ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-05  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

 ༼༢༠༤༽

པ་ལ་རྣམ་གྲངས་དུ་མས་སྨད་པས་་་་་་གནང་ངོ་ཞེས་བརྗོད་ན། ཡུལ་དུས་གང་ཟག་འགའ་ཞིག་ལ་་་་་་རྐང་ཁྲུས་ཀྱི་གཞི་ལ་སོགས་པ་བྱ་བར། གནང་ཡང་གང་ཟག་ཐམས་ཅད་ལ་གནང་བ་མ་ཡིན་ནམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་སྒྲུབ་ཚིག་ཏུ་བསྟན་ནོ། །ཆོལ་ཟངས་ས་་་་་་ཕྲན་ཚེགས་འགྲེལ་ལས་ཆོལ་ཟངས་ནི་རྐང་ཁྲུས་ཀྱི་སྣོད་ཀྱི་མིང་ངོ་ཞེས་བཤད་ཀྱང་ཊཱི་ཀ་ལས་ཆོལ་ཟངས་ནི་རྐང་ལག་བཀྲུ་བའི་སྣོད་དོ་ཞེས་སོ། །ལས་བྱས་པ་མི་བྱ་ཞེས་པ་ལ་་་་་་ཊཱི་ཀ་ལས་གཞན་འདོད་བཀོད་པ་ལས། འགྲེལ་པ་བྱེད་པ་ཁ་ཅིག་ན་རེ། ས་ལས་བྱས་པ་ཞེས་གཉིས་པའི་སྒྲ་སྨོས་པས་ཟངས་ལ་སོགས་པ་ཡང་བཀག་པར་ཤེས་སོ་ཟེར་རོ། །དེ་ལ་དགག་པའི་ཊཱི་ཀ་ལས་འདི་ལྟར་བཤད་དེ། འོ་ན་ཤིང་ལ་སོགས་པ་ཡང་བཀག་པར་ཐལ་བར་འགྱུར་རོ། །འདོད་ན་ས་ཁོ་ན་ལས་བྱས་པ་ཞེས་སྨོས་པར་རིགས་པ་ལས་མ་སྨོས་པ་དང་འགལ། རིན་པོ་ཆེ་བདག་གིར་བྱ་བའི་ཤན་བསྲེ་བར་མི་བྱ་ཞེས་་་་་་ཆོལ་ཟངས། གསེར་ལ་སོགས་པ་དམིགས་ཀྱིས་བཀར་ཏེ་བཀག་པའི་ཚིག་གིས་ནི་ཟངས་ལ་སོགས་པ་རུང་བར་ཤེས་སོ་ཞེས་ཊཱི་ཀ་ལས་བཤད།་་་་་ཞེས་པ་གཉིས་པའི་སྒྲ་ཡིན་ཞིང་། ལས་ཞེས་པ་ལྔ་པའི་སྒྲ་ཡིན་ཡང་ས་ལས་བྱས་པ་ཞེས་པ་འདི་ཊཱི་ཀ་ལས་གཉིས་པའི་སྒྲར་བྱས་པ་འགལ་སྙམ་ན་ལ་ཞེས་པ་གཉིས་པའི་སྒྲ་རྒྱ་དཔེའི་དཔེ་མདོ་རྩ་བ་ན་ཡོད་ཀྱང་ལས་ཞེས་པ་ལྔ་པའི་སྒྲ་འདི་ནི་བོད་ཀྱི་མདོ་རྩ་བ་འདིར་ལོ་ཙྪ་བས་གཉིས་པའི་སྒྲ་དེ་ལྔ་པའི་སྒྲར་བསྒྱུར་ཏེ་དོན་འགྱུར་བྱས་པར་སྣང་ངོ་། །ལྕིའམ་འཇིམ་པའི་བྱུག་པ་བསྐུ་བ་དེའི།་་་་་དབྱིབས་མདུང་རྩེའི་རྣམ་པ་ལྟ་བུ་ཟུར་གསུམ་པའམ། རྫ་རྔའི་རྣམ་པ་ལྟ་བུ་ཁ་ཞབས་ཅུང་ཟད་ཞུམ་པ་རྐེད་པ་སྦོམ་པ་སྟེ་སྒོ་ངའི་རྩེ་གཉིས་བཅད་པ་བཞིན་ནོ། །དབྱིབས་དེ་ལྟར་བྱ་བ་་་་་་ནི་ལུང་གླེང་གཞི་ལས། ཟླ་བ་དང་ཉི་མ་ལ་སོགས་པ་ནི་ལྷར་ལ་འཛིན་ཏོ་ཞེས་ཟེར་བའི་ཚིག་གི་སྐབས་མེད་པའི་ཕྱིར་རོ། །རུང་ཞིང་ཚད་དང་ལྡན་པའི་ལྷུང་བཟེད་མེད་པར་རབ་བྱུང་དང་བསྙེན་རྫོགས་མི་བྱའོ། །འོ་ན་དགེ་སློང་གི་ལྷུང་བཟེད་ཀྱི་ཚད་གང་ཞེ་ན། ལྷུང་བཟེད་ཀྱི་ཁའི་ཆའི་མཐའ་འམ་མུ་ཁོ་ན་ནས་མཐེ་བོའི་ལྟོ་གང་མཐེ་བོའི་སོར་གཅིག་སྟེ་མཐེ་བོའི་ཞེང་ཚད་ཟས་མ་བླུག་པར་སྟོང་པར་བཞག་པའི་ནང་གི་ལྷག་མར་འབྲས་ཆན་དང་ཚོད་མའི་ཚད་་་་་་འོག་ནས་འཆད་པར་འགྱུར་བ། འདི་ཙམ་

༼༢༠༥༽

ཞིག་ཤོང་བ་དེ་ནི་ཊཱི་ཀ་ལས་རིགས་པ་ཡིན་ཏེ་བྱིན་གྱིས་བརླབ་ཏུ་རུང་བ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་སོ། །དེའང་དགེ་སློང་གི་ལྷུང་བཟེད་ཆུང་ཚད་ནི། འབྲས་ཐུག་པོ་ཆེ་ཡུལ་མ་ག་ངྷའི་བྲེའུ་ཆུང་གང་ལ་་་་་་བོད་ཀྱི་བདུན་ཕུལ་དོ་དང་ཁྱོར་གང་ཡོད་དོ་ཞེས་ཊཱི་ཀ་ལས་ཏེ་གོ་སླ་བར་བྱས་ན། བོད་ཀྱི་བྲེའི་དྲུག་ཕུལ་དོའོ། །དེ་བཙོས་པས་འབྲས་ཆན་བྲེ་གང་སྟེ། བམ་པོ་ལྔ་བཅུ་པ་ལས། འབྲས་ཐུག་པོ་ཆེ་ཆན་དུ་བཅོས་ནས་སུམ་འགྱུར་དུ་བརྩིའོ་ཞེས་སོ། །ཚོད་མ་འབྲས་ཆན་གྱི་སུམ་ཆ་ཡིན་ཞེས་འགྲེལ་ཆུང་ནས་བཤད་ཅེས་གསུང་་་་་་དེང་སང་ནི་དེ་མི་སྣང་སྟེ་ཡི་གེ་ཆད་དམ། བས་སྲན་ཚོད་དང་བཅས་ཚོད་མ་དང་བཅས་པ་ལ་ཕུལ་དོའོ། །མཐེ་བོའི་ལྟོ་གང་སྟོང་པར་བཞག་པ་དེར་ཕུལ་གང་ཤོང་བ། ཁད་ཆད་བཀང་ན་ནང་དུ་ཕུལ་དགུ་ཤོང་བ་དེ་ནི་རིགས་པ་ཡིན་ནོ། །ཞེས་སྦྱར་རོ། །དགེ་སློང་གི་ལྷུང་བཟེད་ཆེན་པོའི་ཚད་ནི། བྲེའུ་ཆུང་གང་ལྷག་པ་ནས་དོའི་བར་ཞེས་པས། འབྲས་ཐུག་པོ་ཆེ་མ་ག་ངྷའི་བྲེའུ་ཆུང་དོ་ལ་བོད་ཀྱི་དྲུག་ཕུལ་བཞིའོ། །དེ་བཙོས་པས་སུམ་འགྱུར་དུ་འཕེལ་བས་འབྲས་ཆན་བྲེ་དོའོ། །ཚོད་མ་འབྲས་ཆན་གྱི་སུམ་ཆ་སྟེ་ཕུལ་བཞིའོ། །མཐེ་བོའི་ལྟོ་གང་སྟོང་པར་བཞག་པ་དེར་ཕུལ་དོ་ཤོང་བ་སྟེ། ཁད་ཆད་དུ་བཀང་ན་ནང་དུ་ཕུལ་བཅོ་བརྒྱད་ཤོང་བ་དེ་ནི་རིགས་པ་ཡིན་ནོ་ཞེས་སྦྱར་རོ། །དགེ་སློང་གི་ལྷུང་བཟེད་འབྲིང་ཚད་ནི། བྲེའུ་ཆུང་གང་ལྷག་པ་ནས་དོའི་བར་ཞེས་པས། མ་ག་ངྷའི་བྲེའུ་ཆུང་གང་དང་དོའི་བར་ནི་བྲེའུ་ཆུང་ཕྱེད་དང་དོ་སྟེ། དེ་ལ་བོད་ཀྱི་དྲུག་ཕུལ་གསུམ་མོ། །དེ་བཙོས་པས་སུམ་འགྱུར་དུ་བརྩི་བ་དང་ཚོད་མ་འབྲས་ཆན་གྱི་སུམ་ཆར་བརྩི་བ་སྔ་མ་བཞིན་ཏེ། མཐེ་བོའི་ལྟོ་གང་སྟོང་པར་བཞག་པ་དེར་ཕུལ་ཕྱེད་དང་དོ་ཤོང་བ་སྟེ། ཁད་ཆད་དུ་བཀང་ན་ཕུལ་ཕྱེད་དང་བཅུ་བཞི་ཤོང་བ་དེ་ནི་རིགས་པ་ཡིན་ནོ་ཞེས་སྦྱར་རོ། །དེར་མ་ཟད་ཕུལ་བཅོ་ལྔའམ་བཅུ་གསུམ་ཤོང་བ་ལ་སོགས་པ་ཡང་འབྲིང་ཚད་དུ་བཟུང་སྟེ། རྣམ་འབྱེད་འགྲེལ་ལས། ལྷུང་བཟེད་འབྲིང་ཚད་ནི་དེ་གཉིས་ཀྱི་བར་གང་ཡང་རུང་བ་ཤོང་བའོ་ཞེས་བཤད་དོ། །མཐེ་བོའི་ལྟོ་གང་ཞེས་པ་འདི་ལ། གངས་ཅན་འདི་

