ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་ཊཱིཀ་ཉི་མའི་འོད་ཟེར་ལེགས་བཤད་ལུང་རིགས་ཀྱི་རྒྱ་མཚོ་ལས་དགེ་སློང་མའི་རྣམ་འབྱེད་ཞུ་བ་སྤྱིར་བསྟ
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

 འདུལ་ཊཱིཀ་ཉི་མའི་འོད་ཟེར་ལེགས་བཤད་ལུང་རིགས་ཀྱི་རྒྱ་མཚོ་ལས་དགེ་སློང་མའི་རྣམ་འབྱེད་ཞུ་བ་སྤྱིར་བསྟན་གཞི་སྨད་དང་བཅས་པ་བཞུགས།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ད་ནི་དགེ་སློང་མའི་རྣམ་འབྱེད་འཆད་དེ། འདི་ལ་གཉིས་ཏེ། སྤྱིའི་དོན་དང་། སོ་སོའི་དོན་ཏོ། །དང་པོ་ལ་གསུམ་སྟེ། དགེ་སློང་མའི་རྣམ་འབྱེད་འདི་དགེ་སློང་ཕའི་རྣམ་འབྱེད་ལས་ལེའུ་ལོགས་སུ་བཤད་པའི་འཐད་པ་དང་། དགེ་སློང་ཕའི་རྣམ་འབྱེད་ཀྱི་ཕྱི་ནས་བཤད་པའི་འཐད་པ་དང་། ཕན་ཚུན་ཅིར་འགྱུར་གྱི་དོན་ཏོ། །དང་པོ་ནི། ཊཱི་ཀ་ལས་གང་གི་ཕྱིར་ལུས་ཀྱི་བྱེ་བྲག་གིས་བསམ་པའི་བྱེ་བྲག་ཏུ་འགྱུར་ལ། བསམ་པའི་བྱེ་བྲག་གིས་ལྟུང་བའི་བྱེ་བྲག་ཏུ་འགྱུར་ཞིང་། ལྟུང་བའི་བྱེ་བྲག་གིས་བཅས་པའི་བྱེ་བྲག་ཏུ་འགྱུར་བས། དགེ་སློང་མ་རྣམས་ཀྱི་འདུལ་བ་ལོགས་ཤིག་ཏུ་རྣམ་པར་བཞག་ཅེས་གསུངས་ཏེ། དེའི་དོན་ནི་དགེ་སློང་ཕ་མ་གཉིས་མཚན་གྱི་བྱེ་བྲག་གིས་ལུས་མི་འདྲ་ཞིང་། ལུས་མི་འདྲ་བས་དེ་ལ་བརྟེན་པའི་བསམ་པ་མི་འདྲ་ལ། བསམ་པའི་བྱེ་བྲག་ཉོན་མོངས་པ་རགས་མི་རགས་ལ་སོགས་པ་མི་འདྲ་བས། དེས་ཀུན་ནས་བསླང་བའི་ལུས་ངག་གི་ཉེས་པར་སྤྱོད་པ་མི་འདྲ་བ་ཡོད་ཅིང་། དེ་དག་དགག་པའི་བཅས་པ་མི་འདྲ་བ་ཡོད་པའི་ཕྱིར་ན། དགེ་སློང་མའི་རྣམ་འབྱེད་འདི་དགེ་སློང་ཕའི་རྣམ་འབྱེད་ལས་ལོགས་ཤིག་ཏུ་རྣམ་པར་བཞག་གོ །དེའང་དགེ་སློང་ཕ་མ་གཉིས་ཀྱི་ལྟུང་བ་རྣམ་པར་བཞག་པ་ལ་ཕན་ཚུན་མི་འདྲ་བའི་རྒྱུ་མཚན་ལྔ་ཡོད་དེ། ཡོད་མེད་མི་འདྲ་བའི་ཕྱིར་དང་། ཆེ་ཆུང་དང་། མང་ཉུང་དང་། སྡེ་ཚན་དང་། སྐྱེ་དུས་མི་འདྲ་བའི་ཕྱིར་རོ། །དེའང་ཡོད་མེད་མི་འདྲ་བ་ནི་དགོན་པ་པའི་འབྲལ་ལྟུང་དགེ་སློང་ཕ་ལ་ཡོད་ཀྱང་། དགེ་སློང་མ་ལ་མེད་པ་དང་། ཉིན་མོ་འབྲལ་བའི་ལྟུང་བ་དགེ་སློང་མ་ལ་ཡོད་ཀྱང་། དགེ་སློང་ཕ་ལ་མེད་པ་ལྟ་བུའོ། །ཆེ་ཆུང་མི་འདྲ་བ་ནི་དགེ་སློང་མ་ལ་ལྟུང་བ་ཆེ་ཞིང་དགེ་སློང་ལ་ལྟུང་བ་ཆུང་བ་ཡོད་དེ། མཚན་མི་མཐུན་པ་ལ་དགེ་སློང་མས་རེག་ན་ཕམ་པར་འགྱུར་ཞིང་། མཚན་མི་མཐུན་པ་ལ་དགེ་སློང་གིས་རེག་ན་ལྷག་མར་འགྱུར་བ་ལྟ་བུའོ། །དགེ་སློང་ལ་ལྟུང་བ་ཆེ་ཞིང་དགེ་སློང་མ་ལ་ལྟུང་བ་ཆུང་བ་ཡོད་དེ། དགེ་སློང་གིས་ཁུ་བ་འབྱིན་ན་ལྷག་པར་འགྱུར་ཞིང་། གཏམ་གྱི་གཞི་ལས་དགེ་སློང་མས་ཁུ་བ་ཕྱུང་ན་ལྟུང་བྱེད་དོ་ཞེས་གསུངས་པ་དང་། དགེ་སློང་གིས་ཡང་ཡང་ཟ་ན་ལྟུང་བྱེད་དུ་འགྱུར་ཞིང་། དགེ་སློང་མས་ཡང་ཡང་ཟ་ན་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །མང་ཉུང་མི་འདྲ་བ་ནི་དགེ་སློང་ལ་འགྲེང་བའི་ལྟུང་བྱེད་གཅིག་ཉིད་དུ་བཅས་ཀྱང་། དགེ་སློང་མ་ལ་ནི་འགྲེང་བའི་ལྟུང་བྱེད་བཞི་ཡོད་པ་