ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

 ༼༤༠༠༽

རང་ཉིད་བྱེད་པར་སྨྲས་ན་ཁྱེད་རྣམས་ཤེས་སོ་ཞེས་དགེ་སློང་གི་དང་དུ་ལེན་པ་དང་། དབང་ཆེ་བའི་དགེ་སློང་ལ་གནང་བ་མ་ཞུས་པར་གསོད་མི་ནུས་ཏེ། གསོད་པའི་གནང་བ་གསོལ་བ་ན་ཁྱོད་ཉིད་ཀྱིས་ཤེས་སོ་ཞེས་དགེ་སློང་གིས་དང་དུ་ལེན་པ་དེ་གོ་རིམ་བཞིན་ནོ། །དང་པོ་ནི་གཞུང་འདིས་བསྟན་ཏེ། དང་དུ་ལེན་པའི་གཞི་དེ་ལས་མི་གསོད་པ་ལ་འཇུག་པ་རང་ཉིད་བྱེད་པར་སྨྲ་བ་དེ་ལུས་སམ་ངག་གིས་དང་དུ་ལེན་ན་་་་་་སྲོག་གཅོད་པའི་ཕམ་པ་མི་བསྐྱེད་དེ་སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་མེད་པའི་ཕྱིར་རོ་འོ་ན་ཅིར་འགྱུར་ན། སྦོམ་པོའོ། །འདི་ནི་སྦོམ་པོ་བཏགས་པ་བ་ཡིན་པར་འོད་ལྡན་ལས་བཤད་དོ། །འདི་ལ་སྲོག་གཅོད་པའི་སྦོམ་པོ་མཚན་ཉིད་པ་མི་སྐྱེད་དེ། གསོད་སེམས་མེད་པའི་ཕྱིར་རོ། །གཉིས་པ་གནང་བ་གསོལ་བ་དང་དུ་ལེན་པ་ནི། ལུས་ངག་གིས་དང་དུ་ལེན་ན་ནི་ཕམ་པར་འགྱུར་རོ། །དང་དུ་ལེན་པ་གཉིས་ཀའི་སྐབས་སུ་ཡིད་ཁོ་ནས་དང་དུ་ལེན་ན་ནི་བསྡམ་བྱར་འགྱུར་རོ། །ཁྱོད་ཀྱི་མིང་གིས་ཞེས་པ་ནི་གཞུང་སྔ་མ་དང་དོན་འདྲའང་གླེང་གཞི་ཐ་དད་པ་སྟེ། སྔ་མ་ཉེ་སྡེའི་བྱུང་བ་དང་འདི་ནི་དགེ་སློང་མའི་བྱུང་བ་ལས་སོ། །མི་ལས་གཞན་དུད་འགྲོ་མ་ཡིན་པ་སྟེ་མི་མ་ཡིན་་་་་་ལྷ་དང་ལྷ་མ་ཡིན་དང་དམྱལ་བ་དང་ཡི་དྭགས་དག བསད་ན་སྦོམ་པའོ། །འདི་ནི་ལུང་རྣམ་འབྱེད་ལས་མི་མ་ཡིན་པ་ཤིན་ཏུ་ཆེན་པོ་བསད་ཀྱང་སྦོམ་པོར་ཟད་དོ་ཞེས་གསུངས་སོ། །མི་ཉིད་གཟུགས་གཞན་དུ་སྤྲུལ་པ་བསད་ན་སྦྱོར་བ་སྦོམ་པོ་དང་། མི་མ་ཡིན་གཟུགས་གཞན་དུ་སྤྲུལ་པ་བསད་ན་མཐར་ཐུག་སྦོམ་པོ་འབྱུང་སྟེ། ཊཱི་ཀ་ལས་འདིར་ནི་སྤྲུལ་པ་ཞེས་སྨོས་པས་དུད་འགྲོ་མ་གཏོགས་པ་ཐམས་ཅད་ཡིན་པར་རིག་པར་བྱའོ་ཞེས་སོ། །དུད་འགྲོ་གཟུགས་གཞན་དུ་སྤྲུལ་བ་ལ་དུད་འགྲོ་ཡིན་པར་འདུ་ཤེས་ཏེ་བསད་ན་ནི་ལྟུང་བྱེད་དུ་འགྱུར་རོ། །གཞན་ཡང་ཊཱི་ཀ་ལས་སྤྲུལ་པ་ལ་རྣམ་པ་གཉིས་ཏེ། སྲོག་ཆགས་སུ་གྱུར་པ་དང་། སྲོག་ཆགས་མ་ཡིན་པའོ། །འདིར་ནི་སྲོག་ཆགས་སུ་གྱུར་པའི་སྤྲུལ་པ་གཟུང་གི སྲོག་ཆགས་མ་ཡིན་པ་ནི་མི་གཟུང་སྟེ། དེ་ལ་སྲོག་བཅད་པ་མེད་པའི་ཕྱིར་རོ། །ཞེས་བཤད་དོ། །དེས་ན་སྤྲུལ་པ་བསད་པ་ཡང་ངོ་ཞེས་པའི་གཞུང་འདིས་ནི་སྲོག་

༼༤༠༡༽

ཆགས་སུ་གྱུར་པའི་སྤྲུལ་པ་བསད་ན་སྦོམ་པོའོ་ཞེས་བསྟན་ཏོ། །འོན་ཀྱང་སྲོག་ཆགས་སུ་གྱུར་པ་མ་ཡིན་པའི་སྤྲུལ་པ་ལ་མིར་འདུ་ཤེས་ཏེ་བསད་པའི་ཆེད་དུ་ཞུགས་ན་ནི་འདུ་ཤེས་ཀྱི་དབང་གིས་སྦོམ་པོར་འགྱུར་ཏེ། གཏམ་གྱི་གཞི་ལས་འགྲོ་བ་ཐམས་ཅད་དུ་མ་གཏོགས་པ་གང་ཡིན་པའི་སྤྲུལ་པ་བསད་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་ལ་ཊཱི་ཀ་ལས་ཀྱང་སེམས་ཅན་དུ་བགྲང་བ་མ་ཡིན་པའི་སྤྲུལ་པ་ལ་མིར་འདུ་ཤེས་པས་གསོད་པར་བྱེད་པ་ལ་ནི་སྦྱོར་བ་སྦོམ་པོ་སྟེ། མིར་འདུ་ཤེས་པས་ཞུགས་པའི་ཕྱིར་རོ་ཞེས་བཤད་དོ།་་་་་འདུ་ཤེས་ཀྱི་དབང་གིས་སྦོམ་པོར་གསུངས་པ་གཞན་ཡང་ཡོད་དེ། ཊཱི་ཀ་ལས་དུད་འགྲོའི་འགྲོ་བ་པའི་སྤྲུལ་པ་ལ་མིར་འདུ་ཤེས་པས་གསོད་པར་བྱེད་པ་ལ་ནི་སྦྱོར་བ་སྦོམ་པོ་སྟེ་མིར་འདུ་ཤེས་པས་ཞུགས་པའི་ཕྱིར་རོ། །ལྷའི་འགྲོ་བ་པའི་སྤྲུལ་པ་ལ་མིར་འདུ་ཤེས་པ་དེ་བཞིན་ནོ་ཞེས་སོ། །མི་ལ་གཞན་ཉིད་ཡིན་པ་ལ་མི་ཡིན་པར་འདུ་ཤེས་འཁྲུལ་ཏེ། གསོད་པ་ལ་སྦོམ་པོར་བཤད་པ་ཐམས་ཅད་སྦོམ་པོ་བཏགས་པ་བར་བཞེད་དོ། །རྒྱས་པར་སྤྱིར་བསྟན་དུ་འཆད་དོ། །སྤྲུལ་པ་དེ་དང་མི་དང་མི་མིན་དུད་འགྲོ་དང་གསུམ་པོ་གང་ཡིན་བྱེ་བྲག་མ་ཕྱེད་པ་ནི་གཞི་ལས་རྣམ་པར་བཞག་གོ །གལ་ཏེ་་་་་་སྒྱུ་མའི་སྐྱེས་བུ་ལ་སྒྱུ་མར་འདུ་ཤེས་པ་བཞིན་དུ། སེམས་ཅན་དུ་བགྲང་བ་མ་ཡིན་པའི་སྤྲུལ་པ་་་་་་སེམས་ཅན་དུ་བགྲང་བ་མ་ཡིན་པ། དེ་ལྟར་འདུ་ཤེས་ཏེ་རྐེད་པ་གཅོད་ན་ཅིར་འགྱུར་ཞེ་ན། སེམས་ཅན་གྱི་གཟུགས་སེམས་ཅན་མ་ཡིན་པ་ལ་ནི་ཉེས་བྱས་བྱེད་པ་ཉིད་དོ་ཞེས་སོ། །ཕན་པར་འདོད་པ་ཉིད་ཀྱིས་འཆི་བའི་ཕྱིར་སྨན་མ་ཡིན་པ་བྱིན་ཏེ། ཤི་ན་ཕམ་པ་སྟེ། འདི་ནི་ཉན་ཐོས་ཀྱི་ལུགས་ཀྱི་རང་བཞིན་གྱི་ཁ་ན་མ་ཐོ་བའོ། །གཞན་ཡང་སྙིང་རྗེས་ཀུན་ནས་བསླང་ནས་སྲོག་བཅད་ན། ཉན་ཐོས་ཀྱི་ལུགས་ཀྱིས་ནི་རབ་ཏུ་འཇུག་བྱེད་སྙིང་རྗེ་དེ་དགེ་བ་ཡིན་ཡང་རྗེས་སུ་འཇུག་བྱེད་གསོད་སེམས་དེ་མི་དགེ་བ་ཡིན་པས་སྡིག་པ་འབྱུང་སྟེ། གཏམ་གྱི་གཞི་ལས། དགེ་སློང་གིས་དགེ་བའི་སེམས་ཀྱིས་མ་སྲོག་དང་ཕྲལ་ན་ཕམ་པའི་ཉེས་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར་བ་ཡོད་