༼༢༠༦༽

ན་འདུལ་འཛིན་ཕལ་ཆེར་རྣམས། །མཐེ་བོའི་ལྟོ་གང་སྲིད་དུ་འཇལ་ཞེས་གྲག །དེ་ལྟར་མིན་ཏེ་སྒྲུབ་བྱེད་་་་་་གཞུང་གཏན་ནས་མེད་ཕྱིར་དང་། །འདུལ་བའི་གཞུང་ལུགས་དྲུག་དང་འགལ་ཕྱིར་རོ། །དེ་ལྟར་མཐེ་བོའི་ལྟོ་གང་སྲིད་དུ་བརྩི་ན་ནི་ཞེང་དུ་བརྩི་བའི་གཞུང་དྲུག་དང་འགལ་ཏེ། དེ་ཡང་གོས་གཞིའི་ཊཱི་ཀ་ལས། མཐེ་་་་་་མཐེ་བོ་སོར་གཅིག་གོ་ཞེས་པ་ནི་མཐེ་བོའི་ལྟོ་གང་ངོ་ཞེས་ལུང་ལས་གསུངས་སོ་ཞེས་སོ། །བོའི་སོར་གཅིག་དང་མཐེ་བོའི་ལྟོ་གང་གཅིག་པར་བཤད་པ་དང་། འགྲེལ་ཆུང་གི་མདོ་རྩ་བ་ཉིད་ལས། ཁའི་ཆའི་མཐའི་མཐའ་ནས་མཐེ་བོའི་སོར་གཅིག་གིས་ལྷག་མར་ཞེས་པ་དང་། གཞི་འགྲེལ་ལས། མཐེ་བོའི་ལྟོ་གང་ཞེས་བྱ་བ་ནི་མཐེ་བོའི་སོར་གཅིག་སྟེ་ཞེས་པ་དང་། རྣམ་འབྱེད་འགྲེལ་ལས། མཐེ་བོའི་ལྟོ་གང་ཞེས་བྱ་སྟེ་མཐེ་བོང་གི་ཞེང་ཚད་ཀྱི་སོར་གཅིག་གི་ཚད་དོ་ཞེས་པ་དང་། བམ་པོ་ལྔ་བཅུ་པ་དང་གཞུང་འགྲེལ་ལས་ཀྱང་། མཐེ་བོའི་ལྟོ་གང་མཐེ་བོའི་ཞིང་ལ་བརྩི་བར་བཤད་དོ། །སྲན་ཚོད་དང་བཅས་ཚོད་མ་དང་བཅས་ཞེས་གཉིས་སུ་གསུངས་པ་ནི་ཚོད་མའི་བྱེ་བྲག་དང་། ཚོད་མ་སྤྱི་ཙམ་སྟེ་རྣམ་པ་གཉིས་སུ་བསྟན་པའི་ཕྱིར་རོ། །རྣམ་་་་་་བཤད་པའི་རྣམ་གྲངས་གཞན་ཡང་། འབྱེད་འགྲེལ་ལས། སྲན་ཚོད་དང་བཅས་པ་ནི་གཤེར་ཚོད་དང་བཅས་པའོ། །ཚོད་མ་དང་བཅས་པ་ནི། ཚོད་ཤོལ་ལ་སོགས་པ་སྔོ་ཚོད་ཀྱི་བྱན་དང་བཅས་པའོ། །ཞེས་གཤེར་ཚོད་དང་སྐམ་ཚོད་གཉིས་སུ་བསྟན་ཏོ། །དགེ་སློང་མའི་ལྷུང་བཟེད་ཆེན་པོའི་ཚད་དགེ་སློང་གི་ལྷུང་བཟེད་ཆུང་ངུའོ། །དེ་ལས་ཚད་ལྷག་པ་མི་བཅང་ངོ་། །སྐབས་འདིར་ཊཱི་ཀ་ལས། དགེ་སློང་མ་རྣམས་ཀྱི་ལྷུང་བཟེད་ཆུང་ངུ་ནི་འགྲངས་པ་ཙམ་ཤོང་བ་ཡིན་ནོ། །འབྲིང་ནི་དེ་གཉིས་ཀྱི་བར་ཡིན་ཞེས་སོ། །ལུང་དགེ་སློང་མའི་རྣམ་འབྱེད་ལས། ལྷུང་བཟེད་ཆེན་པོ་ནི་ཡུལ་མ་ག་ངྷའི་བྲེའུ་ཆུང་གང་ངོ་། །ཆུང་ངུ་ནི་བྲེའུ་ཆུང་ཕྱེད་དོ། །དེའི་བར་ནི་བར་མའོ་ཞེས་བཤད་ཀྱང་། དེ་ནི་འབྲས་སྐམ་པོའི་ཚད་བཤད་པའོ། །དགེ་སློང་མའི་ལྷུང་བཟེད་ཆེན་པོ་ནི་མཐེ་བོའི་ལྟོ་གང་གིས་ལྷག་མར་འབྲས་སྐམ་པོ་བྲེའུ་ཆུང་གང་བཅོས་པ་ཚོད་མ་དང་བཅས་པ་ཤོང་བའོ་དང་། ཆུང་ངུ་ནི་བྲེའུ་ཆུང་ཕྱེད་བཅོས་པ་ཚོད་མ་

༼༢༠༧༽

དང་བཅས་པ་ཤོང་བའོ། །དེ་ལྟར་དགེ་སློང་མའི་ལྷུང་བཟེད་ཀྱི་ཚད་ཆུང་བར་འཇོག་པའི་རྒྱུ་མཚན་ནི་བུད་མེད་ཕལ་ཆེར་བསོད་ནམས་ཀྱི་འདུ་བའི་སྒོ་ཆུང་བའི་ཕྱིར་རོ་ཞེས་གསུང་ངོ་། །དགེ་སློང་གི་ལྷུང་བཟེད་ཀྱི་གཞི་ལྕགས་སྒོར་བྱར་རུང་དགེ་སློང་མ་དེས་ལྷུང་བཟེད་དེའི་འོག་གཞིར་ཞ་ཉེའི་དབྱར་འདབ་གཞག་གོ་་་་་དགེ་སློང་མའི་ལྷུང་བཟེད་ཀྱི་གཞི་གདུ་བུ་ལག་བསྐོར་བྱས་པ་ལས་བཅས་ཞེས་འགྲེལ་ཆུང་ལས་བཤད་དོ། །གླེང་གཞི་དེ་ལུང་ན་མི་སྣང་ངོ་། །འདི་ལ་རང་གི་རྣམ་བཤད་དང་ཊཱི་ཀ་ལས། སའི་ཕྱོགས་གང་དུ་ལྷུང་བཟེད་བཞག་པའི་འོག་གཞི་དེར་ཞ་ཉེའི་དབྱར་འདབ་བཞག་ཅེས་བཤད་ཀྱང་། ལུང་ཕྲན་ཚེགས་ལས། ལྷུང་བཟེད་ལ་ཞ་ཉེའི་དབྱར་འདབ་ཀྱིས་གླན་པར་བྱའོ། །ཞེས་གསུངས་ལ། འགྲེལ་ཆུང་ལས་ཀྱང་རོ་ཉེ་ལ་གླེབས་ཏེ་ལྷུང་བཟེད་ཀྱི་ཞབས་ཉིད་ལ་གླན་ཞེས་བཤད་དོ། །བྱང་ཆུབ་དང་པ་ཏ་ལའི་ལོ་མ་ནི་མིང་ཐ་དད་ཀྱང་ངོ་བོ་གཅིག་ཏུ་གཞུང་གསུམ་ལས་བཤད་དེ། དེ་ཡང་ལུང་ཕྲན་ཚེགས་ཀྱི་ཞ་ཉེའི་དབྱར་འདབ་འདི་ཉིད་ཀྱི་སྐབས་ལས། ལྷུང་་་་་་དགེ་སློང་མའི། བཟེད་ཀྱི་ཞབས་ཀྱི་ལྷན་པ་གཉིས་ཏེ། ཞ་ཉེའི་དབྱར་འདབ་་་་་་བྱང་ཆུབ་ཀྱི་ཤིང་གི་ལོ་མ་འདྲ་བ་དང་། ལག་མཐིལ་འདྲ་བས་དཀྲི་བར་བྱའོ་ཞེས་གསུངས་ཤིང་། ཕྲན་ཚེགས་འགྲེལ་ལས་ཀྱང་། བྱང་ཆུབ་ཤིང་གི་ལོ་མ་འདྲ་བ་ནི་གཅིག་ཡིན་ནོ། །ལག་མཐིལ་གྱི་རྣམ་པ་ལྟ་བུ་སྟེ་ཟུར་བཞི་པ་ལྟ་བུ་ནི་གཉིས་པ་ཡིན་ནོ། །ཞེས་སོ། །འགྲེལ་ཆུང་གི་མདོ་རྩ་ཉིད་ལས་ཀྱང་བྱང་ཆུབ་ཀྱི་ཤིང་་་་་་ཞེས་བྱང་ཆུབ་ཀྱི་ཤིང་དེ་ཉིད་ཤིང་ས་ལ་ཡིན་པར་བཤད་དོ། །པ་ལ་ཏའི་ལོ་མའམ་ལག་མཐིལ་འདྲ་བའོ་ཞེས་སོ། །དབྱར་དག་ནི་མཚོན་པ་སྟེ་དབྱར་དགུན་སྟོན་དཔྱིད་ཐམས་ཅད་དུ་ལྷུང་བཟེད་མེད་དུ་མི་རུང་སྟེ། ཆོས་གོས་ལ་སོགས་པ་བཞིན་ནོ། །དབྱར་དག་ཅེས་མཚོན་པའི་རྒྱུ་མཚན་ནི་་་་་་དབྱར་ཚུལ་ནང་དུ་བསོད་སྙོམས་ལ་མི་འགྲོ་བས། བསོད་སྙོམས་སློང་བའི་སྣོད་ལྷུང་བཟེད་མེད་ཀྱང་རུང་སྙམ་དུ་དོགས་པ་བསལ་བ་སྟེ། ལུང་ཕྲན་ཚེགས་ལས་དཔེར་ན་འདབ་ཆགས་བྱ་གང་དང་གང་དུ་ལྡིང་བ་

༼༢༠༨༽

དེར་འདབ་མ་དང་བཅས་གཤོག་པ་དང་བཅས་ལྡིང་བ་དེ་བཞིན་དུ་དགེ་སློང་གང་དང་གང་དུ་འགྲོ་བ་དེར་ལྷུང་བཟེད་དང་བཅས་ཆོས་གོས་དང་བཅས་ནས་འགྲོ་བ་ཡིན་ནོ་ཞེས་གསུང་ངོ་། །དེས་ན་ལྷུང་བཟེད་དང་བྲལ་ན་ཉེས་བྱས་སོ་ཞེས་ཁ་ཅིག་འཆད་པ། འགྲེལ་ཆུང་ལས། དབྱར་ཚུལ་དུ་ཞུགས་པའི་ཚེ་ཡུལ་རྒྱུ་བ་མི་སྤྱོད་ཅེས་ཏེ་ལྷུང་བཟེད་མེད་དུ་མི་རུང་ཞེས་སོ། །སྐབས་འདིའི་འགྲེལ་ཆུང་ལས། ལྷུང་བཟེད་དང་འབྲལ་དུའང་མི་རུང་ངོ་ཞེས་པ་ནི་མི་རིགས་ཏེ། གདིང་བ་དང་བྲལ་བ་ལ་ནི་ཉེས་པ་མེད་དོ། །ཞེས་གསུངས་པ་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ལྷུང་བཟེད་ཆུང་ངུ་ནི་ཚད་དུ་མ་ཆོག་པས་བྱིན་རླབས་མི་ཆགས་ཀྱང་སེམས་ཀྱིས་བརྟག་པ་སྨན་ཕོར་གྱིས་ཡོངས་སུ་སྤྱད་པས་འཆང་དུ་གནང་བའོ། །མདོག་དབྱིབས་ལྷུང་བཟེད་དང་འདྲ་བ་སྟེ། རྣམ་འབྱེད་ལས། ལྷུང་བཟེད་ཆུང་ངུ་ཡང་གསལ་བ་ཟླུམ་པ་ལོངས་སྤྱད་བཟོད་པ་ཡིན་ནོ། །ཞེས་སོ། །ལྷུང་བཟེད་བཙལ་ཏེ་མ་རྙེད་ན། ཊཱི་ཀ་ལས་ལྷུང་བཟེད་མེད་ན་རབ་ཏུ་དབྱུང་བར་བྱའི་བསྙེན་པར་རྫོགས་པར་ནི་མི་བྱའོ་ཞེས་བཤད་དེ། སྔ་མ་་་་་་ལྷུང་བཟེད་མེད་ཀྱང་ཉེས་མེད་འཆགས་ལ་ཕྱི་མ་ཉེས་བཅས་འཆགས་པའོ། །ལུང་གླེང་གཞི་ལས་ལྷུང་བཟེད་འཚོལ་ལ་གདོང་རབ་ཏུ་ཕྱུང་ཞིག གལ་ཏེ་མ་འབྱོར་ན་བདག་གིས་ལྷུང་བཟེད་ཆུང་དུ་བྱིན་ཅིག་ཅེས་བཤད་ཅིང་། བསྡུས་པ་ལས་ཀྱང་། ལྷུང་བཟེད་མེད་པར་དགེ་ཚུལ་མི་བྱའོ། །ཡང་ན་ལྷུང་བཟེད་ཆུང་ངུའམ་ཁ་ཕོར་དག་སྦྱིན་པར་བྱའོ་ཞེས་བཤད་ཀྱང་། དེའི་རྗེས་སུ་མི་འབྲང་སྟེ་འདི་ཉིད་ལས། ཆུང་ངུ་དང་ཆེན་པོ་དང་སྐྱབས་ཀྱང་ཞེས་པ་དང་། མེད་ན་རབ་ཏུ་དབྱུང་ཞེས་པའི་གཞུང་འདི་གཙོ་བོར་གཟུང་གི གཞུང་་་་་་ལུང་གླེང་གཞི་ཡང་། དམ་པ་ཁ་ཆེའི་དགེ་སློང་གི་བློ་ནས་བྲིས་པ་ཡིན་པས་མདོ་རྩ་བ་དང་མི་མཐུན་ན་གཙོ་བོར་མི་གཟུང་ངོ་། །གར་བབ་བབ་ཅེས་པ་དང་། དེར་མི་བཞག་ཅེས་པ་ནི་གར་བབ་བབ་སྲང་བར་རམ་ཁྱམས་ལ་སོགས་པ་མ་བཤམས་པའི་ཕྱོགས་དག་ཏུ་ལྷུང་བཟེད་རེ་ཞིག་ཀྱང་བཞག་པ་མ་ཡིན་ནོ་ཞེས་ཊཱི་ཀ་ལས་བཤད་པ་དེ་ལེགས་ཏེ། འདི་ནི་ལུང་ཕྲན་ཚེགས་ལས། དགེ་སློང་ཞིག་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ན་ཆོས་གོས་ནར་ནས་ལྷུང་

༼༢༠༩༽

བཟེད་ས་ལ་བཞག་ནས་གོས་ཚགས་བྱས་པ་དང་། དེ་བྲམ་ཟེ་རྣམས་ཀྱིས་མཐོང་ནས་ལྷུང་བཟེད་གར་བབ་ཏུ་འཇོག་གོ་ཞེས་འཕྱ་བར་བྱེད་ནས། ལྷུང་བཟེད་གར་བབ་བབ་ཏུ་བཞག་པར་མི་བྱའོ། །ཞེས་གསུངས་སོ། །གར་་་་་་གནས་ཁང་དུ་མཛོད་ལ་སོགས་པར་ཡུན་རིང་དུ་འཇོག་པ་ན། བབ་བབ་དེར་ལྷུང་བཟེད་གཏན་དུ་མི་བཞག་གོ །ཞེས་ཊཱི་ཀ་ལས་བཤད་པ་དེ་ལེགས་སོ།་་་་་རང་གི་རྣམ་བཤད་ལས་གཏན་དུ་བཞག་པའི་ཕྱིར་དགག་པ་ཡིན་ཞེས་པ་དང་འགྲེལ་ཆུང་ལས་དེ་དག་ཏུ་རིང་དུ་མི་བཞག་ཅེས་བཤད་དོ། །ལུང་ཕྲན་ཚེགས་ལས། གནས་ཁང་དུ་ལྷུང་བཟེད་བབ་ཅོལ་དུ་བཞག་པས་ལྷུང་བཟེད་མ་རུངས་པར་གྱུར་ནས་ལྷུང་བཟེད་གར་བབ་བབ་ཏུ་བཞག་པར་མི་བྱའོ། །ལྷུང་བཟེད་བཞག་པ་དེའི་ཆེད་དུ་ངོས་ཁུང་བུ་ག་བྱས་ལ་དེར་བཞག་པར་བྱའོ་ཞེས་གསུངས་སོ། །ལྷུང་་་་་་ལྷུང་བཟེད་དང་ཆོས་གོས་གཉིས་ལ་ལྟོས་ནས་ཚིག་འདིའོ་ཞེས་རང་གི་རྣམ་བཤད་ལས་བཤད་ཅིང་ཊཱི་ཀ་ལས་ཀྱང་ལྷུང་བཟེད་དང་ཆོས་གོས་གཉིས་ཀའི་བཅོས་ལེགས་པར་བྱས་པ་ཡལ་བར་མི་འདོར་བར་བཤད་དོ། །ལྷུང་བཟེད་ཁོ་ནའི་བཅོས་ལེགས་བྱ་བར་འཆད་པ་མང་སྟེ་གཞུང་གི་འབྲུ་སྣོན་ཆེད་ཁོ་ན་བྱས་པར་ཟད་དོ། །གནས་ཁང་དུ་ལྷུང་བཟེད་གར་བབ་ཏུ་བཞག་པར་མི་བྱའོ། །བཟེད་དང་ཆོས་གོས་བཅོས་ལེགས་བྱས་པ་ཡལ་བར་མི་འདོར་རོ་ཞེས་རང་གི་རྣམ་བཤད་དང་ཊཱི་ཀས་བཤད་དོ། །གལ་ཏེ་དབྱར་བྱུང་ན། ལྷུང་བཟེད་དེའི་བྱ་བ་བསོད་སྙོམས་བླང་བ་དང་བཟའ་བ་འཛིན་པ་གཉིས་པོ་དེའི་བར་དུ་བསྐུ་བ་དང་རྩུབ་ཁྲུས་བྱ་སྟེ། ཟན་ཟོས་པའི་འོག་ཏུ་ལྷུང་བཟེད་ལ་སྣུམ་གྱིས་བསྐུ་ཞིང་སྣུམ་པ་དང་། བཅས་པ་བཞིན་དུ་མཚན་ཐོག་ཐག་བཞག་པར་བྱ་བ་དང་། ཕྱི་དེ་ཉིན་པར་བསོད་སྙོམས་ལ་འགྲོ་བའི་ཚེ་ལྕི་སྐམ་ལ་སོགས་པས་རྩུབ་ཁྲུས་བྱ་བ་ཉིད་ཀྱིས་ལེགས་པར་བཅོས་པ་ཉིད་བྱའོ། །ཕྱག་དར་དང་ཆག་ཆག་བྱའོ་ཞེས་པ་གཞུང་དུ་བཀོད་པའི་གོ་རིམ་སྟེ། ལག་ལེན་བྱ་བའི་གོ་རིམ་ནི། ཆག་ཆག་བཏབ་པའི་འོག་ཏུ་འཕྱག་གོ་ཞེས་འོག་ནས་འབྱུང་ངོ་། །ལོ་ཚིགས་མི་ཤེས་ན་མཚན་གྱི་

༼༢༡༠༽

ཉེ་འཁོར་དུ་སྤུ་སྐྱེས་པ་དེ་ལ་དགེ་སློང་གི་སྡོམ་པ་སྦྱིན་དུ་རུང་བ་ཡིན་གྱི། སྡོམ་པ་སྐྱེ་མི་སྐྱེ་ནི་དོན་གྱི་རྗེས་སུ་འབྲང་ངོ་། །བསྡུས་པ་ལས། ན་ཚོད་རྫོགས་པ་ནི་ལོ་ཉི་ཤུ་ལོན་པའོ། །རྟེན་རྫོགས་པ་ནི་བྱིས་པའི་བོངས་ཚོད་ལྟ་བུ་མ་ཡིན་ལ་བུས་པའི་སྐད་ལྟ་བུ་ཡང་མ་ཡིན་པ་དང་། འདོམས་དང་མཆན་ཁུང་ལ་སོགས་པར་སྤུ་སྐྱེས་པ་དང་། ཡོངས་སུ་་་་་་བསམ་པ་ཡོངས་སུ་རྫོགས་པ། སྨིན་པ་བུས་པ་ལྟ་བུའི་བློ་མ་ཡིན་པའོ། །རྟེན་རྫོགས་ཀྱང་ན་ཚོད་མ་རྫོགས་པ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ་ཞེས་མཚན་གྱི་ཉེ་འཁོར་དུ་སྤུ་སྐྱེས་ཀྱང་ན་ཚོད་མ་རྫོགས་པ་བསྙེན་རྫོགས་བྱེད་ན་ལྟུང་བྱེད་དུ་བཤད་པ་དེ་དང་གཞུང་འདི་ནས་མཚན་གྱི་ཉེ་འཁོར་དུ་སྤུ་སྐྱེས་པ་བསྙེན་པར་རྫོགས་པར་ཁས་བླང་ཞེས་བཤད་པ་དང་འགལ་ཞེ་ན། ལྟུང་བྱེད་དུ་བཤད་པ་དེ་ནི་ལོ་ཚིགས་ཤེས་པའི་དབང་དུ་བྱས་པ་ཡིན་པས་གཞུང་འདི་དང་འགལ་བ་མེད་དོ། །བསྙེན་པར་རྫོགས་པར་འདོད་པ་ནི་འགྲེལ་ཆུང་ལས། ཞག་ལྔ་དྲུག་ཚུན་ཆད་དུ་བསྙེན་པར་རྫོགས་པར་བྱེད་པ་ཞིག་ན་ཤིང་ལ་འཇོག་ཏུ་མི་གཞུག་ཅེས་བཤད་ཀྱང་། ཞག་ལྔ་དྲུག་གི་ངེས་པ་མེད་དེ། དེ་བས་དུས་མྱུར་བ་ན་བསྙེན་རྫོགས་བྱེད་ཅིང་དེའི་ཚེ་ན་བསྙེན་རྫོགས་འདོད་པ་མ་ཡིན་པ་ཡོད་ལ། དེ་བས་དུས་རིང་བ་ན་བསྙེན་རྫོགས་བྱེད་ཅིང་དེའི་ཚེ་ན་བསྙེན་རྫོགས་འདོད་པ་ཡིན་པ་ཡང་ཡོད་པའི་ཕྱིར་རོ། །འདི་ནི་ཞག་མང་རུང་ཉུང་རུང་སྟེ་བདག་བསྙེན་པར་རྫོགས་པར་བྱེད་ཅེས་ཆེད་དུ་གཉེར་ཏེ་ཞུས་པ་ནས་བརྗོད་པ་ཐ་མ་ཕལ་ཆེར་བྱས་པ་ཡན་ཆད་དོ། །མཚམས་ཀྱི་ཕྱི་རོལ་ནི།་་་་་དངོས་པོ་མཚམས་གཞན་དང་བདག་པོ་མཚམས་གཞན་ལ་སོགས་པ་ལྟོས་པ་མ་ཡིན་གྱི། མཐོང་བའི་སྤྱོད་ཡུལ་ལས་འདས་པའོ།་་་་་ལས་ཀྱི་གནས་སུ་འདུས་ནས་ཕྱི་རོལ་དེར་མི་བཏང་བ་ཡིན་གྱི་དེའི་སྔ་རོལ་ནས་དེ་མི་བཏང་བ་ནི་མ་ཡིན་ནོ། །ཐལ་མོ་སྦྱར་ཏེ་བཞག་པར་བྱའོ། །ཞེས་གཞི་འགྲེལ་ལས། དེ་ལྟ་བུའི་སྤྱོད་ལམ་གྱིས། འགྲེང་སྟེ་འདུན་པ་དང་བཅས་པར་བཞག་པར་བྱའོ། །དེ་ནི་སེམས་དང་བསྐྱེད་པར་བྱ་བའི་ཕྱིར་ཞེས་སོ། །གང་ན་གནས་མེད་པ་དེར་ཞེས་པ་ལ་སོགས་པ་འདིའི་སྤྱི་དོན་ལ་གཉིས་ཏེ།