དང་། དགེ་སློང་ལ་སྐྲོད་པའི་ལྟུང་བྱེད་གཅིག་ཉིད་དུ་བཅས་ཀྱང་དགེ་སློང་མ་ལ་སྐྲོད་པའི་ལྟུང་བྱེད་གཉིས་ཡོད་པ་ལྟ་བུའོ། །སྡེ་ཚན་མི་འདྲ་བ་ནི་དགེ་སློང་གིས་ཟས་བསོད་པ་བླངས་ཏེ་ཟ་བ་ལ་ལྟུང་བྱེད་དུ་འགྱུར་ཞིང་དགེ་སློང་མས་ཟས་བསོད་པ་བླངས་ཏེ་ཟ་བ་ལ་སོ་སོར་བཤགས་པར་བྱ་བའི་ལྟུང་བར་འགྱུར་ཏེ་ལྟུང་བྱེད་ཀྱི་སྡེ་ཚན་དང་སོ་སོར་བཤགས་པར་བྱ་བའི་སྡེ་ཚན་མི་འདྲ་བ་ཉིད་དོ།་་་་་འདི་ནི་མང་ཉུང་མི་འདྲ་བ་ཉིད་ཀྱང་ཡིན་ཏེ། དགེ་སློང་མས་འོ་མ་ལ་སོགས་པ་སློང་བའི་སོ་སོར་བཤགས་བྱའི་ལྟུང་བ་བཅུ་དང་། དགེ་སློང་གིས་ཟས་བསོད་པ་སློང་བའི་ལྟུང་བྱེད་གཅིག་ཏུ་བཅས་སོ། །སྐྱེ་དུས་མི་འདྲ་བ་ནི། དགེ་སློང་གི་ལྷུང་བཟེད་འཆང་བའི་སྤང་ལྟུང་ཞག་བཅུའི་མཐའ་ལ་སྐྱེ་ཞིང་། དགེ་སློང་མའི་ལྷུང་བཟེད་འཆང་བའི་སྤང་ལྟུང་ནི་ཞག་གཅིག་གི་མཐའ་ལ་སྐྱེ་བའོ། །གཉིས་པ་དགེ་སློང་ཕའི་རྣམ་འབྱེད་ཀྱི་ཕྱི་ནས་བཤད་པའི་འཐད་པ་ནི་འགའ་ཞིག་འདི་སྐད་དུ། དགེ་སློང་མའི་རྣམ་འབྱེད་འདི་ཆོས་ཅན། དགེ་སློང་ཕའི་རྣམ་འབྱེད་ཀྱི་ཕྱི་ནས་བཤད་པ་མི་འཐད་པར་ཐལ། དགེ་སློང་ཕའི་རྣམ་འབྱེད་ལས་ཡི་གེ་ཉུང་བའི་ཕྱིར་ཏེ། རྟགས་གཞུང་གིས་གྲུབ་ཅིང་། ཁྱབ་པ་ནི་སྒྲའི་བསྟན་བཅོས་ལས། གཉིས་ལས་ཡི་གེ་རབ་ཉུང་ངམ། །ཡང་ན་མཆོད་འོས་སྔོན་དུ་སྦྱར། །ཞེས་བཤད་པས་གྲུབ་བོ་ཞེ་ན། མི་རིགས་ཏེ་སྒྲའི་བསྟན་བཅོས་ལས་བཤད་པ་དེ་ནི་རྒྱུ་མཚན་གཞན་མེད་ན་ཡི་གེ་ཉུང་ཤོས་སྔོན་དུ་སྦྱོར་བ་དེ་ལྟར་ཡིན་གྱི། འདིར་རྣམ་འབྱེད་གཉིས་ཀྱི་གོ་རིམ་སྔ་ཕྱི་བཟློག་ན་ཤིན་ཏུ་མི་འཐད་དེ། གཙོ་འཁོར་གྱི་གོ་རིམ་དང་འགལ་བའི་ཕྱིར་དང་། རྒྱུ་འབྲས་ཀྱི་གོ་རིམ་དང་འགལ་བའི་ཕྱིར་རོ། །དེའང་གཙོ་འཁོར་གྱི་ཆ་ནས་ལུང་དགེ་སློང་མའི་རྣམ་འབྱེད་ལས་འཁོར་གཙོ་བོ་ལ་ཆུ་འཐོར་ན་ལྟུང་བྱེད་དོ་ཞེས་པའི་སྐབས་སུ་དགེ་སློང་འཁོར་གཙོ་བོ་ཡིན་པར་གསུངས་པས། དགེ་སློང་མ་རྣམས་གཙོ་བོ་མ་ཡིན་པར་བསྟན་པས་ན། འཁོར་གཙོ་བོ་དགེ་སློང་གི་འདུལ་བ་ཕྱི་ནས་བཤད་ཅིང་། གཙོ་བོ་མ་ཡིན་པ་དགེ་སློང་མའི་འདུལ་བ་སྔོན་ལ་བཤད་ན། གཙོ་འཁོར་གྱི་གོ་རིམ་སྔ་ཕྱི་བཟློག་པར་འགྱུར་རོ། །གཞན་ཡང་རྒྱུ་འབྲས་ཀྱི་ཆ་ནས་ལུང་ཕྲན་ཚེགས་ལས་དགེ་སློང་རྣམས་ལས་དགེ་སློང་མས་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་སྩལ་བར་བྱའོ་ཞེས་དགེ་སློང་རྒྱུ་དང་དགེ་སློང་མ་འབྲས་བུ་ཡིན་པར་བསྟན་པས་ན། རྒྱུ་དགེ་སློང་གི་འདུལ་བ་ཕྱི་ནས་བཤད་ཅིང་། འབྲས་བུ་དགེ་སློང་མའི་འདུལ་བ་སྔོན་ལ་བཤད་ན། འབྲས་བུ་སྔོན་ལ་བསྟན་ནས། རྒྱུ་ཕྱི་ནས་བསྟན་པས། རྒྱུ་འབྲས་ཀྱི་གོ་རིམ་སྔ་ཕྱི་བཟློག་པར་འགྱུར་རོ། །དེས་ན་དགེ་སློང་ཕ་མའི་རྣམ་འབྱེད་འདི་གཉིས་ཀྱི་གོ་རིམ་ཇི་ལྟར་བཤད་པ་འདི་རིགས་པས་ཀྱང་འཐད་དེ། གཙོ་འཁོར་གྱི་གོ་རིམ་དང་མཐུན་པའི་ཕྱིར་དང་། རྒྱུ་འབྲས་ཀྱི་གོ་རིམ་དང་མཐུན་པའི་ཕྱིར་རོ། །གསུམ་པ་ཕན་ཚུན་ཅིར་འགྱུར་གྱི་དོན་ནི་ལྟུང་བ་སྡེ་ལྔ་པོ་རང་རང་གི་