༼༤༠༢༽

དེ། འདི་ལྟར་དགེ་སློང་གི་མ་ཞིག་ནད་བུ་ཅན་ཡུན་རིང་ཞིག་ནས་སྡུག་བསྔལ་གྱིས་དྲག་ཏུ་གཟིར་ཅིང་གནོད་པ་ཆེར་གྱུར་པ་མྱོང་བ་དེ་ལ་་་་་་སྙིང་རྗེའི་བསམ་པས། དེ་ལྟ་བུའི་རྐྱེན་གྱིས་མ་སྲོག་དང་ཕྲལ་ན། ཕམ་པའི་ཉེས་པར་ཡང་འགྱུར་ལ་མཚམས་མེད་པའི་ལས་སུ་ཡང་འགྱུར་ཞེས་གསུངས་ཏེ། དེ་ནི་དྲི་བ་རྒྱ་ཆེར་འགྲེལ་བ་ལས་ཀྱང་བཤད་དོ། །ཕྲན་ཚེགས་ཀྱི་སྐབས་འདིར་པཎྜི་ཏ་ཁ་ཅིག་ན་རེ་གསོད་པའི་བསམ་པས་མིའི་འགྲོ་བ་པའི་ལག་པ་གཅོད་ན་སྦོམ་པོའོ་ཞེས་ཟེར་བ་ནི་མི་རིགས་ཏེ། སྡེ་ཚན་དེ་ལ་གལ་ཏེ་དངོས་གཞི་ཡིན་ན་སྦོམ་པོའོ་ཞེས་སྔར་བསྟན་པ་དང་ཟློས་པའི་སྐྱོན་དུ་འགྱུར་རོ་ཞེས་་་་་་ཊཱི་ཀས་དགག་པ་མཛད་དོ། །ཊཱི་ཀ་ལས་ལག་པ་གཅོད་པ་ཙམ་གྱི་བསམ་པས་་་་་་མིའི་འགྲོ་བ་པའི། ལག་པ་གཅོད་ན་སྦོམ་པོ་ཞེས་སོ། །འདི་ལ་་་་་་ཤ་མི་ལ་སོགས་པའི། བླ་མ་རྣམས་ནི། སྦོམ་པོ་བཏགས་པ་བ་ཡིན་གྱི་སྦོམ་པོ་མཚན་ཉིད་པ་མི་སྐྱེད་དེ། ལྟུང་བ་རྣམ་གཞག་གི་ཀུན་སློང་མེད་པའི་ཕྱིར་རོ་ཞེས་གསུངས་ཀྱང་། རྟགས་མ་གྲུབ་སྟེ། ལག་པ་གཅོད་འདོད་ཀྱི་ཀུན་སློང་ཡོད་པའི་ཕྱིར་རོ། །ལག་པ་གཅོད་པ་འདི་ལ་གསོད་འདོད་ཀྱི་ཀུན་སློང་མེད་པས་སྲོག་གཅོད་པ་དངོས་ཀྱི་སྦོམ་པོ་མི་སྐྱེད་ཀྱང་། སྲོག་གཅོད་པའི་ཆར་གཏོགས་པའི་སྦོམ་པོ་མཚན་ཉིད་པ་འབྱུང་ངོ་། །འགྲེལ་ཆུང་ལས་་་་་་མིའི་འགྲོ་བ་པའི། སོར་མོ་བཅད་ཀྱང་སྦོམ་པོ་ཞེས་སོ། །འོད་ལྡན་ལས་ལག་པ་གཅོད་པ་དང་སྣ་འབུགས་པ་དག་ལ་ཡང་སྦོམ་པོར་འགྱུར་ཞེས་གསུངས་ཏེ། དེའི་གནད་ཀྱིས་སྦྱར་པས། མའི་མིག་འབྱིན་ན་ཡང་སྲོག་གཅོད་པའི་ཆར་གཏོགས་པའི་སྦོམ་པོར་འགྱུར་རོ། །ནགས་མེས་གཏོང་བ་འདི་ལ་་་་་་ཊཱི་ཀ་ལས་རྣམ་པ། གསུམ་དུ་དབྱེ་སྟེ་སྲོག་ཆགས་ཡོད་པར་ཤེས་པའི་ཕྱོགས་དང་། ཡོད་པར་དོགས་པའི་ཕྱོགས་དང་། མེད་པར་ཤེས་པའི་ཕྱོགས་སོ། །དང་པོ་ལ་གཉིས་ཏེ། གསོད་སེམས་མེད་པར་སྲོག་ལ་མི་ལྟོས་པའི་བསམ་པས་ནགས་ལ་མེ་གཏོང་བ་དང་། ནགས་ཁྲོད་འདི་ན་མི་དང་དུད་འགྲོ་གང་ཡོད་ཐམས་ཅད་བསྲེག་གོ་སྙམ་པའི།་་་་་གསོད་སེམས་ཡོད་པས་ནགས་ལ་མེ་གཏོང་བའོ། །

༼༤༠༣༽

དང་པོ་གསོད་སེམས་མེད་པར་སྲོག་ལ་མ་ལྟོས་པའི་བསམ་པས་སྲོག་ཆགས་གསུམ་ཡན་ཆད་ཡོད་པའི་བློས་ནགས་མེས་གཏོང་ན་སྦོམ་པོའོ། །དེའང་བཏགས་པ་བ་ཡོན་ཏན་སྒྲའི་སྦོམ་པོའོ། །གསོད་སེམས་མེད་པར་སྲོག་ལ་མ་ལྟོས་པའི་བསམ་པས་སྲོག་ཆགས་གཅིག་གམ་གཉིས་ཡོད་པའི་བློས་ནགས་མེས་གཏོང་ན་ནི་ཉེས་བྱས་སུ་འགྱུར་ཏེ་ཊཱི་ཀ་ལས་མང་བ་དང་ཉུང་བའི་བྱེ་བྲག་གིས་ཞེས་སོ། །གཉིས་པ་གསོད་སེམས་ཡོད་པས་་་་་་ནགས་ཁྲོད་འདི་ན་མི་དང་དུད་འགྲོ་གང་ཡོད་པ་ཐམས་ཅད་བསྲེག་གོ་སྙམ་སྟེ། ནགས་ལ་མེ་གཏོང་ན་ནི་འོད་ལྡན་ལས། ནགས་ཁྲོད།་་་་་འདི་ན་གང་ཅི་ཡོད་པ་སྟེ་ཐམས་ཅད་བརླག་པར་གྱུར་ཅིག་སྙམ་པ་ལས་དེ་རྣམས་ཤི་ན་སྲོག་ཆགས་ཇི་ལྟ་བ་་་་་་སྟེ་མི་ཤི་ན་ཕམ་པ་དང་དུད་འགྲོ་ཤི་ན་ལྟུང་བྱེད། དང་གྲངས་ཇི་སྙེད་པའི་ལྟུང་བ་རྣམས་ཀྱང་དེ་སྙེད་འབྱུང་བར་འགྱུར་རོ་ཞེས་གསུངས་སོ། །དེ་ནི་ཀུན་སློང་སྤྱི་ཞུགས་ཀྱི་གཞུང་ཡིན་ནོ། །གཉིས་པ་སྲོག་ཆགས་ཡོད་པར་དོགས་པའི་ཕྱོགས་ལ་མེ་གཏོང་ན་ཡང་། སྲོག་ཆགས་ཡོད་པར་ཤེས་པའི་ཕྱོགས་དང་འདྲའོ། །གསུམ་པ་སྲོག་ཆགས་མེད་པར་ཤེས་པའི་ནགས་ལ་མེ་གཏོང་བ་ལ་ནི་སྐབས་འདིར་གཏོགས་ཀྱི་ལྟུང་བ་མེད་དེ། ཊཱི་ཀ་ལས་་་་་་སྲོག་ཆགས། མེད་པའི་ཕྱོགས་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་ཏེ། དེའང་སྲོག་ཆགས་མེད་པ་ལ་མེད་པར་ཤེས་ནའོ། །དེའང་འོད་ལྡན་ལས། ནགས་སུ་མེ་གཏོང་བར་ཞུགས་ན་གལ་ཏེ་སྲོག་ཆགས་མེད་པར་ངེས་ན་ནི་དེའི་ཚེ་ལྟུང་བ་མེད་པ་ཡིན་ནོ་ཞེས་སོ། །ནགས་དེ་ན་སྲོག་ཆགས་མེད་ཀྱང་ཡོད་པར་འདུ་ཤེས་འཁྲུལ་ཏེ་མེ་གཏོང་ན་ནི་འདུ་ཤེས་ཀྱི་དབང་གིས་ཉེས་པར་འགྱུར་རོ། །སྐྲ་ཅན་འཚོང་ན་སྟེ་སྐྲ་ཅན་མིའི་འགྲོ་བ་པ་འཚོང་ན་སྲོག་གཅོད་པ་དངོས་ཀྱི་སྦོམ་པོ་མི་སྐྱེད་ཀྱང་སྲོག་གཅོད་པའི་ཆར་གཏོགས་པའི་སྦོམ་པོའོ།་་་་་འདིའི་དམིགས་བསལ་ནི་དགེ་འདུན་ལ་ཁྱིམ་བདག་གི་བུ་དང་ཆུང་ལ་ཕུལ་བ་ན་གལ་ཏེ་སླུ་བར་བྱེད་ན་ནི་ཇི་ཙམ་དུ་བཙོངས་པ་ཉིད་ཡིན་ནོ། །ཞེས་སོ། །སྐབས་འདིའི་རང་གི་རྣམ་བཤད་ལས་བ་ལང་འཚོང་ན་སྦོམ་པོའོ་ཞེས་བཤད་པ་ནི་སྦོམ་པོ་བཏགས་པ་བ་སྟེ་ཉེས་བྱས་ཁོ་ནའོ། །གང་གིས་བརྐུས་པ་དེ་བླའི་་་་་་གསོད་སེམས་མེད་ཅིང་གསོད་དམ་མི་གསོད་གཏོལ་མེད་པར། གྲར་འབུལ་ན་སྲོག་གཅོད་པ་དངོས་ཀྱི་སྦོམ་པོ་མི་སྐྱེད་ཀྱང་

༼༤༠༤༽

སྲོག་གཅོད་པའི་ཕྱོགས་སུ་གཏོགས་པའི་སྦོམ་པོའོ། །འགྲེལ་ཆུང་ལས་གསོད་དམ་མི་གསོད་གཏོལ་མེད་པར་རྒྱལ་པོ་ལ་ཕུལ་ན་སྦོམ་པོའོ། །གསོད་པར་འདུ་ཤེས་བཞིན་དུ་རྒྱལ་པོ་ལ་ཕུལ་ཏེ་བསད་ན་ནི་སྦོམ་པོ་དང་ཕམ་པ་གཉིས་ཀ་ཡོད་ཅེས་བཤད་ཅིང་། ཊཱི་ཀ་ལས་ཀྱང་གསོད་སེམས་ཡོད་ན་རྒྱལ་པོས་བསད་པ་ན་དགེ་སློང་ལ་ཕམ་པ་སྐྱེད་པར་བཤད་དེ། ཞུ་བའི་སྐབས་འདིར་བདག་ཉིད་གསོད་ན་སྦོམ་པོ་ཞེས་པ་འདི་ལ་ཁ་ཅིག་ན་རེ་འདིར་སྦོམ་པོ་བསྐྱེད་ན། མཐར་ཐུག་གི་སྦོམ་པོ་བསྐྱེད་དམ། སྦྱོར་བ་མཚན་ཉིད་པའི་སྦོམ་པོ་བསྐྱེད་དམ། སྦྱོར་བ་རྣམ་པའི་སྦོམ་པོ་བསྐྱེད། དང་པོ་ལྟར་ན་ཊཱི་ཀ་ལས་འདིར་སྦྱོར་བ་ལས་ལྟུང་བར་རིག་པར་བྱའོ་ཞེས་གསུངས་པ་དང་འགལ་ཞིང་། བདག་ཉིད་གསོད་ན་སྦོམ་པོའོ་ཞེས་གསུངས་ཀྱི། བསད་ན་སྦོམ་པོ་ཞེས་པ་ནི་མ་གསུངས་པ་དང་། མཐར་ཐུག་གྲུབ་དུས་ན་བཅས་པའི་རྟེན་མ་ཡིན་པའི་ཕྱིར་མཐར་ཐུག་གི་སྦོམ་པོ་བསྐྱེད་པར་མི་རིགས་སོ། །གཉིས་པ་ལྟར་ན་དགེ་སློང་གིས་བདག་ཉིད་གསོད་པ་ཆོས་ཅན། སྲོག་གཅོད་པའི་སྦྱོར་བ་མཚན་ཉིད་པའི་སྦོམ་པོ་བསྐྱེད་པའི་ཕྱིར། མཐར་ཐུག་གྲུབ་པ་ན་སྲོག་གཅོད་ཕམ་པ་བསྐྱེད་པར་ཐལ་ལོ། །གསུམ་པ་ལྟར་ན་ཆོས་ཅན་སྔར་བཞིན་སྲོག་གཅོད་པའི་སྦྱོར་བ་རྣམ་པའི་སྦོམ་པོ་བསྐྱེད་པའི་ཕྱིར། སྲོག་གཅོད་ཕམ་པའི་དངོས་གཞིའི་ཡན་ལག་ཚང་བར་ཐལ་ལོ། །འདོད་ན།་་་་་གཞིའི་ཡན་ལག་ལ་མི་ཡིན་པ་དང་། གཞན་ཡིན་པ་སྟེ་གཉིས་ལས། མི་ཡིན་པར་ཚང་ཡང་གཞན་ཡིན་པ་མ་ཚང་བ་དང་འགལ་ལོ། །དེས་ན་འདི་ལ་སྦོམ་པོ་མཚན་ཉིད་པ་མི་བསྐྱེད་ཀྱི། ཉེས་བྱས་ལ་མིང་སྦོམ་པོར་བཏགས་པའོ་ཞེས་ཟེར་རོ། །འོན་ཀྱང་ཐལ་འགྱུར་ཕྱི་མའི་རྟགས་ལ་ཁྱབ་པ་མ་གྲུབ་ཅིང་། འདུལ་བའི་ལུང་དང་བསྟན་བཅོས་རྣམས་ལས་སྦོམ་པོར་གསུངས་བཞིན་དུ་ཉེས་བྱས་སུ་འཆད་པ་འདི་ནི་རང་དགར་སྨྲ་བར་ཟད་དོ། །གཞིའི་ཡན་ལག་མི་ཡིན་པ་དང་གཞན་ཡིན་པ་གཉིས་ཀ་ཚང་བ་གསོད་ན་སྦྱོར་བའི་གནས་སྐབས་སུ་སྦོམ་པོ་མཚན་ཉིད་པ་བསྐྱེད་པ་ལྟར། གཞན་ཡིན་པ་མ་ཚང་སྟེ།་་་་་བདག་ཉིད་གསོད་ན་ཡང་སྦྱོར་བའི་གནས་སྐབས་སུ་སྦོམ་པོ་མཚན་ཉིད་པ་བསྐྱེད་པ་ནི་བཅས་

༼༤༠༥༽

པའི་དབང་གིས་ཏེ། འོད་ལྡན་ལས་ལྟུང་བ་ནི་བཅས་པ་ཙམ་གྱི་རྗེས་སུ་འབྲང་བས་ཞེས་གསུངས་སོ། །འགྲེལ་ཆུང་ལས་བསད་སེམས་མེད་པར་རྡོ་བོར་བ་ལ་སོགས་པ།་་་་་གསོད་པའི་སེམས་སུ་གྱུར་པ་མེད་པར་རྐྱེན་དེས་སྲོག་ཆད་དེ་མ་ལེགས་པ་བྱས་ན་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་དོ།་་་་་འདི་ལ་གསོད་སེམས་མེད་པར་སྲོག་བཅད་པའི་ཉེས་པ་མི་བསྐྱེད་ཀྱང་། ཤེས་བཞིན་མ་ཡིན་པར་ཞུགས་པའི་ཉེས་བྱས་ཏེ། ཊཱི་ཀ་ལས་ཤེས་བཞིན་མ་ཡིན་པར་ཞུགས་པའི་ཕྱིར་རོ། །ཞེས་སོ། །སྐབས་འདིའི་ཞུ་འགྲེལ་ལས་ཀྱང་འདི་ནི་ལྟུང་བའི་སྒོར་གྱུར་པའི་འཇུག་པ་ཐམས་ཅད་ལ་དྲན་པས་བསྒྲུབ་པར་བྱའོ་ཞེས་བྱ་བ་འདིར་གཏོགས་པ་སྟེ་གསོད་པར་གཏོགས་པ་ནི་མ་ཡིན་ནོ་ཞེས་བཤད་དོ། །ཊཱི་ཀ་་་་་་ལས་བཞད་གད་ཀྱི་བསམ་པས་མཚོན་འཕངས་པས་ཤི་བ་ལྟ་བུ་ཆེད་དུ་མ་བསམས་པར་སྲོག་ཆད་པ་གྲུབ་པ་ནི་སྲོག་བཅད་པའི་ལྟུང་བ་རྣམ་གཞག་གི་བྱེད་པ་པོ་ཉིད་མ་ཡིན་ཏེ། གསོད་སེམས་མེད་པའི་ཕྱིར་རོ། །བསད་བྱ་དང་གསོད་བྱེད་དུས་མཉམ་དུ་ཤི་བའམ་གསོད་བྱེད་སྔར་ཤི་ན་ཚེ་འདིར་་་་་་སྦྱོར་བའི། སྦོམ་པོ་འབྱུང་བར་ཟད་ཀྱི། ཚེ་འདིར་སྦྱོར་བ་བྱས་པ་ཙམ་གྱི་དབང་གིས་ནི་ཚེ་རབས་གཞན་བར་དོ་ཕན་ཆད་དུ་ལས་ཀྱི་བྱེ་བྲག་ལྟུང་བ་སྐྱེ་བ་མེད་དོ། །ཚེ་འདིར་སྦྱོར་བའི་དབང་གིས།་་་་་ཚེ་རབས་གཞན་དུ་ལས་སྐྱེ་བ་མི་སྲིད་པའི་ཕྱིར་རོ་ཞེས་ཊཱི་ཀ་ལས་བཤད་དོ། །མཛོད་ལས་སྔར་རམ་མཉམ་དུ་ཤི་བ་ལ། །དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ། །ཞེས་གསུངས་པ་དང་མཐུན་ནོ། །འདུལ་བྱེད་ཀྱི་སྐབས་འདིར་སྦོམ་པོ་ནི་ཁོ་བོ་འཆི་བར་འོང་ངོ་ཞེས་པ་ནས་ཉོན་མོངས་པར་བྱེད་ནའོ་ཞེས་པ་ཡན་འདི་དག་ཐམས་ཅད་ལ། གསོད་པའི་སྦོམ་པོ་མཚན་ཉིད་པ་མི་སྐྱེད་དེ། གསོད་སེམས་མེད་པའི་ཕྱིར་རོ། །དེས་ན་བསླབ་བྱའི་ཉེས་བྱས་ལ་མིང་སྦོམ་པོར་བཏགས་པའོ། །ཞེས་་་་་་བླ་མ་རྣམས། གསུངས་སོ། །བདག་ཉིད་གཡང་ས་ནས་མཆོང་བ་དང་འཆིང་བ་ལ་སོགས་པའི་སྦོམ་པོ་ནི། བདག་ཉིད་གསོད་ན་སྦོམ་པོའོ་ཞེས་སྔར་བསྟན་པ་འདིའི་བྱེ་བྲག་ཡིན་ནོ། །ནད་པ་ལ་མཚོན་དང་ཐག་པ་མི་སྦྱིན་པ་འདི་དང་། འཆི་བའི་འཚོག་ཆས་མི་བཞག་གོ །རྣམ་འབྱེད་དུ།་་་་་སྔར་བསྟན་པ་དེ་གཉིས་ཀྱི་ཁྱད་པར་ནི། སྔར་བསྟན་པ་དེ་ནི་ནད་གཡོག་

༼༤༠༦༽

གི་དགག་པ་བསྟན་པ་ཡིན་ལ། སྐབས་འདིར་ནད་གཡོག་དང་ནད་གཡོག་མ་ཡིན་པ་ལ་ཡང་སྤྱིར་དགག་པ་ཡིན་པར་ཊཱི་ཀ་ལས་བཤད་དོ། །ཞལ་ཏ་པ་་་་་ཤེས་བཞིན་དུ་བྱའོ། །ཞེས་པ་་་་་་ཞལ་ཏ། ནི་བྱ་བ་མང་བས་་་་་་ཤེས་བཞིན་གྱིས་མ་ཟིན་པ་འབྱུང་ཉེ་བས། མཚོན་པའོ།་་་་་སྟེ་གཞན་རྣམས་ཀྱིའང་ཤེས་བཞིན་དུའོ། །སྤྱི་བོ་ཚུགས་སུ་འགྲོ་་་་་འི་དུས་ན་ལག་པ་གཉིས་ས་ལ་བཙུགས་ནས་རྐང་པ་གཉིས་གནམ་ལ་བསྒྲེང་སྟེ་སྤྱིའུ་ཚུགས་སུ་འགྲོ་བ་དེ་ལྟར་མི་བྱའི་ཊཱི་ཀའོ། །བར་མི་བྱ་ཞེས་པའི་ཊཱི་ཀ་ལས་སྤྱི་བོ་ཚུགས་མཁན་ལྟར་རམ་སྟོབས་ལ་གོམས་པའི་གྱད་ཐབས་མཁན་བཞིན་དུ་ཞེས་པ་ནི་ཤ་ལག་མཉེན་ལྕུག་ཅན་གྱི་བྱེ་བྲག་གོ །ཊཱི་ཀ་ལས། ཁྱི་འཚེད་པ་དག་གར་བྱེད་པ་ཞེས་པ་ནི་ཁྱི་ཤ་ཟ་བའི་རིགས་ངན་དག་གར་བྱེད་པའོ། །རྣམ་བཤད་ཉི་མའི་འོད་ཟེར་ལས་ཕམ་པ་གསུམ་པའི་སྐབས་རྫོགས་སོ། །རྫུན་སྨྲ་ཕམ་པའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་ཉ་པའི་གྲོང་དུ་དགེ་སློང་ལྔ་བརྒྱས་མི་ཆོས་བླ་མ་རྫུན་དུ་སྨྲས་ནས། འོད་མ་ཅན་གྱི་གྲོང་དུ་ཕམ་པ་འདི་བཅས་སོ།་་་་་དེང་སང་གི་འདུལ་འཛིན་རྣམས་ན་རེ། རྫུན་སྨྲ་བའི་ཕམ་པ་འདི་ཡུལ་ཡངས་པ་ཅན་དུ་བཅས་སོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ་ཡངས་པ་ཅན་དུ་ཉ་པ་ལྔ་བརྒྱ་པོ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས། དུས་ཕྱིས་འོད་མ་ཅན་གྱི་གྲོང་དུ་རྫུན་སྨྲའི་ཕམ་པ་བཅས་པ་སྟེ། ལུང་ལས་དེ་ལྟར་གསུངས་སོ། །དགག་བྱ་ནི་རང་ཆོམ་རྐུན་པའི་གྲངས་སུ་ཆུད་པ་དང་། གཞན་བསླུས་པའི་སྒོ་ནས་གནོད་པ་སྟེ། རྣམ་འབྱེད་ལས། འདི་ན་གང་ཞིག་དགྲ་བཅོམ་མ་གྱུར་པར། །བདག་ཉིད་དགྲ་བཅོམ་ཡིན་ཞེས་བརྗོད་བྱེད་པ། །དེ་ནི་ཚངས་བཅས་འཇིག་རྟེན་རྐུན་པོ་སྟེ། །ཚུལ་ཁྲིམས་འཆལ་བ་ཡིན་ཞེས་བརྗོད་པར་བྱ། །ཞེས་གསུངས་པ་དང་།་་་་་བདེན་སྨྲ་ལ་ལྟུང་བྱེད་དུ་གསུངས་ཤིང་ཕམ་པ་འདི་ལ། རྫུན་དུ་སྨྲས་པ་ཡན་ལག་ཏུ་དགོས་པས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལ་མིའི་ཆོས་བླ་མའི་ཡོན་ཏན་མི་ལྡན་པ་ལས་འདུ་ཤེས་བསྒྱུར་ཏེ་རང་ལ་ཡོན་ཏན་དེ་དང་ལྡན་པར་སྨྲས་ཤིང་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞི་རྫོགས་པའོ། །ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ་གང་ལ་སྨྲ་བའི་ཡུལ་དང་། གང་བརྗོད་པའི་དོན་ཏོ། །དང་པོ་ལ་གསུམ་སྟེ། ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་། བདག་ལས་