༼༢༡༡༽

ཉེས་བྱས་ཀྱི་དབྱེ་བ་དང་། དབྱེ་བ་ལ་འཁྲུལ་བ་སྤང་བའོ། །དང་པོ་ནི་སྐབས་འདིར་ནི་ཉེས་བྱས་སུམ་ཅུ་རྩ་གསུམ་སྟེ། ཉེས་བྱས་ལྔ་ཚན་ལྔ་དང་བཞི་ཚན་གཉིས་སོ། །དེ་དག་ཀྱང་སྐབས་འདི་ནས་དངོས་སུ་བསྟན་པ་དང་སྐབས་འདི་དང་འབྲེལ་བའི་ཉེས་བྱས་ཅི་རིགས་པའོ།་་་་་གསོ་སྦྱོང་མ་བྱས་པའི་ཉེས་བྱས་དང་དབྱར་དྲལ་བ་ལ་སོགས་པའི་ཉེས་བྱས་ཁ་ཅིག་ནི་སྐབས་གཞན་ནས་གསུངས་པའི་ཉེས་བྱས་ཡིན་ཡང་སྐབས་འདིར་བགྲངས་བ་ནི། གནས་དང་གསོ་སྦྱོང་ལ་སོགས་པ་འདོམ་པའམ་འདོམ་པ་ལ་ཕྱོགས་པའི་སྐབས་ཀྱི་ཉེས་བྱས་ཡིན་པའི་ཕྱིར། །ལྔ་ཚན་དང་པོ་ནི་གང་ན་གནས་མེད་པ་དེར་གསོ་སྦྱོང་ལ་བསྡད་པར་མི་བྱ་ཞེས་པའི་སྐབས་སུ་ཉེས་བྱས་ལྔ་སྟེ། གནས་དང་གསོ་སྦྱོང་འདོམ་པར་ངེས་པའི་སྐབས་ཀྱི་ཉེས་བྱས་གསུམ་དང་། འདོམ་པ་ལ་ཕྱོགས་པའི་སྐབས་ཀྱི་ཉེས་བྱས་གཉིས་སོ། །དང་པོ་གསུམ་ནི། གནས་དང་གསོ་སྦྱོང་འདོམ་པར་ངེས་པའི་ཚེ་ན་གསོ་སྦྱོང་ལ་བསྡད་ན་ཉེས་བྱས་བསྐྱེད་དེ། སྒྲུབ་པ་བཅས་པའི་རྗེས་སུ་དགག་པ་རྗེས་བཅས་དང་འགལ་བའིའོ། །དེར་གནས་ན་ཐོ་རངས་སྐྱ་རེངས་འཆར་བའི་ཚེ་ན་གནས་མེད་ཀྱི་ཉེས་བྱས་བསྐྱེད་དེ། སྒྲུབ་པ་བཅས་པའི་རྗེས་སུ་སྒྲུབ་པ་རྗེས་བཅས་དང་འགལ་བའོ། །བླ་མའི་དྲུང་དུ་རང་ཉིད་ཕར་ལ་འགྲོ་བའི་ཕྱིར་གནས་ཀྱི་བླ་མ་བཙལ་དུ་ཡོད་པ་ལས་མི་འཚོལ་ན་ཉེས་བྱས་བསྐྱེད་དེ། སྒྲུབ་པ་བཅས་པའི་རྗེས་སུ་སྒྲུབ་པ་རྗེས་བཅས་དང་འགལ་བའོ། །འདོམ་པ་ལ་ཕྱོགས་པའི་སྐབས་ཀྱི་ཉེས་བྱས་གཉིས་ནི། རང་གི་གནས་གསོ་སྦྱོང་ཡོད་པ་དེར་གནས་ཀྱི་བླ་མ་ཚུར་ལ་བོད་དུ་ཡོད་པ་ལས་མི་འབོད་ན་ཉེས་བྱས་བསྐྱེད་ལ། དེའི་་་་་་ཚུར་ལ་འབོད་དུ་ཡོད་པ། ཚེ་ཚུར་ལ་མི་འབོད་པར་གནས་ཀྱི་བླ་མའི་དྲུང་དུ་ཕྱིན་ཏེ་གནས་ན། གསོ་སྦྱོང་བྱིན་གྱིས་མ་བརླབས་པར་སྐྱ་རེངས་འཆར་བ་ན་གསོ་སྦྱོང་མ་བྱས་པའི་ཉེས་བྱས་ཀྱང་བསྐྱེད་དེ། ཊཱི་ཀ་ལས། གནས་དེར་ཚུར་འོང་བ་ཞིག་་་་་་གང་ན་གནས་མེད་པ་དེར་དབྱར། གནས་དང་ལས་དང་ཉེ་གནས་ཀྱི་སྟ་གོན་གྱིས་དེ་བཙལ་བར་བྱའོ་ཞེས་གསུངས་པ་དང་འགལ་བར་བྱས་པ་དང་། སྤྱིར་གསོ་སྦྱོང་སྒྲུབ་དགོས་སུ་བཅས་པ་དང་འགལ་བར་བྱས་པ་དེ་གོ་རིམ་བཞིན་ནོ། །

༼༢༡༢༽

ལྔ་ཚན་གཉིས་པ་དང་ལྔ་ཚན་གསུམ་པ་ནི། གནས་་་་་་གང་ན་གནས་མེད་པ་དེར། པར་ཁས་བླང་བར་མི་བྱའོ་ཞེས་གནས་པར་ཁས་བླང་བ་སྤྱིར་བཀག་པ་འདིས་དབྱར་སྔ་མ་གནས་པར་ཁས་བླང་བར་མི་བྱའོ་ཞེས་པ་དང་། དབྱར་ཕྱི་མ་གནས་པར་ཁས་བླང་བར་མི་བྱའོ་ཞེས་བསྟན་ཏེ། གནས་ལ་བརྟེན་པ་དང་དབྱར་སྔ་མ་ཁས་ལེན་པ་འདོམ་པར་ངེས་པའམ་འདོམ་པ་ལ་ཕྱོགས་པ་ན་ཉེས་བྱས་ལྔ་དང་། གནས་ལ་བརྟེན་པ་དང་དབྱར་ཕྱི་མ་ཁས་ལེན་པ་འདོམ་པར་ངེས་པའམ་འདོམ་པ་ལ་ཕྱོགས་པ་ན་ཉེས་བྱས་ལྔ་སྟེ། སྔར་གསོ་སྦྱོང་དང་འདོམ་པའི་སྐབས་བཞིན་དུ་ཅི་རིགས་པར་སྦྱར་རོ། །ལྔ་་་་་་ཉེས་བྱས་ཚན་བཞི་པ་ནི། གནས་་་་་་གང་ན་གནས་མེད་པ་དེར། པར་ཁས་བླངས་པ་སྔ་མ་རྗེས་སུ་བསྲུང་བར་མི་བྱའོ་ཞེས་པའི་སྐབས་སུ། དབྱར་སྔ་མ་གནས་པར་ཁས་བླངས་ཟིན་པ་ན་དབྱར་ཟླ་བ་གསུམ་གྱི་ཟླ་བ་དང་པོ་བསྲུང་བ་དང་གནས་པ་ལ་བརྟེན་པ་འདོམ་པར་ངེས་པའམ་འདོམ་པ་ལ་ཕྱོགས་པའི་སྐབས་སུ་ཉེས་བྱས་ལྔ་སྟེ། སྔ་མ་བཞིན་སྦྱར་རོ། །སྐབས་འདིར་ཊཱི་ཀ་ལས། གནས་པར་ཁས་བླངས་པ་སྔ་མ་དྲལ་ཏེ་གཞན་དུ་འགྲོ་བར་བྱ་ཞིང་གང་ན་གནས་ཡོད་པ་དེར་དབྱར་ཕྱི་མ་ཤོས་གནས་པར་ཁས་བླང་བར་བྱའོ་ཞེས་བཤད་ཅིང་དོན་དེ་ལྟར་ལུང་ལས་ཀྱང་ངོ་། །དེ་བཞིན་དུ་དབྱར་སྔ་མ་ཁས་བླངས་པ་ན་གནས་དེ་ན་གནས་ཀྱི་བླ་མ་མེད་པར་གྱུར་ན། དབྱར་ཟླ་བ་གསུམ་གྱི་ཟླ་བ་གསུམ་པ་ཡང་བསྲུང་བར་མི་བྱའོ། །ལྔ་ཚན་ལྔ་པ་ནི།་་་་་གང་ན་གནས་པ་མེད་པ་དེར། ཕྱི་མ་ལ་ཡང་ཟླ་བ་གཉིས་ལས་ལྷག་་་་་་བསྲུང་བར་མི་བྱ། པའོ། །ཞེས་པའི་སྐབས་སུ། དབྱར་ཕྱི་མ་ཟླ་བ་གཉིས་ལས་ལྷག་པ་སྟེ་ཟླ་བ་གསུམ་པ་བསྲུང་བ་དང་གནས་ལ་བརྟེན་པ་འདོམ་པར་ངེས་པའམ་འདོམ་པ་ལ་ཕྱོགས་པའི་སྐབས་སུ་ཉེས་བྱས་ལྔ་སྟེ་སྔ་མ་བཞིན་སྦྱར་རོ། །དེ་དག་ནི་གནས་ལ་བརྟེན་པ་གལ་ཆེ་བའི་སྐབས་ཀྱི་ཉེས་བྱས་ལྔ་ཚན་ལྔའོ། །གནས་ལ་བརྟེན་པ་གལ་ཆུང་བའི་སྐབས་ཀྱི་ཉེས་བྱས་བཞི་ཚན་གཉིས་ལས་བཞི་ཚན་དང་པོ་ནི། དབྱར་ཕྱི་མ་ཟླ་བ་གཉིས་བསྲུང་བ་དང་། གནས་ལ་བརྟེན་པ་འདོམ་པར་ངེས་པའི་སྐབས་ཀྱི་ཉེས་བྱས་གཉིས་དང་། འདོམ་པ་ལ་ཕྱོགས་པའི་སྐབས་ཀྱི་ཉེས་བྱས་གཉིས་ཏེ་བཞིའོ། །

༼༢༡༣༽

དང་པོ་་་་་་འདོམ་པར་ངེས་པའི་སྐབས་ཀྱི་ཉེས་བྱས། གཉིས་ནི་དབྱར་ཕྱི་མ་ཟླ་བ་གཉིས་བསྲུང་བ་དང་གནས་ལ་བརྟེན་པར་འདོམ་པར་ངེས་པའི་ཚེ། གནས་ཀྱི་བླ་མ་ལ་བརྟེན་ན་ཉེས་བྱས་བསྐྱེད་དེ་སྒྲུབ་པ་བཅས་པའི་རྗེས་སུ་དགག་པ་རྗེས་བཅས་དང་འགལ་བའོ། །མཚམས་གཞན་ཡོད་པའི་གནས་ཀྱི་བླ་མའི་དྲུང་དེར་སོང་སྟེ་གནས་ན་དབྱར་ཕྱི་མ་དྲལ་བའི་ཉེས་བྱས་བསྐྱེད་དེ། སྒྲུབ་པ་བཅས་པའི་རྗེས་སུ་སྒྲུབ་པ་རྗེས་བཅས་དང་འགལ་བའོ། །ཕྱི་མ་ནི།་་་་་འདོམ་པ་ལ་ཕྱོགས་པའི་སྐབས་ཀྱི་ཉེས་བྱས། དབྱར་ཕྱི་མ་ཟླ་བ་གཉིས་བསྲུང་བ་དང་གནས་ལ་བརྟེན་པ་འདོམ་པ་ལ་ཕྱོགས་པ་ན་དབྱར་གྱི་གནས་དེར་གནས་ཀྱི་བླ་མ་ཚུར་ལ་བོད་དུ་ཡོད་པ་ལས་མི་འབོད་ན་ཉེས་བྱས་བསྐྱེད་ལ། གནས་ཀྱི་བླ་མ་ཚུར་ལ་བོད་དུ་ཡོད་བཞིན་དུ་མི་འབོད་པར་དབྱར་གནས་བསྲུང་ཞིང་གནས་ན། ཐོ་རངས་སྐྱ་རེངས་ཤར་བའི་ཚེ་གནས་མེད་ཀྱི་ཉེས་བྱས་ཀྱང་བསྐྱེད་དོ། །ཉེས་བྱས་བཞི་ཚན་གཉིས་པ་ནི། དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་པའི་ཟླ་བ་དབུས་མ་དེ་བསྲུང་བ་དང་གནས་ལ་བརྟེན་པ་འདོམ་ན་ནི། གནས་ལ་བརྟེན་པ་བས་ཟླ་བ་དབུས་མ་དེ་བསྲུང་བ་གལ་ཆེ་སྟེ། དེ་མ་བསྲུངས་ན་ལོ་དེ་ལ་གང་ཟག་དེའི་དབྱར་ཚུལ་གཏན་མེད་དུ་འགྱུར་བའི་དགག་བྱ་དང་། དམ་བཅའ་བྱས་ཟིན་དྲལ་བའི་དགག་བྱ་སྟེ་དགག་བྱ་གཉིས་ཚོགས་ཡོད་པའི་ཕྱིར་དང་། དབྱར་ཕྱི་མ་ཟླ་བ་གཉིས་བསྲུང་བ་གལ་ཆེ་བར་ནི་དངོས་སུ་གསུངས་ལ་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ།་་་་་གནས་པར་ཁས་བླངས་པ་སྔ་མ་རྗེས་སུ་བསྲུང་བར་མི་བྱ་ཞེས་པའི་ཊཱི་ཀ་ལས་དགེ་སློང་དབྱར་སྔ་མ་ཁས་བླངས་པ་གལ་ཏེ། དབྱར་ཟླ་འབྲིང་པོ་མར་གྱི་ངོ་དང་། དབྱར་ཟླ་ཐ་ཆུང་ཡར་གྱི་ངོ་ཟླ་བ་གཅིག་པུ་དེ་ལ། གནས་མེད་པར་གྱུར་ན་དེའི་ཚེ་གནས་པར་ཁས་བླངས་པ་སྔ་མ་དྲལ་ཏེ་གཞན་དུ་འགྲོ་བར་བྱ་ཞེས་གསུངས། དབྱར་སྔ་མ་ཟླ་བ་གཅིག་བསྲུང་བར་མི་བྱ་ཞེས་སྒྲའི་ཁྱད་པར་སྨོས་པས་དབྱར་སྔ་མ་ཟླ་བ་གཉིས་པ་ནི་བསྲུང་བར་བྱ་ཞེས་དོན་གྱིས་བསྟན་ཏོ། །དེ་ལྟར་ན་དབྱར་སྔ་མ་ཁས་

༼༢༡༤༽

བླངས་པ་ན་ཟླ་བ་གསུམ་གྱི་ཟླ་བ་དབུས་མ་དེ་བསྲུང་བ་དང་གནས་ལ་བརྟེན་པ་འདོམ་པར་ངེས་པའི་སྐབས་ཀྱི་ཉེས་བྱས་གཉིས་དང་། འདོམ་པ་ལ་ཕྱོགས་པའི་སྐབས་ཀྱི་ཉེས་བྱས་གཉིས་ཏེ་བཞིའོ། །དེ་ཡང་དབྱར་ཕྱི་མ་ཟླ་བ་གཉིས་བསྲུང་བ་དང་འདོམ་པའི་སྐབས་སུ་སྔར་བཤད་པ་བཞིན་དུ་འདིར་ཡང་སྦྱར་རོ། །གཉིས་པ་དབྱེ་བ་ལ་འཁྲུལ་བ་སྤང་བ་ནི། ཁ་་་་་་ཤ་མི་སྦས་ཏི་ལ་སོགས་པ་དེང་སང་གི་འདུལ་འཛིན་ཕལ་ཆེ་བ་རྣམས། ཅིག་ན་རེ་གནས་ལ་བརྟེན་པ་དང་དབྱར་ཕྱི་མའི་ཁས་ལེན་འདོམ་ན་དབྱར་ཕྱི་མ་ཁས་ལེན་པ་གལ་ཆེ་སྟེ། དབྱར་ཕྱི་མ་ཟླ་བ་གཉིས་བསྲུང་བ་གལ་ཆེ་བར་གསུངས་པ་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་དང་། གནས་སྐབས་དེར་དབྱར་ཕྱི་མ་ཁས་མ་བླངས་ན་ལོ་དེ་ལ་གང་ཟག་དེའི་དབྱར་ཚུལ་གཏན་མེད་དུ་འགྱུར་བའི་དགག་བྱ་ཡོད་པའི་ཕྱིར་ཞེས་འཆད་དོ། །དེ་དགག་པ་ལ་གཉིས་ཏེ། དམ་བཅའ་མི་འཐད་པ་དང་། སྒྲུབ་བྱེད་གཞིག་པའོ། །དང་པོ་་་་་་དམ་བཅའ་ལ། ནི། གནོད་བྱེད་གསུམ་སྟེ། ལུང་ཕྲན་ཚེགས་ལས། དབྱར་ཕྱི་མར་གནས་པར་ཁས་བླང་བར་འདོད་པ་ལས་དེ་དག་གིས་གནས་ཀྱི་སློབ་དཔོན་དེ་དུས་ལས་འདས་ནས། ཇི་ལྟར་སྒྲུབ་པར་མི་ཤེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཞིག་ལས་སུ་བསྐོ་བ་སྤང་བ་དང་། གནས་ཁང་སྤང་བ་དང་། རིམ་གྲོ་བ་སྤང་བས་བཙལ་བར་བྱ་སྟེ། གལ་ཏེ་རྙེད་ན་ནི་དེ་ལྟ་ན་ལེགས། ཇི་སྟེ་མ་རྙེད་ན་དགེ་སློང་དག་གིས་དེར་དབྱར་ཕྱི་མ་དམ་བཅའ་བར་མི་བྱ་སྟེ་གནས་པར་དམ་འཆའ་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས་པ་དང་། བསྡུས་པ་ལས་ཀྱང་། གང་དུ་གནས་སྦྱིན་པ་དེ་ཤི་ལ་གནས་གཞན་ཡང་མེད་ན་དབྱར་སྔ་མའམ་ཕྱི་མ་གཉིས་ཀ་གང་ལ་ཡང་དབྱར་ཉེ་བར་གནས་པར་ཁས་བླང་བར་མི་བྱའོ་ཞེས་བཤད་པ་དང་། རྩ་འགྲེལ་འདི་ཉིད་ལས། གང་ན་གནས་མེད་པ་དེར་གནས་པར་ཁས་བླང་བར་མི་བྱའོ་ཞེས་དབྱར་གནས་པར་ཁས་བླང་བར་སྤྱིར་བཀག་པ་དང་འགལ་ལོ། །དེ་ཡང་འདི་ལྟར་བརྗོད་དོ། །དབྱར་གནས་པ་ཁས་

༼༢༡༥༽

བླངས་པ་གང་ཡང་རུང་བ་དང་གནས་ལ་བརྟེན་པ་འདོམ་པར་གྱུར་པ་ཉིད་ན་ཆོས་ཅན། གནས་པར་ཁས་བླངས་པ་སྤྱིར་བཀག་པ་མ་ཡིན་པར་ཐལ། དབྱར་ཕྱི་མ་གནས་པར་ཁས་བླངས་པ་སྒྲུབ་དགོས་ཡིན་པའི་ཕྱིར། རྟགས་ཁས་བླངས་སོ། །འདོད་ན། རྩ་འགྲེལ་འདི་ཉིད་ལས། གང་ན་གནས་མེད་པ་དེར་གནས་པར་ཁས་བླང་བར་མི་བྱའོ་ཞེས་དབྱར་གནས་པར་ཁས་བླང་བ་སྤྱིར་བཀག་པས་གནོད་དེ། སྤྱིར་བཀག་པས་བྱེ་བྲག་ཁེགས་སོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི།་་་་་ཁྱེད་ཀྱི་དམ་བཅའ་དེ་ལ་སྒྲུབ་བྱེད་ཀྱི་གཞུང་ནི་གཏན་ནས་མེད་དེ། ཁྱེད་ཀྱིས་རིགས་པས་སྦྱར་ཏེ་བཀོད་པའི་རྟགས་ཀྱི་ཟུར་སྔ་མ་་་་་་དབྱར་ཕྱི་མ་ཟླ་བ་གཉིས་བསྲུང་བ་གལ་ཆེ་བར་གསུངས་པ་དེ་དང་། རྒྱུ་མཚུངས་པའི་ཕྱིར་རོ། །ཞེས་འགོད་པ། དེ་མ་གྲུབ་སྟེ། དབྱར་ཕྱི་མ་གནས་པར་ཁས་བླངས་ཟིན་ནས་ཟླ་བ་གཉིས་པ་མ་བསྲུངས་ན་ལོ་དེ་ལ་གང་ཟག་དེའི་དབྱར་ཚུལ་གཏན་མེད་དུ་འགྱུར་བའི་དགག་བྱ་དང་། དམ་བཅའ་བྱས་ཟིན་བྲལ་བའི་དགག་བྱ་གཉིས་ཚོགས་ཡོད་པའི་ཕྱིར་དང་། དབྱར་ཕྱི་མ་ཁས་མི་ལེན་པ་ལ་ནི་དགག་བྱ་གཉིས་ཚོགས་དེ་མེད་པའི་ཕྱིར་་་་་་དབྱར་ཕྱི་མ་ཟླ་བ་གཉིས་བསྲུང་བ་དང་། དབྱར་ཕྱི་མ་ལ་ཁས་ལེན་པ། ན་དེ་གཉིས་རྒྱུ་མཚན་མི་མཚུངས་སོ། །ཁྱེད་ཀྱིས་བཀོད་པའི་རྟགས་ཀྱི་ཟུར་ཕྱི་མ་དེ་་་་་་གནས་སྐབས་དེར་དབྱར་ཕྱི་མ་ཁས་མ་བླངས་ན་ལོ་དེ་ལ་གང་ཟག་དེའི་དབྱར་ཚུལ་གཏན་མེད་དུ་འགྱུར་བའི་དགག་བྱ་ཡོད་པའི་ཕྱིར་ཞེས་བྱ་བ་བཀོད་པ། ཡང་མ་གྲུབ་སྟེ། དབྱར་ཕྱི་མ་གནས་པར་ཁས་མ་བླངས་ཀྱང་གནས་ཀྱི་བླ་མའི་དྲུང་དེར་བསམ་པས་དམ་བཅས་ཏེ་ཟླ་བ་གཉིས་སམ་གསུམ་དུ་གནས་ན། གཞུང་འདི་ཉིད་ལས་གནས་པར་ཁས་མ་བླངས་པས་གནས་མི་གཏོང་ན་གནས་པ་ཉིད་ཡིན་ནོ་ཞེས་གསུངས་སོ། །རྣམ་པ་གཅིག་ཏུ་ན་་་་་་ལོ་དེ་ལ་གང་ཟག་དེའི་དབྱར་ཚུལ་གཏན་མེད་དུ་འགྱུར་བའི་དགག་བྱ་ཡོད་པའི་ཕྱིར་ཞེས་ཟེར་བ་དེ་མི་འཐད་དེ། གནས་ལ་བརྟེན་པ་དང་དབྱར་ཕྱི་མའི་ཁས་ལེན་འདོམ་པའི་ཚེ་ན། གནས་ཁྱད་པར་ཅན་ལ་བརྟེན་པ་བས་དབྱར་ཕྱི་མའི་ཁས་ལེན་

