༼༢༢༤༽
བྱ་ཡོད་པའི་ཕྱིར། དང་། ནད་པ་མ་ཡིན་པ་་་་་་སྟེ་ནད་པ་དེ་ལ་ནི་རྒལ་ཞིང་བརྟག་པ་མ་ཡིན་ནོ་ཞེས་པའི་གནད་ཀྱིས་ཤེས་ལ་ནད་པ་ལུས་སྲོག་གི་རྐྱེན་དང་ལྡན་པའི་ཕྱིར། དང་། ཆད་པའི་རྒྱུ་དང་ལྡན་པ་་་་་་སྟེ་ཆད་པ་བཅད་པར་འོས་པ་ཞེས་པ་དང་གཞན་དུ་ན་ཚུལ་དང་མི་མཐུན་པའི་ཕྱིར། དང་། རང་གི་འཁོར་དུ་གཏོགས་པ་་་་་་སྟེ་གནས་པ་ཆད་པས་བཅད་པར་འོས་པ་ཞེས་པ་དང་གཞན་དུ་ན་ཆད་པས་མི་ཆོད་པའི་ཕྱིར་རོ། དང་།་་་་་ཚོགས་ས་མ་ལོངས་པ་དགོས་ཞེས་སྔ་མ་རྣམས་འཆད་པ་མི་འཐད་དེ་ལས་ཀྱི་བསྒྲུབ་བྱ་ཚོགས་སུ་མ་ལོངས་པ་དགོས་པ་ནི་རྒྱུ་མཚན་མི་མཚུངས་ལ་རང་གི་སློབ་མ་ཚོགས་སུ་ལོངས་པ་མང་པོ་རྣམས་ཆད་པའི་རྒྱུ་ལྔ་པོ་འདི་རྣམས་དང་ལྡན་ན། གདམས་ངག་མི་སྦྱིན་པ་ལ་སོགས་པ་བྱེད་པ་ལ་མི་རིགས་པ་མེད་པའི་ཕྱིར་རོ། །གཉིས་པ་རྟེན་གང་གིས་ཆད་པ་བཅད་པ་ནི། གནས་ཀྱི་བླ་མ་ཡིན་པ་དང་། རང་ཆད་པའི་རྒྱུ་དང་མི་ལྡན་པ་སྟེ། གནས་པ་་་་་་ཆད་པ་བཅད་པར་འོས་པ་ཞེས་པའི་ཤུགས་ཀྱིས་གྲུབ་ཅིང་། རང་ཆད་པའི་རྒྱུ་དང་ལྡན་ན་དེའི་ཚིག་རིགས་པས་གཟུང་བར་མི་འོས་པའི་ཕྱིར་རོ། །གནས་དབེན་པར་ཆད་པས་བཅད་ཅེས་སྔ་མ་རྣམས་གསུང་བ་ནི་མི་འཐད་དེ། ལྟུང་བ་གླེང་བ་དབེན་པར་བྱ་དགོས་པ་དང་འདིའི་རྒྱུ་མཚན་མི་མཚུངས་ལ། རང་གི་སློབ་མ་ཚོགས་སུ་ལོངས་པ་མང་པོ་ཆད་པའི་རྒྱུ་ལྔ་པོ་འདི་རྣམས་དང་ལྡན་ན། གདམས་ངག་མི་སྦྱིན་པ་སོགས་བྱེད་པ་ལ་མི་རིགས་པ་མེད་པའི་ཕྱིར་དང་ཚོགས་སུ་ལོངས་པ་ཡོད་པའི་གནས་ནི་དབེན་པ་མ་ཡིན་པའི་ཕྱིར་རོ།་་་་་།གསུམ་པ་གང་གི་ཚེ་ཆད་པ་བཅད་པའི་དུས་ནི། དབྱར་གྱི་ཚུལ་ནང་མ་ཡིན་པ་དང་། བྱ་བ་གཞན་གྱིས་རྣམ་པར་གཡེངས་བའི་དུས་མ་ཡིན་པ་སྟེ། གཞན་དུ་ན་དབྱར་གྱི་བཅའ་ཁྲིམས་དང་འགལ་བར་འགྱུར་བའི་ཕྱིར་དང་། སྐབས་སུ་མ་བབ་པའི་ཕྱིར་རོ། །བཞི་པ་ཆད་པ་གང་བཅད་པ་ནི། ཆད་པ་ནི་ལྔའོ་ཞེས་གཞུང་ན་གསལ་ལོ། །ལྔ་པ་ཆད་པ་བཅད་ནས་ཇི་ལྟར་སྒྲུབ་པ་ནི། གཅོད་བྱེད་ཀྱིས་ཇི་ལྟར་སྒྲུབ་པ་དང་། གཞན་གྱིས་ཇི་ལྟར་སྒྲུབ་པ་སྟེ། དགེ་སློང་ཤེས་ཉེན་ཅན་བསྐོ་བ་ལ་སོགས་པ་རྣམས་་་་་་གཞུང་ན་གསལ་ལོ། །དང་། ཆད་པས་བཅད་པ་གཞན་གྱིས་ལེན་པར་སྤང་བ་སྟེ་གོ་རིམ་བཞིན་ནོ། །གཉིས་པ་ཡན་
༼༢༢༥༽
ལག་གི་དོན་ནི་ཆད་པ་ནི་ལྔའོ་ཞེས་པ་ལ་བསྙེན་བཀུར་དང་ཆོས་དང་ཟང་ཟིང་དག་གིས་ལོངས་སྤྱོད་དུ་མི་གཞུག་པ་ནི།་་་་་འགྲེལ་ཆུང་ལས་ཆད་པ་ཐ་དད་དུ་བགྲངས་ཀྱང་། ལུང་ཕྲན་ཚེགས་ལས་ལོངས་མི་སྤྱད་པ་དང་ཞེས་ཆད་པ་གཅིག་ཏུ་བགྲངས་སོ། །ཆད་པ་བཅད་པའི་་་་་་རྒྱུ་བཏང་བ་་་་་་ཉེས་པ་འཕྲོ་གཅོད། བཟོད་པ་གསོལ་བར་བྱེད་པ་ལ་བཟོད་པར་བྱ་ཞེས་པ་དང་བཟོད་པ་བླང་བར་་་་་་འོས་པ་་་་་་སྟེ་རྒྱུ་བཏང་བ་བཟོད་པར་གསོལ་བར་བྱེད་པ་ལ་མི་བཟོད་པར་མི་བྱ་ཞེས་པའི་ཁྱད་པར་ལྔ་གང་ཞེ་ན།་་་་་ནི། སྔ་མས་བཟོད་པ་བླང་བ་ཙམ་དུ་བསྟན་ལ་ཕྱི་མས་བཟོད་པ་བླང་བ་སྟེ་སྒྲུབ་པའི་བསླབ་པར་བསྟན་ཏོ། །གནས་ཁང་ནས་བསྐྲད་པར་བྱའོ། །དགེ་འདུན་གྱི་གཙུག་ལག་ཁང་ནས་ནི་མ་ཡིན་ཏེ། ལུང་ཕྲན་ཚེགས་ལས། དགེ་སློང་གང་ཟག་ནི་རང་གི་གནས་ཁང་ལ་དབང་གི་དགེ་འདུན་གྱི་གཙུག་ལག་ཁང་ལ་ནི་མ་ཡིན་ནོ་ཞེས་གསུངས་སོ། །སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་མི་ཕན་ཞིང་གང་ཟག་སྒོས་ལ་གནོད་པར་འགྱུར་བའི་ཁྲིམས་སུ་བྱ་བ་ཞག་གཅིག་ཀྱང་གནས་མེད་དུ་མི་འདུག་པའི་ཁྲིམས་སུ་བྱ་བ་ལྟ་བུ་མི་བཅའ་བའོ། །སྐབས་འདིའི།་་་་་འགྲེལ་ཆུང་ལས་ནི་དགེ་འདུན་ཐམས་ཅད་ཁྱེའུ་སུས་གཅོད་པ་ལྟ་བུའི་ཁྲིམས་མི་བཅའ་འོ་ཞེས་སོ། །མཚན་མོ་ཉལ་བས་ཁའི་ནང་ན་བད་ཀན་གྱི་ལྗན་ལྗིན་གནས་པ་ཉིད་ནི་མ་བཀྲུས་པ་སྦགས་པ་ཉིད་ཡིན་ནོ། །དེས་ན་སོ་ཤིང་ལ་སོགས་པས་ཁ་མ་སྦྱངས་པར་ཕྱག་འཚལ་བ་དང་བཟའ་བ་ལ་སོགས་པ་མི་བྱའོ་་་་་་སྦགས་པས་ཕྱག་འཚལ་བ་ལ་སོགས་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །ཞེས་ཊཱི་ཀ་ལས་སོ། །བཤང་གཅི་བྱ་བ་ཡང་དབེན་པར་དོར་རོ། །འདིའི་ཊཱི་ཀ་ལས། བྱ་བའི་བྱེ་བྲག་ཡིན་པའི་ཕྱིར་མ་ནིང་གི་རྟགས་སུ་བྱའོ། །ཞེས་པ་ནི་སྒྲ་བཤད་པ་དང་དོན་བཤད་པ་གཉིས་ལས། དང་པོ་ནི་ཊཱི་ཀ་འཐད་ལྡན་་་་་་གྱི་པཎྜི་ཏའི་བགྲོས། ལས། ཕོའི་རྟགས་སུ་བྱས་པའི་སྒྲ། མོའི་རྟགས་སུ་བྱས་པའི་སྒྲ། མ་ནིང་གི་རྟགས་སུ་བྱས་པའི་སྒྲ་་་་་་ཕོ་དྷརྨཱ། མོ་དྷརྨཱི། མ་ནིང་དྷརྨེ་ར། ཞེས་གསུམ་དུ་བཤད་པ་ལྟར། མ་ནིང་གི་རྟགས་སུ་བྱས་པའི་སྒྲའི་མཇུག་ན་ཡི་གེར་ཡོད་པ་ཡིན་ལ། བཤང་གཅི་བྱ་བ་ཡང་ངོ་ཞེས་པ་འདི། རྒྱ་གར་གྱི་སྐད་ལ་གྷ་དྲ་ཀ་ཕྲ་མ། ཞེས་པའི་མཇུག་ན་ཡི་
༼༢༢༦༽
གེར་ཡོད་པས་མ་ནིང་རྟགས་སུ་བྱས་པའི་སྒྲ་ཡིན་ནོ། །གཉིས་པ་དོན་བཤད་པ་ནི་བྱ་བའི་བྱེ་བྲག་དམན་པ་ཡིན་པའི་ཕྱིར་དབེན་པར་བྱ་སྟེ་དཔེར་ན་མ་ནིང་རྟེན་དམན་པས་ཚོགས་པར་མི་དབྱུང་བར་དབེན་པར་བཞག་པར་འོས་པ་བཞིན་ནོ། །མཆོད་རྟེན་ལ་ཕྱག་བྱའོ། །དེ་ནས་དེ་མ་ཐག་ཏུ་་་་་་གནས་བླ་མའི་སྤྱན། སྔར་སོང་སྟེ་ཕྱག་བྱའོ། །ཞེས་པ་འདི་ལ་བརྟེན་ནས། ཁ་ཅིག་ན་རེ།་་་་་སངས་རྒྱས་ལ་ཕྱག་འཚལ་བའི་སྔར་བླ་མ་ལ་ཕྱག་འཚལ་བ་ནི་ཐེག་པ་ཆེན་པོའི་ལུགས་ཡིན་གྱི། འདུལ་བའི་ལུགས་ཀྱིས་སྔར་སངས་རྒྱས་ལ་ཕྱག་བྱེད་ཅིང་དེའི་རྗེས་སུ་བླ་མ་ལ་བྱེད་པ་ཡིན་ཏེ། གཞུང་འདི་ཉིད་ཀྱིས་ཤེས་ལ། འོད་ལྡན་ལས། བཅོམ་ལྡན་འདས་ལ་ཕྱག་བྱའོ། །དེ་ནས་བླ་མ་ལ་གུས་པ་དང་བཅས་པས་ཕྱག་བྱ་ཞེས་པ་དང་། མེ་ཏོག་ཕྲེང་རྒྱུད་ལས་ཀྱང་། སོ་ཤིང་འཆོས་ནས་དེ་འོག་ཏུ། །སྟོན་པ་ལ་གུས་ཕྱག་བྱའོ། །དེ་ནས་རབ་གུས་བསྐྱེད་པ་ཡིས། །བླ་མ་ལ་ནི་ཕྱག་བྱ་སྟེ། །ཞེས་བཤད་པའི་གཞུང་གིས་གྲུབ་ཅེས་ཟེར་རོ། །དེ་ལྟར་ན་ལུང་གཞི་ལས།་་་་་ཤཱ་རའི་བུ་དང་མཽ་གལ་གྱི་བུའི་བྱུང་བ་ལས། དང་པོར་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱའམ་དང་པོར་གང་ལས་ཆོས་ཐོས་པ་དེ་ལ་བསྙེན་བཀུར་བྱའོ། །ཞེས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཕྱག་འཚལ་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་་་་་རྒན་པ་དང་ནི་གཞོན་ཡང་རུང་། །གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་ཐོག་མར་ཕྱག་བྱ་སྟེ། །ཟླ་བ་་་་་་ཆེ་ཤོས་ཚེས་བཅོ་ལྔའི་ཟླ་བ་ལ་ཕྱག་འཚལ་བའི་སྔ་རོལ་ཏུ་ཚེས་གཅིག་གི