༼༤༠༧༽

ཐ་དད་པའོ། །དང་པོ་ནི་མི་ཡིན་པ་དང་། སྨྲ་ཤེས་པ་དང་། དོན་གོ་བ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། མ་ནིང་དང་མཚན་གཉིས་པ་མ་ཡིན་པ་སྟེ་ལྔའོ། །དེའང་སྤྱིར་བསྟན་ལས་མིའི་འགྲོ་བ་པ་ནི་ཐ་སྙད་དུ་བྱ་བ་ཉིད་ཡིན་ནོ། །སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ། རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ། །རང་་་་་་སྨྱོ་བ་ལ་སོགས་པ། བཞིན་ཉམས་པ་ནི་མ་ཡིན་ནོ། །མ་ནིང་དང་མཚན་གཉིས་པ་དག་ནི་དེ་དང་ལྡན་པ་ཉིད་དོ་ཞེས་གསུངས་པ་དང་གོ་རིམ་བཞིན་དུ་སྦྱོར།་་་་་སེལ་བ་ནི་མི་མ་ཡིན་ལ་སྨྲ་ན་སྦོམ་པོ་དང་དུད་འགྲོ་ལ་སྨྲ་ན་ཉེས་བྱས་སུ་འགྱུར་ཏེ། འོག་མ་དག་ལ་ནི་གཞན་ལ་ན་སྨད་ཅེས་བཤད་པ་དང་། མི་ལ་དུད་འགྲོ་ཡང་ངོ་ཞེས་པས་སོ། །སྨྲ་མི་ཤེས་པ་དང་དོན་མི་གོ་བ་ལ་སྨྲས་ནའང་སྦོམ་པོར་འགྱུར་ཏེ། འོག་མ་དག་ལ་ནི་གཞན་ལ་ན་སྨད་ཅེས་བཤད་དོ། །སྨྱོ་བ་དང་མ་ནིང་དང་མཚན་གཉིས་པ་ལ་སྨྲས་ན་སྦོམ་པོར་འགྱུར་ཞེས་ལུང་ཞུ་བ་ལས་གསུངས་སོ། །གཉིས་པ་ལུས་ཐ་མལ་པར་གནས་པ་ནི་རྫུན་ཚིག་ཉན་པ་པོ་དེ།་་་་་གཟུགས་གཞན་དུ་མ་སྤྲུལ་ཞིང་ལུས་མི་སྣང་བར་བྱས་པ་མ་ཡིན་པའོ། །དེ་ཡན་ལག་ཏུ་དགོས་པའི་སྒྲུབ་བྱེད་ནི། ཊཱི་ཀ་ལས་་་་་་ཡུལ་དེ་གཟུགས་གཞན་དུ་སྤྲུལ་པ་དང་། རེག་་་་་་པ་རྫུན་སྨྲ། ལ་སོགས་པ་ནི་ཐ་སྙད་ཀྱི་ཕྱིར་་་་་་ལྟུང་བ་ན་སྨད་དུ། རྣམ་པར་བཞག་ཅེས་བཤད་པ་དང་།་་་་་རེག་པ་དང་འཁྲིག་ཚིག་ལ་སོགས་པའི་ཡུལ། སྤྲུལ་པ་མོ་ལ་ཡང་དེ་བཞིན་ནོ་ཞེས་པའི་གནད་ཀྱིས་སྦྱར་ཞིང་། ཞུ་བ་ལས་སྤྲུལ་པ་མོ་ལ་འཁྲིག་ཚིག་སྨྲ་བ་ལ་སོགས་པ་ལ་ན་སྨད་དུ་གསུངས་པའི་གནད་ཀྱིས་སྦྱར་རོ། །གསུམ་པ་བདག་ལས་ཐ་དད་པ་ནི་ཊཱི་ཀ་ལས་མནའ་འདོར་བ་ལ་་་་་་དགེ་སློང་མས་གཞན་གྱི་དྲུང་དུ་མནའ་འདོར་ན་ལྟུང་བྱེད་དུ་འགྱུར་ལ་རང་གཅིག་པུར་མནའ་འདོར་ན་ངག་འཁྱལ་གྱི་ཉེས་བྱས་ཙམ་དུ། བཤད་པའི་གནད་ཀྱིས་སྦྱར་ཞིང་། ཞུ་བ་ལས་དབེན་པ་ལ་དབེན་པར་འདུ་ཤེས་ཏེ་སྨྲས་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་པས་ཀྱང་ངོ་། །དེ་ནི་སྦོམ་པོ་བཏགས་པ་བ་ཡིན་པར་རིགས་ཏེ། དབེན་པར་རང་ཉིད་རྫུན་ཚིག་སྨྲ་བར་བྱེད་པ་ནི་ངག་ཀྱལ་དུ་གཏོགས་པའི་ཉེས་བྱས་སུ་འགྱུར་ཞེས་རིགས་སོ། །གཉིས་པ་གང་བརྗོད་པའི་དོན་ནི། འཇིག་རྟེན་དང་མཐུན་པའི་ལམ་དང་དེ་ལས་འདས་པའི་ལམ་མོ་སྟེ།་་་་་ལམ་གཉིས་

༼༤༠༨༽

ཡོན་ཏན་ཁྱད་པར་ཅན་ཡིན་པ་དང་། ད་ལྟ་བདག་ལ་མི་ལྡན་པ་སྟེ། །མིའི་ཆོས་བླ་མ་དང་ཞེས་པ་དང་། ཡོན་ཏན་དེ་ད་ལྟ་བདག་ལ་ལྡན་ན། རྫུན་སྨྲའི་ཕམ་པར་མི་འགྱུར་གྱི། དབེན་སྨྲའི་ལྟུང་བྱེད་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་མི་ཆོས་བླ་མ་རྫུན་དུ་སྨྲ་བར་འདོད་པ་རྒྱུན་མ་ཆད་པ་སྟེ། རང་གི་དོན་ཉིད་གཙོ་ཆེར་ཡོད་པའོ།་་་་་གཞན་དོན་དུ་སྨྲ་ན་ནི་ལུང་ཞུ་བ་ཆུང་ཤོས་ལས་གཞན་གྱི་སླད་དུ་མི་ཆོས་བླ་མའི་རྫུན་སྨྲ་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་གསུངས་སོ། །ཞེས་པ་དང་འདུ་ཤེས་བསྒྱུར་ཏེ་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་ཞེས་པ་དང་བཏང་བ་ཡང་ཞེས་སྦྱོར་བ་དང་། མཐར་ཐུག་གི་བར་དུ་ཀུན་སློང་གི་བསམ་པ་བཏང་སྟེ་ཀུན་སློང་རྒྱུན་ཆད་ན་ལྟུང་བ་མི་རྫོགས་པར་གསུངས་པས་ཤེས་སོ། །གསུམ་པ་སྦྱོར་བའི་ཡན་ལག་ནི་ངག་ཡན་ལག་ལྔ་ལྡན་གྱི་རྫུན་དུ་སྨྲ་བ་སྟེ། རང་གི་ངག་ཏུ་བདག་ཉིད་དང་འབྲེལ་བར་གང་ལ་བསམས་པའི་དོན་གསལ་པོར་སྨྲ་བའོ། །དེ་ཡང་རང་གི་་་་་་ངག་ཏུ་སྨྲ་བ་ཡན་ལག་ཡིན་པའོ། །ལུང་ཞུ་བ་ལས་སྤྲིངས་ཡིག་དང་ལག་བརྡ་ལ་སོགས་པ་ལུས་ཀྱི་རིག་བྱེད་ཀྱིས་དོན་གོ་བར་བྱེད་ན་སྦོམ་པོར་གསུངས་པས་ཕམ་པ་འདི་བསྐྱེད་པ་ལ་ངག་གི་རིག་བྱེད་དགོས་སོ།་་་་་ངག་གིའོ། །བདག་ཉིད་དང་འབྲེལ་པར་རོ།་་་་་སྨྲས་པ་ཡན་ལག་ཡིན་ནོ། །ནོར་ན་་་་་་བརྗོད་པ། ཡང་ངོ་།་་་་་སྦོམ་པོ་ཡིན་པས་བསམ་དོན་སྨྲས་པ་ཡན་ལག་གོ །གཞོག་སྨོས་ཀྱང་ངོ་།་་་་་སྦོམ་པོར་གསུངས་པས་ཕམ་པ་འདི་བསྐྱེད་པ་ལ་གང་ལ་བསམ་པའི་དོན་གསལ་པོར་སྨྲས་པ་ཡན་ལག་ཡིན་ནོ། །བཞེས་གསུངས་པ་དང་། གོ་རིམ་བཞིན་དུ་སྦྱོར། བཞི་པ་མཐར་ཐུག་གི་ཡན་ལག་ནི། ཕ་རོལ་པོས་དོན་གོ་བ་སྟེ། རྣམ་པ་རིག་བྱེད་ལ་ནི་དོན་གོ་བའོ་ཞེས་གསུངས་ཤིང་དོན་མ་གོ་ན་འོག་མ་དག་ལ་ནི་་་་་་དོན་གོ་བ་ལས། གཞན་ལ་་་་་་དོན་མ་གོ་བ། ན་སྨད་པ་ཉིད་ཅེས་གསུངས་སོ། །གཉིས་པ་ཡན་ལག་གི་དོན་ནི། མིའི་ཆོས་བླ་མ་ལ་བཤད་ལུགས་གཉིས་ལུང་ལས་གསུངས་ཏེ། ཐོབ་པའི་སྒོ་ནས་མིའི་ཆོས་དང་བླ་མ་ཡོན་ཏན་ཐ་དད་དུ་བསྟན་པ་དང་། སྤངས་པའི་སྒོ་ནས་མིའི་ཆོས་དང་བླ་མ་སྐྱོན་དང་ཡོན་ཏན་དུ་བསྟན་པའོ། །དང་པོ་ལྟར་ན་མིའི་ཆོས་

༼༤༠༩༽

ནི་་་་་་མཐར་ཐུག་གི་ཡོན་ཏན། མྱ་ངན་ལས་འདས་པ་ཡིན་ལ། བླ་མ་ནི་་་་་་གནས་སྐབས་ཀྱི་ཡོན་ཏན། ཁམས་གོང་མའི་སེམས་སོ།་་་་་ལུང་རྣམ་འབྱེད་ལས་མིའི་ཆོས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ་དེ་མི་རྣམས་ཀྱིས་འཐོབ་ཀྱི། ཟ་མ་དང་མ་ནིང་གིས་ཀྱང་མི་འཐོབ་ན་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་བླ་མ་ཞེས་བྱ་བ་ནི་འདོད་པའི་ཁམས་པ་བས་གཟུགས་ཀྱི་ཁམས་བླ་མ་ཡིན་ལ་གཟུགས་ཀྱི་ཁམས་ལས་གཟུགས་མེད་པའི་ཁམས་བླ་མ་ཡིན་པའོ་ཞེས་གསུངས་སོ། །གཉིས་པ་ལྟར་ན་འོད་ལྡན་ལས་མིའི་ཆོས་ལས་བླ་མ་ཞེས་གསུངས་སོ། །མིའི་ཆོས་སྒྲིབ་པ་ལྔ་སྤངས་པ་སྟེ། ལུང་རྣམ་འབྱེད་ལས་མིའི་ཆོས་ཞེས་བྱ་བ་ནི་སྒྲིབ་པ་ལྔ་པོ་དག་གོ །བླ་མ་ཞེས་བྱ་བ་ནི་དེ་དག་སྤངས་པ་གང་ཡིན་པའོ་ཞེས་གསུངས་སོ། །སྒྲིབ་པ་ལྔ་ནི། འདོད་འདུན་དང་། གནོད་སེམས་དང་། གཉིད་རྨུགས་དང་། རྒོད་འགྱོད་དང་། ཐེ་ཚོམ་སྟེ། དེ་དག་ནི།་་་་་གོ་རིམ་བཞིན། ཕྱི་ནང་གི་འདོད་ཡོན་ལ་ཆགས་ཤིང་ཐོབ་པར་འདུན་པ་དང་། གཞན་ལ་གནོད་པའི་བསམ་པ་དང་། འཇུག་པ་རང་དབང་མེད་པར་སེམས་བསྡུས་པ་དང་། རིག་པ་གསལ་སྣང་མེད་པར་བློང་བློང་བ་ཉིད་དང་། སེམས་རྣམ་པར་མ་ཞི་བ་ཉིད་དང་། ངན་པར་བྱས་པ་ཡིད་ལ་གཅགས་པ་དང་། ཆོས་ཀྱི་དོན་ལ་ཐེ་ཚོམ་ཟ་བའོ། །དེ་དག་ལ་ཅིའི་ཕྱིར་སྒྲིབ་པ་ཞེས་བྱ་ཞེ་ན། ལྔ་པོ་དེ་དག་ཆོས་ཅན། སྒྲིབ་པ་ཡིན་ཏེ། བསླབ་པ་གསུམ་ལ་སྒྲིབ་པ་ཡིན་པའི་ཕྱིར་རོ། །སྤྱིར་ན་ལྔ་པོ་ཐམས་ཅད་ཀྱིས་བསླབ་པ་གསུམ་ཆར་ལ་སྒྲིབ་མོད་ཀྱི། བྱེ་བྲག་ཏུ་འདོད་འདུན་དང་གནོད་སེམས་ཀྱིས་ཚུལ་ཁྲིམས་ལ་སྒྲིབ། གཉིད་རྨུགས་དང་རྒོད་འགྱོད་ཀྱིས་ཏིང་ངེ་འཛིན་ལ་སྒྲིབ། ཐེ་ཚོམ་གྱིས་ཤེས་རབ་ཀྱི་བསླབ་པ་ལ་སྒྲིབ་སྟེ། དེ་ལྟར་རྣམ་བཤད་རིགས་པ་ལས་བཤད་དོ། །དཔེར་ན་མེ་གང་ན་ཡོད་ཅེས་དྲིས་པ་ན། ས་ཕྱོགས་འདི་ན་དུ་བ་དྲག་ཏུ་འཕྱུར་བཞིན་པ་ཡོད་དེ་ཞེས་བརྗོད་པ་ལྟར་་་་་་འབྲས་བུའི་སྒོ་ནས་བརྗོད་པ་ནི།་་་་་ལྷ་ཀླུ་ལ་སོགས། མཐོང་ངོ་ཞེས་པ་ལ་སོགས་པ་འདི་དག་ཆོས་ཅན། འབྲས་བུའི་སྒོ་ནས་བརྗོད་པ་ཡིན་ཏེ། བསམ་གཏན་གྱི་སེམས་ཐོབ་པའི་འབྲས་བུས་མངོན་ཤེས་ཀྱི་ཡོན་ཏན་གྱི་སྒོ་ནས་བརྗོད་པའི་ཕྱིར་རོ། །དེ་འང་རྒྱུ་་་་་་འོད་ལྡན་

