང་སར་གྲོལ་བས་ཆོས་ཉིད་རྟོགཾས་པཾའངཾ་དཔེ་དེཾ་དངཾ་འདྲའོཾ། །འོ་ན་སྣང་ཆ་དེ་ལ་བདག་དང་བདག་གིར་ལྟ་བའི་གཟུང་འཛིན་རང་མཚན་པ་ཅི་ཕྱིར་མི་འགྱུར་ཏེ་སྣང་བ་ཡོད་པའི་ཕྱིར། དེས་ན་གློ་བུར་བ་ཡི་གྲུབ་བོ་སྙམ་ན་སྣང་བ་ལ། སྣང་བར་འཛིན་པ་བདེན་ཡང་འཛིན་པ་མཐའ་དག་ཞིག་པའི་ཕྱིར་ཉེས་པ་མེད་དེ། ཐོགཾ་མཾ་གཞི་ཡི་གནས་སྐབས་དང་། བརཾ་མཾ་ལམ་དང་། མཐརཾ་འབྲས་བུ་སྟེ། གནས་སྐབས་གསུམ་དུ་དགེཾ་བཾ་གཟུང་འཛིན་གྲུབ་མ་མྱོང་བ་རྣམས་ཀྱང་བསླུ་བཾ་མེཾད་ཅིཾང་བསྟནཾ་པཾ་ཡིཾ་ཆོས་རྣམས་ཀྱི་རང་བཞིན་གཾང་ཞིཾག་དེཾ་ལྟརཾ་བདགཾ་མེཾད་པཾའངཾ་ཇིཾ་ལྟཾར་ན་བདཾག་དངཾ་བདགཾ་གིཾར་བརྟགཾ་སྟེ་དཔྱད་ན་རྡུལ་ཙམ་ཡང་མ་གྲུབ་པའི་ཕྱིར་རོ། །འོ་ན་ཆོས་རྣམས་ཀྱི་རང་བཞིན་དབྱེར་མེད་ཡིན་ན་སེམས་ཅན་དང་སངས་རྒྱས་ཀྱི་གནས་སྐབས་གཉིས་མི་སྲིད་པར་འགྱུར་སྙམ་ན་སྐྱོན་མེད་དེ། ཇིཾ་ལྟཾར་སོཾ་གཾའི་དུསཾ་སུཾ་ཆུཾ་དེ་ཉིད་ཚད་པའི་སྟོབས་ཀྱིས་དྲོསཾ་སོཾ་ཞེསཾ་ནིཾ་བརྗོདཾ་པརཾ་བྱེདཾ་ཅིང་། ཆུ་གཅིག་པུ་དེཾ་ཉིདཾ་དགུན་ལྟ་བུ་གྲཾང་བའིཾ་དུསཾ་སུཾ་ནིཾ། གྲངཾ་ངོཾ་ཞེསཾ་ནིཾ་བརྗོདཾ་པཾ་ཡིནཾ་པ་དེ་ཚེ་ལ་ལས་ཆུ་ཡི་རང་བཞིན་ཁྱད་པར་མེད་པ་དཔེ་དེ་བཞིན་དུ་ཆོས་དབྱིངས་དེ་ཉིད་ཉོནཾ་མོཾངས་པའི་དྲཾ་བསཾ་གཡོཾག་པཾ་ན་ནིཾ། སེམཾས་ཅནཾ་ཞེསཾ་ནིཾ་བརྗོཾད་པཾར་བྱཾ་ཞིང་། རང་བཞིན་དེཾ་ཉིཾད་གློ་བུར་གྱི་ཉོནཾ་མོཾངས་དང་བྲལཾ་བར་གྱུརཾ་པ་ནཾ། དག་པ་གཉིས་ལྡན་གྱི་སངསཾ་རྒྱསཾ་ཞེསཾ་ནིཾ་བརྗོདཾ་པརཾ་བྱཾ་བ་ཙམ་ཡིན་ནོ། །གཉིས་པ་ཐབས་ཤེས་གཉིས་དང་ལྡན་པ་དེ་ཉིད་གྲོལ་རྐྱེན་འགྱུར་བ་ལ་གཉིས། དཔྱད་ནས་ཚོགས་དྲུག་ཡུལ་སྣང་དང་བཅས་པ་རང་གྲོལ་དུ་འགྱུར་བ་གོམ་པ་དེ་ཉིད་རྟོགས་པ་མངོན་དུ་གྱུར་ན་དོན་དམ་པའི་མཚན་ཉིད་ཚང་བར་བསྟན་པའོ། །དང་པོ་ནི། འོ་ན་འཁོར་བ་གཟུང་འཛིན་ཡུལ་ཡུལ་ཅན་དུ་གྲུབ་པ་དང་། མྱང་འདས་དེ་ལས་གྲོལ་བ་གཉིས་ཆུ་དྲོ་གྲང་ལྟར་ངོ་བོ་གཅིག་ཏུ་གྲུབ་པ་མི་འཐད་དོ་སྙམ་ན། རྣལ་འབྱོར་པས་ལེགས་པར་དཔྱད་པ་ན། སྣང་བཞིན་པ་འདི་སྟོང་པ་ཉིད་ཡིན་པའི་ཕྱིར། སྟོང་པ་ཉིད་ཀྱི་ངོ་བོར་གྲུབ་སྟེ། བདག་རྐྱེན་མིཾག་དབང་དངཾ་། དམིགས་རྐྱེན་གཟུཾགས་སོགས་ལཾ་བརྟེནཾ་ནསཾ་ནིཾ། དཔྱད་པ་བཏང་བའི་ངོར་དྲིཾ་མཾ་མེདཾ་པའིཾ་གཟུགཾས་ཤེསཾ་ཀྱིཾ་སྣངཾ་བཾ་འབྱུང་བ་ནི། དཔྱད་ན་རྟེན་འབྲེལ་གྱི་ངོ་བོ་སྟོང་ཉིད་སྐྱེཾ་བ་མེདཾ་ཅིང་འགགཾ་པཾ་མེདཾ་པ་ཉིད་དུ་གྲུབ་པ་ལས་ཆོས་ཀྱི་དབྱིངས་ནི་རབ་ཏུ་ཤེས་སོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་སྟོང་ཉིད་སྟོན་པའི་སློབ་དཔོན་གྱི་ངག་སྒྲཾ་དང་ཾ། རྣཾ་བཾ་ལཾ། བརྟེནཾ་ནསཾ་མ་འཁྲུལ་བ་རྣམཾ་པརཾ་དགཾ་པའིཾ་ཤེཾས་པཾ་དང་བཅས་པ་གསུམཾ་གྱི་སྟོབས་ལས་མཚནཾ་ཉིཾད་མེདཾ་པཾའི་ཆོཾས་ཀྱིཾ་དབྱིཾངས་སྟོང་པ་ཉིད་ཀྱི་དོན་རྟོགཾ་བཅས་ཡིད་ཀྱི་ཤེས་པ་དངཾ་བཅསཾ་པསཾ་ཐོསཾ་པརཾ་འགྱུརཾ་བ་ལས། བསམ་བྱུང་དང་སྒོམ་བྱུང་རིམ་གྱིས་སྐྱེ་བར་འགྱུར་རོ། །ཡང་སྣཾ་ཡི་དབང་པོ་དངཾ་། དམིགས་རྐྱེན་དྲིཾ་ལཾ་བརྟེཾན་ནཾས་སྣོམཾ་པའི་བློ་སྐྱེ་བ་དེཾ་ནིཾ་གཟུཾགས་སུཾ་གྲུབ་པ་མེདཾ་པའིཾ་དཔེཾས། གཟུང་བ་མཐའ་དག་དྲུག་གིས་གཅིག་ཆར་སྦྱར་བའི་རིགས་པས་མ་གྲུབ་པར་སྟོན་ནུས་ཤིང་། གཟུང་བ་མེད་ན་འཛིན་པ་མེད་པས་སྔ་མ་དེཾ་བཞཾིན་དུ་སྣཾ་ཡིཾ་རྣཾམ་ཤེཾས་ཀྱིཾས་ཀྱང་ཆོསཾ་ཀྱིཾ་དབྱིཾངས་ལཾ་རྟོགཾས་པརཾ་བྱེདཾ་པའི་གྲོགས་བྱེད་དོ། །དེ་བཞིན་དུ་ལྕེཾ་ཡིཾ་དབང་པོ་དཔྱད་གཞི་བྱས་ནས་གཅིག་དུ་བྲལ་དང་མཐའ་བཞིའི་སྐྱེ་བ་འགོག་པའི་རིམ་པས་རངཾ་བཞིནཾ་སྟོཾང་པ་ཉིཾད་དུ་རྟོགས་ཤིང་རོཾ་ཡིཾ་ཁམསཾ་ཀྱངཾ་དེ་བཞིན་དུ་དབེཾན་པཾ་སྟེཾ། སྟོང་ཉིད་ཆོསཾ་ཀྱིཾ་དབྱིཾངས་ཀྱིཾ་ངོཾ་བོཾ་ཡིནཾ་ནོ། །ལུས་ཀྱི་རྣམཾ་པརཾ་ཤེསཾ་པཾ་ཕྱི་ནང་གང་དུ་ཡང་གནཾས་ཤིང་གྲུབཾ་པ་མེདཾ་པ་དགཾ་པའིཾ་ལུསཾ་ཀྱིཾ་ངོཾ་བོཾ་དངཾ་། རེགཾ་པརཾ་བྱཾ་བའིཾ་ཡུལ་དམིགས་རྐྱེན་གྱི་མཚནཾ་ཉིཾད་དངཾ་བཅས་པ་ནི། དོན་དུ་རྐྱེནཾ་དང་རྐྱེན་ཅཾན་ལསཾ་ནིཾ་གྲོལཾ་བར་འགྱུརཾ་བཾ་ཆོསཾ་ཀྱིཾ་དབྱིངཾས་ཀྱི་རང་བཞིན་ཞེསཾ་བརྗོཾད་པཾར་བྱའོཾ། །ཡིཾད་ཀྱི་རྣམ་ཤེས་གཙོཾ་བོར་གྱུརཾ་པའིཾ་ཆོསཾ་རྣཾམས་ཐམས་ཅད་ལཾ་རྟོགཾ་པ་པོ་བློ་དང་། བརྟགཾ་པརཾ་བྱཾ་བའཾི་ཡུལཾ་གྱི་སྤྲོས་པ་རྣམས་སྤངཾ་ནསཾ་སྤྲོས་བྲལ་གྱི་ངང་དུ་དཔྱད་པ་བཏང་སྟེ་རྩོལ་མེད་དུ་བཞག་ནས་ཆོསཾ་རྣཾམས་རཾང་བཞིནཾ་མེཾད་པཾ་སྟོང་པ་ཉིཾད་ཆོསཾ་ཀྱིཾ་དབྱིཾངས་སུཾ་བསྒོཾམ་པཾར་བྱའོཾ། །གཉིས་པ་ནི། དེ་ལྟར་གོམ་པ་ལས་མཐོངཾ་བ་གཟུགས་དངཾ་ཐོསཾ་པས་སྒྲ་དངཾ་བསྣོཾམ་པཾ་དྲི་དངཾ་མྱངཾ་བ་རོ་དངཾ་རེགཾ་པརཾ་གྱུརཾ་པཾ་རེག་བྱ་དངཾ་ཤེས་པར་བྱ་བ་ཆོསཾ་ཁམས་རྣམསཾ་ནི་རང་བཞིན་མེད་པ། དེཾ་ལྟརཾ་རྣཾལ་འབྱོཾར་པསཾ་མངོན་སུམ་དུ་ཤེསཾ་ནཾས་སྒོམ་པའི་དོན་དམ་པའི་མཚཾན་ཉིཾད་རྫོགཾས་པཾ་ཡིནཾ་ནོ། །དེ་བཞིན་དུ་མིགཾ་དངཾ་རྣཾ་བཾ་དང་སྣཾ་དགཾ་དངཾ་། ལྕེཾ་དངཾ་ལུཾས་དཾང་དེཾ་བཞིཾན་དུ་ཡིཾད་དང་བཅས་པའི་སྐྱེཾ་མཆེཾད་དྲུགཾ་པོཾ་རངཾ་བཞིཾན་གྱིསཾ་སྤྲོས་པའི་མཚན་མ་རྣམཾ་པརཾ་དགཾ་པཾ་མངོཾན་སུམ་དུ་རྟོགསཾ་པཾ་འདིཾ་ཉིདཾ་ཁོ་ན་དེཾ་ཁོ་ན་ཉིདཾ་ཀྱི་མཚཾན་ཉིཾད་དོཾ། །གསུམ་པ་འཁོར་འདས་འཆིང་གྲོལ་འཐད་པ་ལ་གསུམ། འཆིང་གྲོལ་བྱེད་ཚུལ་མདོར་བསྟན་པ། ཐེག་པ་མཆོག་དམན་གྱི་གྲོལ་ཚུལ་བྱེ་བྲག་ཏུ་བཤད་པ། འཆིང་གྲོལ་ཀུན་རྟོག་ཙམ་ལས་དོན་ལ་མ་གྲུབ་པས་རྟོག་མེད་ལ་གོམས་དགོས་པར་གདམ་པའོ། །དང་པོ་ནི། སེམཾས་ཉིཾད་ངོ་བོ་ལ་བཟང་ངན་མེད་ཀྱང་གློ་བུར་བའི་དྲི་མ་དག་མ་དག་གི་ཁྱད་པར་གྱིས་རྣམཾ་པཾ་གཉིཾས་སུཾ་མཐོཾང་སྟེ། ཚུལ་ཇིཾ་ལྟཾར་ན་འཇིགཾ་རྟེནཾ་པ་དང་འཇིགཾ་རྟེནཾ་ལས་འདསཾ་པ་གཉིས་རིམ་པ་བཞིན། འཇིག་རྟེན་པས་བདགཾ་ཏུཾ་འཛིནཾ་པ་ལཾས་འཁོརཾ་བཾ་འབྱུང་སྟེཾ། དེ་ཉིད་བདག་མེད་རྟོགས་ཤིང་སོཾ་སོརཾ་རང་རིགཾ་པ་ནཾ་དེཾ་ཁོ་ན་ཉིཾད་ཀྱི་མཚན་ཉིད་དོཾ། །གཉིས་པ་ནི། རྣལ་འབྱོར་པ་གང་ཟག་གི་བདག་མེད་དང་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་ན་འདོདཾ་ཆཾགས་ཟདཾ་པཾས་ཉན་རང་གི་ལྷག་བཅས་ལྷག་མེད་ཀྱི་མྱཾ་ངནཾ་ལས་འདསཾ་པ་འཐོབ་སྟེ་དེར་མ་ཟད་ཞེཾ་སྡཾང་དང་གཏིཾ་མུགཾ་ཀྱང་ཉོན་སྒྲིབ་ཀྱི་ཆ་ཟཾད་དགོས་པཾ་དངཾ་། རང་རྒྱལ་ལ་ནི་ཤེས་སྒྲིབ་གཟུང་རྟོག་ཀྱང་སྤང་དགོས་སོ། །ཐེག་ཆེན་པས་བདག་མེད་གཉིས་རྟོགས་ནས་སྒྲིབ་གཉིས་དེཾ་དགཾ་མ་ལུས་པ་འགཾགས་པཾ་ན་སངསཾ་རྒྱསཾ་ཉིདཾ་འཐོབ་ཅིང་ལུསཾ་ཅཾན་ཀུནཾ་གྱིཾ་མཐར་ཐུག་གི་སྐྱབཾས་ཉག་གཅིག་ཉིདཾ་དོཾ། །འོ་ན་ཉན་རང་གི་མཐར་ཐུག་གི་སྐྱབས་སངས་རྒྱས་ཚོལ་དགོས་ན་ཐེག་ཆེན་དུ་ལམ་གང་ནས་འཇུག་སྙམ་ན་ཚོགས་ལམ་ནས་འཇུག་དགོས་ཏེ་ཐེག་ཆེན་གྱི་ལམ་ལྔ་རྗེས་སུ་འགྲོ་ལྡོག་ངེས་དགོས་པས་སོ། །གསུམ་པ་ནི། གནས་ལུགས་ཤེསཾ་པ་དངཾ་མིཾ་ཤེསཾ་པཾ་དགཾ་གི་ཁྱད་པར་ལཾས་ལུས་དང་། ངག་དང་བས་སེམས་འདི་ཉིད་ལ་འཁོར་འདས་ཀྱི་བག་ཆགས་དབང་གིས་ཐམས་ཅད་སྣང་བ་ཉིད་དེ། དེའང་གནས་ལུགས་མ་རྟོག་པ་རྣམས་ཀྱིས་རཾང་གིཾ་ལུས་ངག་ཡིད་གསུམ་ལ་རྣམཾ་པརཾ་རྟོགཾ་པསཾ་གཟུང་འཛིན་རང་མཚན་པར་ཞེན་ཏེ་འཁོར་བར་རང་ཉིད་བཅིཾངས་ལ་གནས་ལུགས་རྟོགས་པའི་རྣལ་འབྱོར་པས་ལུས་ངག་ཡིད་གསུམ་གྱི་བདགཾ་ཉིདཾ་དམ་རང་བཞིན་གནས་ལུགས་བདག་མེད་ཀྱི་དོན་མངོན་པར་ཤེསཾ་ནཾ་གཟུང་འཛིན་འཁོར་བ་ལས་གྲོལཾ་ཏེ་སངས་རྒྱས་སྐུ་གསུམ་ཐོབ་ནས་སྒྲིབ་གཉིས་ཀྱི་དྲི་མ་སྤང་བཾར་འགྱུརཾ་རོ། །ལུས་ནི་མཚོན་པ་ཙམ་སྟེ་ངག་དང་ཡིད་གཉིས་ཀྱང་གོ་དགོས་ཏེ་འཕགས་པ་ཐོག་མེད་ཀྱིས། གཟུགས་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར། ཞིང་དང་ལུས་དང་མཚན་དང་དཔེ་བྱད་བཟང་པོ་དང་དབྱངས་མཐའ་ཡས་པ་དང་སྤྱི་གཙུག་གི་བལྟར་མི་མངོན་པ་ལ་དབང་འབྱོར་བ་དང་། ཞེས་གསུངས་སོ། །བྱངཾ་ཆུབཾ་ནི་སོ་སྐྱེ་ལ་རིཾང་བ་མིནཾ་ཅིང་འཕགས་པ་ལ་ཉེཾ་བའཾང་མིཾན་ལ། ལམ་སྒྲུབ་པ་པོ་མྱང་འདས་ཀྱི་སར་འགྲོཾ་བཾ་མིཾན་ལཾ་བྱང་ཆུབ་དེ་ཚུར་འོཾང་བཾ་མིནཾ་ཅིང་གློ་བུར་གྱི་ཉོནཾ་མོཾངས་ཀྱི་གཟེབཾ་ཏུ་གྱུརཾ་པ་སེམས་རང་བཞིན་ཆོས་དབྱིངས་འདིཾ་ཉིཾད་ལཾ་འཕགས་པས་མཐོཾང་བ་དངཾ་ནི་སོ་སྐྱེས་མཾ་མཐོཾང་བ་ཙམཾ་ཡིནཾ་གྱིཾ། བྱང་ཆུབ་ཀྱི་ངོ་བོ་ལ་མཆོག་དམན་དང་འཕེལ་འགྲིབ་སོགས་མ་གྲུབ་བོ། །དེས་ན་བློ་དང་ལྡན་པ་རྣམས་ཀྱིས་ཐོས་བསམ་སྒོམ་གསུམ་གྱི་ཤེསཾ་རཾབ་བདག་འཛིན་གྱི་མུན་པ་སེལ་བའི་མརཾ་མེཾ་ལྟ་བུ་ལཾ་གནསཾ་པའམ་བརྟེན་ནསཾ་ཡོད་མེད་སོགས་མཆོཾག་ཏུཾ་སྤྲོས་པ་མཐའ་དག་ཉེ་བར་ཞིཾ་བཾར་གྱུརཾ་པཾ་ཡིཾ་ཡེ་ཤེས་ཀྱིས་དོན་ལ་གྲུབ་མ་མྱོང་བས་བདགཾ་ལཾ་བརྟགཾ་ཅིང་དཔྱད་པསཾ་རང་བཞིན་མ་གྲུབ་པའི་ཚུལ་ལ་གནཾས་པར་བྱཾ་ཞེསཾ་བདེ་བར་གཤེགས་པས་མདོཾ་སྡེཾའི་ཚོཾགས་ལཾས་རྒྱ་ཆེར་གསུངསཾ་པཾ་ལཾགས་སོ། །འདིར་མཆོག་ཏུ་ཞི་བ་ཞེས་པའི་དོན་ནི། ཉན་རང་གིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་བདེན་མེད་རྟོགས་པས་ཡོད་པ་འགོག་པ་ཙམ་ཡིན་ཡང་། བྱང་སེམས་ཀྱིས་ཡོད་མེད་སོགས་སྤྲོས་པ་མཐའ་དག་བྲལ་བ་སྒོམ་དགོས་ཏེ་མེད་དགག་ཙམ་ཕྱོགས་རེའི་ལྟ་བས་སངས་རྒྱས་མི་ཐོབ་སྟེ། རྒྱུ་མ་ཚང་བའི་འབྲས་བུ་བཞིན་ནོ་ཞེས་པའི་དོན་ཏོ། །གཉིས་པ་དྲི་མ་སྤང་བའི་ལམ་སྒྲུབ་ཚུལ་ལ་གཉིས། བདག་རྐྱེན་སངས་རྒྱས་ཀྱི་བཞུགས་ཚུལ། དེ་ལ་བརྟེན་ནས་ལམ་སྒོམ་ཚུལ་ལོ། །དང་པོ་ལ་གཉིས། གཟུགས་སྐུའི་བཞུགས་ཚུལ་དང་། ཆོས་སྐུའི་བཞུགས་ཚུལ་ལོ། །དང་པོ་ལ་གསུམ། ཕྲིན་ལས་འཇུག་ཚུལ་སྤྱིར་བསྟན་པ། སྐལ་དམན་ལ་མི་འཇུག་ཅིང་སྐལ་ལྡན་ལ་འཇུག་ཚུལ་གྱི་འཐད་པ་བྱེ་བྲག་ཏུ་བཤད། དེས་ན་བཅོམ་ལྡན་འདས་ལ་ཉེ་རིང་མི་མངའ་བའོ། །དང་པོ་ནི། སྟོབསཾ་བཅུཾ་མངཾའ་བའིཾ་སཾངས་རྒྱསཾ་ཀྱིཾ་སྟོབཾས་ཀྱིཾ་ཕྲིཾན་ལསཾ་བྱིསཾ་པཾ་རྣམསཾ་ལ་བྱིཾན་རླབཾས་འབྱུང་ཚུལ་ནི། གདུལ་བྱའི་སེམས་ཀྱི་དྲི་མ་དག་རིམ་བཞིན་གྱིས་འཕེལ་བ་ནི། དཔེར་ན་ཟླཾ་བཾ་ཚེསཾ་པཾ་བཞིནཾ་ནོ། །གཉིས་པ་ནི། ཉོནཾ་མོཾངས་ཅཾན་གྱིཾ་དྲི་མ་མ་སྤང་བའི་སེམཾས་ཅན་གྱིསཾ་དེཾ་བཞིནཾ་གཤེཾགས་པཾ་ནམ་ཡང་མིཾ་མཐོཾང་ངོཾ་། །དཔེ་ཇིཾ་ལྟཾར་ན་ཡིཾ་དྭགསཾ་རྣམསཾ་ཀྱིསཾ་ནིཾ་སེར་སྣའི་སྒྲིབ་པའི་དབང་གིས་རྒྱཾ་མཚོཾ་ཆེན་པོ་ཡང་སྐམཾ་པཾར་མཐོཾང་བཾ་ལྟརཾ། དེཾ་བཞིནཾ་མིཾ་ཤེསཾ་པཾ་ལས་ཉོན་གྱིས་སྒྲིབཾ་པསཾ་ན་སངཾས་རྒྱསཾ་རྣམསཾ་ནིཾ། གཏན་ནས་མེདཾ་པརཾ་བརྟགཾས་ཏེ་སེམས་སོ། །འོ་ན་བཅོམ་ལྡན་འདས་ནི་མཁྱེན་རབ་དང་ཐུགས་རྗེ་ལ་མངའ་བརྙེས་པས་འགྲོ་བ་མཆོག་དམན་ཀུན་ལ་ཕྲིན་ལས་ཅིའི་ཕྱིར་མི་འཇུག་སྙམ་ན། བརྩོན་འགྲུས་དང་ཤེས་རབ་དམན་པས་རིགས་དམན་པ་དང་། སྔོན་བསགས་བསོཾད་ནམཾས་དམཾན་པ་རྣམས་ལཾ་བཅོཾམ་ལྡནཾ་འདས་ཀྱིསཾ་ཅིཾ་བགྱིར་མཆིསཾ་ཏེ་ཇིཾ་ལྟཾར་སྐྱེས་ཙམ་ནས་མིག་གཏན་ནས་མེད་པའི་རྨུསཾ་ལོཾང་གི་ལཾག་པ་རུཾ་རིཾན་ཆེནཾ་མཆོགཾ རིན་ཐང་མེད་པ་ཞིག་ནིཾ་བཞགཾ་པཾ་ན། དེ་ལ་ལྟ་བའི་གོ་སྐབས་མེད་པ་དང་འདྲའོཾ། །སེཾམས་ཅནཾ་མཆོག་སྔོན་ཆད་བསོཾད་ནཾམས་བྱསཾ་པ་རྣམསཾ་ལཾ་ནི། ཡིད་བཞིན་གྱི་ནོར་བུ་ཀུན་གྱིས་བསྐྲུན་དུ་མེད་པའི་སངས་རྒྱས་ཀྱི་རྟག་ཁྱབ་ལྷུན་གྲུབ་ཀྱི་ཕྲིན་ལས་འབྱུང་བའི་ཡིད་བཞིན་ནོར་བུའི་འོཾད་ཀྱིཾས་གསལཾ་ཞིཾང་དོན་གཉིས་འགྲུབ་པའི་དཔལཾ་དང་ལྡནཾ་པཾའི་སུམཾ་ཅུཾ་རྩཾ་གཉིཾས་ཀྱིས་མཚནཾ་དང་དཔེ་བྱད་བརྒྱད་ཅུའི་འོད་འབཾར་བཾ། སཾངས་རྒྱསཾ་ནི་བསོད་ནམས་ཅན་དེཾ་ཡིཾ་མདུནཾ་ནཾ་གནཾས་ཤིང་། གསུམ་པ་ནི། མགོནཾ་པོཾ་དེཾ་ཡིཾ་མདུན་ན་གཟུཾགས་ཀྱིཾ་སྐུསཾ་བསྐལཾ་པཾ་གྲངས་མེད་པ་མངཾ་པོཾར་ལོངས་སྐུ་དང་སྤྲུལ་སྐུའི་ཞིང་ཁམས་ན་བཞུཾགས་ནསཾ་ཀྱངཾ་། གདུལཾ་བྱཾ་རྣམཾས་ནིཾ་གདུལཾ་བའིཾ་ཕྱིརཾ་ཆོས་ཀྱི་དབྱིཾངས་དབྱེར་མེད་པ་ཉིདཾ་བདེ་བར་གཤེགས་པའི་ཐབས་དང་གདུལ་བྱའི་བསམ་པའི་དབང་གི་གཟུགས་སྐུ་གཉིས་པོ་རེ་རེའང་སྐུ་གསུང་ཐུགས་ཀྱི་བཀོད་པ་མི་འདྲ་བ་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པར་སྣང་བ། ངོ་བོ་ལ་གཅིག་དང་ཐཾ་དདཾ་བསམ་དུཾ་མེད་ཀྱང་། སྣང་ཚུལ་མི་འདྲ་བ་ཐ་དད་དུ་གྱུརཾ་པ་ལཾགས་སོ། །རྒྱལ་ཚབ་བྱམས་པས། ཇི་ལྟར་ཚོན་གྱི་སྣ་ཚོགས་ཀྱི། །ནོར་བུ་དེ་དངོས་མིན་པར་སྣང་། །དེ་བཞིན་འགྲོ་རྐྱེན་སྣ་ཚོགས་ཀྱི། །ཁྱབ་བདག་དེ་དངོས་མིན་པར་སྣང་། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས། ཆོས་སྐུ་མངོན་དུ་བྱེད་ཚུལ། དེ་ཉིད་འཁོར་འདས་ཀུན་གྱི་རང་བཞིན་དུ་བསྟན་པའོ། །དང་པོ་ཆོས་སྐུ་མངོན་དུ་གྱུར་ཚུལ་ནི། སེམཾས་ཀྱིཾ་ཡུལཾ་ལམ་གནས་ལུགས་ནིཾ་ངེཾས་པར་རྟོགཾས་ནཾས་ཡུལ་ཆོས་ཀྱི་དབྱིངས་དེརཾ་ནིཾ་བདག་མེད་རྟོགས་པའི་ཤེསཾ་པཾ་འཇུགཾ་པརཾ་གྱུརཾ་ཏེ། སོཾ་སོཾ་རངཾ་རིགཾ་པའི་ཡེ་ཤེས་མཆོག་ཏུ་རྣམཾ་པར་དགཾ་སྟེ་མཐར་ཐུག་ནཾ། སཾ་རྣམསཾ་མཐའ་དག་དེཾ་ཡིཾ་བདགཾ་ཉིདཾ་དུ་གནསཾ་ཏེ་མཐར་ཕྱིན་པ་ཡིན་ནོ། །གནས་གང་དུ་ཞེ་ན། དབཾང་ཕྱུགཾ་ཆེནཾ་པོའིཾ་སྟེ་ས་བཅུའི་བྱང་ཆུབ་སེམས་དཔའི་འཁོར་གྱི་བསྐོར་བ་སངས་རྒྱས་ལོངས་སྐུའི་གནསཾ་མཆོགཾ་དངཾ་། ཡང་ན་མིང་གི་རྣམ་གྲངས་གཞན་འོགཾ་མིཾན་གྱི་ཞིང་ཁམས་ཉིདཾ་དེཾ་རྣམཾ་པར་མཛེཾས་པཾ་ཞེས་བྱ་བ་དེར་རྒྱུན་མཐའི་བྱང་ཆུབ་སེམས་དཔའ་དེས་རྡོར་ཏིང་གི་དེ་མ་ཐག་ཏུ་བྱ་བྱེད་ལས་གསུམ་གྱི་ཤེསཾ་པཾ་གསུམཾ་པོཾ་འཁོར་གསུམ་མི་དམིགས་པ་རོ་གཅིགཾ་ཉིདཾ་དུཾ་མཉམ་རྗེས་འདྲེསཾ་པཾར་གྱུརཾ་པ་ལཾ་ཆོས་སྐུའི་རྟོགས་པ་མཐར་ཕྱིན་པ་ཞེས་བསྟན་བཅོས་བརྩམ་པ་པོ་བདགཾ་སྨྲཾ་འོཾ། །དེའང་འཇུག་པ་ལས། སེམས་འགག་པ་དེ་སྐུ་ཡི་མངོན་སུམ་མཛད། །ཅེས་གསུངས་པ་ལྟར་རོ། །དེ་ཡང་མཐོང་ལམ་ཐོབ་ན་བདེན་འཛིན་དང་། དག་པ་ན་མཚན་འཛིན་དང་། སངས་རྒྱས་པ་ན་གཉིས་སྣང་གིས་འཁོར་གསུམ་རྣམ་རྟོག་མཐའ་དག་འགོག་གོ །གཉིས་པ་ནི། འོ་ན་ཆོས་སྐུའི་བཞུགས་ཚུལ་ཇི་ལྟ་བུ་ཞེ་ན། བྱིསཾ་པའིཾ་ནངཾ་ནཾ་ཤེས་བྱ་ཡོཾངས་སུ་མཁྱེནཾ་པའི་ཚུལ་གྱིས་བཞུགས་པཾ་སྟེ། སོ་སྐྱེ་ནི་ཆོས་སྐུ་མངོན་སུམ་དུ་བྱེད་པའི་ཚུལ་གྱིས་མ་རྟོགས་ལ་དེས་ན་ཆོས་སྐུའི་མཁྱེན་པའི་ཡེ་ཤེས་ཀྱིས་ཁྱབ་པའི་རང་བཞིན་གྱི་ཚུལ་གྱིས་གནས་པ་དང་ཞེས་པའི་དོན་ཏོ། །འཕགཾས་པཾའི་ནཾང་ནཾ་ནི་སྣཾ་ཚོཾགས་ཉིཾད་དེ་ཉན་རང་གང་ཟག་དང་། གཟུང་བ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པ་དང་། བྱང་འཕགས་དང་སངས་རྒྱས་འཕགས་པས་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་བྲལ་བ་མངོན་སུམ་དང་ཕྱོགས་ཙམ་དང་། མཐའ་དག་རྟོགས་པའི་ཚུལ་དུ་བཞུགས་སོ། །དག་པ་གཉིས་ལྡན་གྱི་ཆོས་སྐུ་དྲི་བྲལ་དེ་ནི་དབཾང་ཕྱུགཾ་ཆེནཾ་པོཾ་ལོངས་སྐུ་ཡི་རང་བཞིན་ཚེ་དཔཾག་ཏུ་མེཾད་པཾ་བསྐལཾ་པཾ་ནི་བར་དུ་གནས་པའི་ཚེཾ་ཡིཾ་རྒྱུཾ་གཾང་ཡིཾན་པ་དེ་ཡང་དེ་ཉིད་དོ། །ནང་གི་དྲི་བྲལ་ཆོས་ཀྱི་སྐུ་མ་རྟོགས་པས་ཕྱིཾ་རོལཾ་སེམཾས་ཅཾན་ཁམསཾ་ཀྱིཾ་ཡངཾ་། དུས་དཔཾག་ཏུ་མེཾད་པའིཾ་བསྐལཾ་པརཾ་ནིཾ། གནས་པའི་ཚེཾ་ཡཾང་དྲི་བཅས་ཆོས་ཀྱི་སྐུ་གཾང་གིཾ་བསྲུངཾ་བར་གྱུརཾ་ཅིངཾ་། དྲི་བཅས་ཆོས་དབྱིངས་དེ་ནི་སྲོགཾ་ཆཾགས་རྣམསཾ་ཀྱིཾ་སྲོགཾ་གནཾས་པའིཾ། རྒྱུཾ་གཾང་ཡིན་པ་མིཾ་ཟདཾ་པཾ་དེཾ་ཉིདཾ་དོ། །འདིས་མདོར་ན་དྲི་བཅས་དྲི་མེད་ཀྱི་ཆོས་སྐུ་སྐྱེ་འཆི་སོགས་འཕོ་འགྱུར་བྲལ་བ་དེ་ཉིད་འཁོར་འདས་ཀུན་གྱི་རང་བཞིན་ནམ་ངོ་བོ་ཉིད་སྲོག་གི་བདག་ཉིད་བསྟན་ཏོ། །གཉིས་པ་ལ་གཉིས། ལམ་བགྲོད་ཚུལ་རིམ་པ་སྤྱིར་བསྟན། ཐེག་པ་ཆེན་པོའི་ལམ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས། བདག་མེད་རྟོགས་པའི་ཚུལ་མཆོག་དམན་གྱི་བྱེ་བྲག་ཙམ་ལས་མཐར་ཐུག་གི་གནས་ལུགས་ལ་དབྱེ་བ་མེད་པར་བསྟན། དེ་རྟོགས་པའི་ཐབས་ལམ་དངོས་བཤད་པའོ། །དང་པོ་ནི། དྲི་བཅས་ཆོས་ཀྱི་དབྱིངས་བདེ་གཤེགས་སྙིང་པོ་གཾང་གིཾ་འབྲསཾ་བུཾ་ཆོས་ཉིད་མིཾ་ཟཾད་ཅིང་འཕེལ་བ་མེད་པ་གཾང་ཡིན་པ་དེ་ནི་གཟུང་འཛིན་གྱི་བག་ཆགས་སྣཾང་བཾ་མེཾད་པ་ལེགས་པརཾ་རྟོགས་མ་རྟོགས་ཀྱི་བྱེཾ་བྲགཾ་གིསཾ། ཤེསཾ་རབཾ་ནི་མཆོག་དམན་གསུམ་ལྟ་བུའི་དོནཾ་དུཾ་རཾབ་ཏུཾ་འཇུགཾ་པ་ཙམ་མོ། །དེས་ན་བྱངཾ་ཆུབཾ་ནི་ཉན་རང་ལ་རིངཾ་བརཾ་མིཾ་བསཾམ་ཞིཾང་བྱང་སེམས་ལ་ཉེཾ་བཾར་ཡཾང་ནིཾ་བསམཾ་པར་མིཾ་བྱཾ་སྟེ་ཆོས་ཉིད་ལ་ཉེ་རིང་མེད་པའི་ཕྱིར་རོ། །འདིས་མཐར་ཐུག་ཐེག་གཅིག་བསྟན་ཏེ་གནས་སྐབས་རྟོགས་པ་མྱུར་བུལ་ཙམ་ལས་མཐར་སངས་རྒྱས་ཐོབ། གཉིས་པ་ལ་མདོར་བསྟན། རྒྱས་བཤད། དོན་གསུམ་མོ། །དང་པོ་ནི། ཡུལཾ་དྲུགཾ་གི་གཟུང་འཛིན་གྱི་སྣངཾ་བཾ་མེདཾ་པརཾ་ནིཾ། ཡཾང་དགཾ་པ་ཇིཾ་ལྟ་བ་བཞིཾན་དུ་རིགཾ་པར་གྱུརཾ་པཾ་ལ་སངས་རྒྱས་ཞེས་བྱའོ། །གཉིས་པ་ནི། ཇིཾ་ལྟཾར་འོཾ་མཾ་དང་འདྲེསཾ་པཾའི་ཆུཾ། སྣོཾད་གཅིགཾ་ནཾ་ནིཾ་གནསཾ་པཾ་ལསཾ། ངངཾ་པསཾ་འོཾ་མཾ་འཐུངཾ་བར་བྱེདཾ་ཅིངཾ་། ཆུཾ་ནིཾ་འཐུང་བ་མཾ་ཡིནཾ་པ་དེཾ་བཞིཾན་དུ་གནསཾ་སོ། །དེཾ་བཞིནཾ་དུ་ཉོནཾ་མོཾངས་ཀྱིསཾ་སེམས་ཅན་གྱི་ཁམས་གཡོགཾ་ནསཾ་ཡེཾ་ཤེསཾ་ཀྱི་ལུསཾ་ཆོས་དབྱིངས་འདིཾར་འཁོར་བ་གློ་བུར་བ་དོན་ལ་མ་གྲུབ་པས་ན་འཁོར་འདས་རང་བཞིན་གཅིགཾ་པའི་ཚུལ་གནཾས་ཚུལ་དུ་གནས་ཀྱངཾ་། རྣཾལ་འབྱོརཾ་པཾ་ཡིཾས་ཡེཾ་ཤེསཾ་ལེནཾ་ཅིང་། མིཾ་ཤེསཾ་པཾས་ནིཾ་འདོརཾ་བའམ་སྤང་བརཾ་བྱེདཾ་དོ། །ཕུང་པོ་འཇིག་པའི་ཚོགས་ལ་བདགཾ་དངཾ་བདགཾ་གིཾ་ཞེསཾ་བདེན་པར་འཛིནཾ་པསཾ། ཇིཾ་སྲིདཾ་ཕྱིཾ་རོལཾ་གྱི་བདག་ཏུ་རྣམཾ་པར་བརྟཾགས་པཾ་དེ་ནི་ཉན་རང་ལྟ་བུའི་བདགཾ་མེཾད་རྣམཾ་པཾ་གཉིསཾ་མཐོཾང་བ་ནཾ། སྲིདཾ་པཾའི་སཾ་བོནཾ་འགཾགས་པཾར་འགྱུརཾ་སྟེ་འཁོར་བ་དབང་མེད་དུ་སྐྱེ་མི་དགོས་སོ། །དེས་ན་འཁོར་བ་ལྡོག་པ་ལ་བདག་མེད་གཉིས་རྟོགས་དགོས་པ་སློབ་དཔོན་འདིའི་དགོངས་པའི་མཐར་ཐུག་གོ །གངཾ་ཕྱིརཾ་ཐེག་ཆེན་སངཾས་རྒྱསཾ་མྱཾ་ངནཾ་ལས་འདསཾ་པ་ནི་སྒྲིབ་གཉིས་ཀྱི་བག་ཆགས་སྤང་བས་གཙཾང་བ་དཾང་འཁོར་འདས་མཉམ་ཉིད་རྟོགས་པས་རྟགཾ་པཾ་དང་། ཟག་མེད་ཀྱི་བདེ་བ་འབྱུང་བས་དགེཾ་བའིཾ་གཞིཾ་ཡིན་ནོ། །གསུམ་པ་ནི། གཾང་ཕྱིརཾ་གཟུང་འཛིན་གཉིསཾ་ནིཾ་བྱིསཾ་པསཾ་བརྟཾགས་ལ་གཟུང་འཛིན་དེཾ་ཡིཾ་ངོ་བོ་གཉིཾས་སུ་མེདཾ་པ་ལ་ཐེག་ཆེན་པའི་རྣཾལ་འབྱོརཾ་པ་གནསཾ་ཏེ། དེའང་ཆོས་ཀུན་སྒྱུ་མ་བཞིན་བདེན་མེད་དང་སྤྲོས་བྲལ་རྟོགས་པ་གཉིས་ཐེག་པ་མཆོག་དམན་གྱི་རྟོགས་རིགས་ཀྱི་ཁྱད་པར་རོ། །གཉིས་པ་ལ་གཉིས། ཐེག་ཆེན་གྱི་ལམ་བཤད་པ་དངོས་དང་། དེ་ལ་ལོག་རྟོག་སྤང་བའོ། །དང་པོ་ནི། ལུས་དང་ལོངས་སྤྱོད་སྤྱིན་པ་ལྟ་བུ་དཀཾའ་སྤྱོདཾ་སྣཾ་ཚོགཾས་པའི་སྒོ་ནས་སྦྱིནཾ་པཾ་རྫོགས་པ་དངཾ་། ཚུལཾ་ཁྲིམསཾ་སེམཾས་ཅནཾ་གྱི་དོནཾ་དུ་དགེ་བ་མ་ལུས་པ་སྡུདཾ་པ་དངཾ་། སེཾམས་ཅནཾ་ཕཾན་བྱེདཾ་བཟོདཾ་པཾ་བསྒོམ་པ་སྟེཾ་བསོད་ནམས་ཀྱི་ཚོགས་གཙོ་བོར་སྟོན་པ་གསུམཾ་པོཾ་འདིཾས་ནིཾ་ཐེག་ཆེན་གྱི་ཁམསཾ་རྒྱསཾ་པར་འགྱུརཾ་རོ། །དེ་བཞིན་དུ་ཐེག་པ་མཐའ་དག་གི་ཆོསཾ་རྣཾམས་ཀུནཾ་ལཾ་བརྩོནཾ་འགྲུསཾ་བརྩམ་པ་དངཾ་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསཾམ་གཏཾན་མཐའ་དག་ལཾ་སེམཾས་ཅནཾ་འཇུགཾ་པཾ་དང་། རྟགཾ་ཏུཾ་ཐོས་བསམ་བསྒོམ་གསུམ་གྱི་ཤེསཾ་རབཾ་བསྟན་པ་སྟེ་ཡེ་ཤེས་གཙོ་བོར་སྟོན་པ་གསུམ་པོ་འདི་ཡང་བྱང་ཆུབ་ཀྱི་ཁམས་རྒྱས་བྱེད་ཡིན་ནོ། །ཐབས་ལ་མཁས་པ་དང་བཅས་པའི་ཤེས་རབ་ལ་གནསཾ་པ་དངཾ་། སྨོནཾ་ལམ་ཆེན་པོ་འབུམ་ཕྲག་གྲངས་མེད་རྣམས་ཤིཾན་ཏུཾ་རྣམཾ་པརཾ་སྦྱངཾ་སྟེ་དག་པཾ་དངཾ་། ཕྱིན་དྲུག་གི་མི་མཐུན་ཕྱོགས་འཇོམས་ནུས་ཀྱི་སྟོབཾས་ལཾ་ངེས་པར་གནསཾ་བྱས་ནསཾ་གཟུང་འཛིན་གྱི་