སྐབས་སུ་སྟོན་པར་འགྱུར་རོ། །གཉིས་པ་སོ་སོའི་དོན་ལ་གཉིས་ཏེ། ཐུན་མོང་བ་དབང་དུ་བྱེད་པའི་མདོ་དང་། ལྟུང་བ་སྡེ་ལྔ་སོ་སོར་བསྟན་པའོ། །དང་པོ་ནི་ལྟུང་བ་ལ་སྦྱོར་བའི་ཚིགས་ཡན་ཆད་དགེ་སློང་མ་རྣམས་ཀྱིའོ་ཞེས་སོ། །འདི་ནི་ལུང་དགེ་སློང་མའི་སོ་སོ་ཐར་པ་དང་། ལུང་དགེ་སློང་མའི་རྣམ་འབྱེད་ལས་ཡང་དགེ་སློང་མ་གང་ཞེས་ལན་ཉིས་བརྒྱ་ལྷག་ཙམ་གསུངས་པ་རྣམས་ཚིག་གཅིག་ཏུ་བསྡུས་པའོ། །གཉིས་པ་ལ་ལྟུང་བ་སྡེ་ལྔ་ལས། དང་པོ་ཕམ་པའི་སྡེ་འཆད་དོ། །དེ་ཡང་དགེ་སློང་མའི་ཕམ་པ་བརྒྱད་ལ་ཚན་པ་གཉིས་སུ་དབྱེ་སྟེ། ཕམ་པ་ཐུན་མོང་བ་གྲངས་ཙམ་དུ་ཕྱེ་སྟེ་བསྟན་པ་དང་། ཕམ་པ་ཐུན་མོང་མ་ཡིན་པ་བྱེ་བྲག་ཏུ་ཕྱེ་སྟེ་བསྟན་པའོ། །དང་པོ་་་་་་སྔར་དགེ་སློང་ཕའི་རྣམ་འབྱེད་དུ་གསུངས་པ་མི་ཚངས་སྤྱོད་ལ་སོགས་པའི་ཕམ་པ་བཞི་པོ་དག་ནི་དགེ་སློང་མ་རྣམས་ཀྱིའང་ཕམ་པ་སྟེ་ཕམ་པ་ཐུན་མོང་བ་ནི་བཞི་པོ་དག་གོ་ཞེས་སོ། །དེའང་ཕམ་པ་ཕྱི་མ་གསུམ་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་སྟེ། རྟེན་དགེ་སློང་ཕ་མ་ལ་ལྟུང་བ་མཉམ་པོར་བཅས་ལ་ཡུལ་ཐུན་མོང་བ་ཡིན་པའི་ཕྱིར་རོ། །ཕམ་པ་དང་པོ་ལ་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་ཡིན་པ་དང་མ་ཡིན་པ་གཉིས་སུ་དབྱེ་སྟེ། དེའང་རང་གི་ཁའམ་བཤང་ལམ་དུ་གཞན་གྱི་རྟེན་བྱེད་དང་དུ་བླངས་པའི་ཕམ་པ་དང་པོ་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་ཡིན་གྱི། དེ་ལས་གཞན་པའི་ཕམ་པ་དང་པོ་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་མ་ཡིན་པ་སྟེ། དགེ་སློང་གི་ཕམ་པ་དང་པོ་ནི་སེམས་ཅན་སྤྱིས་བསྐྱེད་ཡིན་ལ། དགེ་སློང་མའི་ཕམ་པ་དང་པོ་ནི་སེམས་ཅན་སྤྱིས་བསྐྱེད་མ་ཡིན་པའི་ཕྱིར་ཏེ། དགེ་སློང་མས་ཕ་རོལ་པོ་རྟེན་བྱེད་དང་ལྡན་པ་སྐྱེས་པའམ་མཚན་གཉིས་པ། ཡུལ་དུ་བྱས་པ་ལས་དགེ་སློང་མའི་ཕམ་པ་དང་པོ་འབྱུང་གི དགེ་སློང་མས་ཕ་རོལ་པོ་བུད་མེད་ཡུལ་དུ་བྱས་པ་ལ་དགེ་སློང་མའི་ཕམ་པ་དང་པོ་འབྱུང་མི་སྲིད་པའི་ཕྱིར་རོ། །རང་གི་བརྟེན་པར་བྱ་བར་རོ་ཞེས་རང་གིས་རང་ལ་མི་ཚངས་པར་སྤྱོད་ན་ཕམ་པར་གསུངས་པ་དེའང་དགེ་སློང་ཕ་ཁོ་ན་ལ་འབྱུང་གི དགེ་སློང་མ་ནི་རང་གིས་རང་ལ་མི་ཚངས་པར་སྤྱོད་པ་ནི་མི་སྲིད་དོ། །གཉིས་པ་ཕམ་པ་ཐུན་མོང་མ་ཡིན་པ་བྱེ་བྲག་ཏུ་ཕྱེ་སྟེ་བསྟན་པ་ནི་བདག་གིར་བྱེད་པ་ལའོ་ཞེས་པ་ལ་སོགས་པའོ། །འདི་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་སོ་སོའི་དོན་ཏོ། །དང་པོ་སྤྱིའི་དོན་ནི་དགེ་སློང་མའི་ཕམ་པ་འདི་རྣམས་དགེ་སློང་ཕ་ལ་ཅིར་འགྱུར་ནི། རེག་པའི་ཕམ་པའི་དོད་པོ་རེག་པའི་ལྷག་མ་ཡིན་ལ། དགེ་སློང་མ་ལ་ཕམ་པར་འགྱུར་ཚོད་ཀྱི་ཡུལ་སྐྱེས་པ་ལ་དགེ་སློང་གིས་རེག་ན་སྦོམ་པོར་འགྱུར་རོ། །མཚན་མི་མཐུན་པ་དང་ལུས་བཀན་པ་ནི་དགེ་སློང་ལ་སྦོམ་པོར་འགྱུར་ལ། འཆབ་པ་ནི་དགེ་སློང་གིས་དགེ་སློང་གི་ཕམ་པ་འཆབ་ན་ལྟུང་བྱེད་དུ་འགྱུར་ལ། དགེ་སློང་གིས་དགེ་སློང་མའི