༼༢༡༦༽

གལ་ཆེ་བར་མ་གྲུབ་སྟེ། ལོ་དེ་ལ་གང་ཟག་དེའི་དབྱར་ཚུལ་གཏན་མེད་དུ་གྱུར་ཀྱང་། དེ་དགག་བྱ་ཡིན་པར་མ་གྲུབ་སྟེ། དེའི་ཚེ་དེ་དག་དགག་བྱ་ཡིན་པ་གཞི་མ་གྲུབ་པའི་ཕྱིར་དང་།་་་་་དགོས་པ་ཁྱད་པར་ཅན་འགྲུབ་བྱེད་ཡིན་པའི་ཕྱིར་ཏེ། གནས་སྐབས་དེའི་ཚེ་ན་དབྱར་གནས་པར་ཁས་མ་བླངས་པ་ལ་བརྟེན་ནས་གནས་ཀྱི་བླ་མ་ཁྱད་པར་ཅན་ལ་བརྟེན་པའི་དགོས་པ་ཁྱད་པར་ཅན་འགྲུབ་པའི་ཕྱིར་རོ། །གཉིས་པ་ཡན་ལག་གི་དོན་ནི་གང་ན་གནས་མེད་པ་དེར་གསོ་སྦྱོང་ལ་བསྡད་པར་མི་བྱའོ་ཞེས་པ་འདི་ལུང་ལས་གནས་དེར་གསོ་སྦྱོང་གཉིས་པའི་བར་དུ་འདུག་པར་མི་བྱ་སྟེ་འདུག་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་ཀྱང་གསོ་སྦྱོང་གཉིས་པ་ནི་མཚོན་བྱེད་ཙམ་ཡིན་ཏེ། ཊཱི་ཀ་ལས། མ་འོངས་པའི་གསོ་སྦྱོང་ལ་བསྡད་པར་མི་བྱའོ་ཞེས་སོ། །གནས་པར་ཁས་བླང་བར་མི་བྱའོ་ཞེས་པ་འདི་ལུང་ལས།་་་་་དེར་དབྱར་སྔ་མར་གནས་པར་དམ་བཅའ་བར་མི་བྱ་སྟེ། གནས་པར་དམ་བཅའ་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེར་དབྱར་ཕྱི་མར་གནས་པར་དམ་བཅའ་བར་མི་བྱ་སྟེ། གནས་པར་དམ་འཆའ་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་སོ། །སྔ་མ་་་་་་སྔ་མ་རྗེས་སུ་བསྲུང་བར་མི་བྱའོ་ཞེས་པའི་སྐབས་སུ་ཁ་ཅིག་དེའི་ཚེ་ན་དབྱར་སྔ་མ་བསྲུང་བ་ལ་ཉེས་པ་མེད་དམ་སྙམ་ན། རྗེས་སུ་བསྲུང་བར་མི་བྱའོ་ཞེས་པའི་སྐབས་སུ་ལུང་ལས་དེར་གནས་པར་མི་བྱ་ཡི། དེར་གནས་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས་སོ། །ཕྱི་མ་ལ་ཡང་ཟླ་བ་གཉིས་ལས་ལྷག་པ་བསྲུང་བར་མི་བྱ་སྟེ། དབྱར་ཕྱི་མ་ཟླ་བ་གཉིས་གནས་པ་དེས་དབྱར་གནས་པའི་ཕན་ཡོན་ཐོབ་ཅིང་དབྱར་ཕྱི་མ་ཟླ་བ་གཉིས་ལས་ལྷག་པ་གནས་པ་བས་གནས་ལ་བརྟེན་པ་ཉིད་དགོས་པ་ཆེ་བའི་ཕྱིར་རོ། །དབྱར་ཟླ་བ་གཉིས་གནས་ན་དབྱར་གནས་པའི་ཕན་ཡོན་འཐོབ་པའི་རྒྱུ་མཚན་ནི། ཊཱི་ཀ་ལས། ཕལ་ཆེར་བྱས་པ་ནི་བྱས་པ་ཉིད་ཡིན་ནོ། །ཞེས་འཕགས་པའི་གྲགས་སྡེ་ཡིན་པ་ཞེས་བཤད་དོ། །ཟླ་བ་གཉིས་ལས་ལྷག་པའི་ཚད་ནི།

༼༢༡༧༽

ལུང་ལས། དབྱར་ཕྱི་མ་ཟླ་བ་གཉིས་འདས་ནས་གནས་ཀྱི་དགེ་སློང་ཞིག་བཙལ་བར་བྱ་སྟེ་མ་རྙེད་ན་དགེ་སློང་དེ་དག་གིས་དེར་གསོ་སྦྱོང་གཉིས་པའི་བར་དུ་འདུག་པར་མི་བྱ་སྟེ། ཞེས་གསུངས་ཀྱང་། གསོ་སྦྱོང་གཉིས་པ་ནི་མཚོན་བྱེད་ཙམ་ཡིན་ཏེ།་་་་་ཟླ་བ་གཉིས་སོང་ནས་ཀྱི་ཚེས་བཅུ་དྲུག་ནས་དེར་གནས་པར་མི་བྱ་སྟེ། ཊཱི་ཀ་ལས། ཟླ་བ་གཉིས་ནི་གནས་མེད་པ་དེས་ཀྱང་གནས་པར་བྱ་ཞིང་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལ་བབ་པ་ན་གཞན་དུ་འགྲོ་བར་བྱའོ་ཞེས་སོ། །ཆེས་རྒན་པ་ལ་ཞུ་ཞེས་པ་འདིའི་ཊཱི་ཀ་ལས། དངོས་སུ་ན་ཆེས་རྒན་པས་ནི་མ་ཞུས་པར་ཡང་བྱའོ་ཞེས་རྗེས་སུ་གནང་བ་ཡིན་ནོ་ཞེས་སོ། །འོ་ན་ལུང་ཕྲན་ཚེགས་ལས་ཟླ་བ་གཉིས་ཀྱི་བར་དུ་གཅིག་ལ་གཅིག་དྲི་ཞིང་གནས་པར་བྱའོ་ཞེས་གསུངས་པ་དང་འགལ་སྙམ་ན། དུས་གཅིག་ཏུ་བསྙེན་པར་རྫོགས་པར་གཉིས་ཆེས་རྒན་པ་ཡིན་པ་དེ་གཉིས་ཕན་ཚུན་གཅིག་ལ་གཅིག་ཞུ་ཞིང་གནས་པར་བྱའོ་ཞེས་ལུང་གི་དགོངས་པའོ། །མ་ཞུས་པར་དེ་ལྟ་བུ་ལ་ཞེས་པ་འདི་ལ་འབྲུ་སྣོན་ལུགས་གསུམ་སྣང་སྟེ། རང་གི་རྣམ་བཤད་ལས། དེ་ལྟ་བུ་ནི་་་་་་ཆོས་འདི་པ་ལས། ལུགས་ཐ་དད་པའི་རབ་ཏུ་བྱུང་བ་ཞེས་པ་དང་། ཊཱི་ཀ་ལས། འཆལ་བའི་ཚུལ་ཁྲིམས་ཅན་དེ་ལྟ་བུ་ལ་ཞེས་པ་དང་། འགྲེལ་ཆུང་ལས། དགེ་སློང་ངོ་མི་ཤེས་པའམ་གསར་དུ་འོངས་པ་དེ་ལྟ་བུ་ལ་ཞེས་བཤད་དེ། དང་པོ་གཉིས་ལྟར་གཟུང་ངོ་། །མ་ཞུས་པར་དེ་ལྟ་བུ་ལ་བསྙེན་བཀུར་གྱི་ལས་མི་བྱ་ཞེས་པས། ཞུས་ནས་བྱ་ཞེས་བསྟན་པ་ནི་མ་ཡིན་ཏེ་ཞུས་པ་ན་མི་གནང་བའི་ཕྱིར་རོ། །ཉི་མ་གཉིས་པའམ་གསུམ་པ་ལ་གནས་བཅའ་ཞེས་པ་ནི་གཉིས་པ་དང་གསུམ་པ་གང་ལ་གནས་བཅས་ཀྱང་ཉེས་པ་ཁེགས་པ་སྟེ། མ་མོ་ལས། གནས་འཆའ་བར་འདོད་ན་རིངས་ཐབས་བབ་བབ་ཏུ་གནས་མ་འཆའ་བར་ཞག་གསུམ་གྱི་བར་དུ་བརྟགས་ནས་གདོད་གནས་བཅའ་བར་བྱའོ་ཞེས་གསུངས་ལ། བསྡུས་པ་

༼༢༡༨༽

ལས་ཀྱང་། ངལ་བསོ་བའི་ཉི་མ་གཉིས་སམ་གསུམ་ཚུན་ཆད་དུ་ལེགས་པར་བརྟགས་ཏེ་གནས་བཟུང་བར་བྱའོ་ཞེས་སོ། །གནས་པ་ཉེ་བར་ཞེས་པའི་ཊཱི་ཀ་ལས། གནས་པར་བྱ་བའི་ལས་ལ་གནས་པ་ཞེས་བྱ་བའི་ཚིག་ཏུ་བྱའི། གནས་པར་བྱེད་པ་པོ་ལ་མི་བྱ་བའི་ཕྱིར་ཏེ། དེས་ན་གནས་པ་ཞེས་བྱ་བ་ནི་གནས་ཡིན་པར་གཟུང་ངོ་ཞེས་སོ། །ཉེ་བར་མི་གནས་ན་ཞེས་པ་འགྲེལ་ཆུང་ལས། གནས་བརྟན་དྲོ་ལམ་ཕན་ཆད་དུ་སོང་ན་གཞན་ལ་དྲི་ཞེས་བཤད་ཀྱང་ཚད་དེའི་ངེས་པ་མེད་དེ། དཔག་ཚད་ཕྱེད་དང་གསུམ་དག་ན་གསོ་སྦྱོང་གི་ཚེའོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་གང་ཞེ་ན། ཐག་རིང་རུང་ཐུང་རུང་ཊཱི་ཀ་ལས་སྤྱོད་ཡུལ་དུ་མ་གྱུར་པ་ཉིད་ནའོ་ཞེས་སོ། །ལས་སུ་བསྐོས་པར་ཞེས་པ་ནི་་་་་་གནས་མལ་གྱི་ལྟུང་བྱེད་ཀྱི། ལུང་རྣམ་འབྱེད་ལས། ལས་སུ་བསྐོས་པ་དེར་དོང་བ་རྣམས་ལ། ལས་གཞན་བྱུང་བ་ན། ཕྱིར་འོངས་ཏེ་ཞུ་བར་མི་བྱ་བར་དེ་ཉིད་དུ་ལས་བྱ་སྟེ། སྔར་ཞུས་པ་དེ་ཉིད་ཀྱིས་ཐམས་ཅད་ཞུས་པ་ཡིན་ནོ། །ཞེས་གསུངས་སོ། །འོ་ན་དེ་གཞན་བྱུང་ན་མ་ཞུས་ཀྱང་ཉེས་པ་མེད་དེ་ཞེས་གསུངས་པ་དང་། ལུང་ལས་ཐམས་ཅད་ཞུས་པ་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ། །མདོ་རྩ་བ་ལས་གསུངས་པ་དེ་ནི། བྱ་བ་ཞུས་པའི་ཞར་ལ་བྱུང་བའི་བྱ་བ་གཞན་དེ་མ་ཞུས་ཀྱང་ཉེས་པ་མེད་དོ་ཞེས་བསྟན་ལ། ལུང་ལས་གསུངས་པ་དེ་ནི་བྱ་བ་མ་ཞུས་ཀྱང་ཉེས་པར་མི་འགྱུར་བའི་ཆ་ནས་ཐམས་ཅད་ཞུས་པ་ཡིན་ནོ་ཞེས་བསྟན་པའོ། །གནས་སུ་གཟུང་བའི་ཚུལ་ནི་གང་ཡང་རུང་བ་ལ་ཞེས་པ་ལ་སོགས་པའོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི་བཞི་སྟེ། གནས་པའི་བསླབ་པ་བརྟན་ཞིང་དགེ་བ་འཕེལ་བར་འགྱུར་བ་དང་།་་་་་གཞི་འགྲེལ་ལས་གནས་སྦྱིན་པའི་སློབ་དཔོན་དེ་ལ་གནས་པས་དགེ་བའི་ཚོགས་འཕེལ་བར་འགྱུར་བའི་ཕྱིར་རོ་ཞེས་སོ། །གནས་མེད་ཀྱི་ཉེས་པ་མི་འབྱུང་བ་དང་། ཁྲེལ་ཡོད་ཀྱི་བསམ་པ་སྐྱེ་བ་དང་། བྱ་བ་ཡིན་མིན་ཤེས་པར་