བག་ཆགས་སྤང་བའི་ཡེཾ་ཤེསཾ་ཀྱི་ཕར་ཕྱིན་ལ་གནས་པ་སྟེཾ། ཟུང་འཇུག་གཙོ་བོར་སྟོན་པ་ཐེག་ཆེན་གྱི་ཁམཾས་རྒྱསཾ་པར་བྱེདཾ་པའིཾ་ཆོསཾ་བཞིཾའོཾ། །གཉིས་པ་ལ་གཉིས། ལོག་རྟོག་བཀོད་པ་དང་། དེ་དགག་པའོ། །དང་པོ་ནི། ཉན་ཐོས་པ་དག་ཐེག་ཆེན་ལ་གྲགས་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའ་ལ་ཕྱག་མི་བྱ་བ་སྟེ་གུས་པར་མི་བྱ་སྟེ་བདེཾ་བར་གཤེགཾས་པའི་བཀའཾ་ལསཾ་མིཾ་འབྱུངཾ་བའི་ཕྱིར་ཞེསཾ། སྨྲཾ་བཾ་ངནཾ་པརཾ་བྱེད་པ་དག་སྨྲཾ་བཾ་བྱེད་པ་སྟེཾ། གཉིས་པ་ལ་གསུམ། ཐེག་ཆེན་མེད་ན་སངས་རྒྱས་མི་འབྱུང་བར་དཔེ་དང་བཅས་ཏེ་བསྟན། ཐེག་ཆེན་ལ་བརྟེན་ནས་རིགས་གསུམ་ཆར་འབྱུང་ཚུལ་དཔེ་དང་བཅས་ཏེ་བསྟན། དེས་ན་ཐེག་ཆེན་ལ་མཆོག་ཏུ་བསྔགས་པའོ། །དང་པོ་ནི། དེ་ནི་མི་འཐད་དེ། ཐེག་ཆེན་ལ་གྲགས་པའི་བྱངཾ་ཆུབཾ་སེམཾས་དཔའཾ་མཾ་བྱུངཾ་བརཾ། སངས་རྒྱས་ཀྱི་ཆོསཾ་ཀྱིཾ་སྐུཾ་ནིཾ་འབྱུངཾ་བ་མཾ་ཡིཾན་ལ་དེ་མེད་ན་རིགས་ཅན་གསུམ་ཆར་གྱི་ཐེག་པ་འབྱུང་མི་སྲིད་དོ། །དཔེར་ན་བུརཾ་ཤིངཾ་སཾ་བོནཾ་ལཾ་སྡཾང་བ་གཾང་ཡིན་པ་ལི་ཁཾ་རཾ་ལ་ལོངས་སྤྱོདཾ་པརཾ་འདོདཾ་པཾ་དེསཾ། བུརཾ་ཤིངཾ་གི་སཾ་བོནཾ་མེདཾ་པརཾ་ནིཾ། ཁཾ་རཾ་འབྱུངཾ་བཾར་འགྱུརཾ་བཾ་མ་ཡིཾན་ནོ། །གཉིས་པ་ནི། ཡང་མཁས་པ་གང་ཞིག་བུརཾ་ཤིངཾ་གི་སཾ་བོནཾ་གཾང་བསྲུངཾ་ནསཾ། ཉེཾ་བརཾ་གནཾས་ཤིཾང་བསྒྲུབཾ་པཾ་ལསཾ་ནི། བུཾ་རམཾ་དང་ཁཾ་རཾ་དང་ཧགཾ་སྟེ་དབུ་བ་རྣམསཾ་ནིཾ། བུར་ཤིང་དེཾ་ལཾས་འབྱུངཾ་བཾར་འགྱུརཾ་བཾ་ལྟཾར་ཉན་ཐོས་དང་རང་རྒྱལ་ཐེག་ཆེན་གསུམ་གྱི་དཔེའོ། །དེ་བཞིན་དུ་ཐེག་པ་ཆེན་པོའི་བྱངཾ་ཆུབཾ་སེམཾས་དཔའཾ་ནི་རབཾ་ཏུ་བསྲུངཾ་ནསཾ་ཉེཾ་བརཾ་གནཾས་ཤིཾང་བསྒྲུབཾས་པཾ་ལསཾ་ནི་ཉན་ཐོས་དགྲཾ་བཅོམཾ་པ་དང་རྐྱེནཾ་རྟོགསཾ་རང་རྒྱལ་དང་རྫོགས་པའི་སངཾས་རྒྱསཾ་རྣམསཾ། དེཾ་ལཾས་སྐྱེཾ་ཞིཾང་འབྱུངཾ་བརཾ་འགྱུརཾ་རོ། །འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཞིང་། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། ཇིཾ་ལྟརཾ་སཾ་ལུའིཾ་སཾ་བོནཾ་དང་མྱུ་གུའི་གནས་སྐབས་སོཾགས། ཞིངཾ་པསཾ་ཤིན་ཏུ་སྲུངཾ་བཾ་བྱེདཾ་དགོས་པཾ་ལྟརཾ། དེཾ་བཞིནཾ་ཐེགཾ་པ་མཆོཾག་ལ་མོསཾ་པའི་བྱང་སེམས་རྣམསཾ་ལཾའངཾ་། འདྲེནཾ་པཾ་སངས་རྒྱས་རྣཾམས་ཀྱིཾས་རྟག་ཏུ་བསྲུངཾ་བརཾ་མཛཾད་དོ། །སྨན་ཤིང་ལྗོན་པ་ལྟ་ན་སྡུག་ཅེས་པ། །རྩ་བ་ལ་སོགས་སྤྱད་འོས་ས་བོན་ལྟར། །བྱིས་པ་དོན་མིན་སྤྱོད་ལས་ལེགས་བསྲུང་བྱ། །ཞེས་པ་ལྟར་རོ། །རྩ་བའི་ས་བཅད་གཉིས་པ་དྲི་བྲལ་ཆོས་སྐུ་ལ་བསྟོད་པ་ལ་གཉིས། དཔེའི་སྒོ་ནས་ཆོས་སྐུ་མངོན་དུ་བྱེད་ཚུལ་མདོར་བསྟན། དེ་ཉིད་སོ་སོའི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། ཇིཾ་ལྟཾར་མརཾ་ངོའིཾ་བཅུཾ་བཞིཾ་སྟེ་ཉེར་དགུ་ལཾ། ཟླཾ་བཾ་ཅུངཾ་ཟདཾ་མཐོཾང་ཞིང་གནམ་སྟོང་ལ་འགགས་པར་སྣང་བཾ་ལྟརཾ། དེཾ་བཞིནཾ་ཐེག་མཆོགཾ་ལ་མོསཾ་པ་སྤྱོད་པ་ཚོགས་སྦྱོར་གྱི་གནས་སྐབས་རྣམསཾ་ལཾ་ཡངཾ་སངཾས་རྒྱསཾ་ཆོས་སྐུཾ་ནིཾ་འཕེལ་འགྲིབ་བྱེད་པས་ན་དོན་སྤྱི་ཙམ་ཅུངཾ་ཟདཾ་མཐོངཾ་ངོ་། །ཡང་ཚོགས་སྦྱོར་བའི་གནས་སྐབས་ཀྱི་སྒོམ་བྱུང་དེ་བློ་རིགས་བཞི་གང་ཡིན་ཞེ་ན། འགའ་ཞིག་མངོན་གསུམ་ལ། འགའ་ཞིག་རང་རིག་བཞེད་པ་སོགས་དགོངས་པ་སྣ་ཚོགས་ཀྱང་། སྤྲིན་བར་གྱི་ཉི་མ་མཐོང་བ་བཞིན་དུ་རྟོག་མེད་སྤྲོས་བྲལ་ཙམ་རྟོགས་སྲིད་ཀྱང་རྗེས་ཐོབ་སྐབས་བདེན་འཛིན་འགོག་མི་ནུས་པས་རྣལ་མངོན་དུ་མི་འགྱུར་ཏེ། འཕགས་པའི་རྣལ་མངོན་ལྟར་མིན་པའི་ཕྱིར་རོ། །ཆོས་ཉིད་མངོན་སུམ་དུ་མཐོང་བ་ན་མཐོང་ལམ་བཟློག་ཏུ་མེད་དོ་ཞེ་ན། འོ་ན་མཐོང་ལམ་རྟོགས་ན་བསྒོམ་སྤང་ཡང་མི་སྤོང་བར་འགལ་ལོ། །མི་འགལ་ཏེ་སྒོམ་ལམ་མིན་པའི་ཕྱིར་སྙམ་ན། སྦྱོར་ལམ་པས་ཀྱང་མཐོང་སྤང་སྤངས་མི་དགོས་ཏེ་སྦྱོར་ལམ་ཡིན་པའི་ཕྱིར། མི་འདྲ་སྟེ་མཐོང་ལམ་ཆོས་ཉིད་མཐོང་ཙམ་གྱི་ཆོག་སྒོམ་ལམ་གོམ་དགོས། ཕྱི་ཐ་དད་འཇོག་རུང་ལ། སྦྱོར་མཐོང་གཉིས་ཆོས་མངོན་སུམ་མཐོང་བ་འདྲ་བས་ཐ་དད་འཇོག་མི་ཤེས་པར་ཐལ་བ་བཟློག་མི་ནུས་སྙམ་ན། འོ་ན་འདིར་ཡང་། ཆོས་ཉིད་ཙམ་མཐོང་བ་ཙམ་མཚུངས་ཀྱང་རྟོགས་རྒྱ་ཆེ་ཆུང་གིས་འཇོག་པ་ག་ལ་འགལ། གཞན་དུ་ས་བཅུའི་རྣམ་བཞག་མི་ཤེས་པར་ཐལ། ཆོས་ཉིད་མངོན་སུམ་མཐོང་བ་འདྲ་བའི་ཕྱིར་དང་། སངས་རྒྱས་དང་ས་བཅུའི་བྱང་སེམས་རྣམས་དབྱེ་བ་མེད་པར་ཐལ། མཉམ་བཞག་ཏུ་ཆོས་ཉིད་མངོན་སུམ་དུ་གཟིགས་པ་འདྲ་བའི་ཕྱིར། གཞན་ཡང་རིགས་ཅན་གསུམ་གྱི་རྣམ་བཞག་ཀྱང་མི་རུང་བ་ཐལ། ཁབ་མིག་གི་ནམ་མཁའ་དང་ཡུང་འབྲུ་སྲིན་ཟོས་ཀྱི་ནམ་མཁའ་ལྟར། བདེན་ཞེན་འགོག་པའི་སྟོང་ཉིད་ཉན་རང་གིས་ཀྱང་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །འདི་དག་རྟོགས་པ་རྒྱ་ཆེ་ཆུང་གིས་འཇོག་ན་སོ་སྐྱེ་དང་འཕགས་པ་དེ་ལྟར་རྟོགས་པ་ཆེ་ཆུང་གིས་ཅི་ཕྱིར་མི་འཇོག འོ་ན་རྒྱུད་བླ་མ་ལས། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་དང་། བྱིས་པས་དེ་སྔོན་མཐོང་མ་མྱོང་། །བརྩས་པའི་ཁྱིམ་ན་བུ་ཆུང་གིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང་། །ཞེས་དང་། ས་བཅུ་པའི་མདོ་ལས་འཁོར་བསྒྱུར་བུ་མངལ་ན་གནས་པ་དང་། བྱ་ཁྱུང་སྒོང་ངར་གནས་པ་སོགས་ཀྱི་དཔེ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། འཕགས་པ་བཞིན་རྒྱ་ཆེན་པོ་རྟོགས་མི་མྱོང་བས་དམན་པ་ལ་དགག་སྒྲ་སྦྱར་བའི་ཕྱིར་དང་། སོ་སྐྱེ་གཙོ་ཆེར་རྟགས་ལ་རྟེན་དགོས་པས་དོན་སྤྱི་མོས་པ་ཆེ་བ་ལ་དགོངས་ཏེ། འཕགས་པས་ཀྱང་རྗེས་ཐོབ་ཀྱང་དོན་སྤྱི་སྒོ་ནས་མོས་པས་ཆོས་ཉིད་གཞལ་དགོས་ཀྱང་ཆོས་ཉིད་དོན་སྤྱི་ཙམ་གྱིས་རྟོགས་པར་མ་བཤད་པ་བཞིན་ནོ། །དེས་ན་སོ་སྐྱེས་ཀྱི་མཉམ་བཞག་ཏུ་དགག་རྟོགས་རྐྱང་པ་མིན་ཏེ་སྤྲོས་བྲལ་རྟོགས་པ་ལ་གནོད་བྱེད་མེད་དོ། །སྤྲོས་པ་རིམ་ཅན་འགོག་པ་ལས་གཅིག་ཆར་འགོག་མི་སྲིད་པ་མིན་ཀྱང་། ནུས་པ་ཆུང་བས་འཕགས་པ་བཞིན་སྤང་བྱ་སྤོང་མ་ནུས་སོ། །དེས་ན་མངོན་སུམ་གྱི་ཐ་སྙད་མ་ཐོབ་བོ། །འཁོར་བསྒྱུར་བུ་དང་། བྱ་ཁྱུང་གི་དཔེ་དང་མི་འགལ་ཏེ་མཐོང་སྤོང་གི་རྒྱ་ལས་མ་གྲོལ་བའི་དོན་ཡིན་གྱི། རྟོག་མེད་བྲལ་ཙམ་ཡེ་ཤེས་མེད་པའི་དོན་མིན་ཏེ། མངལ་དང་སྒོང་ངའི་གནས་སྐབས་འཁོར་བསྒྱུར་བུ་དང་བྱ་ཁྱུང་གི་ཕྲུ་གུ་ལ་མི་དང་བྱ་ཡི་མཚན་ཉིད་མ་ཚང་བའི་དོན་མིན་པའི་ཕྱིར་རོ། །གཞན་དུ། རྒྱུད་བླ་མ་ལས། ས་བདུན