་ཕམ་པ་འཆབ་ན་ཉེས་བྱས་སོ། །བཟློག་པའི་ཕམ་པར་འགྱུར་ཚོད་དེ་དགེ་སློང་གིས་བྱས་ན། སྤངས་པ་རྗེས་སུ་ཕྱོགས་པའི་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་སོ་སོའི་དོན་ལ་བཞི་ལས། དང་པོ་རེག་པའི་ཕམ་པ་ནི། བདག་གིར་བྱེད་པ་ལའོ། །ཞེས་སོ། །འདིའི་སྤྱི་དོན་ལ་གསུམ་ལས། གླེང་གཞི་ནི་མཉན་ཡོད་ན་རི་དྭགས་འཛིན་གྱི་བུ་དགེ་བསྙེན་ས་ག་ཞེས་བྱ་བས་དགེ་སློང་མ་རྣམས་ལ་གནས་་་་་་དབྱར་ཁང་བྱིན་ནས་དགེ་སློང་མ་རྣམས་དབྱར་ཁང་ན་གནས་པ་ན། དགེ་སློང་མ་གཞན་རྣམས་བསོད་སྙོམས་ལ་སོང་བའི་ཚེ། དགེ་སློང་མ་སྦོམ་དགའ་མོ་རི་དྭགས་འཛིན་གྱི་བུ་ལ་ཆགས་པར་འགྱུར་་་་་་དགེ་སློང་ནས་མའི་་་་་་པུས་མོ་ཡན་ཆད་མིག་མན་ཆད་སྤྲད་ཅིང་རེག་པར་བྱས་པ་ལས་རེག་པའི་ཕམ་པར་བཅས་སོ། །དགག་བྱ་ནི་རེག་པའི་བྱ་བ་དེ་དང་འབྲེལ་ནས་འཁྲིག་པའི་འདོད་ཆགས་འཕེལ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་མས་རང་གི་མིག་ནས་པུས་མོའི་བར་གྱིས་སྐྱེས་པ་མཚན་ཉིད་དང་ལྡན་པའི་ལུས་དངོས་མ་ཉམས་པ་ལ་བསམ་པ་འཁྲིག་པའི་འདོད་ཆགས་ཀྱིས་རེག་པ་བདག་གིར་བྱེད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་གི་དོན་ནི་བདག་གིར་བྱེད་པ་ལ་འོ་ཞེས་སོ། །དགེ་སློང་མ་རང་གི་མིག་ནས་པུས་མོའི་བར་གྱིས་སོ་ཞེས་ཏེ། བར་དེ་ན་ལུས་ཀྱི་རྣམ་པར་ཤེས་པ་རགས་པས་ཆགས་པ་ལྷག་པར་རྫོགས་པའི་ཕྱིར་རོ། །སྐྱེས་པའི་མིག་ནས་པུས་མོའི་བར་ལ་རེག་པ་ནི་ངེས་གཟུང་གི་ཡན་ལག་མིན་ཏེ་སྐྱེས་པའི་རྐང་མཐིལ་ལ་རེག་གམ་སྤྱི་བོ་ལ་རེག་ནའང་ཕམ་པར་འགྱུར་རོ། །ཊཱི་ཀ་ལས་སྐྱེས་པའི་སྐྲའི་་་་་་ལན་བུ་དང་དེ་དང་འབྲེལ་བའི་གོས་ནི་ལུས་དང་འདྲ་བ་ཉིད་ཡིན་པས་དེ་དག་ལ་རེག་ན་ཡང་ཕམ་པར་འགྱུར་རོ། །ཞེས་བཤད་པ་ནི་སྐྱེས་པའི་སྐྲའི་་་་་་ལན་བུ་དང་ལུས་དངོས་ཚོགས་དོན་ལ་རེག་པར་དགོངས་སོ། །ཞེས་རིགས་སོ། །རེག་པའི་ཕམ་པ་བསྐྱེད་པ་ལ་སྐྱེས་པའི་ཆགས་སེམས་ཡན་ལག་ཏུ་མི་དགོས་ཀྱང་རེག་པའི་ན་སྨད་བསྐྱེད་པ་ལ་སྐྱེས་པའི་ཆགས་སེམས་ཡན་ལག་ཏུ་དགོས་པ་དེ་བསྟན་པའི་ཕྱིར་སེམས་གཞན་གྱིས་ནི་ན་སྨད་དོ། །དེའང་གལ་ཏེ་དགེ་སློང་མས་་་་་་ཆགས་སེམས་ལས་སེམས་གཞན་གྱིས་་་་་་ཏེ་ཆགས་སེམས་མེད་པར་སྐྱེས་པ་ལ་རེག་པ་དེའི་ཚེ་དགེ་སློང་མ་དེ་ལ་བརྟེན་ནས་སྐྱེས་པ་ཕོའི་ཆགས་སེམས་ཡོད་པ་དེ་སྐྱེས་པ་འདི་བདག་ལ་ཆགས་སོ་སྙམ་དུ་དགེ་སློང་མ་དེས་ཤེས་པ་ན་ལྟུང་བ་ན་སྨད་པའོ། །ཊཱི་ཀ་ལས་འདིར་སྐྱེས་པའི་འདོད་ཆགས་ཡན་ལག་ཉིད་ཡིན་ནོ་ཞེས་སོ། །ཆེས་ན་སྨད་པ་ནི་གལ་ཏེ་མེད་ན་ནི་ཞེས་སོ། །བདག་གིར་མི་བྱེད་པ་ལ་ནི་ལྟུང་བ་རྣམ་གཞག་འདིར་གཏོགས་པའི་ལྟུང་བ་མེད་པ་ཡིན་གྱི། བདག་གིར་མི་བྱེད་ཀྱང་བསླབ་བྱའི་ཉེས་བྱས་ནི་ཡོད་དེ། ཊཱི་ཀ་ལས་གཞན་ཡིན་ན་བྱིས་པ་ལ་ཡང་རེག་པར་མི་བྱའོ་ཞེས་འོག་ནས་འབྱུང་བ་དེའི་ཉེས་བྱས་ནི་ཡོད་དོ། །ཞེས་སོ། །བུ་ལ་རེག་པ་ལ་ནི་ཞེས་པ་དང་གཞན་ཡིན་ན་བྱིས་པ་ལ་ཡང་ཞེས་པའི་མདོ་འདི་གཉིས་ནི་ལུང་ཕྲན་ཚེགས་ལས་སྦེད་མ་ལ་གཞོན་ནུ་འོད་སྲུང་བཙས་པའི་བྱུང་བ་ལས་སོ། །སྐྱེས་པ་བྱེད་པ་པོ་རྣམས་ཀྱི་ཐུན་མོང་ནི། འདོད་པ་དང་ལྡན་པ་་་་་དགེ་སློང་མས་སྐྱེས་པ་ལ་རེག་པ་དང་མི་ཚངས་པར་སྤྱོད་པ་ལ་སོགས་པ་ལུས་ལས་གྱུར་པ་རྣམས་་་་་་ཕ་རོལ་པོ་དེ་ལ་འཁྲིག་པ་བསྟེན་པར་བྱ་བའི་མཐུ་ཡོད་པ་ཉིད་ཀྱི་ཕོ་ནི་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཡིན་ནོ། །འདོད་པ་དང་ལྡན་པ་ཚིག་ལས་གྱུར་པ་་་་་་དགེ་སློང་མས་ཁྱིམ་པ་ལ་ཆོས་སྟོན་པ་དང་ཁྱིམ་པའི་རྣ་བར་གཤུབ་ཅིང་སྨྲ་བ་ལ་སོགས་པ་རྣམས་ལ་ཕ་རོལ་པོ་དེ་་་་་་ཚིག་དེ་དང་ལྡན་པའི་་་་་་དོན་གོ་བར་ནུས་པ་སྟེ། དོན་ཡོངས་སུ་ཤེས་པར་བྱ་བའི་མཐུ་ཡོད་པ་ཉིད་ཀྱི་ཕོ་ནི་་་་་་ལྟུང་བ་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཡིན་ནོ།་་་་་གཞན་དུ་ན་འོག་མའི་འོ་ཞེས་པ་འདིར་ཡང་སྦྱར་རོ། །ཊཱི་ཀ་ལས་མཐུ་མེད་པ་ཉིད་ཀྱི་ཕོ་ནི་་་་་་ལྟུང་བ་ན་སྨད་པ་བྱེད་པ་ཉིད་ཡིན་ནོ་ཞེས་སོ། །གཉིས་པ་ལུས་བཀན་པའི་སྤྱི་དོན་ལ་གསུམ་ལས། གླེང་གཞི་ནི་སྦོམ་དགའ་མོས་སྤོས་འཚོང་གི་ཁྱེའུ་ལ་ཆགས་པར་གྱུར་ཏེ་དུས་བཏབ་བྱས་ནས་འཁྲིག་ཐབས་སུ་ཉེ་བས་ལུས་བཀན་པ་ན་ཚུལ་ཁྲིམས་ཀྱི་ཕན་ཡོན་དྲན་ཏེ་སྤོས་འཚོང་གི་ཁྱེའུ་དེ་ལ་རྡོག་པ་རྒྱབ་ནས། བདུད་བཅོམ་མོ། །བདུད་བཅོམ་ཞེས་ཟེར་བ་ལས་ལུས་བཀན་པའི་ཕམ་པར་བཅས་སོ། །དགག་བྱ་ནི་འཁྲིག་པའི་འདོད་ཆགས་འཕེལ་བར་འགྱུར་བའོ། །ངོ་ཏི་ནི་དགེ་སློང་མ་ཆགས་པར་གྱུར་པས་སྐྱེས་པ་མཚན་ཉིད་དང་ལྡན་པར་འཁྲིག་པ་བསྟེན་པའི་ཆེད་དུ་ཉེ་བར་གནས་པ་དང་ལྷན་ཅིག་ཏུ་ལུས་བཀན་པ་རྫོགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་གི་དོན་ནི་ལུས་བཀན་པ་ལའོ་ཞེས་སོ། །ཊཱི་ཀ་ལས་ལུས་བཀན་པ་ཞེས་བྱ་བ་ནི་ཉལ་བའོ་ཞེས་སོ། །བསམ་པ་ཇི་ལྟ་བུས་ཞེ་ན་དགེ་སློང་མ་ཆགས་པར་གྱུར་པས་་་་་་ཏེ་སྤྲོད་པ་ལ་འབྱུང་བའི་འདོད་ཆགས་ཀྱི་སེམས་ཀྱིས་ཞེས་ཊཱི་ཀ་ལས་སོ། །ལུས་བཀན་ནའོ། །འོ་ན་དགེ་སློང་མས་སྐྱེས་པ་དང་ལུས་བཀན་པ་ཉིད་ཀྱིས་ཆགས་སེམས་དང་ལྡན་པར་གྲུབ་པ་མ་ཡིན་ནམ། ཆགས་པར་གྱུར་པས་ཞེས་སྨོས་མི་དགོས་ཞེ་ན་ཊཱི་ཀ་ལས་འཇིགས་པའི་དབང་གིས་ལུས་བཀན་པ་ཡང་སྲིད་ལ། ལན་འགའ་བསྲན་པའི་ཕྱིར་ལུས་བཀན་པ་ཡང་སྲིད་པས། དེའི་ཕྱིར་ཆགས་པར་གྱུར་པས་ཞེས་སྨོས་ཏེ། སྤྲོད་པ་ལས་བྱུང་བ་འདོད་ཆགས་ཀྱི་སེམས་ཀྱིས་སོ་ཞེས་སོ། །འོ་ན་འཇིགས་པ་དང་བསྲན་པའི་ཕྱིར་ལུས་བཀན་ན་ཅིར་འགྱུར་ཞེ་ན་ཊཱི་ཀ་ལས་འཇིགས་པའི་དབང་གིས་་་་་་ཆོམ་རྐུན་པ་ལ་སོགས་པས་མི་མཐོང་བར་བྱ་བའི་ཕྱིར་ལུས་ཉལ་བ་སྟེ་ལུས་བཀན་པ་ལ་ནི་ལྟུང་བ་མེད་དོ། །བསྲན་པའི་ཕྱིར་ལུས་བཀན་པ་ལ་ནི་ཉེས་བྱས་སོ་ཞེས་བཤད་དོ།་་་་་།འདི་ནི་ཊཱི་ཀ་ལས་ཁྱོད་ཁོ་མོ་ལ་ཞོན་ཕོད་ན་ཁོ་མོ་ཉལ་ལོ་ཞེས་ལུས་བཀན་པ་སྲིད་ཅེས་སོ། །སྟེང་ན་ཞོན་པའི་ལྗིད་ཀྱིས་གནོན་པའི་སྡུག་བསྔལ་བསྲན་པའི་ཕྱིར་ཡིན་ནམ་ཅི། འོ་ན་ཟླ་སྐྱེས་པ་དེ་ཇི་ལྟ་བུའི་ཕྱིར་ལུས་བཀན་ཞེ་ན། དགེ་སློང་མ་དེ་ལ་འཁྲིག་པ་བསྟེན་པའི་ཕྱིར་ཉེ་བར་གནས་པའི་སྐྱེས་པ་ཆགས་པའི་ཕྱིར་རོ་ཞེས་གསུངས་སོ། །འོ་ན་ཡང་སྐྱེས་པ་ཆགས་པའི་ཕྱིར་རོ་ཞེས་པའི་ཚིག་འདི་ལྷག་སྟེ། བསྟེན་པའི་ཕྱིར་ཉེ་བར་གནས་པའི་སྐྱེས་པ་ཞེས་སྨོས་པས། སྐྱེས་པ་དེ་དགེ་སློང་མ་ལ་ཆགས་པར་གྱུར་པ་དེ་མ་སྨོས་ཀྱང་གྲུབ་པའི་ཕྱིར་རོ་ཞེ་ན། ཊཱི་ཀ་ལས་འདི་ལྟར་བཤད་དེ། དགེ་སློང་མ་དེ་ཡུན་རིང་དུ་ཐོགས་ཏེ་འོང་ལ། སྐྱེས་པ་དེ་ཡུན་རིང་དུ་སྡོད་སྡོད་པས་ཆགས་སེམས་ལོག་སྟེ་སེམས་ཁྲོས་པར་གྱུར་པ་ཡང་སྲིད་ཅིང་། ཁྲོས་པ་དེ་དང་དགེ་སློང་མས་ལུས་བཀན་ཡང་ཕམ་པར་མི་འགྱུར་བས་སོ། །དེས་ན་སྐྱེས་པ་ཆགས་པའི་ཕྱིར་ཞེས་སྨོས་སོ། །དེས་སྤྲད་དུ་རུང་བ་ཉིད་ལའོ་ཞེས་པ་ནི། སྐྱེས་པས་བུད་མེད་བགྲོད་དུ་རུང་བ་དེ་ལྟ་བུའི་ཕྱོགས་སུ་ལུས་བཀན་ན་སྟེ། ལུང་རྣམ་འབྱེད་ལས་ཕྱིར་བཟློག་ཏུ་མེད་པའི་གནས་སུའོ་ཞེས་གསུངས་་་་་་དེའང་ཕྱིར་བཟློག་ཏུ་དཀའ་བ་ལ་དགོངས་པ་ཡིན་ཏེ། ཕྱིར་བཟློག་ཏུ་གཏན་ནས་མེད་ན་ནི། གླེང་གཞི་ལས་རྡོག་པས་བསྣུན་ཏེ་ཕྱིར་བཟློག་པར་གསུངས་པས་གནོད་དོ། །སོ།་་་་་གཞོག་སྟེགས། འཕྱར་གཡེང་ཙབ་ཧྲལ་དང་གསུམ་གྱི་འབྲུ་སྣོན་ནི་གཞུང་གི་མཆན་ཡིག་ཏུ་གསལ་པོ་བཀོད་པས་དེར་བལྟའོ། །གསུམ་པ་འཆབ་པའི་ཕམ་པའི་སྤྱི་དོན་ལ་གསུམ་ལས། གླེང་གཞི་ནི་དགེ་སློང་མ་མཛའ་མོ་རང་གིས་དམ་བཅས་པ་ལས་ཉམས་ཏེ་བབས་ནས་ཚོའི་དུས་བྱས་པ་ན། དེའི་ཕུ་ནུ་མོ་མཛའ་ཅན་མས་སྔོན་མཛའ་མོ་ལ་ཕམ་པ་བྱུང་བ་དེ་དྲན་ནས་ངུ་བར་བྱེད་དེ། དེ་ལ་དགེ་སློང་མ་མང་པོས་སྨྲས་པ། ཁྱོད་ཀྱིས་ནི་ཁ་ན་མ་ཐོ་བ་བཅབས་པ་ཡིན་ནོ་ཞེས་པའི་བྱུང་བ་ལས་འཆབ་པའི་ཕམ་པར་བཅས་སོ། །དགག་བྱ་ནི་འཆབ་པའི་སྲེད་པ་འཕེལ་བ་དང་། དགེ་སློང་མ་རྣམས་ཕན་ཚུན་གཅིག་གི་ཉེས་པ་གཅིག་གིས་འཆབ་ཅིང་མཚང་གྲོགས་སུ་གྱུར་ན། བརྒྱུད་ནས་དགེ་སློང་མ་རྣམས་ཚུལ་ཁྲིམས་མི་དག་པར་འགྱུར་བའོ། །ངོ་ཏི་ནི་དགེ་སློང་མས་དགེ་སློང་མ་གཞན་ལ་ཕམ་པ་བྱུང་བ་དེ་ངེས་པར་ཤེས་སམ་ཡིད་གཉིས་ཟ་བཞིན་དགེ་སློང་མ་མཐོལ་ཡུལ་མཚན་ཉིད་དང་ལྡན་པ་ལ་མི་བརྗོད་པར་བཅབས་ཏེ་མཚན་མོ་མཐའི་སྐད་ཅིག་འདས་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་གི་དོན་ནི་དགེ་སློང་མས་དགེ་སློང་མ་གཞན་གྱི་ཕམ་པ་འཆབ་ན་འཆབ་པའི་ཕམ་པར་འགྱུར་བའོ། །ཊཱི་ཀ་ལས་ཉིན་མཚན་གྱི་མཐར་ནི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་ཞེས་བཤད་དོ། །གཏམ་གྱི་གཞི་ལས་སྐྱ་རེངས་ཤར་ན་ཕམ་པར་འགྱུར་རོ་ཞེས་གསུངས་ཏེ། ཕམ་པར་གྱུར་པ་ལ་ཕམ་པར་འགྱུར་རོ་ཞེས་གསུངས་པའོ། །་་་་་ཊཱི་ཀ་ལས་མདུན་རོལ་ཏུ་ནི་ན་སྨད་དོ་ཞེས། བཞི་པ་བཟློག་པའི་ཕམ་པའི་སྤྱི་དོན་ལ་གསུམ་ལས། གླེང་གཞི་ནི་དགེ་སློང་གྲེ་སྐྱེས་འཐབ་ཀྲོལ་བྱེད་དགེ་སློང་མ་རྣམས་དང་འདྲེ་ཞིང་གནས་པ་དེ་དགེ་འདུན་གྱིས་གནས་ནས་ཕྱུང་བ་ན། དེ་ལ་དགེ་སློང་མ་རྣམས་ཀྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱས་སོ། །དེ་ནས་དགེ་སློང་གྲེ་