ཚེས་ལ་བྲམ་ཟེ་བཞིན། ཞེས་གསུངས་པ་དང་འགལ་ལ། སྔར་བཤད་པ་དེ་རྣམས་བླ་མ་དང་སློབ་མ་གནས་ཁང་ཐ་དད་་་་་་ཡིན་ན་སློབ་མས་རང་གི་གནས་ཁང་ནས་སངས་རྒྱས་ཀྱི་རྟེན་ཡོད་པ་དེ་ལ་ཕྱག་འཚལ་ནས་བླ་མའི་གནས་ཁང་དུ་སྤྱན་སྔར་ཕྱིན་ཏེ་བླ་མ་ལ་ཕྱག་བྱ་བ། ལ་དགོངས་པ་ཡིན་ཞེས་གསུང་ངོ་། །འོ་ན་རབ་ཏུ་འབྱིན་པའི་སྐབས་སུ་ལུང་གཞི་དང་ཀརྨ་ཤ་ཏཾ་ལས། དང་པོར་སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ །དེའི་འོག་ཏུ་མཁན་པོ་ལ་ཕྱག་འཚལ་དུ་བཅུག་ནས་ཞེས་གསུངས་པ་ཅི་ཞེ་ན་དེ་ནི་དམིགས་བསལ་ཡིན་ནོ་ཞེས་རིགས་སོ། །སྔར་སོང་སྟེ་ཕྱག་བྱའོ། །འདག་རྫས་དང་སོ་ཤིང་དབུལ་ལོ་ཞེས་པས་བླ་མ་རྣམས་སྦགས་པ་མ་བསལ་བ་ལ་ཡང་སློབ་མས་ཕྱག་བྱར་རུང་སྟེ། བླ་མ་ལ་ཕྱག་བྱས་ནས་བླ་མ་
༼༢༢༧༽
ལ་འདག་རྫས་དབུལ་བར་གསུངས་པས་ཤེས་སོ། །སློབ་་་་་་ཞེས་ཤ་མི་ཡར་སྟོད་པ་གསུངས་པ་དེ་འཐད་དོ། །དཔོན་དང་མཁན་པོ་མཆོག་ཏུ་ཚུལ་ཁྲིམས་འཆལ་བ་ལ་ཡང་བསྙེན་བཀུར་བྱའོ་ཞེས་གསུངས་པའི་གནད་ཀྱི་ཀྱང་ངོ་། །སྐབས་འདིར་ཀླུ་གས་དཀར་བ་ན་རེ། སྦགས་པ་ལ་ཕྱག་བྱེད་པ་སྤྱིར་བཀག་པས། བླ་མ་སྦགས་པ་ལ་ཡང་ཕྱག་བྱར་མི་རུང་ཟེར་ཏེ། འོ་ན་སྦགས་པ་དེ་ཚུལ་ཁྲིམས་འཆལ་བ་བས་ཀྱང་དམན་ཤོས་ཡིན་ནམ་ཅི་ཞེས་སྨོས་ཏེ། འོན་ཀྱང་ལག་ལེན་དོག་མཐའ་བཟུང་ནས་སྐབས་འདིར་དགེ་ཚུལ་གྱི་བསླབ་པའི་གཞི་མདོ་ལས་མཁན་པོ་ལ་ཕྱག་བྱེད་ན་མཁན་པོས་གདོང་བཀྲུས་པ་དང་། སོ་ཤིང་དོར་ནས་སློབ་མས་ཕྱག་བྱས་ཏེ་སྐུ་ཁམས་མཉམ་པར་དྲི་བར་བྱའོ། །ཞེས་བཤད་ཅིང་རང་གི་རྣམ་བཤད་ལས་ལུས་ཀྱི་བྱ་བ་སྒྲུབ་ནས་ཞེས་བྱ་བ་འདི་སྔར་གནས་ལ་རྟོག་པར་བྱའོ། །གཞན་དུ་ན་གནས་པ་ལ་ཕོངས་པ་དེ་བསྐྱེད་པའི་ཕྱིར་རོ། །འདག་རྫས་དང་སོ་ཤིང་འབུལ་ལོ་ཞེས་བྱ་བ་འདི་འགལ་ལོ་ཞེས་བྱ་བ་མ་ཡིན་ཏེ། ནད་པ་ལ་སོགས་པ་ལ་གནང་བ་ཡོད་པའི་ཕྱིར་རོ་ཞེས་གསུངས་པས་སོ།་་་་་ངོ་ཚ་དང་ལྡན་པ་གུས་པ་དང་བཅས་པ་ཞེས་པ་དེ་གཉིས་ཟློས་པའི་སྐྱོན་ཡོད་ཅེས་རྒོལ་ན། དེ་གཉིས་ཡུལ་ལ་འཇུག་པ་ཐ་དད་པས་ཟློས་སྐྱོན་མེད་དེ། ཊཱི་ཀ་ལས། ངོ་ཚ་དང་ལྡན་པའི་བྱེ་བྲག་གུས་པ་དང་བཅས་པ་ཡིན་མོད་ཀྱི། ཡུལ་ལ་འཇུག་པ་ཐ་དད་པས་སོ་སོར་བསྟན་ཏེ། ངོ་ཚ་དང་ལྡན་པ་ནི་བག་སྐྱོང་བ་ཞུམ་པར་བྱེད་པ་ཡིན་ལ། གུས་པ་དང་བཅས་པ་ནི་དེའི་དབང་གིས་དམ་པ་མ་ཡིན་པའི་ལས་ལ་མི་འཇུག་པའོ་ཞེས་གསུངས་ཏེ། དམན་པའི་བྱ་བ་ལ་མི་འཇུག་པའོ། །ནད་པ་ནད་གཡོག་གི་སྐབས་ནི། ལྷན་ཅིག་གནས་པ་ལ་ཞེས་པ་ལ་སོགས་པའོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི་གསུམ་སྟེ། ནད་པ་བདེ་བ་ལ་རེག་པར་གནས་པ་དང་། ནད་གཡོག་མ་བྱས་པའི་ལྟུང་བ་མི་འབྱུང་བ་དང་། ནད་གཡོག་མ་བྱས་པ་ལ་བརྟེན་པའི་་་་་་མ་དད་པ་སྤོང་བའོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་ཡུལ་གང་ལ་ནད་གཡོག་བྱ་བ་ནི་ནད་པ་ཡིན་པ་དང་ནད་གཡོག་བྱེད་པ་པོ་གཞན་མེད་པའོ། །གཉིས་པ་བྱེད་པ་པོ་གང་གིས་ན་གཡོག་བྱ་བ་ནི་ཆོས་འདི་པའི་རབ་བྱུང་ཡིན་་་་་་ནད་གཡོག་མ་བྱས་ན་ལྟུང་བ་བསྐྱེད་པའི་ཆ་ནས་ཆོས་འདི་པའི་རབ་བྱུང་ཡིན་པ་དགོས་སོ། །དེ་
༼༢༢༨༽
ཡང་དགེ་སློང་རྣམ་དག་ལ་སོགས་པར་མ་ཟད་ཀྱི་ཉམས་པ་དང་མ་སྐྱེས་པ་ངོ་བོ་ཉིད་ཀྱིས་རབ་ཏུ་བྱུང་བ་ཡོད་པ་དེས་ཀྱང་ནད་གཡོག་བྱ་དགོས་པའི་སྐབས་སུ་དེ་མ་བྱས་ན་ཉེས་པ་འབྱུང་བས་སོ། །པ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ཉེ་བ་ལ་སོགས་པའི་གོ་རིམ་དང་ལྡན་པས་སོ།་་་་་གཞན་དུ་ན་ནད་གཡོག་མ་བྱས་པའི་ལྟུང་བ་མི་འབྱུང་བའི་ཕྱིར་རོ་གསུང་ངོ་། །གསུམ་པ་རྫས་གང་གིས་གསོ་སྨན་བྱ་བ་ནི་ནད་པ་རང་གི་རྫས་དང་། དགེ་འདུན་གྱི་སྨན་ཁང་གི་རྫས་དང་། ཁྱིམ་པ་ལ་བཙལ་བ་དང་། དགེ་འདུན་གྱི་དཀོར་དང་། དཀོན་མཆོག་གཞན་གཉིས་ཀྱི་དཀོར་དང་། སངས་རྒྱས་ཀྱི་སྐུ་ལ་གསོལ་བ་མན་ཆད་ཀྱིས་ཏེ། སྔ་མ་མེད་ན་ཕྱི་མས་སོ། །བཞི་པ་གོ་རིམ་ཇི་ལྟར་ནད་གཡོག་བྱ་བ་ནི་ལྔ་ལས། ཉེ་བའི་གོ་་་་་་ཊཱི་ཀ་ལས་སློབ་དཔོན་ཐམས་ཅད་ལས་ཀློག་པའི་སློབ་དཔོན་རིང་བའི་ཕྱིར་ཞེས་དངོས་སུ་གསུངས་པས་མཁན་པོ་ལ་སོགས་པ་རྣམས་ཉེ་བའི་ཕྱིར་ཞེས་དངོས་སུ་མ་གསུངས་ཀྱང་མཁན་པོ་ལ་སོགས་པ་རྣམས་ཉེ་བའི་ཕྱིར་རོ་ཞེས་ཤུགས་ཀྱིས་གྲུབ་སྟེ། རིམ་ནི། མཁན་པོ་དང་གནས་ཀྱི་སློབ་དཔོན་དང་། ལས་ཀྱི་སློབ་དཔོན་དང་། གསང་སྟེ་སློབ་དཔོན་དང་། དགེ་ཚུལ་གྱི་སློབ་དཔོན་དང་། ཀློག་པའི་སློབ་དཔོན་དང་། དེ་རྣམས་སྔ་མ་སྔ་མའི་བསྙུན་གཡོག་བྱའོ། །དེ་ལ་མ་དགོས་ན་ཕྱི་མ་ཕྱི་མའི་བྱའོ། །མཆོག་གི་གོ་རིམ་ནི།་་་་་མཁན་བུ་ནི་སློབ་མའི་མཆོག་ཡིན་པ་ལ་སོགས་པ་སྟེ། མཁན་བུ་དང་གནས་ཀྱི་སློབ་བུ་དང་། ལས་ཀྱི་སློབ་བུ་དང་། ཊཱི་ཀ་ལས་ལས་བྱེད་པ་མེད་ན་གསང་སྟེ་སྟོན་པས་ནད་གཡོག་བྱའོ། །དེ་མེད་ན་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པས་སོ་ཞེས་བཤད་པ་ལྟར།་་་་་གསང་སྟེའི་སློབ་བུ་དང་། དགེ་ཚུལ་གྱི་སློབ་བུ་དང་། ཀློག་པའི་སློབ་བུ་དང་། མཁན་པོ་གཅིག་པ་དང་། གནས་ཀྱི་སློབ་དཔོན་གཅིག་པ་ནས། ཀློག་པའི་སློབ་དཔོན་གཅིག་པའི་བར་དང་། གཏམ་འདྲེས་པ་ལ་སོགས་པ་སྟེ། དེ་རྣམས་སྔ་མ་སྔ་མའི་ནད་གཡོག་བྱའོ། །དེ་ལ་མ་དགོས་ན་ཕྱི་མ་ཕྱི་མའི་འོ། །དགོས་པ་ཆེ་བའི་གོ་རིམ་ནི། ཊཱི་ཀ་ལས། གལ་ཏེ་དེའི་གནས་སྐབས་སུ་ནད་གཡོག་བྱ་དགོས་པ་གཞན་ཞིག་གཅལ་ཐག་པར་གྱུར་ལ། གནས་དེའི་སྲོག་གི་བར་ཆད་དུ་འགྱུར་བའི་འཇིགས་པ་མེད་ན་དེའི་ཚེ་གཅལ་ཐག་པར་གྱུར་པ་དེའི་ནད་གཡོག་བྱའོ་ཞེས་སོ། །སྤྲོ་བའི་གོ་རིམ་ནི།་་་་་དགེ་སློང་