༼༤༡༠༽

ལས་བསམ་གཏན་ལ་སོགས་པ་མི་སྲིད་པ་ལ་ནི་ལྷ་ལ་སོགས་པ་བལྟ་བ་དང་། བསྙེན་བཀུར་བྱེད་པ་མི་སྲིད་པའི་ཕྱིར་རོ་ཞེས་བཤད་པ་ལྟར། བསམ་གཏན་གྱི་སེམས་མ་ཐོབ་པར་འབྲས་བུ་མངོན་ཤེས་ཀྱི་དབང་གིས་ལྷ་མཐོང་བ་ལ་སོགས་པ་མི་འབྱུང་བའི་ཕྱིར་ཏེ། དཔེར་ན་མེ་མེད་ན་དུ་བ་མི་འབྱུང་བ་བཞིན་ནོ། །མཐོང་ངོ་བདག་མཐོང་ངོ་གཉིས་དང་། འགྲོ་འོང་གཉིས་དང་། ལྷན་ཅིག་གནས་པར་བྱེད་དོ། །ཞེས་ལྔ་དང་། སྒྲ་ཐོས་པ་ལ་སོགས་པ།་་་་་ལྷག་མ་ལྔས། ལྷའི་མིག་དང་ལྷའི་རྣ་བའི་མངོན་པར་ཤེས་པ་གོ་རིམ་བཞིན་དུ་བསྟན་ཏོ། །ལྷ་རྣམས་ཀྱིས་བདག་མཐོང་བ་དང་བདག་གི་སྒྲ་ཐོས་པ་དང་བདག་གི་དྲུང་དུ་འོང་ཞེས་སྨྲས་པ་ནི། དོན་དང་མཐུན་པར་སྨྲས་པའི་ཕྱིར་རྫུན་དུ་སྨྲས་པ་ཡིན་པར་མི་འཐད་དོ་ཞེ་ན། ལུང་གཞི་ལས་ལྷ་རྣམས་ཀྱིས་ཀྱང་བདག་མཐོང་ངོ་། །ལྷ་རྣམས་ཀྱིས་ཀྱང་བདག་གི་སྒྲ་ཐོས་ཞེས་གསུངས་ཏེ། ཀྱང་ཞེས་སྡུད་པར་བྱེད་པའི་སྒྲ་བརྗོད་པས་བདག་གིས་ལྷ་རྣམས་མཐོང་བར་མ་ཟད། ལྷ་རྣམས་ཀྱིས་ཀྱང་བདག་མཐོང་ཞེས་་་་་་བདག་གིས་ལྷ་མཐོང་བ་དང་ལྷས་བདག མཐོང་བ་ཚོགས་དོན་བསྟན་པ་དང་ཐོས་པ་ཚོགས་དོན་བསྟན་པ་ཡིན་པས་འགལ་བ་མེད་དོ། །ཊཱི་ཀ་ལས། བདག་དང་ལྷན་ཅིག་གཏམ་འདྲེའོ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་དང་སྦྱར་བ་མ་བསྟན་པས་དེའི་ཕྱིར་སྐྱེས་བུ་དང་པོར་བསྒྱུར་བར་བྱ་སྟེ་ཞེས་པ་ནི། སྐྱེས་བུ་ནི་བྱེད་ཚིག་སྟེ་བྱེད་པའི་ཚིག་དེ་དང་པོར་བསྒྱུར་བས་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད་ཅེས་ཚིག་དང་པོ་རྣམས་ལ་ཡང་། བྱེད་པའི་ཚིག་སྦྱར་བའོ། །ལྷ་དང་གནོད་སྦྱིན་དྲི་ཟ་གསུམ་ལྷའི་བྱེ་བྲག་གོ །ཀླུ་དང་མིའམ་ཅི་ལྟོ་འཕྱེ་ཆེན་པོ་གསུམ་དུད་འགྲོ་སྟེ། ལྷག་མ་་་་་་ཡི་དྭགས་ཤ་ཟ་ལུས་སྲུལ་པོ་གྲུལ་བུ་མ། བཞི་ནི་ཡི་དྭགས་སོ།་་་་་ལྷ་དང་ཀླུ་ལ་སོགས་པ་བཅུའི་འབྲུ་སྣོན་ནི་རྣམ་འབྱེད་འགྲེལ་དང་གཞི་འགྲེལ་ལས་བཤད་དོ་ཁོ་བོས་གཞུང་གི་མཆན་ཡིག་ཏུ་བཀོད་པ་དེར་བལྟའོ། །འགྲེལ་ཆུང་ལས་དྲི་ཟ་ནི་ལྔ་ཕུང་པོ་བར་མའི་དྲི་ཟ་དང་ལྷ་རོལ་མོ་བྱེད་པ་ཞེས་བཤད་ཅིང་། མཛོད་ལས་བར་དོ་དྲི་ཟ་ཡིན་པར་གསུངས་པ་ལྟར་ན། བར་དོ་ཚེ་ཕྱི་མའི་ཁོངས་སུ་གཏོགས་པས། དྲི་ཟ་བར་མ་དོ་ནི་འགྲོ་བ་ལྔ་ཅི་རིགས་པར་བསྡུས་སོ། །གཞི་དང་ཀརྨ་ཚ་ཏཾ་ལས་རྣམ་

༼༤༡༡༽

མཁའ་ལྡིང་རྣམས་དང་ཞེས་པ་ནི། མདོ་རྩ་བར་མ་སྨོས་ཀྱང་། ཀླུས་མཚོན་ནས་བསྟན་ཏེ། འགལ་ཟླས་འགལ་ཟླ་མཚོན་པའོ། །་་་་་ཟླ་ཉིད་ལ་འོ་ཞེས་པ་མཐོང་སོགས་བཅུ་པོར་རེ་རེའང་ལྷ་སོགས་བཅུ་དང་སྦྱར་བ་སྟེ། སྦྱོར་བའི་བྱེ་བྲག་བརྒྱའོ། །ངོ་བོའི་སྒོ་ནས་བརྗོད་པ་ནི། མི་རྟག་པ་ལ་སོགས་པའི་འདུ་ཤེས་དང་ཞེས་པ་ནི་མི་རྟག་པ་ལ་སོགས་པ་བཅུ་དང་མི་སྡུག་པ་ལ་སོགས་པ་བཅུ་སྟེ་འདུ་ཤེས་ཉི་ཤུའོ། །བསམ་གཏན་བཞི་པོ་རྣམས་ནི་བསམ་གཏན་དང་པོ་ལ་ཡན་ལག་ལྔ་ལས། རྟོག་པ་དང་དཔྱོད་པ་གཉིས་ནི་གཉེན་པོའི་ཡན་ལག་སྟེ། འདོད་ཁམས་ཀྱི་སྐྱོན་དང་བསམ་གཏན་དང་པོའི་ཡོན་ཏན་ལ་རྩིང་དུ་རྟོག་པ་དང་ཞིབ་ཏུ་དཔྱོད་པའོ། །དགའ་བ་དང་བདེ་བ་གཉིས་ནི་ཕན་ཡོན་གྱི་ཡན་ལག་སྟེ། ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་སྐྱེས་པའི་དགའ་བ་དང་། ལུས་ཀྱི་རྣམ་ཤེས་ཀྱི་འཁོར་དུ་སྐྱེས་པའི་བདེ་བའོ། །སེམས་རྩེ་གཅིག་པ་ནི་ངོ་བོའི་ཡན་ལག་གོ །དེའང་མཛོད་ལས། དང་པོ་ལ་ལྔ་རྟོག་དཔྱོད་དང་། དགའ་དང་བདེ་དང་ཏིང་འཛིན་རྣམས་ཞེས་སོ། །བསམ་གཏན་གཉིས་པ་ནི། ཡན་ལག་བཞི་ལྡན་ཏེ། ནང་རབ་ཏུ་དྭང་བ་ནི་གཉེན་པོའི་ཡན་ལག་སྟེ། རྟོག་པ་དང་དཔྱོད་པའི་རྙོག་པ་མེད་པའི་ཤེས་རྒྱུད་རབ་ཏུ་དྭང་བའོ། །དགའ་བདེ་གཉིས་ནི་ཕན་ཡོན་གྱི་ཡན་ལག སེམས་རྩེ་གཅིག་པ་ནི་ངོ་བོའི་ཡན་ལག་གོ །དེའང་མཛོད་ལས། བསམ་གཏན།་་་་་གཉིས་པ་ལ་ནི་ཡན་ལག་བཞི། །རང་དང་དང་ནི་དགའ་ལ་སོགས། །ཞེས་སོ། །བསམ་གཏན་གསུམ་པ་ནི་ཡན་ལག་ལྔ་ལྡན་ཏེ། བཏང་སྙོམས་དྲན་པ་ཤེས་བཞིན་དང་། གསུམ་ནི་གཉེན་པོའི་ཡན་ལག ཚོར་བ་བདེ་བ་ནི་ཕན་ཡོན་གྱི་ཡན་ལག སེམས་རྩེ་གཅིག་པ་ནི་ངོ་བོའི་ཡན་ལག་གོ །དེའང་མཛོད་ལས། བསམ་གཏན།་་་་་གསུམ་པ་ལ་ལྔ་བཏང་སྙོམས་དང་། །དྲན་དང་ཤེས་བཞིན་བདེ་དང་གནས་ཞེས་སོ། །བསམ་གཏན་བཞི་བ་ནི་ཡན་ལག་བཞི་ལྡན་ཏེ། དྲན་པ་ཡོངས་སུ་དག་པ་དང་། བཏང་སྙོམས་ཡོངས་སུ་དག་པ་གཉིས་ནི། གཉེན་པོའི་ཡན་ལག ཚོར་བ་བཏང་སྙོམས་ནི་ཕན་ཡོན་གྱི་ཡན་ལག

༼༤༡༢༽

སེམས་རྩེ་གཅིག་པ་ནི་ངོ་བོའི་ཡན་ལག་གོ །དེའང་མཛོད་ལས། ཡ་་་་་་མཐའ་ན་་་་་་བསམ་གཏན་བཞི་པ། བཞི་དྲན་བཏང་སྙོམས་དང་། བདེ་མིན་སྡུག་མིན་ཏིང་་་་་་སེམས་རྩེ་གཅིག་པ། འཛིན་རྣམས་ཞེས་སོ། །བསམ་གཏན་རྣམས་དང་ཞེས་པའི་སྐབས་སུ་འདིར་ལུང་རྣམ་འབྱེད་ལས་བསམ་གཏན་བཞི་པོ་དག་སྟེ། སྙོམས་པར་འཇུག་པ་ལས་ཡིན་གྱི་སྐྱེ་བ་ལས་ནི་མ་ཡིན་ནོ་ཞེས་གསུངས་ཏེ་རྒྱུ་སྙོམས་འཇུག་གི་བསམ་གཏན་དང་འབྲས་བུ་སྐྱེ་བའི་བསམ་གཏན་གྱི་ཏིང་ངེ་འཛིན་དང་། འབྲས་བུ་ལྷ་ཚངས་པ་ལ་སོགས་པ་གཟུགས་ཁམས་ཀྱི་ལྷ་རྣམས་ཏེ་གོ་རིམ་བཞིན་སྐྱེ་བ་ལས་ནི་མ་ཡིན་ནོ་ཞེས་གསུངས་པ་དེའང་ང་ནི་ལྷ་ཚངས་པ་ཡིན་ནོ་ཞེས་རྫུན་དུ་སྨྲས་པས་ནི་ཕམ་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །་་་་་ཚད་མེད་པ་བཞི་པོ་རྣམས་ནི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཚད་མེད་པའོ། །དེ་དག་ནི་ཀྱེ་མ་སེམས་ཅན་རྣམས་བདེ་བར་གྱུར་ཅིག་སྙམ་དུ་དང་། ཀྱེ་མ་སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་དུ་དང་། ཀྱེ་མ་སེམས་ཅན་རྣམས་ཡིད་དགའ་བར་གྱུར་ཅིག་སྙམ་དུ་དང་། ཀྱེ་མ་སེམས་ཅན་རྣམས་བཏང་སྙོམས་སུ་ཡིད་ལ་བྱེད་པ་སྟེ་གོ་རིམ་བཞིན་ནོ། །དེའང་མཛོད་ལས། ཀྱེ་མ་བདེར་འགྱུར་སྡུག་བསྔལ་དང་། དགར་གྱུར་སེམས་ཅན་རྣམས་སྙམ་པ་ཞེས་བཤད་དོ། །ཅིའི་ཕྱིར་ན་ཚད་མེད་པ་ཞེས་བྱ་ཞེ་ན། དམིགས་ཡུལ་སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་དང་། སྒོམ་ན་བསོད་ནམས་ཚད་མེད་པའི་ཕྱིར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་པོ་རྣམས་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །དེའང་ཆོས་ཐམས་ཅད་ནམ་མཁའ་ཙམ་དུ་ཡིད་ལ་བྱེད་ཅིང་སྙོམས་པར་འཇུག་པ་དང་། ཆོས་ཐམས་ཅད་རྣམ་པར་ཤེས་པ་ཙམ་དུ་ཡིད་ལ་བྱེད་པ་དང་། ཆོས་ཐམས་ཅད་ཅི་ཡང་མེད་དོ་སྙམ་དུ་ཡིད་ལ་བྱེད་པ་དང་། འདུ་ཤེས་རགས་པ་མེད་ཅིང་འདུ་ཤེས་ཕྲ་བ་མེད་པ་མ་ཡིན་པ་ཉིད་དུ་ཡིད་ལ་བྱེད་ཅིང་སྙོམས་པར་འཇུག་པ་སྟེ་གོ་རིམ་བཞིན་ནོ། །དགེ་སྦྱོང་གི་འབྲས་བུ་བཞི་པོ་རྣམས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པར་