སྐྱེས་འདི་སྙམ་དུ། མི་གང་ཞིག་སའི་སྟེང་དུ་འགྱེལ་ནས་དེ་ཉིད་ལ་བརྟེན་ནས་ལྡང་བ་བཞིན་དུ། དགེ་འདུན་ལ་བཟོད་པ་གསོལ་བར་བྱའོ་སྙམ་དུ་བསམས་སོ། །དེ་ལ་་་་་་དགེ་སློང་མ་བཅུ་གཉིས་སྡེ་ནི་ལུང་དགེ་སློང་མའི་རྣམ་འབྱེད་དང་མའི་སོ་སོའི་ཐར་པའི་འགྲེལ་བ་ལས། སྦོམ་དགའ་མོ་དང་གཙུག་དགའ་མོ་དང་དགའ་མོ་དང་ཉེ་དགའ་མོ་དང་རྒྱལ་དང་ཉེ་རྒྱལ་དང་། རྒྱལ་གྲོགས་མ་དང་རྒྱལ་སྐྱོང་མ་དང་བཟང་མོ་དང་ཤིན་ཏུ་བཟང་མོ་དང་མཛེས་དགའ་མོ་དང་རྒྱལ་ལྡན་མའོ། །བཅུ་གཉིས་སྡེ་དག་གིས་སྨྲས་པ། རིགས་སྣ་ཚོགས་རུས་སྣ་ཚོགས་ནས་རབ་ཏུ་བྱུང་བ་རྣམས་ལ་བཟོད་པ་གསོལ་བར་མ་བྱེད་ཅིག བདག་ཅག་གིས་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བགྱིའོ་ཞེས་སྨྲས་པ་ན། དགེ་སློང་མ་བཅུ་གཉིས་སྡེ་ལ་དེ་ལྟར་མ་བྱེད་ཅིག་ཅེས་བཞམས་ཏེ་བསྒོ་བ་དང་གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པར་བྱའོ། །ཞེས་གསུངས་ཏེ། བཟློག་ཀྱང་མི་གཏོང་བ་ལས་བཟློག་པའི་ཕམ་པར་བཅས་སོ། །དགག་བྱ་ནི་ཡུལ་དེ་ཉིད་དང་རང་རིགས་ཀྱི་དགེ་འདུན་མ་ལ་གནོད་པའོ། །ངོ་ཏི་ནི་དགེ་སློང་གི་དགེ་འདུན་གྱིས་གནས་ནས་ཕྱུང་བའི་དགེ་སློང་དེ་ལ་དགེ་སློང་མའི་དགེ་འདུན་གྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་པ་ལ་དེ་ལྟར་ངེས་པར་ཤེས་སམ་ཡིད་གཉིས་ཟ་བཞིན་དུ་དགེ་སློང་མས་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱེད་ཅིང་དེ་ལ་དགེ་སློང་མ་རྣམས་ཀྱིས་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་ལས་བརྗོད་པ་གསུམ་པ་དེའི་མཐའ་ལ་མི་གཏོང་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་གི་དོན་ནི་དགེ་སློང་གནས་ནས་ཕྱུང་བ་ཞེས་སོ། །བཟོད་པར་གསོལ་བར་ངེས་པ་དང་། དེ་ལས་བཟློག་པ་ཉིད་དོ་ཞེས་པ་ནི་གླེང་གཞིའི་དབང་གིས་མཚོན་པ་ཙམ་སྟེ་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱེད་ན་ཡང་ངོ་། །་་་་་དགེ་སློང་མའི་ཕམ་པའི་སྡེའི་རྣམ་པར་བཤད་པ་རྫོགས་སོ།།    །།ད་ནི་དགེ་འདུན་ལྷག་མའི་སྡེ་འཆད་དེ། འདི་ལ་གཉིས་ཏེ། སྤྱི་དོན་དང་སོ་སོའི་དོན་ཏོ། །དང་པོ་ལ་གཉིས་ཏེ། དགེ་སློང་ཕའི་རྣམ་འབྱེད་ཀྱིས་བརྗོད་པ་རྣམས་དགེ་སློང་མ་ལ་ཅིར་འགྱུར་དང་། དགེ་སློང་མའི་རྣམ་འབྱེད་ཀྱི་བརྗོད་པ་རྣམས་དགེ་སློང་ཕ་ལ་ཅིར་འགྱུར་རོ། །དང་པོ་ནི་དགེ་སློང་གི་ལྷག་མ་བཅུ་གསུམ་ལས་ཐུན་མོང་བ་བདུན་དང་། ཐུན་མོང་མ་ཡིན་པ་དྲུག་སྟེ། དེའང་སྨྱན་དང་གཞི་མེད་དང་། བག་ཙམ་དང་གསུམ་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་ཡིན་ལ། དབྱེན་བྱེད་པ་ལ་སོགས་པ་བསྒོ་གྱུར་བཞི་ནི་མིང་ཙམ་གྱི་ཐུན་མོང་ཡིན་ནོ། །ཐུན་མོང་མ་ཡིན་པ་དྲུག་ནི། འབྱིན་རེག་འཁྲིག་ཚིག་བསྙེན་བཀུར་ཁང་པ་ཁང་ཆེན་ནོ་ཞེས་གསུངས་ཏེ། དེའང་གཏམ་གྱི་གཞི་ལས་དགེ་སློང་མས་ཁུ་བ་ཕྱུང་ན་ལྟུང་བྱེད་དོ། །ཞེས་གསུངས་པ་དང་། ལུང་རྣམ་འབྱེད་ལས། དགེ་སློང་མས་སྐྱེས