༼༢༢༩༽
བསོད་སྙོམས་འཁྱམས་པོ་ན་ན་ནད་གཡོག་བྱེད་དགོས་པ་ལྟ་བུ། མཁན་བུ་ཡིན་པ་ལ་སོགས་པའི་རྒྱུ་མཚན་དང་མི་ལྡན་པའམ་་་་་་ཀློག་པའི་སློབ་དཔོན་ན་སྟེ་སློབ་མ་མང་པོ་ཡོད་པ་ལྟ་བུ་ནད་གཡོག་བྱེད་དགོས་ཀྱི། རྒྱུ་མཚན་མཉམ་ན་སུ་སྤྲོ་བ་དེ་ལ་དང་པོར་ནད་གཡོག་བྱ་བ་སྟེ། ལུང་ཕྲན་ཚེགས་ལས། རྒན་་་་་་ཀློག་པའི་སློབ་དཔོན་གཅིག་པ་ན་བར་གྱུར་ཏེ་སློབ་མ་མང་པོ་ཡོད་པ་ལས། རྒན་ཞུགས་ཀྱིས་ཁོ་བོས་ནད་གཡོག་བྱ་ཡིས་ཁྱེད་ཅག་སེམས་ལས་ཆུང་བར་གྱིས་ཤིག་ཅེས་ཟེར་ནས་ནད་གཡོག་བྱས་པར་གསུངས་པ་ལྟ་བུ། ཞུགས་ཀྱི་བྱུང་བ་ལྟ་བུའོ། །རེ་མོའི་གོ་རིམ་ནི། དེ་ལ་ནད་གཡོག་མེད་ན་དགེ་འདུན་གྱི་མཐར་ཐུག་པ་མན་ཆད་ལས་རེ་མོར་བསྐོ་བ་དང་གནས་བརྟན་གྱི་མཐར་ཐུག་པ་མན་ཆད་ལས་རེ་མོར་བསྐོ་བར་བྱ་སྟེ། ལུང་གཞི་ལས། ནད་གཡོག་གཅིག་གམ་གཉིས་སམ་རབ་ཏུ་མང་པོ་བསྐོ་ཞིང་དགེ་འདུན་ཐམས་ཅད་ཀྱིས་ནད་གཡོག་བྱའོ་ཞེས་གསུངས་པ་དང་། འགྲེལ་ཆུང་ལས། གང་ཁྲིམས་གཞོན་པ་ནས་གྲལ་རིམ་བཞིན་དུ་གང་རྒན་པའི་མཐར་ཐུག་གི་བར་དུ་དགེ་འདུན་ཐམས་ཅད་ཀྱིས་་་་་་ནད་གཡོག་གི་ཡུལ་དང་རྟེན་གཉིས་ཀར། ནད་གཡོག་བྱའོ་ཞེས་སོ། །ལྔ་པ་ལ་ཚུལ་ཇི་ལྟར་ནད་གཡོག་བྱ་བ་ནི་གཡོག་ལེགས་པར་བྱ་བ་དང་། ནད་པའི་ཚིག་དོན་ལྡན་དང་ཆོས་ལྡན་མི་བཅག་པ་ལ་སོགས་པ་སྟེ་གཞུང་ན་གསལ་ལོ། །ཡན་ལག་གི་དོན་ལ། ཊཱི་ཀ་ལས། སློབ་དཔོན་ཐམས་ཅད་པས་ཀློག་པའི་སློབ་དཔོན་རིང་བའི་ཕྱིར་དེ་འདིར་མ་གཟུང་ངོ་སྙམ་དུ་དོགས་པའི་ཕྱིར། ནད་གཡོག་གི་སྐབས་འདིར།་་་་་འདིར་ཀློག་པའི་སློབ་དཔོན་ཡང་གཟུང་་་་་་ནད་གཡོག་གི་ཡུལ་དང་རྟེན་གཉིས་ཀར། བ་ཉིད་ཡིན་ནོ་ཞེས་སོ། །རིང་བའི་རྒྱུ་མཚན་གང་ཞེ་ན། རྒྱ་ཟེར་་་་་་ཁ་་་་་་ཤ་སྦས་ཅིག་ན་རེ་ཀློག་པའི་སློབ་དཔོན་རིང་བ་ནི་དྲིན་ཆུང་བའི་ཕྱིར་ཏེ། ཚུལ་ཁྲིམས་ཀྱི་ཡུལ་ལ་དངོས་སུ་ཕན་མ་བཏགས་པའི་ཕྱིར་རོ་ཞེས་སོ། །སློབ་དཔོན་དེས་ཤེས་རབ་ཀྱི་བསླབ་པ་བསྐྱེད་ཀྱང་། འདུལ་བ་ལས་གསུངས་པ་འདི་ནི་གཙོ་བོར་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པའི་ཕྱིར་རོ་ཞེས་གསུང་ངོ་། །ཁ་་་་་་ཚ་རོང་ཅིག་ན་རེ་ཀློག་པའི་སློབ་དཔོན་དེས་ཐོས་
༼༢༣༠༽
པའི་ཤེས་རབ་བསྐྱེད་པའི་ཕྱིར་དྲིན་ཆུང་བར་མ་གྲུབ་སྟེ། རྣམ་གྲོལ་གྱི་རྒྱུའི་གཙོ་བོ་ཤེས་རབ་ཡིན་ལ། བསླབ་པ་གསུམ་གྱི་གཙོ་བོ་ལྷག་པ་ཤེས་རབ་ཀྱི་བསླབ་པའི་སྒོ་ནས་ཕན་བཏགས་པའི་ཕྱིར་དང་། དྲིན་ཆུང་བ་ཉིད་ཡིན་ན།་་་་་ཇོ་བོ་རྗེའམ་པུ་ཏོ་བ་ལྟ་བུ་དེ་སློབ་མ་སྟོང་ཕྲག་ཚོགས་པ་རྣམས་ལ་སློབ་དཔོན་ཐམས་ཅད་ཀྱི་ནང་ནས་དྲིན་ཆུང་བ་ཉིད་ཡིན་ནམ་ཅི། སྣང་ཚོད་དང་ཡང་འགལ་བའི་ཕྱིར་རོ་ཞེས་ཟེར་རོ། །འོ་ན་གང་ཞེ་ན། རང་ལུགས་ནི།་་་་་བཅས་པའི་དབང་གིས་ཏེ། ནད་གཡོག་གི་གོ་རིམ་བཅས་པ་ལ་ལྟོས་ཏེ་རིང་བའི་ཕྱིར་ཞེས་པ་སྟེ། ལུང་ཕྲན་ཚེགས་ལས། ཀློག་པ་མེད་པར་ནི་འདུག་ཏུ་རུང་གི་གནས་མེད་པར་ནི་མ་ཡིན་ནོ། །ཞེས་གསུངས་ཏེ། ཀློག་པའི་སློབ་དཔོན་གྱི་ནད་གཡོག་པས་གནས་ཀྱི་སློབ་དཔོན་གྱི་ནད་གཡོག་གལ་ཆེ་བར་བཅས་པའོ། །རང་གི་སློབ་མ་དང་མཁན་པོ་དང་སློབ་དཔོན་ལྔ་ཆར་ན་སྟེ་དེ་ཐམས་ཅད་ཀྱི་ནད་གཡོག་་་་་ཅིག་ཅར་མི་ནུས་ན་གནས་པའི་་་་་་ཡུལ་གནས་ཀྱི་བླ་མའི་ནད་གཡོག་བྱ་འོ་ཞེས་སྦྱར་རོ། །གནས་ཀྱི་བླ་མ་མང་པོ་དག་ཅིག་ཅར་ན་སྟེ་འདུག་པར་གྱུར་ན་དེ་དག་ཐམས་ཅད་ཀྱི་ནད་གཡོག་ཅིག་ཅར་བྱེད་མི་ནུས་ན་གང་གི་ནད་གཡོག་བྱ་ཞེ་ན། གང་་་་་་གནས་མེད་ཀྱི་ཉེས་པ་འགེགས་པ། དང་འཇུག་པའི་འོ་ཞེས་པ་སྟེ། གང་ལ་བྱ་བ་ཞུ་ཞིང་གནས་ཀྱི་བྱ་བ་བྱེད་པའི་གནས་དེའི་ནད་གཡོག་་་་་་འདིའི་དམིགས་བསལ་གཅལ་ཐག་པ་དེའི་ནད་གཡོག་བྱ་ཞེས་བཤད་དོ། བྱའོ། །མཐར་ཐུག་པ་མན་ཆད་ལས་ཞེས་པ་ནི་་་་་་གཅིག་གམ་གསུམ་ནས། དགེ་འདུན་གྱི་མཐར་ཐུག་པ་དང་། གཞོན་རིམ་ནས།་་་་་གནས་བརྟན་གྱི་མཐར་ཐུག་པ་མན་ཆད་ལས་རེ་མོར་བསྐོ་བར་བྱའོ།་་་་་དེ་གཉིས་ནི་ལུང་གོས་ཀྱི་གཞི་དང་འགྲེལ་ཆུང་ལས་གོ་རིམ་བཞིན་དུ་གསུངས་སོ། །དགེ་འདུན་གྱི་སྨན་ཁང་གི་སྨན་དང་ནད་པ་རང་གི་སྨན་མེད་པ་ཉིད་ཡིན་ན་ནི། ཊཱི་ཀ་ལས། དགེ་འདུན་གྱི་སྨན་དང་ནད་པ་རང་གི་སྨན་མེད་པ་ཉིད་ཡིན་ན་སྨན་དེ་ནད་གཡོག་གིས་ཡོན་བདག་གཞན་འཚོལ་དུ་གཞུག་གོ་ཞེས་སོ། །འོ་ན་ལུང་་་་་་དགེ་འདུན་གྱི་སྨན་མེད་ན་ཡོན་བདག་གཞན་འཚོལ་དུ་གཞུག་ན་ཡོན་བདག་གི་སྨན་མེད་ན་དགེ་འདུན་གྱི་སྨན་ཁང་ནས་བསླང་ཞེས་སོ། །ཕྲན་ཚེགས་ལས། སྨན་དེ་མ་འབྱོར་ན་དེའི་ཉེ་དུ་དག་ལས་བསླང་བར་བྱའོ། །ཉེ་དུ་དག་མེད་ན་ཁྱིམ་བདག་གང་ལ་
༼༢༣༡༽