་ལ་རྟེན་དྲི་མ་ནི། །མངལ་སྦུབ་དག་དང་མཚུངས་པ་འགྱུར། །ཞེས་པ་དང་། དབུ་འཇུག་ལས། གཉིས་སུ་མེད་པའི་བློ་བྱང་སེམས་ཀྱི་རྒྱུ་བཤད་པ་དང་། གཞུང་འདི་དཔེ་དོན་གཉིས་ཀྱིས་མངོན་སུམ་དུ་ཆོས་སྐུ་རྟོགས་པར་བཤད་པ་དང་དངོས་འགལ་འགྱུར་བ་དང་། ཆོས་ཉིད་དང་དངོས་འགལ་རྟོགས་པ་ཞིག་སྒོམ་ན་རེ་ཞིག་ན་རྟོག་མེད་གཅིག་སྐྱེ་ན། གོམ་པ་ཤར་དུ་འདོར་ན་ནུབ་ཏུ་སླེབ་དགོས་ན་ཧ་ཅང་ཐལ་ལོ། །དེས་ན་ཆོས་རྗེ་ས་སྐྱ་པཎྜི་ཏས་ཐུབ་པ་དགོངས་གསལ་ལས། སྦྱོར་ལམ་པའི་རྟོགས་རིགས་རང་རིག་ཏུ་གསུང་པའི་དགོངས་པ་འདི་དང་མཐུན་ཅིང་། གཞན་ཡང་སྔོན་གྱི་མཁས་གྲུབ་ཕལ་གྱིས་དེ་བཞིན་དུ་གསུངས་ལ་ཕལ་ཆེར་གྱིས་དགག་པ་མཛདཾ་པ་ནི། འདི་རྣལ་འབྱོར་མངོན་སུམ་དངོས་སུ་འདོད་ན་སྤངས་རྟོགས་ཀྱི་ཡོན་ཏན་མེད་པའི་མཐོང་ལམ་སོགས་སུ་ངོ་སྤྲོད་པའི་བླུན་པོ་འགའ་ལོག་རྟོགས་བཟློག་ཕྱིར་གསུངས་པ་ཡིན་གྱི། རྟོག་མེད་ཀྱི་ཡེ་ཤེས་སྐྱེ་ལ་གཏན་མི་བཞེད་པ་མིན་ནོ། །སྤྲོས་པས་ཆོག་གོ །ཇིཾ་ལྟཾར་ཚེཾས་པཾའི་ཟླཾ་བཾ་ལཾ། སྐཾད་ཅིཾག་སྐཾད་ཅིཾག་རྒྱསཾ་པཾ་ཁོ་ནར་མཐོཾང་བ། དེཾ་བཞིཾན་དུ་འཕགས་པ་སཾ་ལཾ་ཞུཾགས་པ་རྣམསཾ་ཀྱིས་ཀྱངཾ་། མངོན་སུམ་མཐོང་བ་དེ་ཉིད་རིམཾ་གྱིསཾ་རིམཾ་གྱིསཾ་འཕེལཾ་བཾར་མཐོཾང་ཞིང་འགྲིབ་པར་མི་སྲིད་དོ། །ཡང་ཇིཾ་ལྟཾར་ཡཾར་ངོའིཾ་བཅོཾ་ལྔཾ་ལཾ། ཟླཾ་བཾ་རྫོཾགས་པཾར་འགྱུརཾ་བཾ་ལྟཾར། དེཾ་བཞིཾན་སཾ་ཡིཾ་མཐཾར་ཐུགཾ་བཅུ་གཅིག་ཀུན་ཏུ་འོད་རྟོགས་ནཾ། ཆོཾས་ཀྱིཾ་སྐུཾ་ཡངཾ་རང་དོན་དུ་སྤངས་རྟོགས་མ་ལུས་པ་རྫོཾགས་ཤིངཾ་། གཞན་དོན་གདུལ་བྱའི་ཁམས་ཕྲིན་ལས་མཐའ་དག་གསལཾ་ལོ། །དེས་ཐ་དད་གསུམ་བཀོད་པ་ནི། མོས་སྤྱོད་ཀྱི་གནས་སྐབས་རྟོགས་པ་འཕེལ་འགྲིབ་འབྱུང་ལ། སར་གནས་ལ་འཕེལ་ཞིང་འགྲིབ་པ་མེད་ལ། སངས་རྒྱས་ཀྱི་ས་ན་འཕེལ་འགྲིབ་མེད་པའི་དོན་ཏོ། །གཉིས་པ་ལ་གཉིས། ས་ཡི་རྣམ་བཞག་སྤྱིར་བསྟན། སངས་རྒྱས་ཐོབ་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། མོས་སྤྱོད་ཀྱི་ས་བཤད་པ། ཐེག་ཆེན་འཕགས་པའི་ས་བཤད། འབྲས་བུ་སངས་རྒྱས་ཀྱི་ས་བཤད་པའོ། །དང་པོ་ནི། ལས་དང་པོ་པསཾ་སངསཾ་རྒྱས་ཆོསཾ་དང་དགེཾ་འདུནཾ་ལཾ་སྐྱབས་སུ་འགྲོ་ནས་གནས་ལུགས་དོན་ལ་རྟགཾ་ཏུཾ་མོསཾ་པཾ་བརྟནཾ་པོཾ་ཡིནཾ། བྱང་ཆུབ་མཆོག་ཏུ་སེམསཾ་དེཾ་ཡངཾ་དགཾ་བསྐྱེདཾ་པར་བྱསཾ་ནསཾ་ནི་དབང་རྣོན་སྦྱོར་ལམ་ནས་དང་། དབང་འབྲིང་མཐོང་ལམ། དབང་རྟུལ་དག་ས་ལ་ཕྱིརཾ་མིཾ་ལྡོགཾ་པརཾ་བྱེད་པའི་རྟགས་ཡཾང་དང་ཡཾང་དུ་འབྱུངཾ་ངོ་། །ཡང་ན་སྦྱོར་ལམ་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་བཞི་ལ་ཡང་ཡང་ཐོབ་པ་ལ་གོ་རུང་ངོ་། །གཉིས་པ་ནི། ས་དང་པོ་ཐོབ་པའི་ཚེ། ནགཾ་པོཾ་འཁོར་བའི་བག་ཆགས་ཀྱི་གཞིཾ་ཀུན་གཞི་ཆ་ཤས་ཙམ་ནིཾ་ཡོཾངས་སུ་སྤངཾས་ནསཾ་དཀཾར་པོའིཾ་ཡོན་ཏན་མ་ལུས་པའི་གཞིཾ་མེ་ལོང་ཡེ་ཤེས་ཀྱི་ཆ་ཤས་ནིཾ་རཾབ་ཏུ་བཟུངཾ་བསཾ། དེཾ་ཚེཾ་ཡེ་ཤེས་དེཾ་ནིཾ་ངེས་པར་རྟོགཾས་པཾ་ནཾ། གཞན་དོན་དཔག་མེད་འགྲུབ་པ་དང་། རང་དོན་ཆོས་སྐུ་ལ་ཉེ་བས་དགའཾ་བཾ་ཁྱད་པར་ཅན་འབྱུང་བས་རབ་ཏུ་དགའ་བ་ཞེཾས་བྱ་བ་ནིཾ་མངོནཾ་པརཾ་བརྗོདཾ་དོ། །འདོདཾ་ཆཾགས་དང་ཞེ་སྡང་ལཾ་སོཾགས་ལས་དང་ཉོན་མོངས་པ་སྣཾ་ཚོཾགས་པའིཾ་འཆལ་ཁྲིམས་ཀྱི་དྲིཾ་མཾས་དུས་རྟགཾ་ཏུཾ་སེམས་རྒྱུད་དྲིཾ་མཾ་ཅཾན་དུ་བྱས་པ་དེ་དྲིཾ་མཾ་ཤིན་ཏུ་མེཾད་པཾར་ས་གཉིས་པ་བ། གཾང་ཞིག་ལ་རྣམ་པར་དགཾ་པཾ་དེ་ལ་དྲིཾ་མཾ་མེཾད་པ་ཅེཾས་བྱ་བའི་མིང་གིས་བརྗོཾད་པཾ་ཡིནཾ་ནོ། །བསམ་གཏན་གཟུགས་མེད་སོགས་འཇིག་རྟེན་པའི་བསམ་གཏན་ལ་མཁས་པ་ན་འདོད་པའི་འདོད་ཆགས་སོགས་ས་གསུམ་པའི་བར་ཆད་ཉོནཾ་མོཾངས་ཀྱི་དྲྭཾ་བཾ་མཐའ་དག་རབཾ་ཏུ་འགཾགས་ནསཾ། སྒྲིབ་གཉིས་ཀྱི་དྲིཾ་མ་མེཾད་པའི་ཤེསཾ་རཾབ་རཾབ་ཏུ་གསལཾ་བསཾ་ས་གཉིས་པ་ལྟ་བུ་སྔར་སྤང་མ་ནུས་པའི་ཚཾད་མེཾད་པའི་སྒྲིབཾ་པཾའི་མུནཾ་པཾ་དགཾ་སེལཾ་བཾར་བྱེདཾ་པསཾ་ན་ས་གསུམ་པ་འོཾད་བྱེདཾ་པ་ཞེཾས་བྱའོ། །རྟགཾ་ཏུཾ་སྒྲིབ་གཉིས་དགཾ་པཾའི་འོདཾ་ཀྱིཾས་གསཾལ་ཞིང་རྣམ་གཡེང་གི་འདུཾ་འཛིཾ་རྣམཾ་པཾར་སྤངཾ་པཾ་ཡིཾ་སྒོ་ནས་བྱང་ཕྱོགས་སོ་བདུན་ལྷག་པར་སྒོམ་པས་ཡེཾ་ཤེསཾ་ཀྱི་འོདཾ་ཀྱིཾ་རབཾ་ཏུ་བསྐོརཾ་བསཾ་ན། སཾ་དེཾ་ལ་འོཾད་འཕྲོཾ་བཾ་ཅནཾ་དུཾ་འདོདཾ་དོ། །སྤྱིར་རིགཾས་པའི་གནས་མཐའ་དག་དངཾ་བྱེ་བྲག་སྒྱུཾ་རྩལཾ་དང་བཟོཾ་ཡི་གནཾས་ཀུནཾ་ལ་མཁས་ཤིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསཾམ་གཏནཾ་རྣམཾ་པཾ་སྣཾ་ཚོགཾས་ཉིཾད་བསྒོམ་པ་མཐར་ཕྱིན་ཅིང་འཕགས་པའི་བདེན་པ་བཞི་ལ་མཁས་པས་ཉོཾན་མོཾངས་པའམ་བདུད་ཀྱི་བར་ཆད་ཤིཾན་ཏུཾ་སྦྱངཾས་དཀཾའ་བ་ལསཾ་རྣམཾ་པཾར་རྒྱལཾ་བསཾ་ན་སྦྱངཾས་དཀའཾ་བ་ཞེས་བྱ་བར་འདོདཾ་དོ། །རིགས་ཅན་གསུམ་གྱི་བྱངཾ་ཆུབཾ་རྣམཾ་པཾ་གསུམཾ་པོཾ་དངཾ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུནཾ་སུམཾ་ཚོཾགས་པ་མ་ལུས་པ་ཀུནཾ་རྟོགས་པ་ཡར་ལྡན་དུ་བཾསྡུ་བཾ་དངཾ་། ཤེས་རབ་ལྷག་པས་རྟེན་འབྲེལ་ལ་ཤིན་ཏུ་མཁས་ཤིང་འཁོར་འདས་མཉམ་ཉིད་དུ་རྟོགས་པས་འཁོར་བའི་སྐྱེཾ་བཾ་དང་འཇིཾག་པཾ་ཟདཾ་པཾ་ས་དྲུག་པ་ལཾ་སངས་རྒྱས་ཀྱི་ས་ཡི་ཡོན་ཏན་མངོན་དུ་ཕྱོགས་པའི་གནས་སྐབས་ཀྱི་སཾ་དེཾ་ནི་མངོཾན་དུ་འགྱུརཾ་བ་ཡིནཾ་པརཾ་འདོདཾ་དོ། །འཁོཾར་ལོཾའི་བཀོཾད་པཾ་རྣམཾ་ཀུནཾ་ཏུཾ། །འོདཾ་ཀྱིཾ་དྲཾ་བསཾ་རྩེཾ་བཾ་དངཾ་། །འཁོརཾ་བའིཾ་མཚོཾ་ཡིཾ་འདམཾ་བརྒལཾ་བསཾ། །དེཾ་ལཾ་རིཾང་དུཾ་སོཾང་ཞེཾས་བྱཾ། །སཾངས་རྒྱསཾ་རྣམསཾ་ཀྱིཾས་འགོག་པ་ཡང་དག་གི་མཐའ་ལ་སྙོམས་པར་འཇུག་པའི་ཚེ་ཞི་མཐའ་ལ་མི་ལྟུང་བ་དེ་ལས་ངེས་པར་ས་བརྒྱད་པ་འདིཾ་བཟུངཾ་ཞིཾང་། དཔེར་ན་ཡུར་ཆུར་སྐྱེ་བོས་འབད་རྩོལ་གྱིས་གྲུ་བགྲོད་པ་ལས་རྒྱ་མཚོར་ཕྱིན་ནས་མྱུར་དུ་རླུང་གིས་འབད་མེད་དུ་བསྐྱོད་པ་བཞིན། ས་བདུན་མན་ཆད་དུ་འབད་རྩོལ་དང་བཅས་པའི་ས་ལས་འདས་ཏེ་དག་པའི་ས་ཡི་ཡེཾ་ཤེསཾ་ཀྱི་རྒྱཾ་མཚོརཾ་ཞུགཾས་པཾ་དངཾ་། ས་ལམ་མྱུར་དུ་བགྲོད་དེ་འབདཾ་མེཾད་ལྷུནཾ་གྱིསཾ་གྲུབཾ་པར་གྱུརཾ་པཾ་ན། བདུདཾ་ཀྱིཾ་འཁོརཾ་གྱིས་བར་དུ་གཅོད་པས་མིཾ་གཡོ་བས་མི་གཡོཾ་བ་ཞེས་བྱཾའོ། །ཆོས་དོན་ངེས་ཚིག་སྤོབས་པ་སྟེ་སོཾ་སོཾ་ཡཾང་དགཾ་པའི་རིགཾ་པ་བཞི་པོ་ཀུནཾ་ལཾ་གནས་ཤིང་གདུལ་བྱ་ལ་ཆོསཾ་སྟོནཾ་པཾ་ཡིཾ་འབེལཾ་བའིཾ་གཏམཾ་བརྗོད་པ་ལ། རྣལཾ་འབྱོརཾ་པཾ་ལ་དགུ་པ་བ་དེཾ་མཐརཾ་སོཾན་པསཾ་ན། སཾ་དེཾ་ལ་མཚན་ལེགསཾ་པཾའི་བློ་གྲོསཾ་ཞེས་བྱ་བར་འདོཾད་དོ། །ཡེཾ་ཤེཾས་ཀྱི་ཕར་ཕྱིན་མཐར་ཕྱིན་པའི་རཾང་བཞིཾན་ས་བཅུ་པ་འདིཾ་ཡིཾ་སྐུཾ་ལ་སྒྲིབ་གཉིས་ཀྱི་དྲིཾ་མ་མེཾད་པ་སྐྱེ་འགག་སོགས་དང་བྲལ་བ་ནམཾ་མཁའཾ་དངཾ་མཉཾམ་པཾ་ཕྱོགས་བཅུ་ན་བཞུགས་པའི་སཾངས་རྒྱསཾ་རྣཾམས་ཀྱིཾ་འོད་ཟེར་ཆེན་པོའི་དབང་བསྐུར་བ་སོགས་ཀྱིས་རྗེས་སུ་འཛིཾན་པཾ་ཆོས་སྐུ་རྟོགས་པ་དེ་ལཾས། གཟུང་དང་ཏིང་ངེ་འཛིན་གྱི་སྒོ་ཡི་ཆོསཾ་ཀྱིཾ་སྤྲིནཾ་ནིཾ་མཐའ་ཡས་པར་ཀུནཾ་ཏུཾ་འབྱུངཾ་ཞིང་གདུལ་བྱ་ལ་ལྷུན་གྲུབ་ཀྱི་ཆོས་ཆར་འབབ་བོ། །གསུམ་པ་ནི། དེའི་འོག་ཏུ་སཾངས་རྒྱསཾ་རྣཾམས་ཀྱིཾ་སྟོབས་སོགས་ཆོཾས་ཀྱིཾ་གནཾས་ལ་ལོངས་སྤྱོདཾ་པའིཾ་མཐར་ཐུག་གི་འབྲཾས་བུཾ་ཡོཾངས་སུ་འཛིནཾ་པཾ། ཀུན་གཞི་འཁོར་དང་བཅས་པ་མ་ལུས་པ་གནཾས་ནིཾ་ཡོཾངས་སུཾ་གྱུརཾ་པ་མཐར་ཕྱིན་པཾ་དེཾ་ལ་སངས་རྒྱས་ཆོསཾ་ཀྱིཾ་སྐུཾ། ཞེསཾ་བརྗོཾད་པཾ་ཡིནཾ་ནོ། །འོ་ན་སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་ཡོད་དམ་མེད། ཡོད་ན་འཁོར་བའི་ཆོས་མཁྱེན་ནམ། མཁྱེན་ན་འཁྲུལ་པ་ཅན་དུ་ཐལ་ལ། མི་མཁྱེན་ན་ཐམས་ཅད་མཁྱེན་པ་མིན་པར་འགྱུར་རོ། །ཡེ་ཤེས་མེད་ན་སངས་རྒྱས་བེམ་སྟོང་དུ་འགྱུར་ཞེ་ན། དོན་དམ་པར་སྤྲོས་པ་ལས་འདས་ཀྱང་། ཐ་སྙད་དུ་ཡོད་པའི་ཕྱོགས་ཁས་ལེན་དགོས་མོད། འོན་ཀྱང་སོ་སྐྱེའི་བློས་མཁྱེན་ཚུལ་དཔོག་དཀའ་སྟེ། དཔེར་ན་རྨི་ལམ་གྱིས་སད་པའི་བློའང་དཔོག་མི་ནུས་ན། གནས་བཀུར་པའི་ཡེ་ཤེས་སངས་རྒྱས་ཀྱི་ས་ལ་ལྟ་ཅི་སྨོས། དེས་ན་འདི་འདྲའི་རིགས་ལུང་གི་རྗེས་སུ་འབྲང་ནས་གཙོ་བོར་ངེས་དགོས་ཀྱི་བགཾ་ཆཾགས་ལཾས་གྲོལཾ་བ་སངས་རྒྱས་ཀྱི་ས་ནི་བསམཾ་གྱིས་མིཾ་ཁྱབཾ་བོ། །འཁོར་བའི་བག་ཆགས་གཟུང་འཛིན་ནི་སོ་སྐྱེའི་བློ་ཡིས་གཟུང་དུ་ཡོད་ལ། དེས་ན་འཁྲུལ་པ་མཐའ་དག་ལྡོག་པ་ཡིན་ནོ། །འོ་ན་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་སྙམ་ན། འཁྲུལ་པ་དོན་ལ་མ་གྲུབ་པ་དེ་མེད་པར་གཟིགས་པ་ནི་དེ་ཁོ་ན་ཉིད་མཁྱེན་པ་མིན་གྱི། གཞན་དུ་འཁྲུལ་སྣང་ཡང་དེ་བཞིན་གཤེགས་པའི་གཟིགས་ངོ་ན་ཡོད་ན། དེ་འཁྲུལ་སྣང་དུ་མི་འགྲུབ་བོ། །དེ་ནི་གཟུང་འཛིན་ཐ་དད་མེད་པའི་དོན་ཡིན་གྱི་སྣང་བ་མེད་པའི་དོན་མིན་སྙམ་ན། འོ་ན་ནད་ལས་གྲོལ་བའི་གང་ཟག་ལའང་སྐྲ་ཤད་དེ་གཟུང་འཛིན་གཉིས་མེད་དུ་སྣང་བར་ཐལ་བར་འགྱུར་ལ། ཡང་ན་གཉིད་སད་པ་དང་། རབ་རིབ་ཀྱི་ནད་ལས་གྲོལ་བ་ཐག་པ་ལ་སྦྲུལ་མེད་པར་མཐོང་བའི་སྐྱེ་བོ་ཀུན་ལོང་བར་ཐལ། སྐྲ་ཤད་མ་མཐོང་བའི་ཕྱིར། དེ་ལྟར་ན་སྣང་བས་སྟོང་པ་མི་སྒྲིབ་སྟོང་པས་སྣང་བ་མི་སྒྲིབ་པར་སྣང་སྟོང་ཟུང་འཇུག་ཏུ་གསུང་པ་དང་འགལ་སྙམ་ན་མི་འགལ་ཏེ། སྣང་ཆ་འཁོར་བ་སྟོང་ཆ་མྱང་འདས་དབྱེར་མི་ཕྱེད་པའི་ཆ་ཟུང་འཇུག་གསུངས་པའི་དོན། ཀུན་རྫོབ་སེམས་ཅན་གྱི་ངོར་བྱས་ནས་བདེན་གཉིས་རེས་འཇོག་ཏུ་འཛིན་པའི་བློ་ངོར་སྣང་སྟོང་ཐ་དད་དུ་སྣང་བ་ནི། འཛིན་གཏང་ཙམ་ཡིན་ཏེ་སྟོང་མི་སྟོང་དོན་ལ་མ་གྲུབ་པའི་ཕྱིར་རོ། །རྣམ་གྲངས་མིན་པ་དོན་དམ་གནས་ལུགས་ལ་དགོངས་ནས་དབྱེར་མི་ཕྱེད་པའི་ཆ་ཟུང་འཇུག་ཏུ་གསུང་སྟེ། མཉམ་བཞག་གི་ཚེ་འཛིན་སྟངས་ཀྱི་སྤྲོས་པ་མཐའ་དག་ཞིག་པ་ལ་དགོངས་པས་ཡིན་གྱི་འཁྲུལ་སྣང་མཁྱེན་པའི་དོན་མིན་ནོ། །དཔེར་ན་རབ་རིབ་ལས་མ་བྲལ་བའི་ཚེ་སྨན་པས་ནད་དབང་གིས་སྐྲར་སྣང་བརྡ་སྤྲད་པ་ན་ནད་པའི་རྟོག་ངོར་སྐྲ་ཤད་འདི་དོན་ལ་མེད་སྙམ་པའི་བློ་རེས་འཇོག་འབྱུང་ཡང་། ནད་ལས་གྲོལ་ནས་སྐྲ་ཤད་ཡོད་མེད་ཀྱི་འཛིན་པ་ལས་གྲོལ་བ་བཞིན་ནོ། །དེ་སྐད་ཟླ་བས་རིག་པ་དྲུག་ཅུ་པའི་འགྲེལ་པར་བདེན་གཉིས་ཀྱང་ཀུན་རྫོབ་པའི་ངོར་ཡིན་ནོ་ཞེས་གསུང་པ་དང་། འཇུག་པ་ལས། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པ། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་དེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་གསུང་པ་ལྟར་ར་ོ། །མདོ་ལས། དོན་དམ་རང་བཞིན་བདེན་པ་གཅིག་ཉིད་ལ། །འདི་ན་ཁ་ཅིག་བདེན་པ་བཞི་ཞེས་ཟེར། །ཞེས་སོགས་སོ། །ཁྱོདཾ་ནིཾ་གནས་སྐབས་ཀུནཾ་ཏུཾ་རྒྱུན་མཐའི་བྱང་སེམས་ཀྱིས་ཀྱང་བསམཾ་གྱིས་མིཾ་ཁྱབཾ་སྟེ། དེས་ན་བློ་གཾང་གིཾས་ཁྱོདཾ་ནིཾ་ཤེསཾ་པརཾ་ནུསཾ་ཏེ་མི་ནུས་སོ། །ངཾག་གིཾ་སྤྱོདཾ་ཡུལཾ་བརྗོད་པ་ཀུནཾ་ལསཾ་འཾདས་ཤིང་། མིག་ལ་སོགས་པ་དབངཾ་པོཾ་ཀུནཾ་གྱིཾ་སྤྱོདཾ་ཡུལཾ་མིནཾ་ནོ། །འོན་ཏེ་དོན་སྤྱི་ཙམ་བདེ་བར་གཤེགས་པའི་གསུང་རབ་དྲི་མ་མེད་པ་ལ་བརྟེན་ཏེ་ཡིཾད་ཀྱིཾ་ཤེསཾ་པསཾ་རྟོགསཾ་པར་བྱཾ་བཾ་ཡིན་ཏེ་ཇི་ལྟ་བ་བཞིན་བསམ་དུ་མེད་པ་དང་། དོན་སྤྱི་ཙམ་ནི་བསམ་དུ་ཡོད་པ་གཾང་ཡཾང་རུངཾ་བ་དེ་ལཾ་ཕྱགཾ་འཚལཾ་བསྟོདཾ་དོ། །གཉིས་པ་ལ་གཉིས། ས་བཅུའི་བྱང་སེམས་ལ་རྒྱལ་ཚབ་ཆེན་པོའི་དབང་བསྐུར་ཚུལ། དེ་ལ་བརྟེན་ནས་འབྲས་བུ་མི་གནས་མྱང་འདས་ཆོས་སྐུ་ཐོབ་ཚུལ་ལོ། །དང་པོ་ལ་གསུམ། དབང་བསྐུར་བྱ་བྱང་སེམས་སྣོད་རུང་དུ་འགྱུར་ཚུལ། བསྐུར་བ་པོ་སངས་རྒྱས་ཀྱིས་ཇི་ལྟར་བསྐུར་བ། དབང་བསྐུར་ཐོབ་པའི་བྱང་སེམས་དེས་འགྲོ་དོན་མཛད་ཚུལ་ལོ། །དང་པོ་ནི། སངས་རྒྱས་པའི་ཚུལ་ཞིབ་ཏུ་བཤད་ན་རིམཾ་གྱིསཾ་སངས་རྒྱས་ཀྱི་ས་ལ་འཇུགཾ་པའིཾ་ལུཾགས་སམ་ཚུལ་ཉིཾད་ཀྱིསཾ། སཾངས་རྒྱསཾ་ཀྱི་སྲསཾ་པོཾ་གྲགསཾ་ཆེནཾ་ས་བཅུ་ལ་གནས་པ་རྣཾམས་ས་བཅུ་ཐོབ་མ་ཐག་གི་ཚེ་ཏིང་ངེ་འཛིན་གྲངས་མེད་པ་འབུམ་ཕྲག་བཅུའི་རྗེས་ལ་ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པ་དབང་བསྐུར་བ་ལྡན་པ་ཞེས་བྱ་བ་ཐོབ་མ་ཐག་ཏུ་གཟུང་དང་ཏིང་ངེ་འཛིན་གྱི་སྒོའི་ཆོཾས་ཀྱིཾ་སྤྲིནཾ་གྱིཾ་ཡེཾ་ཤེསཾ་ཀྱིསཾ། ཆོསཾ་ཉིཾད་སྟོཾང་པཾ་ཉིད་མཐོཾང་བར་གྱུརཾ་ནསཾ་དེའི་སྟོབས་ཀྱིས་ས་བཅུ་པ་ཐོབ་པའི་དུས་གཾང་གི་ཚེཾ་སེམསཾ་ནིཾ་བག་ཆགས་ཕྲ་མོ་རྣམས་ཀྱང་རཾབ་ཏུཾ་བཀྲུསཾ་པས་ཁམས་གསུམ་འཁོརཾ་བའིཾ་གཟེབཾ་ཀྱི་བག་ཆགས་མཐའ་དག་ལཾས་འདསཾ་པར་གྱུརཾ་ནསཾ། སྟོང་གསུམ་འབུམ་ཕྲག་བཅུའི་གཏོས་དང་མཉམ་པའི་པདྨཾ་ཆེནཾ་པོཾའི་རཾང་བཞིནཾ་གྱིཾ། སྟནཾ་ལཾ་ས་བཅུའི་བྱང་སེམས་དེཾ་ནིཾ་སྐུ་ལུས་ཀྱང་དེ་དང་མཚམས་པར་རབ་ཏུ་གནས་པར་འགྱུརཾ་ཏེཾ། གནས་གཞི་འདབ་མ་ལ་རིན་པོ་ཆེ་དུ་མས་སྤྲས་པའི་འོད་འཕྲོ་བར་བྱེད་པ། འདོད་པར་བྱ་བ་ཡིད་དུ་འོང་བའི་ཟེའུ་འབྲུ་ཕུན་སུམ་ཚོགས་པ་ཅན། འཁོར་དུ་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པའི་པདྨ་བྱེ་བ་དུ་མ་ཡིས་རྣམ་པ་ཀུན་ཏུ་ཡོངས་སུ་བསྐོར་བར