༼༢༡༩༽

འགྱུར་བའོ། །གཉིས་པ་བསྡུས་པའི་དོན་ལ་བདུན་ལས། དང་པོ་ཡུལ་གང་ལ་གནས་སུ་གཟུང་བ་ནི། གནས་ཀྱི་སློབ་དཔོན་དུ་འོས་ཤིང་རང་གི་གནས་ཀྱི་བླ་མར་གྱུར་ཟིན་པ་དང་འབྲེལ་བ་མ་ཡིན་པ་ལ་གནས་སུ་བཟུང་སྟེ། དེ་འོས་པའི་མཚན་ཉིད་སྔར་བཤད་ཟིན་ཏོ། །གཉིས་་་་་་འོད་ལྡན་ལས་ཚུལ་དེ་ལྟ་བུའི་བླ་མ་ལ་བརྟེན་ན་མཚོ་ཆེན་པོའི་པདྨ་བཞིན་དུ་ཆོས་དགེ་བ་རྣམས་འཕེལ་བར་འགྱུར་རོ། །མཚན་ཉིད་དེ་དག་མ་ཚང་བ་ལ་གནས་པ་ནི་ཞིང་ཚྭ་སྒོ་ཅན་ལ་ས་བོན་བཏབ་པ་དང་འདྲ་སྟེ་གནོད་པ་ལ་བརྟེན་པར་འགྱུར་རོ་ཞེས་སོ། །ལུང་གཅིག་ལ་འཕྲོས་པ་ལས། མཁན་པོ་རྣམ་པ་བཞི་སྟེ། ཆོས་ཀྱིས་སྡུད། ཟང་ཟིང་གིས་སྡུད། གཉིས་ཀས་སྡུད། གཉིས་ཀས་མི་སྡུད་པའོ། །དང་པོ་ལ་ནི་ཤེས་པར་བྱ་སྟེ་གནས་པར་བྱའོ། །གཉིས་པ་ལ་ནི་བལྟས་ཏེ་འགྲོ་བར་བྱ། གསུམ་པ་ལ་ནི་བརྒྱ་པའམ་ཞིག་ཟིན་ཀྱང་། ནམ་འཚེའི་བར་དུ་གནས་པར་གྱིས་ཤིག །བཞི་པ་ལ་ནི་མ་འགྲོ་ཞེས་བསྒོ་ཡང་མི་བལྟ་བར་འགྲོ་བར་བྱའོ་ཞེས་གསུངས་སོ། པ། རྟེན་གང་གིས་གནས་སུ་གཟུང་བ་ནི། གནས་པ་སློབ་མར་འོས་པས་གནས་སུ་གཟུང་སྟེ། དེའི་མཚན་ཉིད་སྔར་བཤད་ཟིན་ཏོ། །དེ་ལྟ་བུའི་གནས་དང་སློབ་མ་ཕྲད་ན་ཀླུའི་གནས་མཚོ་ཆེན་པོ་དང་འདྲ་བར་གནས་སྤ་བཀོང་བར་མི་འགྱུར་རོ། །ཡོན་ཏན་དང་བྲལ་བའི་གནས་པ་ནི་ཚྭ་སྣོད་བཞིན་དུ་ཤིན་ཏུ་ཉམས་པ་ཁོ་ནར་འགྱུར་རོ་ཞེས་འོད་ལྡན་ལས་བཤད་དོ།་་་་་གསུམ་པ་ཚུལ་ཇི་ལྟར་གནས་སུ་གཟུང་བ་ནི། སྦྱོར་དངོས་མཇུག་གསུམ་ལས། སྦྱོར་བའི་དུས་སུ་གཉིས་ཀས་ཕན་ཚུན་མཚན་ཉིད་དང་ལྡན་ནམ་མི་ལྡན་བརྟག་པར་བྱ་སྟེ། དྲི་བ་ལ་སོགས་པས་ཚུལ་ཁྲིམས་དང་། ཞེས་པ་དང་། ཡོངས་སུ་བརྟགས་ནས་སྦྱིན་ནོ་ཞེས་པའོ། །དེ་ནས་ཞུ་བ་པོས་ཕྱག་འཚལ་ཞིང་་་་་་ལག་པ་གཉིས་ཀྱིས་རྐང་མཐིལ་གཉིས་བཅང་སྟེ་ཅོག་པུར་འདུག་པའི། སྤྱོད་ལམ་བསྟེན་པའོ། །དངོས་གཞི་ནི་སྔགས་ལན་གསུམ་གྱིས་སོ། །མཇུག་གི་ཆོ་ག་ཐབས་ཡིན་ནོ་ལེགས་སོ་ཞེས་སོ། །བཞི་པ་ཕན་ཚུན་བསམ་པ་ཇི་ལྟར་བསྐྱེད་པ་ནི།་་་་་འདི་ཉིད་ལས་གནས་དང་། གནས་པས་ཕན་ཚུན།

༼༢༢༠༽

བུ་དང་ཕའི་འདུ་ཤེས་དག་བསྐྱེད་པར་བྱའོ་ཞེས་སོ། །ལུང་མ་མོ་ལས་ནི། མཁན་པོ་དང་སློབ་དཔོན་ལ་སྟོན་་་་་་སངས་རྒྱས་ཡིན་པ། པའོ་སྙམ་དུ་འདུ་ཤེས་མངོན་དུ་བཞག་པར་བྱ་ཞེས་གསུངས་སོ། །ལྔ་པ་གནས་ལ་བསྙེན་བཀུར་ཇི་ལྟར་བྱ་བ་ནི་ལྷུང་བཟེད་དང་ཆོས་གོས་ཀྱི་ལས་དང་ནད་གཡོག་དང་ཞེས་སྔར་བསྟན་པ་དང་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱའོ་ཞེས་པ་ལ་སོགས་པའོ། །དྲུག་པ་འཇིག་པའི་རྒྱུ་ནི་གཉིས་ཏེ། བྱ་བ་བྱེད་པའི་འཇིག་རྒྱུ་་་་་་ནི་གནས་མེད་ཀྱི་ཉེས་པ་འགེགས་པའི་བྱ་བ་བྱེད་པ་ཙམ། དང་། གསོལ་བ་བཏབ་པའི་འཇིག་རྒྱུའོ།་་་་་་ནི་གནས་བཅས་པའི་ཆོ་ག་ཡང་འཇིག་པ་སྟེ་ཕྱིས་དེ་ལ་གནས་སུ་འཛིན་ན་གནས་བཅས་པའི་ཆོ་ག་གཞི་ནས་བསྐྱར་དགོས་པའོ། །དང་པོ་ལ་གཉིས་ཏེ། གནས་གཞན་འདོད་པ་མངོན་དུ་གྱུར་པ་དང་། གནས་དང་གནས་པ་མཚམས་ཐ་དད་ན་གནས་པའོ། །དེ་ཡང་མཁན་པོ་མ་ཡིན་པ་དག་འཚོགས་ན་་་་་་འདོད་པས་འཇུག་པར་བྱ། ཞེས་པ་དང་། མཚམས་གཞན་ན་གནས་པ་ནི་་་་་་གང་གི་ཡན་ལག་ཉིད་ཀྱང་མ་ཡིན། ཞེས་པས་གྲུབ་སྟེ་གོ་རིམ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། གཉིས་ཀ་ལ་མི་ལྟོས་པའི་བསམ་པ་བྱུང་བ་དང་། གནས་དང་གནས་པ་ཞིང་མ་ཡིན་པར་གྱུར་པའོ། །དེ་ཡང་གཉིས་ཀ་ལ་མི་ལྟོས་པ་ཉིད་བྱུང་བ་ན། ཞེས་པ་དང་། འདི་ལ་ཆོ་ག་རྣམས་གྱུར་ཏོ་ཞེས་པས་གྲུབ་སྟེ་གོ་རིམ་བཞིན་ནོ། །བདུན་པ་དམིགས་ཀྱིས་བསལ་བ་ནི། གནས་པ་སློབ་མར་འོས་པ་དེས་གནས་ཀྱི་བླ་མ་ལ་མ་བསྟེན་པར་འདུག་ཀྱང་གནས་མེད་ཀྱི་ཉེས་པ་མི་འབྱུང་བའི་གནས་སྐབས།་་་་་བཅུ་སྟེ། ལོ་ལྔ་ལོན་ཅིང་ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་པ་ལྗོངས་རྒྱུ་བའི་དུས་དང་། དབྱར་ཕྱི་མ་ཁས་བླངས་པ་ཟླ་བ་དང་པོ་གཉིས་ཀྱི་དུས་དང་། གནས་ཀྱི་བླ་མ་ས་གཞན་གནས་པའི་དུས་དང་གནས་ཡོངས་སུ་འཚོལ་བ་ལ་ཞུགས་པ་མ་རྙེད་པ་ཞག་ལྔའི་དུས་དང་། གློ་བུར་དུ་འོངས་པ་ཉི་མ་དང་པོའམ་གཉིས་པ་ལ་ངལ་བསོ་བའི་དུས་དང་། ཞག་གཅིག་གནས་གཞན་དུ་ཕྱིན་པ་དང་དྲུག་དངོས་སུ་གསུངས་ལ། དབྱར་སྔ་མ་ཁས་བླངས་ནས་ཟླ་བ་དབུས་མ་བསྲུང་བ་དང་།་་་་་ནི་གནས་མེད་ཀྱི་ཉེས