༼༤༡༣༽

འབྲས་བུ་དང་བཞིའོ། །མངོན་པར་ཤེས་པ་དྲུག་པོ་རྣམས་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང་། ལྷའི་རྣ་བ་དང་གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པའོ། །སྔ་མ་ལྔ་ནི་ཕྱི་རོལ་པ་དང་ཐུན་མོང་ཡིན་ལ། དྲུག་པ་ནི་འཇིག་རྟེན་པ་ལས་འདས་པའི་ཡོན་ཏན་ཐུན་མོང་མ་ཡིན་པའོ། །མི་རྟག་པ་ལ་སོགས་པའི་འདུ་ཤེས་ལ་སོགས་པ་དེ་དག་ཐམས་ཅད་ཀྱང་མངོན་པར་རྟོགས་པ་ལས་འབྱུང་བར་བརྗོད་ན་ཕམ་པར་འགྱུར་གྱི། ཐོས་བསམ་གྱིས་ལུང་གི་དོན་ཤེས་སོ་ཞེས་བརྗོད་པས་ནི་མ་ཡིན་ནོ།་་་་་འོད་ལྡན་ལས་ཚིག་འདི་ནི་རྟོགས་པའི་རང་བཞིན་ཡིན་གྱི་ལུང་ནི་མ་ཡིན་ནོ་ཞེས་གསུངས། ལ་སོགས་པ་ཞེས་པས་ནི།་་་་་མདོ་སྡེ་དང་མངོན་པ་ནས་གསུངས་པའི། ཟད་པར་དང་ཟིལ་གནོན་ལ་སོགས་པ་ཡོན་ཏན་གཞན་རྣམས་བསྡུས་སོ། །ཊཱི་ཀ་ལས། ཞི་གནས་ནི་ཏིང་ངེ་འཛིན་ཏོ། །དེ་ཡང་གཉིས་ཏེ། ཀེང་རུས་སུ་སྒོམ་པ་ལྟ་བུ།་་་་་མོས་པ་ཡིད་ལ་བྱེད་པ་དང་། བདག་མེད་སྒོམ་པ་ལྟ་བུ།་་་་་དེ་ཁོ་ན་ཉིད་ཡིད་ལ་བྱེད་པའོ། །ཞེས་སོ། །ཞི་གནས་ཀྱི་རྒྱུ་མཚན་ནི་བསམ་གཏན་དང་པོའི་དངོས་གཞིའི་ཏིང་ངེ་འཛིན་མ་སྐྱེས་ཀྱང་དེ་སྐྱེ་བ་ལ་ཉེས་བར་ཕྱོགས་པ་སྟེ།་་་་་འདིར་སེམས་རྩེ་གཅིག་པ་ལ་ཕྱོགས་པ་ཙམ་ཡིན་གྱི་ཞེས་འོད་ལྡན་ལས་སོ། །ཡིད་ལ་བྱེད་པའི་ཁྱད་པར་རོ། །དེ་ནི་འདོད་ཁམས་ཀྱི་སེམས་རང་གི་མཚན་ཉིད་འཛིན་པ་སྟེ། ཊཱི་ཀ་ལས་རང་གི་མཚན་ཉིད་འཛིན་པ་འདོད་ཁམས་ཀྱི་ཐོས་བསམ་ལས་བྱུང་བའི་ཤེས་པ་མི་སྡུག་པ་ལ་སོགས་པ་ལ་དམིགས་པའོ་ཞེས་སོ། །དེའི་བྱེད་ལས་ཉོན་མོངས་པ་རྣམ་པར་གནོན་པ་དེ་ལྟ་བུ་བདག་ལ་ཡོད་དོ་ཞེས་རྫུན་དུ་སྨྲ་ན་སྦོམ་པོའོ། །ཞི་གནས་ཀྱི་རྒྱུ་མཚན་ཐོབ་བོ་ཞེས་རྫུན་དུ་སྨྲ་ན་ལྟུང་བ་ན་སྨད་པར་ངེས་སམ་ཞེ་ན། ཊཱི་ཀ་ལས་བསྒོམས་པ་ལས་བྱུང་བ་མི་ལྕོགས་པ་མེད་པས་བསྡུས་པ་ཡིན་པར་རིག་པར་བྱ་སྟེ། དེ་མ་ཐོབ་པར་འདུ་ཤེས་བསྒྱུར་ཏེ་སྨྲས་ན་ནི་ཕམ་པར་འགྱུར་ཞེས་སོ།་་་་་དཔེར་ན་ཟམ་པ་བཟང་པོ་མེད་ཀྱང་ཐག་པའི་ཟམ་པ་ཙམ་ལ་བརྟེན་ནས་ཀྱང་ཆུ་བོའི་ཕ་རོལ་ཏུ་འགྲོ་བ་མི་ལྕོགས་པ་མེད་དེ། དེར་གྲོ་བ་ལྕོགས་པ་ལྟར་བསམ་གཏན་

༼༤༡༤༽

གྱི་དངོས་གཞི་མ་ཐོབ་ཀྱང་བསམ་གཏན་གྱི་ཉེར་བསྡོགས་ཞི་གནས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཀྱང་འཕགས་པའི་ཆོས་ཐོབ་པ་མི་ལྕོགས་པ་མེད་དེ། ཐོབ་པར་ལྕོགས་པའོ། །མི་ལྕོགས་མེད་དེ་མ་ཐོབ་པར། དེ་ཐོབ་བོ་ཞེས་རྫུན་དུ་སྨྲས་ན་ནི་འཕགས་པའི་ཆོས་མ་ཐོབ་པ་ཐོབ་བོ་ཞེས་སྨྲས་པས་ན་ཕམ་པར་འགྱུར་རོ། །དེའི་ཆོས་ཀྱི་སྒོ་ནས་བརྗོད་པ་ནི། མིའི་ཆོས་བླ་མ་དེ་དང་ལྡན་པའི་ཆོས་ཅན་ཉིད་དུ་སྨྲ་བ་ཞེས་སོ། །དེ་ནི་ང་ཉིད་དོ་ཞེས་རང་ལ་ཉེ་བར་སྦྱོར་ན་ན་སྨད་པ་མ་ཡིན་ཏེ་ཕམ་པའོ། །བླ་མ་ཐོབ་པ་ཡོངས་སུ་ཉམས་པ་ཞེས་པ་འདི་ལ་མཛོད་ལས། ཐོབ་་་་་་པ་ལས་ཉམས་པ། དང་མ་ཐོབ་་་་་་པས་ཉམས་པ་དང་། ཉེར་སྤྱད་ལས། །ཡོངས་ཉམས་རྣམ་པ་གསུམ་ཞེས་བྱ། །ཞེས་བཤད་པ་ལྟར། ཐོབ་པ་ལས་ཉམས་པར་བརྗོད་པ་་་་་་རྒྱུན་ཞུགས་ཐོབ་པ་ལས་སོ་སྐྱེར་ལྡོག་པ་མི་སྲིད་པས། ནི་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་ལས་ཉམས་པའོ་ཞེས་བརྗོད་པ་ལྟ་བུ་བདག་ནི་མིའི་ཆོས་བླ་མ་སྔོན་ཐོབ་པ་ད་ལྟ་ཡོངས་སུ་ཉམས་པ་ཡིན་ནོ་ཞེས་གཞན་ལ་གོ་བར་བྱེད་ན་ཕམ་པར་འགྱུར་རོ། །འོན་ཀྱང་་་་་་བསམ་གཏན་ལས་ཉམས་པ་ནི་ཐོབ་པ་ལས་ཉམས་པ་ཡིན་ནོ་ཞེས་པ་ལྟ་བུ། ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་ཐོབ་པ་ལས་ཉམས་པ་ཡིན་ནོ་ཞེས་སྨྲས་ན་ནི་རྫུན་དུ་མི་འགྱུར་བར་བདེན་པར་སྨྲས་པ་ཡང་སྲིད་དེ། མཛོད་ལས།་་་་་དགྲ་བཅོམ་པ་ཐོབ་པ་ལས། ཉམས་འགྱུར་དང་པོ་་་་་་རྒྱུན་ཞུགས་ཐོབ་པ། ལས་་་་་་ཉམས་པར་འགྱུར་བ་ནི། མ་ཡིན་ཞེས་བཤད་དོ། །ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་ཐོབ་པ་ལས་ཉམས་པ་དེ་ལྟར་འདུ་ཤེས་ཏེ་དགྲ་བཅོམ་ཐོབ་པ་ལས་ཉམས་པ་ཡིན་ནོ་ཞེས་སྨྲས་པ་ཆོས་ཅན། རྫུན་དུ་སྨྲས་པ་མ་ཡིན་པར་ཐལ། བདེན་པར་སྨྲས་པ་དེ་ཉིད་ཡིན་པའི་ཕྱིར་ཞེས་བརྗོད་དོ། །ཞུ་འགྲེལ་ལས་དགྲ་བཅོམ་པ་དབང་པོ་རྟུལ་པོ་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པར་འགྱུར་རོ། །ཞེས་བཤད་དོ། །འདི་ནི་བྱེ་བྲག་སྨྲ་བའི་ལུགས་ཡིན་གྱི་མདོ་སྡེ་པ་རྣམས་ནི་དགྲ་བཅོམ་པ་འབྲས་བུ་ལས་ཉམས་པ་མི་སྲིད་པར་འདོད་དོ།་་་་་།མ་ཐོབ་པས་ཉམས་པར་བརྗོད་ན་ནི་དྲང་པོར་་་་་་བདག་ནི་དགྲ་བཅོམ་པ་མ་ཐོབ་པས་ཉམས་པའོ་བརྗོད་ན། གོ་བར་འདོད་ན་ནི་ཉེས་པ་མེད་ལ། དགྲ་བཅོམ་པ་མ་ཐོབ་བོ་ཞེས་བརྗོད་པ་ཉིད་ཀྱིས་ཐོབ་པར་གོ་བར་འདོད་ན་ནི་གཞོགས་སྨོས་ཀྱི་སྦོམ་པོར་འགྱུར་ཏེ་དེ་ལྟར་ཊཱི་ཀ་ལས་བཤད་དོ། །

༼༤༡༥༽

ཉེ་བར་སྤྱོད་པ་ལས་ཉམས་པར་བརྗོད་ན་ནི་བདག་ནི་མངོན་ཤེས་ཀྱི་རྫུ་འཕྲུལ་བྱེད་བཞིན་པ་མ་ཡིན་པས་རྫུ་འཕྲུལ་དེ་ཉེ་བར་སྤྱད་པ་ལས་ཉམས་པ་ཡིན་ནོ་ཞེས་སྨྲ་བ་ལྟ་བུ་ལ་ནི་ཕམ་པ་བསྐྱེད་པར་རིགས་སོ། །མི་ཆོས་བླ་མ་གོ་བར་འདོད་པ་མེད་ཀྱང་བརྗོད་པར་འདོད་པ་ཡོད་པ་ནི། བླ་མ་བརྗོད་པའི་འདུན་པས་ཞེས་སོ། །ཡང་དག་པ་ཕྱི་མ་ཞེས་པ་ནི་འོད་ལྡན་ལས་ཕྱི་མ་ཡང་དག་པ་ཞེས་སོ། །བྲམ་ཟེ་སྡིག་པའི་ཆོས་སྩལ་བ་ནི་་་་་་དགྲ་བཅོམ་པ་སྟེ་ཉན་ཐོས་ཀྱི་ས་ལས་མིང་བྲམ་ཟེ་རིགས་བྲམ་ཟེ་སྒྲུབ་པ་བྲམ་ཟེ་དང་གསུམ་གསུངས་པ་ལས།་་་་་གཞུང་འདིར་སྦོམ་པོར་གསུངས་པ། འདི་ནི་སྒྲུབ་པ་བྲམ་ཟེའི་དགེ་སློང་ངོ་། །སྡིག་པའི་ཆོས་སྩལ་བ་ནི།་་་་་ཕྲན་ཚེགས་འགྲེལ་ལས་སྡིག་པ་སྤངས་པས་ན་བྲམ་ཟེ་སྟེ་དགྲ་བཅོམ་པའོ་ཞེས་བཤད་དོ། །ལུས་ཀྱི་རྗེས་སུ་ཡི་རང་ཡི་་་་་་འདིར་རྗེས་སུ་ཡི་རང་བ་ལ་གསུང་སྟེ། ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་དང་། ཡིད་ཀྱི་སྒོ་ནས་དང་། ཚིག་གི་སྒོ་ནས་རྗེས་སུ་ཡི་རང་བའོ། །དེ་ལས་འདིར་སྦོམ་པོར་གསུངས་པ་ནི་དང་པོ་སྟེ། རང་བར་བྱོས་ཤིག་ཅེས་པ་ལ་དེ་བཞིན་དུ་སྒྲུབ་ནའོ་ཞེས་པ་ནི། ཊཱི་ཀ་ལས་སེམས་ཀྱིས་རྗེས་སུ་ཡི་རང་ན་ནི་སྦོམ་པོའོ་ཞེས་བཤད་དོ། །ལུས་ཀྱིས་རྗེས་སུ་ཡི་རང་བ་རྣམ་འགྱུར་སྟོན་ཅིང་སེམས་ཀྱིས་རྗེས་སུ་ཡི་རང་ནའོ།་་་་་འོད་ལྡན་ལས་ཅང་མི་སྨྲ་བས་དང་དུ་ལེན་པ་ནི་འདིར་རྣམ་པར་རིག་བྱེད་ཀྱི་རྣམ་པ་ཉིད་དུ་གྲུབ་པ་ཡིན་ཞེས་གསུངས་པ་དང་རྒྱུ་མཚན་མཚུངས་པས་འདིར་ཡང་ལུས་ཀྱི་རིག་བྱེད་དུ་གྲུབ་ན་སྦོམ་པོའོ། །གལ་ཏེ་སེམས་འབའ་ཞིག་གིས་རྗེས་སུ་ཡི་རང་ན་ནི། བསྡམ་བྱར་འགྱུར་ལ།་་་་་ཊཱི་ཀ་ལས་ཐམས་ཅད་དུ་ཡང་བསྡམ་པར་བྱ་བ་ཞེས་བྱ་བ་ནི་ཡིད་ཀྱི་ཉེས་བྱས་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །སྐབས་འདིར་ཊཱི་ཀ་ལས་ཚིག་གིས་རྗེས་སུ་ཡི་རང་ན་ནི་ཕམ་པར་འགྱུར་རོ། །ཞེས་སོ། །ཕམ་པ་བཞི་བའི་སྐབས་སོ། །རྣམ་བཤད་ཉི་མའི་འོད་ཟེར་ལས། ཕམ་པའི་སྐབས་ཀྱི་རྣམ་པར་བཤད་པ་རྫོགས་སོ།།    །།ད་ནི་དགེ་འདུན་ལྷག་མའི་སྡེ་འཆད་དེ། དང་པོ་འབྱིན་པའི་དགེ་འདུན་ལྷག་མའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་རང་གི་ས་བོན་ཕྱུང་བ་ལས་དགེ་འདུན་ལྷག་མར་བཅས་པའོ། །དགག་བྱ་ནི་ས་བོན་གྱིས་བསྐྱེད་པའི་འདོད་ཆགས་

༼༤༡༦༽

འཕེལ་བའོ། །ངོ་ཏི་རང་གི་ཡན་ལག་ལ་དབྱུང་སེམས་ཀྱིས་འབྱིན་བྱེད་མཚན་ཉིད་དང་ལྡན་པས་རེག་ཅིང་བརྩལ་བས་ཁུ་བ་དང་པོའི་གནས་ནས་འཕོས་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས་གཞིའི་ཡན་ལག་ལ་གསུམ་སྟེ། གང་དབྱུང་བའི་དངོས་པོ་དང་། གང་ལས་དབྱུང་བའི་གཞི་དང་། གང་གིས་འབྱིན་པའི་རྫས་སོ། །དང་པོ་ནི་རང་གི་ཁུ་བ་ཡིན་པ་དང་། དང་པོའི་གནས་ནས་མ་འཕོས་པ་སྟེ། རང་གི་ཁུ་བའོ། །དང་པོ་ལའོ།་་་་་སེལ་བ་དེ་དགེ་སློང་གིས་མི་གཞན་གྱི་ཁུ་བ་ཕྱུང་ན་སྦོམ་པོར་འགྱུར་ལ་རང་གི་ཁུ་བ་དེ་དང་པོའི་གནས་ནས་འཕོས་ཟིན་པ་དབང་པོའི་སྒོར་ཕྱུང་ནའང་སྦོམ་པོར་འགྱུར་ཏེ་བླུགས་སུ་འོང་བའོ་ཞེས་གསུངས་སོ། །ཞེས་པས་སོ། །གང་ལས་འབྱུང་བའི་གཞི་ནི་ཡན་ལག་གི་རྣམ་པ་ཡིན་པ་དང་། རང་གི་ཡིན་པ་སྟེ། ཡན་ལག་གི་རྣམ་པ་ལའོ། །སེལ་བ་ནི། ཕོའི་དབང་པོ་ལས་ཕྱོགས་གཞན་བརླའི་ཕྱོགས་དག་ཏུ་རེག་ཅིང་མཉེད་པས་ཕྱུང་ན་སྦོམ་པོ་སྟེ། ཕྱོགས་གཞན་དུ་རེག་པའོ།་་་་་།ཞེས་པ་དང་། གཞན་གྱི་ལས་ཀྱང་ངོ་ཞེས་པའི་ཤུགས་ཀྱིས་གྲུབ་བོ། །གང་གིས་འབྱིན་པའི་རྫས་ནི། སྔོན་རྣམ་ཤེས་ལེན་མྱོང་ཡན་ཆད་ཡིན་པ་དང་། བསྟེན་རུང་ལ་ལྟོས་པའི་ལུས་མ་ཉམས་པ་ཡན་ཆད་ཡིན་ལ། ཕམ་པ་བསྐྱེད་ནུས་ཀྱི་རྨའི་སྒོ་གསུམ་ལས་གཞན་ཡིན་པ་སྟེ། སེམས་ཅན་དུ་བགྲང་བས་སོ།་་་་་སེལ་བ་ནི་ལྭ་བ་དང་ཕྱིང་པ་ལ་སོགས་པས་འབྱིན་ན་སྦོམ་པོར་གསུངས། །དེའི་རྣམ་པར་གནས་པས་སོ།་་་་་སེལ་བ་ནི་ཤི་བའི་དུམ་བུས་འབྱིན་ན་སྦོམ་པོར་གསུངས་སོ། །ཕྱུང་བ་ཐམས་ཅད་་་་་་ལམ་གསུམ་དུ་ཕྱུང་ན། ལ་མཐའ་ཉིད་ཅེས་གསུངས་པ་དང་གོ་རིམ་བཞིན་ནོ། །བསམ་པའི་ཡན་ལག་ནི་་་་་་འདི་དངོས་པོ་གཙོ་བས་འདུ་ཤེས་ཀྱི་ཡན་ལག་བརྩི་མི་དགོས་ལ་ཀུན་སློང་ནི། འབྱིན་པར་འདོད་པ་རྒྱུན་མ་ཆད་པ་སྟེ། དེར་འདུན་པས་སོ་ཞེས་པ་དང་། བཏང་བ་ཡང་ངོ་ཞེས་པའི་ཤུགས་ཀྱིས་གྲུབ་བོ། །སྦྱོར་བའི་ཡན་ལག་ནི་རེག་ཅིང་རྩོལ་བར་བྱེད་པ་སྟེ་རེག་པས་སོ། །བརྩལ་བས་སོ་ཞེས་སོ། །མཐར་ཐུག་གི་ཡན་ལག་ནི། དང་པོའི་གནས་ནས་འཕོས་པ་སྟེ། ཕྱུང་ནའོ། །དང་པོ་ལའོ་ཞེས་བཤད་དོ། །ཡན་ལག་གི་དོན་ནི། རྨི་ལམ་ཞེས་པའི་ཊཱི་ཀ་ལས། པཎྜི་ཏ།་་་་་

༼༤༡༧༽

ཅིག་ནི་གཉིད་དང་མཚུངས་པར་ལྡན་པའི་སེམས་རྨི་ལམ་དུ་འདོད་དོ།་་་་་གཉིད་ནི་སེམས་བྱུང་ཡིན་ལ་དེ་དང་ལྷན་ཅིག་པའི་སེམས་ནི་ཡིད་ཀྱི་རྣམ་པར་ཤེས་པ་དེར་སེམས་སོ། །ཁ་ཅིག་ནི་སེམས་དེའི་ཡུལ་དུ་བུད་མེད་ལ་སོགས་པའི་རྣམ་པ་ཡིད་ལ་སྣང་བ་དེ་རྨི་ལམ་ཡིན་པར་འདོད་དེ་ཞེས་་་་་་ཊཱི་ཀ་ལས། བཤད་དོ། །གཉིས་ཀ་ཡིན་པར་གཟུང་ངོ་། །རྨི་ལམ་དུ་ཁུ་བ་འབྱིན་པ་ལ་སོགས་པ་རྨིས་ན། ཊཱི་ཀ་ལས་རྨི་ལམ་ནི་རྫས་སུ་ཡོད་མོད་ཀྱི་མེད་པ་དང་འདྲ་སྟེ་འཇིག་རྟེན་གྱི་ཐ་སྙད་ལས་འདས་པའི་ཕྱིར་རོ་ཞེས་སོ། །འདིར་རྨི་ལམ་ནི་གཉིད་ལོག་པ་ན་ལུས་ངག་ཏུ་མ་གྲུབ་པ་ནང་གི་བསམ་པའི་ཆོས་ཡིན་ནོ། །རྨི་ལམ་དེས་སྐྱོད་པའི་འབྲས་བུ་ནི། ལུས་ངག་གི་རྣམ་འགྱུར་བྱུང་བ་དག་སྟེ། དེ་ནི་ལྟུང་བ་བསྐྱེད་པའི་བདག་ཉིད་དུ་མ་བྱས་པ་ཉིད་དོ།་་་་་འོད་ལྡན་ལས་རྨི་ལམ་ཁ་ཅིག་ལ་ལུས་དང་ངག་གི་ལས་དག་ཀྱང་ཡོད་པ་དེ་ཞེས་གསུངས་ཏེ་རྨི་ལམ་དེས་སྐྱོད་པའི་འབྲས་བུ་ལུས་ངག་གི་རྣམ་འགྱུར་ཡོད་པའོ། །འགྲེལ་ཆུང་ལས་རྨི་ལམ་ན་ཁུ་བ་བྱུང་བའི་སྡིག་པའི་འབྲས་བུ་ཡང་མེད་དོ་ཞེས་སོ། །ལུང་རྣམ་འབྱེད་ལས། རྨི་ལམ་གྱི་མ་གཏོགས་སོ་ཞེས་འབྱིན་པའི་སྐབས་འདིར་གསུངས་ཀྱང་མཚོན་པ་སྟེ། འོད་ལྡན་རྩ་འགྲེལ་ལས། མི་ཤི་རྨི་ལམ་མ་གཏོགས་དེ་བརླག་འགྱུར། །ཞེས་པ་ལ་སོགས་པ་གསུངས་ལ། ཞུ་འགྲེལ་ལས་ཀྱང་ཁུ་བ་འབྱིན་པ་ལ་རྨི་ལམ་གྱི་མ་གཏོགས་ཏེ། ཞེས་སྨོས་པ་ནི་དཔེ་སྟེ། མི་ཚངས་པར་སྤྱོད་པ་ལ་སོགས་པ་ཁ་ན་མ་ཐོ་བ་གཞན་དག་ལའང་ཚུལ་འདི་རུང་བའི་ཕྱིར་རོ། །འོ་ན་ལུང་ལས་ལྷག་མ་དང་པོ་ཁོ་ནའི་སྐབས་འདིར་གསུངས་པ་རྒྱུ་མཚན་ཅི་ཞེ་ན།་་་་་འདིར་ནི་བྱུང་བའི་དབང་གིས་འདི་བྱུང་བར་ཐད་དོ་ཞེས་སོ། །ཊཱི་ཀ་ལས་འདི་ལྟར་བཤད་དེ་ཁུ་བ་ནི་མང་དུ་ཡོད་དེ། དང་པོའི་གནས་ནས་ཕྱུང་བ་དང་། རྩའི་སྦུབས་སུ་འོངས་པ་ལས་ཕྱིར་ཕྱུང་བ་དང་། དབང་པོའི་མཐའ་ནས་ཕྱིར་ཕྱུང་བའོ་ཞེས་སོ། །གསུམ་པོ་དེ་དག་གང་ལ་དགེ་འདུན་ལྷག་མར་འགྱུར་ཞེ་ན་དང་པོ་ལའོ་ཞེས་པའི་ཊཱི་ཀ་ལས་འདི་ལྟར་བཤད་དེ་དང་པོའི་གནས་ནི། ཁུ་བ་དེ་མཁྲིས་པ་བཞིན་དུ་ལུས་ཀྱི་ཕྱོགས་གཅིག་ན་ཚོགས་ནས་གནས་