་གྱུར་ཏོ། །པདྨའི་འཁོར་གྱི་འདབ་མ་དེ་དག་ལ་ས་དགུ་པ་མན་ཆད་ཀྱི་བྱང་སེམས་བཞུགས་པས་བསྐོར་ཏེ་འདུག་པར་སྣང་ངོ་། །གཉིས་པ་ནི། སྟོབས་བཅུ་པོ་ཡིས་ཡོན་ཏན་གྱི་ཆ་ཤས་ཡོངས་སུ་གང་བ། མི་འཇིགས་པ་སེང་གེའི་སྒྲ་བཞི་ཡིས་ངག་གང་དག་གིས་འོད་ངོམས་ཤིང་གཞན་ཡང་མ་འདྲེས་པའི་ཆོས་བཅོ་བརྒྱད་སོགས་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་ལྟ་བུ་བསཾམ་གྱིས་མིཾ་ཁྱབཾ་པའིཾ་སངཾས་རྒྱསཾ་ཀྱི་ཆོསཾ་སྤྲོསཾ་པ་མེདཾ་པ་རྣམསཾ་ལསཾ་ཆ་ཙམ་མ་ཐོབ་པའམ་ཡོངས་སུ་ཉམསཾ་པ་མིཾ་མངཾའ་བ་དེ་ནི་སློབ་པའི་གནས་སྐབས་སུ་ལེཾགས་པཾར་སྤྱདཾ་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའིཾ་ལམཾ་ཀུནཾ་གྱིསཾ། བསོདཾ་ནཾམས་དང་ཡེཾ་ཤེསཾ་ཀྱི་ཚོགས་གཉིས་རྒྱ་མཚོ་ལྟ་བུར་རབཾ་ཏུ་བསཾགས་པཾའི་འབྲས་བུ་མཐར་ཐུག་སྟེ། དཔེར་ན་ཟླཾ་བཾ་ཉཾ་ལཾ་སྐརཾ་མཾ་ཡིཾ་ཚོགས་ཀྱི་འཁོརཾ་དུཾ་རྣམཾ་པཾ་ཀུནཾ་གྱིསཾ་ཡོངས་སུ་བསྐོརཾ་བ་བཞིན་དུ་སངས་རྒྱས་སྤང་རྟོགས་ཡོན་ཏན་གྱི་ཉ་གང་བ་དེ་སྐར་མ་ལྟ་བུ་འཁོར་བྱང་སེམས་ས་བཅུ་པས་བསྐོར་བའི་སངཾས་རྒྱསཾ་བཅོམ་ལྡན་འདས་ཀྱི་ཕྱགཾ་གིཾ་ཉིཾ་མཾ་དེརཾ། དྲིཾ་མ་མེཾད་པ་རིཾན་ཆེནཾ་གྱི་འོད་འབརཾ་བར་གྱུརཾ་ཏེཾ། དེསཾ་སྲསཾ་ཀྱི་ཐུཾ་བོརཾ་དབངཾ་བསྐུརཾ་བའི་ཚེ་ཕྱོགས་བཅུ་ནས་སངས་རྒྱས་རྣམས་ཀྱི་འོད་ཟེར་ཆེན་པོའི་དབང་བསྐུར་བ་ནི་མ་ལུས་པ་ཀུན་ཏུ་བསྩོལཾ་ཏོ། །དེའང་ཅུང་ཟད་རྒྱས་པར་སྤྲོས་ན། མཆོད་པ་དང་། དབང་བསྐུར་བ་གཉིས་ལས་དང་པོ་ནི། བྱང་སེམས་དེའི་མཛོད་སྤུ་ནས་འོད་ཟེར་གྲངས་མེད་པ་བཅུ་སྤྲོས་པས་ཕྱོགས་བཅུའི་བདུད་ཐམས་ཅད་ཟིལ་གྱིས་མནན། དབང་བསྐུར་ཐོབ་པའི་བྱང་སེམས་རྣམས་སྣང་བར་བྱས་ཏེ་དེ་དག་གི་ལུས་སུ་ནུབ་པར་གྱུར་ཏོ། །སྤྱི་གཙུག་ནས་འོད་ཟེར་སྟོང་གསུམ་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་དང་མཉམ་པར་འཕྲོས་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་སྣང་བར་བྱས། འཇིག་རྟེན་ལན་བཅུར་བསྐོར་ནས་སྟེང་གི་ནམ་མཁའ་ལ་འོད་ཟེར་དྲ་བའི་དཀྱིལ་འཁོར་དུ་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་མཆོད། སེམས་ཅན་གྱི་དོན་བྱས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཞབས་མཐིལ་དུ་ནུབ་པར་བྱེད་དོ། །གཉིས་པ་ནི། རྒྱལ་བ་སྲས་བཅས་དེ་དག་གིས་བྱང་སེམས་དེ་དབང་བསྐུར་བའི་དུས་བབས་པར་གཟིགས་ནས། ཕྱོགས་བཅུ་ནས་ས་དགུ་པ་མན་ཆད་ཀྱི་བྱང་སེམས་མཐའ་ཡས་པ་འོང་སྟེ། བྱང་སེམས་དེ་ལ་ལྟ་ཞིང་མཆོད་དེ་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་ལ་སྙོམས་པར་འཇུག་གོ །བྱང་སེམས་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་དཔལ་བེའུ་དང་། རྡོ་རྗེ་དང་བཀྲ་ཤིས་ལས་བདུད་རྩི་དགྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་དང་བཅས་པ་བྱུང་སྟེ་ཕྱོགས་བཅུ་སྣང་བར་བྱས་ཆོ་འཕྲུལ་མུ་མེད་པ་བསྟན་ཏེ། བྱང་སེམས་དེའི་དཔལ་བེའུ་དང་རྡོ་རྗེ་དང་བཀྲ་ཤིས་སུ་ནུབ་པ། མཐུ་སྟོབས་ལྷག་པར་འཕེལ་ལོ། །དེ་བཞིན་གཤེགས་པ་རྣམས་ཀྱི་མཛོད་སྤུ་ནས་ཐམས་ཅད་མཁྱེན་པའི་མངོན་ཤེས་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་གཅིག འཁོར་འོད་ཟེར་གྲངས་མེད་པ་འབུམ་ཕྲག་དང་བཅས་པ་བྱུང་སྟེ་ཕྱོགས་བཅུ་ཐམས་ཅད་སྣང་བར་བྱས། འཇིག་རྟེན་ལན་བཅུར་བསྐོར་ངན་སོང་ཞི་ཞིང་བདུད་ཐམས་ཅད་ཟིལ་གྱིས་མནན་ནས་བྱང་སེམས་དེའི་སྤྱི་བོར་ནུབ་ལ་འཁོར་གྱི་འོད་ཟེར་རྣམས་ནི་འཁོར་རྣམས་ཀྱི་སྤྱི་བོར་ནུབ་བོ། །འོད་ཟེར་དེ་དག་གིས་ཕོག་མ་ཐག་ཏུ་བྱང་སེམས་དེ་དག་གིས་སྔོན་མ་ཐོབ་པའི་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་འཐོབ་ཅིང་འོད་ཟེར་དེ་དག་ཀྱང་བྱང་སེམས་དེའི་མགོ་ལ་དུས་གཅིག་ཏུ་འབབ་པར་འགྱུར་ཏོ། །གསུམ་པ་ནི། ལམ་གྱི་གནས་སྐབས་སུ་རྣལཾ་འབྱོརཾ་ཆེནཾ་པོའི་ཆེན་པོཾ་དེརཾ་གནཾས་ནཾས། སྒྲིབ་གཉིས་ཀྱི་དྲི་མས་རྨོངཾས་པསཾ་དམཾན་པཾའི་འཇིགཾ་རྟེནཾ་པ་རྣམསཾ། སྡུགཾ་བསྔལཾ་གསུམཾ་གྱིསཾ་གཡེཾང་ཞིང་འཇིཾགས་པ་རྣམས་ལཾ། སྤྱན་ལྔའི་ནང་ནས་ལྷཾ་ཡིཾ་སྤྱནཾ་གྱིསཾ་གཟིཾགས་པར་གྱུརཾ་ནསཾ། དེཾ་ཡིཾ་སྐུའིཾ་ཞབས་ཀྱི་མཐིལ་གཉིས་དང་། པུས་མོའི་ལྷ་ང་གཉིས་ལྟེ་བ་དང་རྩིབ་ལོག་གཉིས་དང་ཕྱག་མཐིལ་གཉིས་ལསཾ་འོདཾ་ཟེརཾ་གྲངས་མེད་འབུམ་ཕྲག་བཅུ་བཅུ་རྣམསཾ་སྤྲོས་པ་འབཾད་པཾ་མེཾད་པརཾ་འབྱུངཾ་བར་འགྱུརཾ་ཏེཾ། རིམ་བཞིན་ཕྱོགས་བཅུའི་ཡི་དྭགས་དང་དམྱལ་བ་དང་དུད་འགྲོ་མི་དང་ལྷ་ལྷ་མིན་གྱི་གནས་ཐམས་ཅད་སྣང་བར་བྱེད་ནས་དུཿཁ་རྣམས་ཞི་བར་བྱས། ཕྲག་པ་གཉིས་དང་རྒྱབ་མགུལ་གཉིས་དང་ཞལ་ནས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་སྤྲོས་པས་རིམ་བཞིན་ཕྱོགས་བཅུའི་ཉན་ཐོས་དང་རང་རྒྱལ་དང་སེམས་དང་པོ་བསྐྱེད་པ་ནས་ས་དགུ་པའི་བར་གྱི་གནས་རྣམ་པ་གསུམ་སྣང་བར་བྱས་ཤིང་ཆོས་སྣང་བའི་སྒོ་དང་ཞི་བའི་ཏིང་ངེ་འཛིན་གྱི་སྒོའི་ཚུལ་དང་ཤེས་རབ་དང་ཐབས་མཁས་པའི་ཚུལ་དང་རིམ་པ་བཞིན་ཉེ་བར་སྒྲུབ་བོ། །དེ་ནི་སྐུའི་འགྲོ་དོན་ནོ། །གསུང་གི་སྒོ་ནས་རྨོངས་པའི་མུན་པ་ཞུགས་པ་འཁོར་བའི་སེམས་ཅན་དེ་ལ་ས་བཅུའི་བྱང་སེམས་དེཾ་ཡིཾས་ཆོས་ཀྱི་སྒོཾ་རྣམསཾ་དཔག་མེད་འབྱེདཾ་པརཾ་མཛད་པའི་སྒོ་ནས་ཆར་སྤྲིན་ལས་ཆུ་ཆར་འབེབས་པ་བཞིན་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་འགྲོ་དོན་དཔག་མེད་རྒྱུན་དུ་མཛད་པ་ཡིནཾ་ནོ། །དེའང་རྗེས་ཐོབ་ཏུ་འགྲོ་དོན་མཛད་ཚུལ་སངས་རྒྱས་དང་ཆ་འདྲ་བ་ཞིག་འདི་ལ་མངའ་བའི་ཕྱིར་རོ། །གཉིས་པ་དེ་ལ་བརྟེན་ནས་མི་གནས་པའི་མྱང་འདས་ཆོས་སྐུ་ཐོབ་ཚུལ་ལ་གཉིས། ཆོས་སྐུ་ཐོབ་ཚུལ་དངོས་དང་། དེ་ལ་བརྟེན་ནས་གཟུགས་སྐུའི་འགྲོ་དོན་མཛད་ཚུལ་ལོ། །དང་པོ་ནི། སྤང་རྟོགས་མཐར་མ་ཕྱིན་པའི་རྒྱུན་མཐའི་བྱང་སེམས་ལྷགཾ་བཅསཾ་ཀྱི་མྱངཾ་ངནཾ་ལས་འདསཾ་པཾ་རྣམསཾ་རྡོར་ཏིང་གི་དེ་མ་ཐག་ལྷགཾ་མེཾད་མྱཾ་ངནཾ་འདསཾ་པཾ་སངས་རྒྱས་ཆོས་སྐུ་ཐོབ་པར་འདོཾད་པ་ཡིན་ནོ། །སངས་རྒྱས་པའི་སྐབས་འདིརཾ་ནིཾ་རིགས་ཅན་གསུམ་གྱི་མྱཾ་ངནཾ་ལས་འདསཾ་པཾ་མཐར་ཐུག་ཉིདཾ་ཡིན་ཏེ་སངས་རྒྱས་ལས་གཞན་པའི་མྱང་འདས་མཐར་ཐུག་མེད་ཅིང་སངས་རྒྱས་པ་ན་སྒྲིབ་གཉིས་བག་ཆགས་དང་བཅས་པའི་དྲིཾ་མཾ་མེདཾ་པརཾ་རང་གི་སེམསཾ་ཀྱི་གནས་ལུགས་མངོན་དུ་གྱུརཾ་ཏེ་ཡེ་ཤེས་ལྔའི་གནས་གྱུར་མཐར་ཕྱིན་པའོཾ། །དེར་མ་ཟད་གཞན་ཡང་སེཾམས་ཅནཾ་ཀུནཾ་གྱིཾ་དངོསཾ་མེཾད་པའིཾ་སྟེ་རང་བཞིན་གནས་ལུགས་ཟབ་མོ་སྟོང་པ་ཉིད་ཀྱི་ངོཾ་བོཾ་དེཾ་ཡངཾ་ཆོས་ཀྱི་གནས་ལུགས་འཁོར་འདས་རོ་མཉམ་རྟོགས་པ་པོ་སངས་རྒྱས་དེའི་སྤྱོདཾ་ཡུལཾ་ཡིན་ཏེཾ་ཆོས་ཉིད་ཀྱང་ཐ་དད་མེད་ཅིང་སངས་རྒྱས་པ་ན་འཁོར་འདས་དབྱེར་མེད་ཡིན་པའི་ཕྱིར་རོ། །དེས་ན་སངས་རྒྱས་པ་ན་མ་དག་པའི་འཁོར་བ་ཞེས་བྱ་བ་རྡུལ་ཙམ་མེད་དེ། རྩ་ཤེར་ལས། དེ་བཞིན་གཤེགས་པའི་རང་བཞིན་གང་། །དེ་ནི་འགྲོ་བ་འདིའི་རང་བཞིན། །ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། གནས་ལུགས་དེཾ་མཐོཾང་བའི་ཚེ་བྱངཾ་ཆུཾབ་སེམསཾ་ཀྱི་དབཾང་པོ་སྟེ་སེམས་བསྐྱེད་ཀྱི་ནུས་པ་མ་ལུས་པ་མཐར་ཕྱིན་པ་ངོ་བོ་ཡེ་དག