བརྟེན་པ་དེ་ལས་བསླང་བར་བྱའོ། །དེ་ལྟ་བུ་ཡང་མེད་ན་སྨན་ཁང་ནས་བསླང་བར་བྱའོ་ཞེས་གསུངས་པ་དང་འགལ་སྙམ་ན། སྤྱིར་བཏང་ལ་ཊཱི་ཀ་ལྟར་ཡིན་ལ། དམིགས་བསལ་ནི་སྨན་ཁང་ན་སྨན་ཤིན་ཏུ་ཉུང་ཞིང་ནད་པ་དེའི་ཉེ་དུའམ་སྦྱིན་བདག་དེ་སྨན་ཤིན་ཏུ་མང་བ་ཡིན་ན་ལུང་ལས་གསུངས་པ་དེ་ལྟར་བྱའོ། །འབྱོར་བ་ཡོད་ན་བསབ་པ་ཉིད་དུ་བྱ་ཞེས་པའི་ཤུགས་ཀྱིས་བསྟན་པ་ནི། ལུང་ལས། གལ་ཏེ་འབྱོར་བ་མེད་ན་ནི།་་་་་འབྱོར་པ་མེད་ན་མ་བསབས་ཀྱང་ཉེས་པ་མེད་དེ་བསམ་པ་དག་པའི་ཕྱིར་དང་ཞིང་ཆེན་པོའི་གནས་སྐབས་སུ་སྤྱད་པའི་ཕྱིར་རོ་ཞེས་ཊཱི་ཀས་དངོས་སུ་བཤད་ཅིང་། སྤྱད་པ་ལེགས་པར་སྤྱད་པ་ཡིན་ཏེ། ཕའི་ལ་བུ་བཞིན་དུ་རིགས་པ་ཡིན་པས་དེ་ལ་འགྱོད་པར་མི་བྱའོ་ཞེས་གསུངས། འདུག་པ་དང་ཕྱི་རོལ་ཏུ་ཡང་ཞེས་པ་ལ་སོགས་པས་གནས་བརྟན་གྱི་ཚུལ་ཁྲིམས་བསྟན་ཏོ། །སྤྱིར་ན་གནས་བརྟན་རྒྱལ་ཚབ་ལྟ་བུ། སེང་གེ་ལྟ་བུ་བྱིས་པ་ལྟ་བུ་གནས་བརྟན་སྲིད་ཏ་ལྟ་བུ་ཞེས་ཀྱང་གསུངས་ཏེ།་་་་་དང་པོ་ནི་ལུང་རྣམ་འབྱེད་ལས་ཇི་ལྟར་ན་གནས་བརྟན་རྒྱལ་ཚབ་ལྟ་བུ་ཡིན་ཞེ་ན། བསྙེན་པར་རྫོགས་ནས་ལོ་ཉི་ཤུའམ་ལྷག་པ་སྟེ་ཞེས་གསུངས་སོ། །གཉིས་པ་ནི་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་ཞིང་འདུལ་བ་ཤེས་པ་སྟེ་གནས་གཞན་ལ་བརྟེན་མི་དགོས་ཤིང་རང་དབང་ཅན་ཡིན་པའི་ཕྱིར་རོ། །གསུམ་པ་ནི་ལུང་གཞི་ལས་བསྙེན་པར་རྫོགས་ནས་ལོ་དྲུག་ཅུ་ལགས་ལ་དེས་སོ་སོ་ཐར་པའི་མདོ་ཐོན་པ་དང་རྒྱས་པར་བཀླགས་པ་མ་ལགས་ན། གནས་བརྟན་བྱིས་པ་ཞེས་བྱའོ་ཞེས་གསུངས་སོ། །བཞི་པ་ནི་ཚུལ་ཁྲིམས་འཆལ་བ་སྟེ། དཔེར་ན་སྲིད་ཏའི་མྱུ་གུ་ནི་ནས་ཀྱི་མྱུ་གུ་དང་རྣམ་པ་འདྲ་ཞིང་དེའི་གསེབ་ཏུ་ཞུགས་པ་ནས་ཀྱི་མྱུ་གུ་རྣམས་ལ་གནོད་པ་ལྟར་ཚུལ་ཁྲིམས་འཆལ་བ་དེ་ཡང་དེ་རྣམ་དག་དང་ཆ་ལུགས་འདྲ་ཞིང་དེའི་གསེབ་ཏུ་ཞུགས་པས་རྣམ་དག་ལ་ཉེས་པས་བསྒོ་བར་བྱེད་པས་སྲིད་ཏ་ལྟ་བུ་ཞེས་བྱ་སྟེ། བསླབ་པ་རྒན་ཞིང་ཚུལ་ཁྲིམས་འཆལ་བ་ལའང་གནས་བརྟན་སྲིད་ཏ་ལྟ་བུ་ཞེས་བཏགས་པར་ཐད་དོ། །འདིར་ནི་གྲོང་དུ་འཇུག་པའམ། གཉུག་མར་གནས་པའམ། འགྲོ་བར་ཆས་པ་ལ་སོགས་པ་དེ་རྣམས་ཀྱི་གང་བསླབ་པ་རྒན་པ་དེ་གནས་བརྟན་ཡིན་ལ། དེའི་བསླབ་བྱ་འདི་རྣམས་ནི་གནས་
༼༢༣༢༽
བརྟན་གྱི་ཚུལ་ཁྲིམས་ཡིན་ནོ། །དྲུང་ན་མོས་ཀྱང་གོ་བར་མ་གྱུར་ན་རང་གིས་སོ་ཞེས་པ་དང་། དྲུང་ན་མོས་གོ་ནས་དེས་བརྡ་བསྟན་ཀྱང་མཛེས་པར་མ་གྱུར་ན་་་་་་དག་གི་གནས་བརྟན་རང་གིས་སོ། །ཞེས་ལུང་མ་མོ་དང་ཊཱི་ཀ་ལས་གསུངས་པ་གོ་རིམ་བཞིན་ཏེ།་་་་་ལུང་མ་མོ་ལས་དྲུང་ན་འདུག་པ་ལ་བརྡ་བྱ། དྲུང་ན་འདུག་པས་ཀྱང་མ་ཚོར་ན་གནས་བརྟན་གྱིས་དེར་སྦྲན་པར་བྱ། ཅི་ནས་གོས་ལེགས་པར་བགོས་པ་དང་སྒྲ་ཆེར་མི་འབྱུང་བར་བསྒོ་བར་བྱ་ཞེས་གསུངས་སོ། །ཊཱི་ཀ་ལས་དྲུང་ན་མོའི་དགེ་སློང་གིས་བརྡ་བསྟན་ཀྱང་མཛེས་པར་མ་གྱུར་ན་གནས་བརྟན་རང་གིས་མཛེས་པར་བྱའོ། །ཞེས་གསུངས་སོ། །མ་གྱུར་ནའང་རང་གིས་སོ་ཞེས་པ་འདི་འགྲེལ་ཆུང་ལས་གོས་ཉེས་པར་གྱོན་པ་དེ་ཉིད་གནས་བརྟན་གྱིས་གན་དུ་བཀུག་ལ། བདག་གིས་བཅོས་ཞེས་བཤད་དོ། །གཉིས་ཀ་ལྟར་གཟུང་ངོ་། །གྲོང་མཐའ་བའི་གནས་བརྟན་དང་དགོན་པ་བའི་གནས་བརྟན་གྱི་ཚུལ་ཁྲིམས་ནི་ལུང་མ་མོ་ལས་དོན་འདི་ལྟར་གསུངས་ཏེ་གྲོང་འདབ་ཀྱི་གཙུག་ལག་ཁང་དང་དགོན་པ་དེར་གསར་བུ་དེ་ཚུལ་ཁྲིམས་ཀྱི་བསླབ་བྱ་དང་། ཚུལ་ཁྲིམས་དེ་ཞེས་པ་གཙུག་ལག་ཁང་དང་དགོན་པ་དེ་ན་ཡོད་པའི་ནང་ཁྲིམས་གང་ཡིན་པ་དེ་ཚིག་གི་ཆ་ནས་འཛིན་དུ་གཞུག་པར་བྱ་ཞིང་དོན་གྱི་ཆ་ནས་ངེས་པར་སྦྱར་བར་ཡང་བྱའོ་ཞེས་དོན་དེ་ལྟར་གསུངས་སོ། །འགྲེལ་ཆུང་ལས། ཕྱོགས་དང་ཞེས་པ་ཕྱོགས་གང་དུ་འགྲོ་བའི་ལམ་དང་། ས་ཕྱོགས་བརྟག་པ་དང་། འགྲོན་པོ་ཚོང་པ་ལ་སོགས་པ་ལམ་གྲོགས་བཟང་པོ་དང་། གནས་གང་དུ་འདོང་བའི་གནས་དེ་བདེ་འམ་མི་བདེ་དང་། གནས་དེ་ན་གནས་མལ་དང་ཡོ་བྱད་འབྱོར་ཏམ་མི་འབྱོར་བརྟག་པ་དང་ཞེས་འགྲེལ་ཆུང་ལས་སོ། །སྤྱོད་པ་དང་ཞེས་པ་ལ་སོགས་པ་འདིས་ནི། བྱ་བ་བསྒྲུབས་པས་ཕན་བཏགས་པ་ལྔ་སྟོན་ཏེ། སྤྱོད་པ་་་་་་སྤྱོད་ཡུལ་ཡིན་མིན་བསྟན་པ་སྟེ་སྤྱོད་ཡུལ་མ་ཡིན་པའི་གནས་ལྔ་དང་སྤྱོད་ཡུལ་ཡིན་པ་རྣམས་བསྟན་པའི་སྒོ་ནས། བསྟན་པའི་བྱ་བ་བསྒྲུབ་པ་དང་། སྤྱོད་ལམ་བསྟན་པའི་བྱ་བ་བསྒྲུབ་པ་དང་། ལུང་ནོད་པ་ལ་སོགས་པའི་བྱ་བ་བསྒྲུབ་པ་དང་།་་་་་འདིར་གནས་བརྟན་གྱིས་གསར་བུ་རྣམས་ལ་ལུང་འབོགས་པར་རིགས་ལ། ལུང་ནོད་པ་ཞེས་གསུངས་པ་དང་འགལ་སྙམ་ན་འདི་ནི་རྒྱ་གར་གྱི་སྐད་དུ། ཨུ་པ་དེ་ཤ་ཏི་ཞེས་པ་ལུང་ནོད་པ་དང་ལུང་འབོགས་པའི་སྤྱི་སྒྲ་ཡིན་པས་འགལ་བ་མེད་དོ། །ལུང་ནོད་པ་ལ་ལུང་སྦྱིན་ཞེས་ཁ་བཀང་སྟེ། ལུང་ནོད་པ་ལ་ལུང་སྦྱིན་པ་ལ་
༼༢༣༣༽
སོགས་པའི་བྱ་བ་བསྒྲུབ་པས་ཕན་གདགས་པར་བྱ་ཞེས་པའོ། །ཟས་ཀྱི་རྙེད་པའི་བྱ་བ་བསྒྲུབ་པ་དང་། ནད་པ་ལ་བགོ་བཤའ་བྱ་བ་ལ་སོགས་པའི་བྱ་བ་བསྒྲུབ་པས་ཕན་གདགས་པར་བྱའོ། །གཙུག་ལག་ཁང་བྱི་དོར་ཞེས་པ་ནི་གཙུག་ལག་ཁང་རལ་གྲུམ་བཅོས་པ་སྟེ། ལུང་མ་མོ་ལས། དབྱར་ཚུལ་དུ་ཞུགས་པའི་གནས་བརྟན་གྱིས་མཆོད་རྟེན་དང་གཙུག་ལག་ཁང་རལ་ཚེམས་བྱ་བ་དང་། སུ་བྱེད་པ་ལ་སྤྲོ་བ་བསྐྱེད་པར་བྱ། སུ་མི་བྱེད་པ་དེ་ལ་ནི་བསྐུལ་བར་བྱའོ་ཞེས་གསུངས་ལ། འགྲེལ་་་་་་གཙུག་ལག་ཁང་གི་བྱི་དོར་མི་བྱེད་པ་ལ་གྲོས་བཏབ་སྟེ་བྱི་དོར་བྱེད་དུ་གཞུག་ཅེས་པ་འདི་ཉིད་ཀྱི། ཆུང་གི་མདོ་རྩ་བ་ལས་ཀྱང་། དབྱར་ཚུལ་དུ་ཞུགས་པ་གཙུག་ལག་ཁང་མ་བཅོས་པ་དག་འཆོས་སུ་གཞུག་ཅིང་འཆོས་ན་སྤྲོ་བར་བྱ་ཞེས་སོ། །འགྲེལ་ཆུང་ལས་གཙུག་ལག་ཁང་མི་འདྲལ་ཞིང་མི་ཟེགས་པའི་ཕྱིར་འཆོས་སུ་གཞུག་ཅེས་བཤད་དོ།་་་་་གཏམ་འདོད་པ་དག་ལ་རྗེས་སུ་མཐུན་པའི་ཆོས་ནི་འདོད་པ་དང་རྗེས་སུ་མཐུན་པའམ་སྤང་བྱའི་གཉེན་པོ་དང་རྗེས་སུ་མཐུན་པའི་ཆོས་བཤད་པ་ཉེ་བར་བསྒྲུབས་པས་ཕན་གདགས་པར་བྱའོ། །གཏམ་སྣ་ཚོགས་མེད་པར་བྱའོ་ཞེས་པ་དང་། གཏམ་འགལ་བ་མེད་པར་བྱའོ་ཞེས་སྦྱར་ཏེ། གཏམ་སྣ་ཚོགས་ཡང་ཡིན་ལ་འགལ་བ་ཡང་ཡིན་པ་སྟེ་གཞི་མཐུན་པའམ་་་་་་ཞེ་སྡང་གིས་གཏམ་ཚིག་གཅིག་སྨྲ་བ་ལྟ་བུ་གཏམ། སྣ་ཚོགས་མ་ཡིན་ཡང་འགལ་བ་ཡིན་པ་ཅི་རིགས་པ་སྟེ། དེ་དག་མེད་པར་བྱའོ། །སྦྱིན་པ་དང་ཞེས་པ་ལ་སོགས་པ་ནི། རང་རང་གི་ཕན་ཡོན་བཤད་ནས་སྦྱིན་པ་ལ་་་་་་ཁྱིམ་པ་དེ་དག་ངེས་པར། སྦྱར་བར་བྱ། དུལ་བ་ལ་དེ་དག་ངེས་པར་སྦྱར་བར་བྱའོ་ཞེས་པ་ལ་སོགས་པ་སྦྱར་རོ། །དྲན་པས་སྒྲུབ་པ་ནི། ལྟུང་བ་འགའ་ཡང་མི་འབྱུང་བ་དེ་ལྟར་དྲན་པས་བསྒྲུབ་པའོ།་་་་་ཊཱིཀ་ལས་དགེ་སློང་བྱ་བ་རྩོམ་འདོད་པས་བྱ་བ་གང་ལ་ལྟུང་བ་འབྱུང་བའི་ཡུལ་དེ་ལ་ལྟུང་བ་འགའ་ཡང་མི་འབྱུང་བ་དེ་ལྟར་དྲན་པ་ཉེ་བར་བཞག་པ་ཡིན་གྱི་དོན་རང་གི་ངོ་བོ་ཉིད་ངེས་པར་གཟུང་