༼༢༢༡༽

པ་མི་འབྱུང་སྟེ་རྒྱུ་མཚན་བཤད་ཟིན་ཏོ། །དགེ་འདུན་གྱི་གནས་ནས་ཕྱུང་བ་དང་།་་་་་ན་གནས་མེད་ཀྱི་ཉེས་པ་མི་འབྱུང་སྟེ་དེ་ལ་གནས་སྦྱིན་པར་བྱེད་ན་སྤངས་པ་རྗེས་ཕྱོགས་ཀྱི་ལྟུང་བར་འགྱུར་བས་དེ་ལ་གནས་པར་བྱ་བའི་ཡུལ་མེད་པའི་ཕྱིར་རོ། །ཡུལ་མེད་ཀྱང་གནས་བརྟེན་དགོས་ན་སྒྲུབ་པར་མི་ནུས་པ་ལ་བཅས་པ་མཛད་པར་ཐལ་བར་འགྱུར་རོ། །བླ་མས་གནས་བཀག་པ་དང་།་་་་་ན་གནས་མེད་ཀྱི་ཉེས་པ་མི་འབྱུང་སྟེ་བླ་མས་ནི་གནས་བཀག་ཅིང་གཞན་གྱིས་ལེན་པར་བྱེད་ན་སྦོམ་པོར་འགྱུར་བས་དེ་ལ་གནས་པར་བྱ་བའི་ཡུལ་མེད་པའི་ཕྱིར་རོ། །ཡུལ་མེད་ཀྱང་གནས་ལ་བརྟེན་དགོས་ན་སྒྲུབ་པར་མི་ནུས་པ་ལ་བཅོས་པ་མཛད་པར་ཐལ་བར་འགྱུར་རོ། །དེ་དག་དང་རྒྱུ་མཚན་མཚུངས་པའི་མདོར་བསྡུས་གཅིག་དང་བཅུའོ། །གཉིས་པ་ཡན་ལག་གི་དོན་ལ། ཊཱི་ཀ་དང་རྩ་བ་ལས་འཁོར་ལ་་་་་་ཚེས་དང་ཟང་ཟིང་གིས་ཕན་འདོགས་པ་ཞེས་སོ། །འགྲེལ་ཆུང་དང་རྩ་བ་ལས། འཁོར་་་་་་སྔ་ན་ཡོད་པ་བསྲུན་ནམ་མི་བསྲུན་དང་སྐྱོན་ཡོད་དམ་མེད། དང་ཕན་འདོགས་པ་ཞེས་པ་སྟེ། བཤད་ལུགས་གཉིས་ཀ་ལྟར་རུང་ངོ་། །གནས་དང་གནས་པ་གཉིས་ཀ་ལ་མི་ལྟོས་པ་ཉིད་ཀྱི་བསམ་པ་དུས་ཅིག་ཅར་བྱུང་བའམ་སྔ་ཕྱིར་བྱུང་ཡང་རུང་སྟེ། བསམ་པ་དེ་གཉིས་དུས་གཅིག་ཏུ་འཚོགས་ན་ནི་གནས་བཅས་པ་འཇིག་པའི་རྒྱུ་བཏགས་པ་བ་སྟེ་གནས་བཅས་པ་ཞིག་པ་རང་མཚན་པ་ཉིད་མ་ཡིན་ནོ། །ཞེས་པ་སྟེ།་་་་་གནས་བཅས་པ་འཇིག་པའི་རྒྱུ་ཉིད་ཡིན་ན་ནི་གནས་དང་གནས་པ་གཉིས་ཀ་ལ་མི་ལྟོས་པའི་བསམ་པ་ཅིག་ཅར་འབྱུང་བ་དེ་ཆོས་ཅན། འཇིག་རྒྱུ་རང་མཚན་མ་ཡིན་པར་སྲིད་པར་ཐལ། གནས་བཅས་པ་འཇིག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ་རྟགས་ཁྱབ་མ་གྲུབ་ན་དམ་བཅའ་བུད་ཅིང་། འདོད་ན་མཛོད་འགྲེལ་ལས། དངོས་པོ་རྣམས་འཇིག་རྒྱུ་མེད་ཀྱི་རང་ཉིད་འཇིག་པ་ཅན་ཡིན་པའི་ཕྱིར་དང་། རྣམ་འགྲེལ་ལས་ཀྱང་། འཇིགས་པ་ལ་ནི་རྒྱུ་མེད་ཕྱིར། །འཇིག་པ་རྒྱུ་ལྡན་སྨྲ་རྣམས་ཀྱི། །འཇིག་པའི་རྒྱུ་ནི་ཐམས་ཅད་དག །འཁྲུལ་བ་ཉིད་དུ་བཤད་པ་ཡིན། །ཞེས་གསུངས་སོ་ཞེ་ན། གཞུང་དེ་དག་ནི་དངོས་པོའི་རང་རྒྱུ་མ་གཏོགས་པ་འཇིག་པའི་རྒྱུ་གཞན་མེད་པ་ལ་དགོངས་སོ་ཞེས་རིགས་པའི་ཚུལ་ཡིན་ནོ། །ཉན

༼༢༢༢༽

ཐོས་གནས་མ་བུ་པ་ན་རེ། འཇིག་པ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་ཟེར་ཏེ་དེ་ལྟར་ཁས་མི་བླང་ངོ་། །གཉིས་ཀ་ལ་མི་ལྟོས་པ་ཉིད་བྱུང་ན་གནས་བཅས་པ་འཇིག་པའི་རྒྱུ་ཉིད་ཡིན་ན་ནི་གནོད་བྱེད་གཞན་ཡང་ཆོས་ཅན་དང་གཏན་ཚིགས་སྔར་བཞིན་བརྗོད་ཅིང་གནས་བཅས་པ་ཞིག་ཟིན་པ་མ་ཡིན་པར་ཐལ་བ་ལས་འདོད་ན། སྐབས་འདི་ཉིད་ཀྱི་ལུང་ཕྲན་ཚེགས་ལས། སློབ་དཔོན་གྱིས་ཀྱང་བསམ་པས་བཏང་ལ་ཉེ་གནས་ཀྱིས་ཀྱང་བསམ་པས་བཏང་ན་གནས་བཅས་པ་ཞིག་པ་ཞེས་བརྗོད་པར་བྱའོ་ཞེས་གསུངས་ལ། ཊཱི་ཀ་ལས་གནས་དང་གནས་པ་གཉིས་ཀ་མི་ལྟོས་པ་ཉིད་དུ་གྱུར་ན་དེའི་ཚེ་ན་གནས་ཞིག་པར་རིག་པར་བྱའོ་ཞེས་པ་དང་།་་་་་གཉིས་ཀ་ལ་མི་ལྟོས་པ་ཉིད་བྱུང་ན་ཞེས་པའི། འགྲེལ་ཆུང་ལས་ཀྱང་། གནས་བརྟན་དང་སློབ་མས་ཀྱང་ཡོངས་སུ་བཏང་བར་བསམས་ན་གནས་ཞིག་སྟེ་མེད་པར་གྱུར་ཅེས་བཤད་དོ། །མི་ལྟོས་པ་ཉིད་དེ་ནི་ཇི་ལྟ་བུ་ཞེ་ན།་་་་་འགྲེལ་ཆུང་ལས་གནས་བརྟན་གྱིས་ཀྱང་བདག་གི་སློབ་མ་གནས་འཆར་མ་གཞུག་ཅིང་ཡོངས་སུ་བཏང་བར་བསམ་ཞེས་བཤད་ཅིང་འཐབ་མོ་བྱུང་སྟེ་མི་ལྟོས་པ་ཉིད་བྱུང་བ་ཞེས་དེ་ཡང་དེང་སང་ཁ་ཅིག་འཆད་ཀྱང་དེ་ལྟར་མི་འདོད་དོ། །བྱུང་སྟེ་མི་ལྟོས་པ། ཕྲན་ཚེགས་འགྲེལ་ལས། ཉེ་གནས་ལྟོས་པ་མེད་ན། ཞེས་བྱ་བ་ནི། ཉེ་གནས་དེ་འདི་སྙམ་དུ་བདག་ནི་ལྗོངས་རྒྱུར་འགྲོ་བར་བྱ་ཞིང་དེར་སོང་ནས་ཁོ་བོ་གདོན་མི་ཟ་བར་སློབ་དཔོན་གཞན་ལ་གནས་དགོས་པ་ཡིན་ནོ། །ཞེས་བྱ་བའི་བསམ་པ་འདིས་དེ་ལྟར་ན་དེ་ལ་ལྟོས་པ་མེད་པ་ཡིན་ནོ་ཞེས་པ་དང་། ཡང་དེ་ཉིད་ལས། སློབ་དཔོན་ལྟོས་པ་མེད་པར་གྱུར་ཏེ། ཁོ་བོ་གཙུག་ལག་ཁང་གཞན་དུ་གནས་པའི་ཕྱིར་འགྲོ་བར་བྱའོ་སྙམ་པ་ལ། ཉེ་གནས་ཀྱིས་ཀྱང་ཤེས་ཏེ་ཁོ་བོའི་སློབ་དཔོན་ངེས་པར་གཙུག་ལག་ཁང་གཞན་དུ་འགྲོ་འདོད་པས། བདག་ཀྱང་གཞན་ལ་གནས་པར་བྱའོ་སྙམ་པ་དེའི་ཚེ་གཉིས་ཀ་ལྟོས་པ་མེད་པར་གྱུར་པ་ཡིན་པས་ཞེས་བཤད་དོ། །དཔོན་སློབ་གཉིས་ཀ་ལ་མི་ལྟོས་པ་ཉིད་བྱུང་སྟེ་གནས་བཅས་པ་ཞིག་པར་གྱུར་པ་ན། ཕྲན་ཚེགས་འགྲེལ་ལས།

༼༢༢༣༽

གནས་མ་བཟུང་བ་དེ་སྲིད་དུ་དེ་ལ་སློབ་དཔོན་ཞེས་བྱ་བའི་སྒྲས་བརྗོད་པར་མི་བྱའོ་ཞེ་ན། མ་ཡིན་ཏེ་གཉིས་ཀ་ལ་ལྟོས་པ་མེད་པར་གྱུར་པ་ལས་གནས་འཇིག་པར་གྱུར་པ་བཞིན་དུ་སློབ་དཔོན་ཉིད་ཀྱང་ལྡོག་པར་ནི་བཅོམ་ལྡན་འདས་ཀྱིས་མ་གསུངས་ལ། འདི་ལ་རིགས་པ་ཅུང་ཟད་ཀྱང་མེད་པ་དེ་བས་ན་འདི་ལ་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་བཤད་དོ། །མཐོང་མ་ཐག་ཅེས་པ་ལ་ཁ་ཅིག་ན་རེ་་་་་་ཞང་ཆེན་པོའི་ཐང་ཡིག་ལས། འདོམ་གང་ཙམ་ཟེར་ཡང་། གཏམ་ཐ་མལ་པ་ཐོས་ཙམ་པའམ་ལྡང་བ་བྱེད་རན་པའི་ཞེན་པ་འབྱུང་རུང་ཙམ་ན་ལྡང་བར་བྱེད་པའོ། །གནས་པ་ཆད་པས་བཅད་པར་ཞེས་པ་འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི་གསུམ་སྟེ། ཆད་པ་བཅད་པས་ཉེས་པ་ལ་མ་ཞུགས་པ་མི་འཇུག་པ་དང་ཞུགས་པ་ལྡོག་པར་འགྱུར་བ་སྟེ་བཅད་བྱ་ཡུལ་ལ་ལྟོས་པའི་དགོས་པ་གཉིས་དང་། གཅོད་བྱེད་རྟེན་ལ་ལྟོས་པའི་དགོས་པ་ནི་ཉེས་པ་ཅན་ཡལ་བར་འདོར་བའི་ཉེས་པ་ཁེགས་པའོ། །གཉིས་པ་བསྡུས་དོན་ལ་ལྔ་ལས་དང་པོ་ཡུལ་གང་ལ་ཆད་པ་བཅད་པ་ནི། ཆོས་དགུ་དང་ལྡན་པ་སྟེ། རབ་བྱུང་སྡེ་ལྔ་གསོར་རུང་ཡན་ཆད་ཡིན་པ་དང་།་་་་་སྟེ་ཁྱིམ་པ་དང་གསོར་མི་རུང་ངུ་ཉམས་པ་ལ་ཆད་པས་བཅད་ཀྱང་སྐབས་འདིར་གཏོགས་ཀྱི་དགོས་པ་མེད་པའི་ཕྱིར་རོ། །ཤེས་པ་རང་བཞིན་དུ་གནས་པ་་་་་་སྟེ་སྨྱོ་བ་ལ་སོགས་པ་ཡིན་ན་ཆད་པ་བཅད་ཀྱང་འཇུག་ལྡོག་བྱ་མི་ནུས་པའི་ཕྱིར། དང་། ལུས་ཐ་མལ་དུ་གནས་པ་་་་་་སྟེ་གཞན་དུ་ན་ཆད་པ་བཅད་པའི་ཡུལ་མ་ཡིན་པའི་ཕྱིར། དང་། གནས་ནས་མ་ཕྱུང་བ་་་་་་སྟེ་གཞན་དུ་ན་ཆོས་དང་ཟང་ཟིང་མཐའ་དག་གིས་སྤངས་ཟིན་པའི་ཕྱིར། དང་། ལྟ་བ་དང་སྤྱོད་པའི་སྒོ་ནས་ཆོས་མ་ཡིན་པའི་ཕྱོགས་སུ་མ་སོང་བ་་་་་་སྟེ་རང་གི་ཕྱོགས་དང་མི་མཐུན་པ་ལ་ནི་མི་འཆགས་སོ་ཞེས་གསུངས་པའི་གནད་ཀྱིས་ཤེས་ལ་གཞན་ཕྱོགས་ལ་ཆད་པ་མི་གཅོད་ཅིང་རྩོད་པར་འགྱུར་བའི་ཕྱིར། དང་། དགེ་འདུན་འབྱེད་ནུས་པ་མ་ཡིན་པ་་་་་་སྡེ་སྣོད་འཛིན་པ་ལ་ནན་ཏུར་བྱེད་ན་སྦོམ་པོར་གསུངས་པའི་གནད་ཀྱིས་ཤེས་ལ་དགེ་འདུན་བྱེ་བར་འགྱུར་བའི་དགག་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号