གདོད་ནས་དྲི་མ་གཤིས་ལ་མ་ཞུགས་པས་ཤིན་ཏུ་དྲི་མ་མེད་པའི་ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུ་དང་དབྱེར་མེད་པའི་ཚོགས་གཉིས་མཐར་ཕྱིན་འབྲས་བུ་གློ་བུར་གྱི་དྲི་མ་མེད་པའི་ཆོས་སྐུ་ས་གཞི་ལྟ་བུ་ལ། མཁྱེན་གཉིས་ཀྱི་ཡེ་ཤེས་རྒྱ་མཚོ་ལྟ་བུ་གནས་པར་གྱུར་ན། དེའི་ངང་ལས་རྒྱ་མཚོ་ལས་སྣ་ཚོགས་པའི་ནོར་བུ་མཐའ་དག་འབྱུང་བ་ཇི་ལྟ་བ་བཞིན་དུ། ཆོས་སྐུ་དེ་ལས་སྐད་ཅིག་ཀྱང་མ་གཡོས་བཞིན་དུ་ལོངས་སྤྱོད་རྫོགས་སྐུ་དང་། སྤྲུལ་པའི་སྐུས་དག་པ་དང་མ་དག་པའི་སེམས་ཅན་གྱི་དོན་རྟག་ཁྱབ་ལྷུན་གྲུབ་གྱི་ཚུལ་དུ་རབ་ཏུ་མཛད་དོ། །རྩ་བའི་གསུམ་པ་ལ་མཛད་བྱང་དང་། བསྒྱུར་བྱང་སྨོས་པ་ལ་གཉིས། དང་པོ་ནི། ཆོས་ཀྱི་དབྱིངས་སུ་བསྟོད་པ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།།  །།གཉིས་པ་ནི། རྒྱ་གར་མཁན་པོ་ཀྲྀ་ཀྞ་པཎྜི་ཏ་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།།  །།འདིར་སྨྲས་པ། རྨད་བྱུང་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི །བསྟན་དོན་མཐར་ཐུག་བདེ་གཤེགས་སྙིང་པོ་ནི། །རྒྱུ་ལ་བསམ་ན་རང་བཞིན་ལྷུན་གྱིས་གྲུབ། །མཐའ་ཡས་ཡོན་ཏན་ཚོགས་རྣམས་གནས་གྱུར་བཞེད། །རང་བཞིན་སྟོང་པ་མཁའ་ལྟར་ཟབ་པ་ལ། །རྒྱ་ཆེའི་ཡོན་ཏན་ཉི་ཟླའི་འོད་ལྟར་འཕྲོ། །དྲི་མའི་ཆུ་འཛིན་ཐབས་ཤེས་རླུང་ཤུགས་ཀྱིས། །མངོན་པར་གཏོར་ཙམ་འབྲས་བུ་མངོན་གྱུར་ཐོབ། །རྒྱལ་བའི་དགོངས་པ་མ་གྲོས་མཚོ་ཆེན་ལས། །བྱམས་མགོན་ཀླུ་སྒྲུབ་བཞེད་སྲོལ་ཁ་འབབ་རྒྱུན། །ཐ་དད་བྱུང་ཡང་ངེས་དོན་རྒྱ་མཚོ་རུ། །གཅིག་ཏུ་འཁྱིལ་བ་ལུང་རིགས་མུ་ཁྱུད་ཀྱིས། །ཟླུམ་པོར་བསྐོར་བ་མཁས་གྲུབ་ཡོངས་ཀྱིས་བཞེད། །རྣམ་དཔྱོད་མཁའ་ལྟར་ཡངས་པའི་ལྟོ་བ་རུ། །བདེན་གཉིས་རོ་གཅིག་སྙིང་པོའི་རྒྱ་མཚོ་འདི། །ཤོང་ན་སྲོལ་གཉིས་འགལ་མེད་རྟོགས་ཞེས་བྱ། །ཀླུ་སྒྲུབ་བདེ་གཤེགས་སྙིང་པོ་རིན་ཆེན་ཁམས། །དྲི་མ་སྦྱོང་བའི་གནས་གྱུར་མི་བཞེད་ཟེར། །བྱམས་ཆོས་བར་པ་སེམས་ཙམ་འདོད་པ་སོགས། །ཕྱོགས་རེའི་མིག་གིས་དོན་འདི་མཐོང་བ་མེད། །མངོན་རྟོགས་རྒྱན་དང་རིགས་པའི་ཚོགས་རྣམས་ཀྱིས། །བདེན་གཉིས་དབྱེར་མེད་སྤྲོས་བྲལ་མཁའ་ལྟར་བརྟན། །བར་པ་གསུམ་དང་གཏམ་ཚོགས་བསྟོད་ཚོགས་ཀྱིས། །ཚོགས་གཉིས་ཟུང་འཇུག་འདབ་གཤོག་ལྟ་བུར་བསྟན། །བསྟོད་ཚོགས་རྒྱུད་བླའི་སྐུ་གཉིས་ནོར་བུའི་ཁམས། །ཟུང་འཇུག་འབྲས་བུའི་ལྡོག་པ་གཙོ་བོར་སྟོན། །དེས་ན་ལམ་གྱི་ངོ་བོ་གཅིག་ཉིད་ལ། །གསལ་སྟོང་ལྡོག་པ་རྩལ་འདོན་ཙམ་དུ་ཟད། །སྟོང་རྐྱང་མཐར་ཐུག་ལྟ་བུ་ཀླུས་མི་བཞེད། །བྱམས་པའི་གཞུང་ལས་བདེན་གྲུབ་གསུངས་པ་མེད། །དེས་ན་སྣང་སྟོང་ཟུང་འཇུག་ཆོས་དབྱིངས་སུ། །གཟུང་འཛིན་འཁྲུལ་པ་ཞིག་ཙམ་གནས་འགྱུར་མཐུན། །དེ་ཙམ་མ་ཟད་དབུ་སེམས་རྣམ་གཉིས་ཀྱང་། །རྒྱ་ཆེན་ཐབས་ཀྱི་ཆ་ལ་འགལ་མི་སྲིད། །སེམས་ཙམ་ཆོས་བདག་རྩ་བ་མ་ཆོད་པ། །དབུ་མའི་རིག་པའི་མཚོན་གྱིས་དུམ་བུར་བཅད། །མདོར་ན་ལམ་སྟེགས་ལྷ་མིའི་ཐེག་པ་ནས། །འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་བར། །ཐབས་ཚུལ་མི་འདྲ་རྣམ་གྲངས་མཐའ་ཡས་ཀྱང་། །ཐབས་ཤེས་ཟབ་མོའི་རྩི་དང་མ་བྲལ་ན། །བཟོ་བོ་མཁས་པའི་ལག་ཆ་ཇི་བཞིན་དུ། །གང་ཡང་ཐབས་ཀྱི་གྲོགས་སུ་ངོ་བོ་གཅིག །གནད་འདི་རྟོགས་ན་རྒྱལ་བའི་དགོངས་པ་ཀུན། །འགལ་མེད་རྟོགས་པའི་ཐ་སྙད་ད་གདོད་ཐོབ། །ལྕགས་ལ་གསེར་འགྱུར་བཏབ་བཞིན་བར་ཐ་ཡི། །དགོངས་དོན་གཅིག་ཏུ་དྲིལ་ནས་སྙིང་པོའི་གཏམ། །བདེན་གཉིས་དབྱེར་མེད་ཟུང་འཇུག་འདུས་མ་བྱས། །ཟབ་རྒྱས་རིན་དང་ལྕིད་ཀྱིས་གཞལ་དཀའ་ཕྱིར། །གནས་ལུགས་སྒྲུབ་ན་རྟག་པའི་བདག་ཏུ་གོལ། །སྤྲོས་པ་གཅོད་ན་ཆད་པའི་མཐའ་ལ་ལྷུང་། །སྤྲོས་བྲལ་ཐ་སྙད་ཚིག་ཏུ་ཤོར་བ་དང་། །ཟུང་འཇུག་ཟེར་ཡང་གོ་ཡུལ་ཙམ་དུ་གྱུར། །འདི་དོན་བདག་དང་བདག་འདྲའི་ཡུལ་མ་ཡིན། །འོན་ཀྱང་མཁས་པའི་གསུང་རབ་གྲུ་གཟིང་ལ། །བརྟེན་ནས་དགོངས་དོན་ནོར་བུ་ལེན་འདོད་པའི། །བློ་ཙམ་བྱུང་བ་བླ་མའི་དྲིན་ལས་སོ། །སྤྲུལ་པའི་ལོ་པཎ་ཚོགས་ཀྱི་གསུང་རབ་ཕལ། །ནམ་མཁའི་འཇའ་ལྟར་རང་ཡལ་གྱུར་པའི་དུས། །གཞན་ལ་ཕན་པའི་བསམ་པ་མ་མཆིས་ཀྱང་། །རང་བློ་གོམ་ཕྱིར་ངལ་བ་བགྱིས་འདི་ཡང་། །གཞན་ཕན་སྣང་བ་ལ་སོགས་འདྲེན་པ་མཆོག །ཟག་མེད་ཐུགས་ཀྱི་དགོངས་པ་རྫོགས་ཕྱིར་དང་། །དམ་པའི་གསུང་གི་བདུད་རྩིའི་ཟེག་མ་དེ། །རང་བློའི་བཅུད་དུ་སྨིན་པ་ཉིད་ལས་བྱུང་། །སྲོལ་འབྱེད་ཟླ་མེད་ཐལ་འགྱུར་ལྷ་ལམ་དུ། །བདེན་གཉིས་དབྱེར་མེད་སྙིང་པོའི་དཀྱིལ་འཁོར་མཆོག །ལུང་རིག་དྲི་མ་མེད་པའི་རྟ་ལྗང་གིས། །དྲངས་ཕྱིར་འདི་ལ་ཉེས་པ་མེད་སྙམ་རློམས། །དེ་ལྟ་ན་ཡང་བྱིས་པའི་བློ་གྲོས་ཀྱིས། །ལྐོག་གྱུར་ཟབ་དོན་རྟོགས་པར་དཀའ་འོ་ཞེས། །རིགས་པའི་རྒྱལ་པོས་གསུང་ཕྱིར་ཉེས་ཚོགས་ཀུན། །གཟུར་གནས་མཁས་པའི་ཚོགས་ཀྱིས་བཟོད་པར་མཛོད། །ལེགས་བྱས་འདིས་མཚོན་རྣམ་དཀར་དགེ་བའི་སྤྲིན། །རྒྱལ་ཀུན་ཟག་མེད་ཐུགས་ཀྱི་མཁའ་འགེངས་ནས། །འབད་མེད་ལྷུན་གྲུབ་ཕྲིན་ལས་ཆར་རྒྱུན་གྱིས། །འགྲོ་ཀུན་སྐུ་གསུམ་འབྲས་བུ་མྱུར་སྨིན་ཤོག།  །།ཅེས་པའང་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་རབ་འབྱམས་གཞུང་ལུགས་འཆད་ཉན་གྱི་རྒྱུན་སྐྱོང་བ་ཁམས་བྱེའི་མཁན་ཁྲི་བདུན་པ་བློ་གྲོས་རྒྱ་མཚོས་སྦྱར་བ་སརྦ་དཱ་ཀ་ལྱ་ཎཾ་བྷ་ཝནྟུ།།   །། ༈ །བལ་ཡུལ་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གུ་རུས་སྤེལ།། །།

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号