༼༢༣༤༽
བའི་ཕྱིར་དྲན་པས་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ་ཞེས་པ་ནི་ལྟུང་བ་མི་འབྱུང་བར་དྲན་པ་ཉེ་བར་བཞག་པ་ཡིན་གྱི་བྱ་བ་འདི་རྩོམ་པ་ཡིན་ནོ་སྙམ་དུ་དྲན་པས་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ་ཞེས་སྔ་རབས་པ་རྣམས་གསུང་བ་དེ་ལེགས་སོ། །གཡོག་འཁོར་གྱི་བྱ་བ་མི་མཐུན་པ་ནི་ཊཱི་ཀ་ལྟར་བྱ་སྟེ། །གང་གི་རྗེས་སུ་འགྲོ་བའི་ཡུལ་མཁན་པོ་དང་སློབ་དཔོན་ཏེ་རྗེས་སུ་འགྲོ་བའི་ཡུལ་དེས་་་་་་ཆོས་བསྟན་ཅིང་། བསླབས་པས་བསྒྲུབ་པར་མི་བྱ་བར་མི་བྱའོ། །བསྒྲུབ་པར་ཞེས་མདོ་སྔ་མར་སྦྱར་རོ་ཞེས་ཊཱི་ཀ་ལས་སོ། །འདིའི་འགྲེལ་ཆུང་་་་་་རྗེས་སུ་འགྲོ་བ་ཞེས་པ། ལས་མཁན་པོས་བསྒོ་བ་རྣམས་ལ་སློབ་མས་ཀྱང་བྱ་ཞིང་མཉན་ཞེས་སོ། །གཡོག་འཁོར་ནི་ནང་གི་གཡོག་དང་། ཕྱིའི་འཁོར་ཞེས་ཐ་དད་དུ་ཁ་ཅིག་འཆད་ཀྱང་། གཡོག་ཀྱང་ཡིན་ལ་འཁོར་ཡང་ཡིན་པས་ན་གཡོག་འཁོར་ཏེ། དགེ་འདུན་གྱི་གཡོག་ཏུ་བསྲེལ་བའི་མི་གང་དག་རབ་ཏུ་མ་བྱུང་བ་དེ་དག་ཡིན་ཏེ། འགྲེལ་ཆུང་ལས། ལྷ་རིས་ཀྱི་འབངས་རྩེ་རྒོད་དང་། ལྡུམ་ར་བསྲུང་བ་ལྟ་བུའོ་ཞེས་སོ།་་་་་གཡོག་འཁོར་གྱི་བྱ་བ་མི་མཐུན་པ་ཞེས་བ་ནི་ཊཱི་ཀ་ལས། ལྷ་དྲག་པོའི་རྟེན་འཛུགས་པ་ལ་སོགས་པོའི་ཞེས་བཤད་དོ། །ལྷ་དྲག་པོ་ནི་དབང་ཕྱུག་ཆེན་པོ་སྟེ་དྲག་པོ་ཞེས་ཀྱང་བྱ། ཞི་བ་ཞེས་ཀྱང་བྱ། མཧཱ་དེ་བ་དང་དབང་ཕྱུག་ཆེན་པོ་ཞེས་ཀྱང་བྱ་བ་མིང་གི་རྣམ་གྲངས་སོ། །ནུས་ཀྱང་དེ་དག་རྒྱུན་བཅད་ལ་ཞེས་པ་ནི། དྲག་པོའི་སྒོ་ནས་རྒྱུན་བཅད་པར་ནུས་ཀྱང་དེ་དག་ཞི་བའི་སྒོ་ནས་དེ་དག་ཀྱང་རྒྱུན་བཅད་པ་ཞེས་པའོ། །རང་གི་རྣམ་བཤད་ཀྱི་མདོ་རྩ་བ་ལས་ནུས་པ་ཡོད་ན་དེ་དག་རྒྱུན་བཅད་ལ་ཞེས་པ་དང་། འགྲེལ་ཆུང་གི་མདོ་རྩ་བ་ལས། ནུས་ན་རྒྱུན་བཅད་པ་ཞེས་པ་དེ་འགྱུར་ལེགས་པ་ཡིན་ནོ། །ཊཱི་ཀ་ལས། གྲ་དག་པར་ཞེས་བྱ་བ་ནི་གྲ་གང་དུ་སྐྱེ་བོ་ཡོངས་ལ་མི་རིགས་པའི་ཆད་པས་མི་གཅོད་པས་གྲ་དེ་ནི་གྲ་དག་པ་སྟེ་ཞེས་སོ། །འགྲེལ་ཆུང་ལས་བརྡེག་འཚོག་དང་བསད་སྤྱུགས་པ་ལྟ་བུ་མི་བྱ་ཡི་ཚིག་གི་ནན་ཏུར་གྱིས་ཕྱིན་ཆད་མི་བྱེད་པར་ཐུལ་བར་བྱ་ཞེས་སོ།་་་་་ཐུལ་འོག་ཏུ་གཞུག་པར་བྱ་ཞེས་པ་ནི་ཐུལ་བ་སྟེ་ཚར་ཆོད་ཅིང་། འོག་ཏུ་གཞུག་པ་སྟེ་ཕམ་པར་བྱ་བའོ། །ད་ནི་དགེ་སློང་མའི་ཆོ་གའི་ཁྱད་པར་འཆད་དེ་དགེ་སློང་གི་གནས་སུ་དགེ་སློང་མའོ་ཞེས་པ་ལ་སོགས་པས་བསྟན་ཏོ། །འདིའི་སྤྱི་དོན་ལ་གསུམ་ལས། དང་པོ་དགེ་སློང་མའི་ཆོ་ག་འདི་དགེ་སློང་ཕའི་ཆོ་ག་ལས་ཐ་དད་དུ་བཤད་པའི་འཐད་པ་ནི། གལ་ཏེ་དགེ་སློང་ཕ་མའི་སྡོམ་པ་འཐོབ་བྱེད་ཀྱི་ཆོ་ག་ཆོས་ཅན། ཐོབ་བྱེད་དགེ་སློང་ཕའི་ཆོ་ག་ལས་དགེ་སློང་མའི་ཆོ་ག་ཐ་དད་དུ་བཤད་པ་མི་འཐད་པར་ཐལ། ཐོབ་བྱ་དགེ་སློང་ཕའི་སྡོམ་པ་ལས་དགེ་སློང་མའི་སྡོམ་པ་རྫས་གཞན་མ་ཡིན་པའི་ཕྱིར་ཏེ། མཛོད་འགྲེལ་ལས། དགེ་སློང་གི་སྡོམ་པ་ལས་ནི་དགེ་སློང་མའི་
༼༢༣༥༽
སྡོམ་པ་རྫས་གཞན་མ་ཡིན་ནོ་ཞེས་བཤད་པས་གྲུབ་བོ་ཞེ་ན། ཁྱབ་པ་མ་གྲུབ་སྟེ་དགེ་སློང་ཕ་མ་མཚན་མི་འདྲ་བའི་སྟོབས་ཀྱིས་ལུས་དང་བསམ་པ་མི་འདྲ་ཞིང་བསམ་པ་དེ་ལ་བརྟེན་པའི་ཉོན་མོངས་པ་རགས་མི་རགས་ཡོད་པས། དེ་ལ་ལྟོས་ཏེ་བཅས་པ་ལ་ཡང་མང་ཉུང་དང་ཆེ་ཆུང་ཡོད་པའི་ཕྱིར་ན་ཐུན་མོང་བ་ཐོབ་བྱེད་ཀྱི་ཆོ་ག་ཐ་དད་དུ་བཤད་པ་འདི་མི་འཐད་པ་མེད་དོ། །མཛོད་རྩ་འགྲེལ་ལས། དགེ་སློང་ཕ་མའི་སྡོམ་པ་རྫས་གཞན་མ་ཡིན་པར་བཤད་པ་དེ་ནི་སྤོང་བ་བདུན་ཙམ་དུ་སྡོམ་པ་རིགས་གཅིག་པ་ལ་དེ་སྐད་བཏགས་པ་སྟེ། མཛོད་ལས། སུམ་ཅུ་རྩ་བདུན་དེའི་ཕྱོགས་མཐུན། །མིང་གི་སྒོ་ནས་རྫས་སུ་བཅུ། །ཞེས་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་རྫས་བཅུར་བཤད་པ་བཞིན་ནོ། །གཉིས་པ་དགེ་སློང་མའི་ཆོ་ག་འདི་དགེ་སློང་ཕའི་ཆོ་ག་ལས་ཕྱི་ནས་བཤད་པའི་འཐད་པ་ནི། གལ་ཏེ་དགེ་སློང་མའི་ཆོ་ག་འདི་ཆོས་ཅན། དགེ་སློང་ཕའི་ཆོ་གའི་ཕྱི་ནས་བཤད་པ་མི་འཐད་པར་ཐལ། དགེ་སློང་ཕའི་ཆོ་ག་ལས་ཡི་གེ་ཉུང་བའི་ཕྱིར་རོ། །ཁྱབ་པ་མ་གྲུབ་ན་སྒྲའི་བསྟན་བཅོས་ལས། གཉིས་ལས་ཡི་གེ་རབ་ཉུང་ངམ། །ཡང་ན་མཆོད་འོས་སྔོན་དུ་སྦྱར། །ཞེས་པ་དང་འགལ་ཞེ་ན། རྟགས་མ་གྲུབ་སྟེ། ལུང་དང་ཀརྨ་ཤ་ཏཾ་ལས་དགེ་སློང་མའི་ཆོ་ག་ཡི་གེ་མང་བའི་ཕྱིར་དང་། མདོ་རྩ་བར་ཡང་དགེ་སློང་མའི་ཆོ་གའི་ཁྱད་པར་འདི་རྣམས་ཀྱི་སྟེང་དུ། སྔར་དགེ་སློང་ཕའི་སྐབས་ཀྱི་གཞུང་ཕལ་ཆེ་བ་རྣམས་ཀྱང་དགེ་སློང་མའི་ཡང་ཐུན་མོང་བ་ཡིན་པའི་ཕྱིར་རོ། །དེས་ན་དགེ་སློང་ཕ་མའི་ཆོ་ག་གོ་རིམ་འདི་ལས་བཟློག་ན་སྐྱོན་ཡོད་ཅིང་། གོ་རིམ་འདི་ལྟར་འཐད་དེ། ལུང་གི་གོ་རིམ་དང་མཐུན་པའི་ཕྱིར་དང་། གཙོ་འཁོར་གྱི་གོ་རིམ་དང་མཐུན་པའི་ཕྱིར་ཏེ། ལུང་གཞི་ལས། དགེ་སློང་ཕའི་ཆོ་ག་སྔར་གསུངས་ནས། ལུང་ཕྲན་ཚེགས་ལས་དགེ་སློང་མའི་ཆོ་ག་ཕྱིས་གསུངས་པའི་ཕྱིར་དང་། དགེ་སློང་ཕ་གཙོ་བོ་ཡིན་ཞིང་དགེ་སློང་མ་འཁོར་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་འཁོར་གཙོ་བོ་ལ་ཆུ་འཐོར་ན་ལྟུང་བྱེད་དོ་ཞེས་སོ། །གསུམ་པ་ཕན་ཚུན་ཁྱད་པར་གྱི་དོན་ལ་གསུམ་ལས་དང་པོ་གང་ལ་ནོད་པ་ཡུལ་གྱི་ཁྱད་པར་རོ། །དེ་ལ་གསུམ་ལས། མཁན་པོའི་ཁྱད་པར་ནི་མཁན་་་་་་དགེ་སློང་གི་པོ་ཕམ་པ་བཞིས་མ་གོས་ཤིང་
༼༢༣༦༽
བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་དགོས་པ་ལ། མཁན་་་་་་དགེ་སློང་མའི། མོ་ཕམ་པ་བརྒྱད་ཀྱིས་མ་གོས་ཤིང་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་ལོན་པ་དགོས་ཏེ། དོན་ལ་ནི་་་་་་དགེ་སློང་གི་མཁན་པོ་ཡང་ཕམ་པ་བརྒྱད་ཀྱིས་མ་གོས་པ་ཉིད་ཡིན་ནོ།་་་་་ཐུན་མོང་མ་ཡིན་པའི་ཕམ་པ་བྱུང་ནས་མཚན་གྱུར་པའི་དགེ་སློང་ཕ་ནི་ཕམ་པ་ལས་གྲོལ་བ་ཡིན་པ་གཏམ་གྱི་གཞི་ལས་སོ། །སློབ་དཔོན་གྱི་ཁྱད་པར་ནི། དགེ་སློང་་་་་་གི་སྡོམ་པ་ནོད་པ། དང་དགེ་སློང་མའི་་་་་་སྡོམ་པ་ནོད་པའི་སྐབས་སུ་དགེ་སློང་བྱེད་པ་ལ་་་་་་ལས་བྱེད་པའི་དགེ་སློང་གཅིག་དགོས་པ་དང་། དགེ་སློང་མ་བྱེད་པ་ལ།་་་་་ལས་བྱེད་པའི་དགེ་སློང་ཕ་མ་གཉིས་དགོས་་་་་་ཚངས་སྤྱོད་ཉེར་གནས་ཀྱི་ལས་བྱེད་པའི་དགེ་སློང་མ་དང་། དངོས་གཞི་གསོལ་བཞིའི་ལས་བྱེད་པའི་དགེ་སློང་ཕ་དགོས། པའོ། །དགེ་འདུན་གྱི་ཁྱད་པར་ནི། དགེ་སློང་གི་སྐབས་སུ་ཡུལ་དབུས་སུ་དགེ་སློང་བཅུ་དང་མཐའ་འཁོབ་ཏུ་ལྔའི་གྲངས་ཚང་བ་དང་། དགེ་སློང་མའི་སྐབས་སུ་ཡུལ་དབུས་སུ་ཉི་ཤུ་རྩ་གཉིས་དང་། མཐའ་འཁོབ་ཏུ་བཅུ་གཅིག་གི་གྲངས་ཚང་བའོ།་་་་་དགེ་སློང་བཅུ་དགེ་སློང་མ་བཅུ་གཉིས་ཏེ་ཉི་ཤུ་རྩ་གཉིས་དང་དགེ་སློང་ལྔ་དང་དགེ་སློང་མ་དྲུག་སྟེ་བཅུ་གཅིག་གོ །གཉིས་པ་གང་གིས་ནོད་པ་རྟེན་གྱི་ཁྱད་པར་ལ་གསུམ་ལས་ན་ཚོད་ཀྱི་ཁྱད་པར་ནི་སྐྱེས་པ་དགེ་སློང་བྱེད་པ་ལ་ལོ་ཉི་ཤུ་ལོན་དགོས་ལ། བུད་མེད་ཁྱིམ་སོ་བཟུང་ན་ལོ་བཅུ་གཉིས་ལོན་པ་དགེ་སློང་མར་བྱར་རུང་བའོ། །ཆ་ལུགས་ཀྱི་ཁྱད་པར་ནི། ཆོས་གོས་གྲངས་་་་་་དགེ་སློང་ཕ་ལ་ཆོས་གོས་གསུམ་དང་དགེ་སློང་མ་ལ་ཆོས་གོས་ལྔ། མང་ཉུང་དང་། ལྷུང་བཟེད་ཚད་་་་་་ལྷུང་བཟེད་ཀྱི་ཚད་དགེ་སློང་མས་དགེ་སློང་གི་ཆུང་ངུ་ལས་ལྷག་པ་མི་བཅང་ངོ་ཞེས་སོ། །ཆེ་ཆུང་ཡོད་དེ། ཁ་སྤུ་འདྲེག་དགོས་མི་དགོས་ཀྱི་ཁྱད་པར་ཡང་ཡོད་གསུང་ངོ་། །ཁ་སྤུ་ཅན་མཚན་གྱུར་པའི་བུད་མེད་རབ་ཏུ་འབྱིན་པ་དང་སྐྱེས་པ་གཞོན་ནུ་རབ་ཏུ་འབྱིན་པ་ན་དམིགས་ཀྱི་བསལ་བའོ།་་་་་ཚིགས་སྔ་མ་སྔོན་དུ་སོང་བའི་ཁྱད་པར་ནི། དགེ་སློབ་མའི་ཚིགས་སྔོན་དུ་འགྲོ་དགོས་པ་དང་མི་དགོས་པའོ། །གསུམ་པ་ཇི་ལྟར་ནོད་པ་ཆོ་གའི་ཁྱད་པར་ལ་གསུམ་ལས། དང་པོ་སྦྱོར་བའི་ཆོ་གའི་ཁྱད་པར་ལ་གསུམ་སྟེ། བར་ཆད་འདྲི་བ་སྒྲིབ་དགོས་མི་དགོས་ཀྱི་ཁྱད་པར་དང་། ཚངས་སྤྱོད་ཉེར་གནས་དགོས་མི་དགོས་ཀྱི་ཁྱད་པར་དང་། གཉིས་ཀའི་དགེ་འདུན་ལ་གསོལ་བ་འདེབས་དགོས་མི་དགོས་ཀྱི་ཁྱད་པར་རོ།་་་་་དགེ་སློང་ཕའི་སྡོམ་པ་ལེན་པ་ན་གཉིས་ཀའི་དགེ་འདུན་
༼༢༣༧༽
ལ་གསོལ་བ་འདེབས་མི་དགོས་ཏེ་དགེ་སློང་ཕའི་དགེ་འདུན་ལ་གསོལ་བ་འདེབས་པའོ། །གཉིས་པ་དངོས་གཞིའི་ཆོ་གའི་ཁྱད་པར་ནི་མིང་འཇུག་ལ་སོགས་བརྗོད་པ་མི་འདྲ་བ་ཅུང་ཟད་ཡོད་དོ།་་་་་ལས་ཀྱི་ཆོ་ག་ལས་ཤེས་པར་བྱའོ། །གསུམ་པ་མཇུག་གི་ཆོ་གའི་ཁྱད་པར་ལ་གསུམ་སྟེ། གནས་རྣམ་པ་བཞིར་བརྗོད་པའི་ཁྱད་པར་དང་། གསུམ་བརྗོད་པའི་ཁྱད་པར་དང་། ཕམ་པ་བཞི་བརྗོད་པ་དང་། བརྒྱད་བརྗོད་པ་དང་། ལྕི་བའི་ཆོས་བརྒྱད་བརྗོད་མི་དགོས་པ་དང་དགོས་པའི་ཁྱད་པར་དང་།་་་་་དེ་ལྟར་ན་སྦྱོར་བའི་ཁྱད་པར་གསུམ་དང་དངོས་གཞིའི་ཁྱད་པར་གཅིག་དང་མཇུག་གི་ཁྱད་པར་གསུམ་སྟེ་ཆོ་གའི་ཁྱད་པར་བདུན་ཡོད་དོ། །གཉིས་པ་ཡན་ལག་གི་དོན་ལ། གང་ལ་ནོད་པ་ཡུལ་གྱི་ཁྱད་པར་ནི། རབ་ཏུ་དབྱུང་བ་དང་བསྙེན་རྫོགས་བྱེད་པའི་སྐབས་སུ། སྔར་དགེ་སློང་ཞེས་པའི་སྒྲ་སྨོས་པ་དག་གི་གནས་སུ་འདིར་དགེ་སློང་མ་ཞེས་བརྗོད་པར་བྱའོ། །དེ་ཡང་དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ། །ཞེས་པ་དེར། དགེ་སློང་མ་འགའ་ཞིག་ལ་མཁན་མོ་ཉིད་དུ་གནས་པའོ་ཞེས་སྦྱར་ཏེ། འདིར་་་་་་གང་ལས་ལེན་པ། ཡུལ་གྱི་སྐབས་གཞན་དག་ལའང་དེ་བཞིན་དུ་ཤེས་པར་བྱའོ། །ཁ་ཅིག་ན་རེ་་་་་་གང་གིས་ལེན་པ། ལེན་པ་པོའི་སྐབས་སུ་ཡང་ཚེ་དང་ལྡན་པའི་གནས་སུ་ཚེ་དང་ལྡན་མ་ཞེས་སྨོས་པའོ། །ཟེར་བ་ནི། དགེ་སློང་དག་གི་གནས་སུ་དགེ་སློང་མའོ་ཞེས་པ་འདིས་བསྟན་པ་མ་ཡིན་ཏེ། སྐབས་ཀྱིས་གྲུབ་པའི་ཕྱིར་དང་འགྲེལ་པ་ལས་ཀྱང་མ་སྦྱར་བའི་ཕྱིར་ཞེས་གསུང་ངོ་། །འོ་ན་དགེ་སློང་ཕའི་གནས་སུ་དགེ་སློང་མ་ཞེས་པ་དེ་སྐབས་གང་དུ་ཞེ་ན། རབ་ཏུ་བྱུང་བ་ཐམས་ཅད་ཀྱིའོ་ཞེས་ཏེ་དགེ་ཚུལ་མའི་ཆོ་གའི་སྐབས་ཐམས་ཅད་དུ་དགེ་སློང་ཕའི་གནས་སུ་དགེ་སློང་མ་ཞེས་སྨོས་པའོ། །འོ་ན་བསྙེན་རྫོགས་ཀྱི་སྐབས་སུ་ཇི་ལྟར་ཞེ་ན། བསྙེན་པར་རྫོགས་པ་ལ་ནི། བསྙེན་པར་རྫོགས་པ་དེ་གསོལ་བ་འདེབས་པ་དང་ལ་སོགས་པ་ཞེས་པས་དགེ་འདུན་གྱི་ནང་དུ་བར་ཆད་འདྲི་བའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་བྱེད་པ་དང་། དངོས་གཞིའི་གསོལ་བཞིའི་ལས་བྱེད་པ་བསྡུས་ཏེ་གསུམ་པོ་དེ་ལས་གཞན་པའི་སྐབས་སུ་དགེ་སློང་དག་གི་གནས་སུ་དགེ་སློང་མའོ་ཞེས་གོང་དུ་སྦྱར་རོ། །སྐབས་གསུམ་པོ་དེར་ནི་ཆོ་ག་བརྗོད་པ་ན་དགེ་སློང་མ་ཞེས་མི་བརྗོད་པར།
༼༢༣༨༽