༼༤༡༨༽

པ་མ་ཡིན་གྱི། ཤིང་མ་ཞོ་བཞིན་དུའམ་འབྲུ་ལས་འབྲུ་མར་བཞིན་དུ་ལུས་ལ་ཁྱབ་པར་གནས་སོ་ཞེས་སོ། །འོ་ན་དང་པོའི་གནས་ནས་ཕྱུང་བར་ཅིས་ཤེས་ཞེ་ན། ཊཱི་ཀ་ལས། དེ་མྱོང་བའི་གནས་སྐབས་དེ་ན་འདོད་ཆ་གས་ཤས་ཆེར་རབ་ཏུ་འགྱུར་བ་དང་། བདེ་བ་ཉམས་མྱོང་ཆེན་པོ་སྐྱེ་བ་དང་། སྙིང་འདར་བ་ལ་སོགས་པ་ལུས་འགྱུར་བ་འབྱུང་བ་ཡིན་ནོ་ཞེས་སོ། །ས་བོན་དང་ཞེས་པ་དྲང་སྲོང་གོའུ་ཏ་མའི་གཏམ་རྒྱུད་མཚོན་དཔེར་སྦྱར་རོ། །སྨན་དང་ཞེས་པ་ལུང་རྣམ་འབྱེད་འགྲེལ་ལས། ཁུ་བ་ཕྱུང་ན་ཕམ་པ་ཉིད་དུ་འདོད་པའོ་ཞེས་སོ། །བརྟག་པའི་ཕྱིར་ཞེས་པ་ལུང་རྣམ་འབྱེད་ལས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་དེའི་བུ་ཐུ་བོའི་ཁུ་བ་སྔོན་པོ་ཡིན་ནོ། །སེར་པོ་ནི་འཁོར་ལོ་བསྒྱུར་བའི་རྒྱལ་པོའི་བུ་གཞན་པ་དག་གིའོ། །དམར་པོ་ནི་སྣ་ཆེན་པོ་ལ་གཏོགས་པ་འཁོར་ལོའི་མཐའ་པའི་འོ། །བསྐ་བ་ནི་དབང་པོ་ཡོངས་སུ་སྨིན་པ་རྣམས་ཀྱིའོ། །སླ་བ་ནི་དབང་པོ་ཡོངས་སུ་མ་སྨིན་པ་རྣམས་ཀྱིའོ། །བུད་མེད་ཀྱིས་དུབ་པ་དང་ཁུར་གྱིས་དུབ་པ་ལ་སོགས་པའི་ཡང་སླ་བ་ཡིན་ནོ་ཞེས་གསུངས་སོ། །སེམས་ཅན་དུ་བགྲང་བ་དེའི་རྣམ་པར་གནས་པའི་ཚད་ནི་འགྲེལ་ཆུང་ལས་སེམས་ཅན་གྱི་གཟུགས་ཡིན་པར་ཤེས་པ་ལ་བྱ་སྟེ། ལུས་དང་ཡན་ལག་གང་གི་ཤ་དང་། རུས་པར་ཤེས་པའོ་ཞེས་བཤད་དོ། །འོན་ཀྱང་བྱི་བ་འམ་གྲོག་སྦུར་ལྟ་བུའི་ཤ་རུས་གང་ཡིན་ངོ་ཤེས་པས་ཕྱུང་ཡང་ལྷག་མར་མི་འགྱུར་བས། བསྟེན་རུང་གི་ཚད་དུ་ལོངས་པའི་ལུས་ལས་མ་ཉམས་པར་གནས་པས་ཕྱུང་ན་ལྷག་མའོ་ཞེས་པ་སྟེ། ཊཱི་ཀ་ལས་དེའི་རྣམ་པར་གནས་པས་སོ་ཞེས་བྱ་བ་སྨྲས་ཏེ་ཡན་ལག་གང་ཡང་རུང་བ་རང་གི་རྣམ་པ་ལས་མ་ཉམས་པར་རེག་པས་ཕྱུང་ན་དགེ་འདུན་ལྷག་མར་འགྱུར་གྱིས་ལུས་ཀྱི་རྣམ་པ་ལས་ཉམས་པས་ཕྱུང་ན་སྦོམ་པོ་སྟེ། ཤའི་དུམ་བུས་ནི་སྦོམ་པོའོ་ཞེས་གསུངས་པའི་ཕྱིར་ཞེས་བཤད་ཅིང་རང་འགྲེལ་ལས་ཀྱང་དོན་དེ་ལྟར་བཤད་དོ། །བྱེ་བྲག་ངེས་པར་མྱོང་བ་ལ་སོགས་པ་གསུམ་ནི་མི་ཚངས་པར་སྤྱོད་པའི་སྦྱོར་བ་དང་དངོས་གཞི་དང་མཇུག་གི་གནས་སྐབས་གསུམ་སྟེ། དེ་དག་ཡིད་ལ་བྱེད་པ་མེད་པར་ཡང་ངོ་ཞེས་སྔ་

༼༤༡༩༽

མར་སྦྱར་རོ། །དེ་རྣམས་གསུམ་ཀ་ཡོད་པའི་མུ་དང་། གསུམ་ཀ་མེད་པའི་མུ་དང་། གཉིས་ཡོད་གཅིག་མེད་པའི་མུ་དང་། གསུམ་པ་ཡོད་གཉིས་མེད་མུ་དང་བཞི་སྟེ། མུ་བརྒྱད་ཀ་ལ་ལྷག་མར་འགྱུར།་་་་་རྩའི་སྦུབས་སུ་མ་འོངས་པ་ནི་དང་པོའི་གནས་ནས་མ་འཕོས་པའོ། །རྒྱུན་ལས་བཟློག་པ་དང་། རྫི་ཕྱོགས་མ་ཡིན་པ་ལ་སྦོམ་པོ་བསྐྱེད་པ་ནི་མཐར་ཐུག་གྲུབ་པ་ལ་དགོངས་སོ། །ཆགས་པའི་སེམས་ནི་དབྱུང་བའི་སེམས་ཏེ་རྣམ་འབྱེད་འགྲེལ་ལས་ཁུ་བ་འབྱིན་པའི་འདོད་ཆགས་ཀྱིས་ཞེས་སོ།་་་་་འབྱིན་པའི་ལྷག་མ་ནི་མི་སྐྱེད་དེ་ཙོལ་བྱེད་སེམས་ཅན་དུ་བགྲང་བ་མ་ཚང་བའི་ཕྱིར་རོ། །རྒྱུན་དང་རྫི་ཕྱོགས་སུ་གཏོད་པ་ལ་ཉེས་བྱས་བསྐྱེད་པ་ནི་མཐར་ཐུག་མ་གྲུབ་པ་ལ་དགོངས་སོ།་་་་་འགྲེལ་ཆུང་ལས་ཆུ་འབབ་པའི་རྒྱུན་དང་རླུང་ལངས་པའི་ཕྱོགས་བཞིན་དུ་དབྱུང་བའི་ཕྱིར། ཕོ་མཚན་བསྟན་ན་ཁུ་བ་ཕྱུང་ཡང་ཉེས་བྱས་སུ་བཤད་པ་ནི་མི་འཐད་པར་སེམས། །ལྟུང་བ་མེད་པ་ནི་བརླ་དང་ཞེས་པ་སྟེ་ཀུན་སློང་མེད་པའི་ཕྱིར་རོ། །དེ་དག་ལ་རོ་མྱང་བར་བྱེད་ན་ནི། སྦྱོར་བ་མེད་པར་ཕྱུང་བ་ལ། །རོ་མྱོང་བ་ནི་དེ་དང་ལྡན། །ཞེས་འཆད་པར་འགྱུར་བ་བཞིན་ནོ། །བུད་མེད་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ཡུལ་ལྔ་ལས་རེག་བྱ་མ་ཡིན་པ་གཟུགས་སྒྲ་དྲི་རོ་ཉམས་སུ་མྱོང་བ་ལས་བབ་ཅོལ་དུ་ཁུ་བ་ཕྱུང་བ་ལ་ལྟུང་བ་མེད་དོ། །རེག་བྱ་ལོགས་སུ་དགར་བ་ནི་རེག་བྱ་དེ་ཆགས་པའི་ཡུལ་གྱི་གཙོ་བོ་ཡིན་པས་རེག་ན་བསླབ་བྱའི་ཉེས་བྱས་སུ་འགྱུར་བའོ། །ཆགས་སེམས་མེད་ཀྱང་བུད་མེད་ལ་རེག་པ་བཀག་ཅིང་ཆགས་སེམས་མེད་པར་ཅུང་ཟད་བལྟ་བ་ལ་ཉེས་པ་མེད་དོ།་་་་་མདོ་དྲན་པ་ཉེར་གཞག་ལས། རི་མོར་བྲིས་པའི་བུད་མེད་ལ་མིག་གིས་བལྟ་བར་མི་བྱེད་དེ། འཇིག་རྟེན་འདོད་པས་དབང་གཅེས་པ། དེ་ལྟ་བུ་ནི་གྲོལ་བར་བྱ། ཞེས་གསུངས་པས་ཆེད་དུ་བལྟ་བར་མི་བྱའོ། །ཆགས་སེམས་ཀྱིས་བུད་མེད་ཀྱི་གཟུགས་བལྟའོ་སྙམ་ཞིང་བབ་ཅོལ་དུ་ཁུ་བ་བྱུང་ན་ནི་ཉེས་བྱས་ཏེ། གཞི་ལས་ཆགས་པའི་སེམས་ཡིས་བུད་མེད་ལ་མིག་གཏད་དེ་མིག་གིས་བལྟ་བར་ཡང་མི་བྱ་ན་ཞེས་གསུངས་པས་སོ། །ཞུ་བས་བརྗོད་པའི་སྐབས་སུ། གཉིད་མ་ལོག་པའི་སྦྱོར་བ་མེད་པར་གཉིད་ལོག་དུས་སུ་ཕྱུང་བ་ལ་གཉིད་སད་པ་ན་རོ་མྱང་བ་དང་བབ་ཅོལ་དུ་ཁུ་བ་ཕྱུང་བ་ལ་རོ་མྱང་བ་ནི་སྦྱོར་བ་དེ་དང་ལྡན་པ་ཉིད་དེ་སྦོམ་པོའོ། །ཞུ་འགྲེལ་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号