གཉིས་ཀའི་དགེ་འདུན་ཞེས་བརྗོད་དགོས་སོ། །ཚངས་སྤྱོད་ཉེར་གནས་བྱིན་ཟིན་ནས་དགེ་སློང་མའི་དགེ་འདུན་འཚོགས་ཡོད་པའི་སྟེང་དུ། འདིར་དགེ་སློང་ཕའི་དགེ་འདུན་གྱིས་ཁ་སྐོང་བའི་ཡན་ལག་ཏུ་བསྣན་པར་བྱའོ།་་་་་ལས་གཞིའི་ཊཱི་ཀ་ལས་དགེ་སློང་མ་བསྙེན་པར་རྫོགས་པར་བྱ་བ་ལ་ནི་དགེ་སློང་གི་དགེ་འདུན་གཙོ་བོ་ཡིན་པས་དགེ་སློང་མའི་དགེ་འདུན་ལ་སོགས་པ་ནི་ཚུལ་དང་མཐུན་པ་ཙམ་དུ་བྱ་བར་ཟད་པར་ཞེས་གསུངས་སོ། །འདིར་དགེ་སློང་གི་དགེ་འདུན་གཙོ་བོ་ཡིན་པའི་སྒྲུབ་བྱེད་ནི་ལུང་ཕྲན་ཚེགས་ལས་དགེ་སློང་རྣམས་ལས་དགེ་སློང་མས་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་སྩལ་བར་བྱའོ་ཞེས་གསུངས་པའོ། །འདིར་ཞེས་པ་བསྙེན་པར་རྫོགས་པར་གསོལ་བ་བཏབ་པའི་སྐབས་གསུམ་པོ་འདིར་ཞེས་འཆད་པ་ནི་མ་ཡིན་ཏེ་གཉིས་ཀའི་དེ་འདུན་གྱི་དབུས་སུ་བར་ཆད་འདྲི་ན་དགེ་སློང་གི་དགེ་འདུན་མེད་པར་གྱུར་ཏམ་ཅི་དེས་ན་སྐབས་གསུམ་དུ་གྲངས་མ་ངེས་སོ།་་་་་།འདིར་ཞེས་པ་ནི་བསྙེན་པར་རྫོགས་པར་གསོལ་བ་འདེབས་པ་ནས་བསྙེན་པར་རྫོགས་ཟིན་པ་ཡན་ཆད་ཀྱི་སྐབས་འདིར་རོ། །གསང་སྟེ་སྟོན་མས་ལྐོག་ཏུ་བར་ཆད་འདྲི་བ་སྒྲིབ་མི་དགོས་ཀྱང་། དགེ་འདུན་མའི་དབུས་སུ་བར་ཆད་འདྲི་བ་དང་གཉིས་ཀའི་དགེ་འདུན་གྱི་དབུས་སུ་བར་ཆད་དྲི་བ་དགེ་སློང་མས་སྒྲིབ་པ་ལ་བྱའོ། །འགྲེལ་ཆུང་ལས། ངོ་མི་ཚ་བར་བྱ་བའི་ཕྱིར་རོ། །ཞེས་བཤད་དེ། བུད་མེད་ཕལ་ཆེར་ངོ་ཞན་པ་དང་སྤོབས་པ་ཞན་པས་མ་བསྒྲིབས་ན་འཚོགས་པའི་དབུས་སུ་ལན་འདེབས་མི་ནུས་པའི་དགག་བྱ་ཡོད་པའི་ཕྱིར་རོ། །འདིར་འདྲི་བའི་ཚུལ་ནི་ཀརྨ་ཤ་ཏཾ་དང་། ཊཱི་ཀ་ལས། དགེ་སློང་མ་གཞན་ཞིག་མདུན་དུ་བཞག་པས་ལན་གདབ་ཅིང་དེའི་ཚིག་གི་རྗེས་སུ་དེ་ཉིད་ཟློས་སུ་གཞུག་གོ་ཞེས་སོ། །ཕྲན་ཚེགས་འགྲེལ་བ་དང་འགྲེལ་ཆུང་ལས་གཅིག་ལ་གཅིག་ཚིག་བརྒྱུད་དེ་འདྲིའོ་ཞེས་བཤད་ཀྱང་། གཞུང་སྔ་མ་དེ་གཉིས་དང་འགལ་ལོ། །བསླབ་ཚིག་གི་ཁྱད་པར་ནི་བུད་མེད་ལ་ནི་དགེ་སློབ་མ་ཞེས་བྱ་བའི་ཚིག་གཞན་ཡོད་དོ་ཞེས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི། འབོགས་པ་པོ་ལ་ལྟོས་པའི་དགོས་པ་ཚིགས་ལས་འདས་པའི་ཉེས་པ་ཁེགས་པ་དང་། ལེན་པ་པོ་ལ་ལྟོས་པའི་དགོས་པ་དགེ་སློབ་མའི་བསླབ་པ་འཐོབ་ཅིང་། དེ་ལ་བསླབ་པས་དགེ་སློང་མའི་སྡོམ་པ་བརྟན་པར་འགྱུར་བ་སྟེ། དེ་ཡང་དགེ་སློང་མའི་རྣམ་འབྱེད་ལས། ཤཱཀྱའི་བུད་མེད་མང་པོ་མྱ་ངན་གྱིས་གདུངས་ནས། དགེ་སློང་མ་བྱས་ཏེ། མྱ་ངན་སངས་པ་ན་བབས་པར་འདོད་པར་
༼༢༣༩༽
གྱུར་པ་ལ་བརྟེན་ནས། ལོ་གཉིས་སུ་དགེ་སློབ་མའི་བསླབ་པའི་སྡོམ་པ་བྱིན་ཅིག་ཅེས་གསུངས་པས་བཤད་དོ། །འོ་ན་མ་བྱིན་ལེན་ལ་སོགས་པ་གཞན་རྣམས་བུད་མེད་ཀྱིས་བསྲུང་བ་དཀའ་ཤོས་མ་ཡིན་ལ། མི་ཚངས་སྤྱོད་ནི་བུད་མེད་ཀྱིས་བསྲུང་དཀའ་བ་ཡིན་ཡང་དགེ་ཚུལ་མའི་དུས་ན་ཡང་སྤངས་ཟིན་པས། དགེ་སློང་མ་ལ་བསླབས་པ་འདིས་དགེ་སློང་མའི་སྡོམ་པ་བརྟན་པར་འགྱུར་བ་ནི་རིགས་པས་མི་འཐད་དོ་ཞེ་ན། མ་ཡིན་ཏེ་ཆོས་དྲུག་ལ་སོགས་པ་་་་་་ཞེས་པའི་སོགས་ཁོངས་སུ་ནི་རྗེས་སུ་མཐུན་པའི་ཆོས་དྲུག་གི་ནང་ནས་གསང་གནས་ཀྱི་སྤུ་འདྲེག་པ་གཅིག་ཏུ་བསྡུས་ཏེ། མི་ཚངས་སྤྱོད་ཀྱི་རྒྱུའི་ཆ་ནས་དམ་དུ་བཀག་པའི་ཕྱིར་རོ། །དེ་དག་ཀྱང་དགེ་ཚུལ་མས་སྤངས་ཟིན་ཏོ་སྙམ་ན། དེ་དག་ལས་འདས་ན་དགེ་སློབ་མ་ལ་བཤགས་པར་འགྱུར་ཡང་། དགེ་ཚུལ་མ་ལ་བསྡམ་བྱར་འགྱུར་བས། བཤགས་བྱ་ལ་འཛེམ་པའི་ཤེས་པ་སྐྱེ་བ་དེ་ཙམ་དུ་བསྡམ་བྱ་ལ་དེ་ལྟར་མ་ཡིན་པའི་ཕྱིར་རོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས་དང་པོ་ཡུལ་གང་ལ་བླང་བ་ནི། མཁན་མོ་དང་ལས་བྱེད་པ་མོ་དང་བཅས་པའི་དགེ་འདུན་མ་ལས་བླང་སྟེ། དགེ་འདུན་མ་དེ་ཡང་ཡུལ་དབུས་སུ་དགེ་སློང་མ་བཅུ་གཉིས་དང་མཐའ་འཁོབ་ཏུ་དགེ་སློང་མ་བཅུ་གཉིས་མེད་ན་དགེ་སློང་མ་དྲུག་གི་གྲངས་ཚང་བའོ། །གྲངས་དེ་དག་མ་ཚང་ཡང་དགེ་སློང་མ་བཞིའི་ཚོགས་ཀྱིས་བྱིན་ན་བསླབ་པ་འདི་སྐྱེ་ལ་ཉེས་བྱས་ཏེ་བཞིའི་ཚོགས་ཀྱིས་བསྙེན་རྫོགས་སྐྱེ་ལ་ཉེས་བྱས་སུ་གསུངས་པའི་གནད་ཀྱིས་ཤེས་སོ། །བཞིར་མ་ཚང་ན་ནི་འདིར་མི་སྐྱེ་སྟེ་ལས་མི་འཆགས་པའི་ཕྱིར་རོ།་་་་་དགེ་སློང་མ་དེ་དག་མ་རྙེད་ན་དགེ་སློང་ཕའི་དགེ་འདུན་གྱིས་ཀྱང་དགེ་སློབ་མའི་བསླབ་པ་སྦྱིན་དུ་རུང་སྟེ། ལུང་དབྱར་གྱི་གཞི་ལས། དགེ་ཚུལ་མའི་བྱ་བ་འདི་ལྟ་སྟེ། དགེ་ཚུལ་མ་དེས་དགེ་སློང་དག་ལ་ཕོ་ཉ་བཏང་སྟེ། འཕགས་པ་དག་ལོ་གཉིས་ཀྱི་བར་དུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པ་སྩལ་དུ་གསོལ་ཞེས་སྤྲིང་ན། ཞག་བདུན་བྱིན་གྱིས་བརླབས་ལ་དགེ་ཚུལ་མའི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱ་ཞེས་གསུངས་སོ། །གཉིས་པ་རྟེན་གང་གིས་བླང་བ་ནི། ལུས་ཕུན་སུམ་ཚོགས་པ་དང་། བསམ་པ་ཕུན་སུམ་ཚོགས་པ་དང་། ཆ་ལུགས་ཕུན་
༼༢༤༠༽
སུམ་ཚོགས་པ་དང་། ཚིགས་སྔ་མ་སྔོན་དུ་སོང་བའོ། །དེ་ཡང་གཞན་རྣམས་དགེ་སློང་གི་སྐབས་སུ་སྔར་བཤད་པ་བཞིན་དུ་ཅི་རིགས་པར་སྦྱར་ཏེ། འདིར་ན་ཚོད་ཀྱི་ཁྱད་པར་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་ལོན་པ་དང་གཞོན་ནུ་མ་ལོ་བཅོ་བརྒྱད་ལོན་པ་ལ་བསླབ་པ་འདི་སྐྱེ་ལ། ཆ་ལུགས་ཀྱི་ཁྱད་པར་་་་་་བླ་གོས་མཐང་གོས་དང་ཤིང་ང་དཔུང་ཆད་དང་རྔུལ་གཟན་ཏེ། ཆོས་གོས་བཞི་དགོས་ཤིང་ལྷུང་བཟེད་ཀྱི་ཚད་སྔར་་་་་་དགེ་སློང་གི་ཆུང་ངུ་ལས་ལྷག་པ་མ་གནང་ཞེས། བཤད་པ་བཞིན་ནོ། །ཚིགས་སྔ་མ་སྔོན་དུ་སོང་བ་ནི། དགེ་བསྙེན་མ་དང་། རབ་ཏུ་བྱུང་བ་དང་དགེ་ཚུལ་མ་དང་གསུམ་སྔོན་དུ་སོང་བའོ། །ཚིགས་སྔ་མ་གཞན་གཉིས་སྔོན་དུ་མ་སོང་བར་འདི་འབོགས་ན་ཉེས་བྱས་ཙམ་དུ་ཟད་དོ། །དགེ་ཚུལ་མ་མེད་ན་འདི་མི་སྐྱེ་སྟེ། འདི་ནི་དགེ་ཚུལ་མའི་སྟེང་དུ་བསླབ་བྱ་འགའ་ཞིག་སྣོན་པ་ཡིན་ལ། ད་མེད་ན་གཞི་མ་གྲུབ་པའི་ཕྱིར་ཞེས་གསུང་ངོ་། །གསུམ་པ་དངོས་པོ་གང་བླང་བ་ནི། དགེ་སློབ་མའི་བསླབ་པ་སྟེ་སྐབས་ཀྱིས་གྲུབ་བོ། །བཞི་པ་ཆོ་ག་གང་གིས་བླང་བ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བའི་ཆོ་ག་ནི།་་་་་ཀརྨ་ཤ་ཏཾ་ལས་མཁན་མོ་ཉིད་དུ་ཕྱོགས་པར་གྱུར་པས་ལས་བྱེད་པའི་དགེ་སློང་མ་ལ་གསོལ་བ་བཏབ་པར་བྱ་ལས་ཀྱི་གནས་སུ་འཇུག་པར་འགྱུར་བའི་དགེ་སློང་མ་རྣམས་ལ་ཡང་གསོལ་བ་གདབ་པར་བྱ། དགེ་སློང་མ་དེ་རྣམས་ཀྱིས་ཉེས་པ་བྱུང་ངམ་བརྟགས་ནས་ཉེས་པ་ཕྱིར་བཅོས་ཏེ་ལས་ཀྱི་གནས་དེར་འདུག་པར་བྱའོ། །དེའི་འོག་ཏུ། དང་པོར་སྟོན་པ་ལ་ཕྱག་འཚལ་ཞིང་གནས་དེར་འདུས་པའི་དགེ་སློང་མ་རེ་རེ་ལ་ཕྱག་གསུམ་གསུམ་འཚལ་བ་དང་། མཁན་མོར་འོས་པ་ལ་ཕྱག་འཚལ་ཏེ་མཁན་མོར་གསོལ་བ་དང་། གསོལ་བ་གདབ་པའི་ཕྱིར་སྟོན་པ་ལ་ཕྱག་འཚལ་ཞིང་། དགེ་འདུན་མ་ལ་ཕྱག་འཚལ་བ་དང་། ལས་བྱེད་པ་མོའི་རྗེས་ཟློས་བྱེད་ཅིང་བསླབ་པའི་སྡོམ་པ་སྦྱིན་པར་གསོལ་བ་ལན་གསུམ་གདབ་པའོ། །དངོས་གཞིའི་ཆོ་ག་ནི། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །མཇུག་གི་ཆོ་ག་ནི་གསུམ་སྟེ། ལས་ཀྱི་མཇུག་སྡུད་བརྗོད་པ་དང་། ཐོབ་དུས་གོ་བར་བྱ་བ་དང་། བསླབ་པ་བཅུ་གཉིས་བརྗོད་པའོ། །དེ་ཡང་ཀརྨ་ཤ་ཏཾ་ལས། གཅིག་པུ་ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་རེག་མི་བྱ། །སྐྱེས་པ་དང་ནི་འདུག་མི་བྱ། །སྨྱོན་དུ་འགྱུར་བར་མི་བྱ་ཞིང་། །ཁ་ན་མ་ཐོ་བཅབ་
༼༢༤༡༽
མི་བྱ། །བདེ་གཤེགས་གསུངས་པའི་ཆོས་དྲུག་པོ། །དེ་དག་གསུང་རབ་ལས་གསུངས་ཡིན། །ཞེས་པ་དང་། གསེར་ལ་བཟུང་བར་མི་བྱ་ཞིང་། །འདོམས་ཀྱི་སྤུ་ནི་བྲེག་མི་བྱ། །ས་ནི་བརྐོ་བར་མི་བྱ་སྟེ། །རྩྭ་སྔོན་དག་ཀྱང་བཅད་མི་བྱ། །བྱིན་ལེན་མ་བྱས་བཟའ་མི་བྱ། །གསོག་འཇོག་བྱས་པ་བཟའ་མི་བྱ། །རྗེས་མཐུན་ཆོས་དྲུག་འདི་དག་ནི། །བདེ་བར་གཤེགས་པས་རྟག་ཏུ་བཀག །ཅེས་བརྗོད་ཅིང་། དེ་དག་ཚིག་ལྷུག་པའི་སྒོ་ནས་ཀྱང་རེ་རེ་ནས་བརྗོད་པར་བྱའོ། །འདིར་བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་བྱ་བ་དང་སྨོན་ལམ་གསུམ་གདབ་པའང་བཤད་དོ། །ཀརྨ་ཤ་ཏཾ་ལས་དེ་ནས་སྟོན་པ་ལ་ཕྱག་བྱ་དགེ་སློང་མ་རེ་རེ་ལ་ཕྱག་བྱའོ། །ཚེ་རབས་ཐམས་ཅད་དུ་རབ་ཏུ་འབྱུང་བའི་སྐལ་བ་ཅན་དུ་གྱུར་ཅིག རབ་ཏུ་བྱུང་ཞིང་སྡོམ་པ་ལེན་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ཚངས་པར་སྤྱོད་པ་ལ་ཡུན་དུ་གནས་པར་གྱུར་ཅིག་ཅེས་བཤད་དོ། །འདི་རྣམས་ལུང་ན་མི་སྣང་དཔེ་གཞན་ལ་བལྟ་དགོས།་་་་་བཅུ་གཉིས་པོ་དེ་དག་ལ་ཅིའི་ཕྱིར་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ཅེས་བྱ་ཞེ་ན། ཕྲན་ཚེགས་འགྲེལ་པ་ལས། མི་ཚངས་སྤྱོད་སྤོང་བའི་བསླབ་བྱའི་་་་་་གཙོ་བོར་གྱུར་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་སྒྲ་དྲུག་པོ་དང་། གཙོ་བོ་ཉིད་མ་ཡིན་པའི་ཕྱིར་རྗེས་སུ་མཐུན་པའི་ཆོས་ཀྱི་སྒྲར་བསྟན་པ་ཡིན་ཏེ་ཞེས་བཤད་དོ། །ལྔ་པ་སྡོམ་པ་མཚན་ཉིད་པ་ཡིན་མིན་གཏན་ལ་དབབ་པ་ལ་གསུམ་ལས། དང་པོ་སྡོམ་པ་བཏགས་པ་བར་འདོད་པའི་ལུགས་དགག་པ་ནི། དེ་གཉིས་ལས་དང་པོ་ཕྱོགས་སྔ་མ་དགོད་པ་ནི་ཁ་ཅིག་ན་རེ། དགེ་སློབ་མའི་སྡོམ་པ་ཞེས་མིང་བཏགས་ཀྱང་བར་མའི་དགེ་བ་ཡིན་གྱི། སྡོམ་པ་མཚན་ཉིད་པ་མ་ཡིན་ནོ། །གལ་ཏེ་སྡོམ་པ་མཚན་ཉིད་པར་འདོད་ན། ཆོས་བཅུ་གཉིས་སྤོང་བ་སྡོམ་པའི་ངོ་བོར་འདོད་དམ། ཉི་ཤུ་རྩ་གཉིས་སྤོང་བ་དེ་སྡོམ་པའི་ངོ་བོར་འདོད། དང་པོ་ལྟར་ན་ཆོས་བཅུ་གཉིས་སྤོང་བ་དེ་ཆོས་ཅན། སྡོམ་པའི་མཚན་ཉིད་ཅན་མ་ཡིན་པར་ཐལ། སྤོང་བ་བདུན་གྱི་མཚན་ཉིད་མེད་ལ། སྤོང་བ་བཞིའི་མཚན་ཉིད་ཀྱང་མེད་པའི་ཕྱིར་རོ། །རྟགས་མ་གྲུབ་ན། གཅིག་པུ་ལམ་དུ་འགྲོ་མི་བྱ་ལ་སོགས་པ་བཅུ་གཉིས་པོ་དེ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་སྤོང་བ་བདུན་དང་སྤོང་བ་བཞི་པོ་གང་ཡང་མ་ཡིན་པ་དང་འགལ་ལོ། །ཁྱབ་པ་མ་གྲུབ་ན།
༼༢༤༢༽
འོད་ལྡན་ལས། དགེ་སློང་དང་དགེ་སློང་མའི་སྡོམ་པ་ནི་སྤོང་བ་བདུན་གྱི་མཚན་ཉིད་ཡིན་ལ། དགེ་ཚུལ་ལ་སོགས་པ་དག་གི་ནི་སྤོང་བ་བཞིའི་མཚན་ཉིད་ཀྱང་ཞེས་སོ་སོ་ཐར་པའི་སྡོམ་པ་མཚན་ཉིད་པ་གཞིར་བྱས་ལ་སྤོང་བ་བདུན་ནམ་སྤོང་བ་བཞི་པོ་གང་རུང་དུ་ངེས་པ་གསུངས་པ་དང་འགལ་ལོ། །འདོད་ན་སྡོམ་པ་མཚན་ཉིད་པ་ཡིན་པའི་དམ་བཅའ་ཉམས་སོ། །གཉིས་པ་ལྟར་ན། དགེ་སློབ་མའི་བསླབ་པ་བླངས་པའི་སྐབས་འདིར་ཉི་ཤུ་རྩ་གཉིས་སྤོང་བ་དེ་སྔར་མེད་གསར་དུ་སྐྱེས་པར་འདོད་དམ། སྔར་དགེ་ཚུལ་མས་སྤོང་བ་བཅུ་ཐོབ་ཟིན་པ་དེའི་སྟེང་དུ་བཅུ་གཉིས་བསྣན་ཏེ་ཉི་ཤུ་རྩ་གཉིས་སྤོང་བ་དགེ་སློབ་མའི་སྡོམ་པར་འདོད། དང་པོ་ལྟར་ན། དགེ་སློབ་མའི་བསླབ་པ་མནོས་པའི་སྐབས་འདིར་ཆོས་ཅན། ཉི་ཤུ་རྩ་གཉིས་སྤོང་བ་དེ་སྐབས་འདིའི་ཆོ་ག་ལ་བརྟེན་ནས་སྐྱེས་པ་མ་ཡིན་པར་ཐལ། ཉི་ཤུ་རྩ་གཉིས་སྤོང་བ་དེ་སྐབས་འདིར་ཆོ་ག་སྦྱོར་དངོས་མཇུག་གསུམ་གང་གིས་ཀྱང་མ་བླངས་པའི་ཕྱིར་རོ།་་་་་དེའང་སྦྱོར་བའི་དུས་སུ་ཆོས་བཅུ་གཉིས་སྤང་བར་གསོལ་བ་བཏབ་ཅིང་ཉི་ཤུ་རྩ་གཉིས་སྤང་བར་གསོལ་བ་མ་བཏབ་པའི་ཕྱིར་དང་། དངོས་གཞིའི་དུས་སུའང་ཆོས་བཅུ་གཉིས་ཀྱི་ཆོ་ག་གསུངས་ཀྱི་ཉི་ཤུ་རྩ་གཉིས་ཀྱི་ཆོ་ག་མ་གསུངས་པའི་ཕྱིར་དང་། མཇུག་གི་ཆོ་གར་ཡང་བསླབ་པ་བཅུ་གཉིས་བརྗོད་ཀྱི་ཉི་ཤུ་རྩ་གཉིས་མ་བརྗོད་པའི་ཕྱིར་ཏེ་དེ་ལྟར་ཀརྨ་ཤ་ཏཾ་ལས་སོ། །གཉིས་པ་ལྟར་ན། ཆོས་བཅུ་སྤོང་བ་དང་བཅུ་གཉིས་སྤོང་བ་དེ་ཆོས་ཅན། གང་ཟག་གཅིག་གི་རྒྱུད་ལ་དགེ་སློབ་མའི་སྡོམ་པ་ཙམ་དུ་གཅིག་མ་ཡིན་པར་ཐལ། རྒྱུ་ཚོགས་ཐ་དད་ལས་སྐྱེས་པའི་ཕྱིར་དང་། དང་པོ་གྲུབ་པའི་དུས་ཐ་དད་པའི་ཕྱིར་ཞེས་རེ་རེ་ནས་བརྗོད་དོ། །དེ་ཡང་ཆོས་བཅུ་སྤོང་བ་ནི་སློབ་དཔོན་མ་དང་སྔགས་ལན་གསུམ་བརྗོད་པ་ལས་སྐྱེས་ཤིང་ཆོས་བཅུ་གཉིས་སྤོང་བ་ནི་དགེ་འདུན་མ་དང་ལས་ཀྱི་ཆོ་ག་ལ་བརྟེན་ནས་སྐྱེས་པའི་ཕྱིར་དང་། ཆོས་བཅུ་སྤོང་བ་ནི་སྔར་བརྗོད་པ་གསུམ་པའི་ཆ་ཐ་མ་ལས་སྐྱེས་ཤིང་། ཆོས་བཅུ་གཉིས་སྤོང་བ་ནི་གསོལ་བ་གཉིས་ཀྱི་ལས་བརྗོད་པ་ཕལ་ཆེར་བྱས་པ་ན་སྐྱེས་པའི་ཕྱིར་རོ། །ཁྱབ་པ་མ་གྲུབ་པའམ། འདོད་ན་ཆོས་བཅུ་སྤོང་བ་དང་ཆོས་ཉི་ཤུ་རྩ་གཉིས་སྤོང་བ་དེ་དག་གང་ཟག་གཅིག་གི་དགེ་སློབ་མའི་སྡོམ་པ་ཡིན་པར་འདོད་པའི་ 2/6 མདུན་ངོས། 上一页 1 2 3 4 5 6 下一页 尾页 |