་པ་ལ་རེག་ན་ཕམ་པར་གསུངས་ཤིང་། ཊཱི་ཀ་ལས་དགེ་སློང་མས་ཆགས་སེམས་ཀྱིས་བུད་མེད་ལ་རེག་ན་སྦོམ་པོར་གསུངས་སོ། །ཞུ་བ་ཆེ་ཆུང་གཉིས་ཀ་ལས་དགེ་སློང་མས་སྐྱེས་པ་ལ་འཁྲིག་ཚིག་སྨྲ་ན་་་་་་འདི་ནི་ངག་གིས་གཞོགས་སྟེགས་དང་འཕྱར་གཡེང་ཙབ་ཧྲལ་བྱེད་པའི་སྦོམ་པོ་ཡིན་པས་སྦོམ་པོར་གསུངས་ཤིང་། ཞུ་བ་ཉུང་ཤོས་དང་ཞུ་འགྲེལ་ལས་དགེ་སློང་མས་བསྙེན་བཀུར་བསྔགས་ན་ཉེས་བྱས་སུ་གསུངས་སོ། །ལུང་ཞུ་བ་ཆེ་ཤོས་ལས་དགེ་སློང་མས་ཁང་པ་ཁང་ཆེན་བརྩིགས་ན་སྦོམ་པོ་བཏགས་པ་བ་སྟེ། ལུང་ཞུ་བ་ཆུང་ཤོས་དང་ཞུ་བའི་འགྲེལ་པ་ལས་ཉེས་བྱས་སུ་བཤད་པ་དེ་ལེགས་་་་་་ལུང་ཞུ་བ་ཆེ་ཆུང་གཉིས་ཀ་ལས་དགེ་སློང་མས་སྐྱེས་པ་ལ་འཁྲིག་ཚིག་སྨྲས་ན་ཅིར་འགྱུར་སྦོམ་པོར་འགྱུར་རོ་ཞེས་གསུངས་ལ། ཞུ་བ་ཆུང་ཤོས་ལས་དགེ་སློང་མས་བསྙེན་བཀུར་བསྔགས་པ་ལ་ནི་ཉེས་བྱས་སུ་བརྗོད་དོ་ཞེས་གསུངས་ཏེ། དགེ་སློང་མ་རྣམས་ནི་ཤས་ཆེར་བསྙེན་བཀུར་བྱ་བའི་ཞིང་ཉིད་མ་ཡིན་པས། དགེ་སློང་མས་རང་ལ་བསྙེན་བཀུར་བསྔགས་པ་བརྗོད་པ་འབྱུང་རིང་བའི་ཕྱིར་ཞེས་བརྗོད་དོ། །ལུང་ཞུ་བ་ཆེ་ཤོས་ལས་དགེ་སློང་མས་ཁང་པ་བརྩིགས་པར་བགྱིས་ན་ཅིར་འགྱུར་སྦོམ་པོར་འགྱུར་རོ། །གཙུག་ལག་ཁང་ཆེན་པོ་ལ་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་གསུངས་ཀྱང་། ལུང་ཞུ་བ་ཆུང་ཤོས་ལས་དགེ་སློང་མས་ཁང་པ་བརྩིག་ཏུ་བསྩལ་ན་ཅིར་འགྱུར། ཉེས་བྱས་སོ། །གཙུག་གལ་ཁང་ཆེན་པོ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་གསུངས་པ་དེ་གཙོ་བོར་གཟུང་ངོ་། །སོ། །དགེ་སློང་མའི་རྣམ་འབྱེད་ཀྱིས་བརྗོད་པ་རྣམ་དགེ་སློང་ཕ་ལ་ཅིར་འགྱུར་ནི། དགེ་སློང་མའི་དགེ་འདུན་ལྷག་མ་ཐུན་མོང་མ་ཡིན་པ་བཅུ་གསུམ་དངོས་སུ་གསུངས་པ་ལས། ཊཱི་ཀ་ལས་མཚན་མོ་འབྲལ་བ་དང་། ཉིན་མོ་འབྲལ་བ་དང་། ལམ་དུ་འཇུག་པ་དང་། ཆུ་བརྒལ་བ་ཞེས་བྱ་བ་གཅིག་པུ་རྒྱུ་བའི་ལྟུང་བ་བཞི་པོ་དག་ལ་ནི་དགེ་སློང་རྣམས་ལ་གཅིག་པུ་འགྲོ་བ་ལ་ཉེས་པ་མེད་དོ་ཞེས་གསུངས་སོ། །དེ་དག་མ་གཏོགས་པ་ཅི་ཡང་རུང་བ་ལེན་པ་ནས། སྡེ་ཞིང་གནས་སུ་འཇུག་པ་ཡན་ཆད་དགེ་སློང་མའི་དགེ་འདུན་ལྷག་མ་དགུ་ནི་དགེ་སློང་རྣམས་ལ་ཉེས་བྱས་སུ་འགྱུར་རོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས་་་་་་དགེ་སློང་གིས་ཤི་བའི་ནོར་ལེན་པ་ནི་ཆོས་གོས་ཀྱི་རིན་བསྐུར་བ་ལས་བསླང་བའི་ཆོ་ག་ལས་འདས་ན་་་་་་སྟེ་བསྐུལ་བསྡད་དྲུག་ལས་ལྷག་ན་ནི་་་་་་བསྐུར་བའི་སྤང་བའི་ལྟུང་བྱེད་དུ་འགྱུར་ཞེས་བཤད་དོ། །འོན་ཀྱང་བླ་མ་རྣམས་ནི་དགེ་སློང་གིས་ཤི་བའི་ནོར་ལེན་པ་འདི་ལ་ཉེས་བྱས་སུ་འགྱུར་ཞེས་གསུངས་པ་དེ་ཡིད་ལ་འཚམ་མོ། །གཉིས་པ་སོ་སོའི་དོན་ནི། དགེ་སློང་མའི་དགེ་འདུན་ལྷག་མ་ཉི་ཤུ་ལ། ཚན་པ་གཉིས་སུ་དབྱེ་སྟེ། དང་པོ་ལས་གྱུར་པ་བཅུ་གཉིས་དང་། བསྒོ་བ་ལས་གྱུར་པ་བརྒྱད་དོ། །དང་པོ་ལས་གྱུར་པ་བཅུ་གཉིས་ནི། དགེ་སློང་དང་ཐུན་མོང་བ་གསུམ་དང་། དགེ་སློང་མའི་ཐུན་མོང་མ་ཡིན་པ་དགུའོ། །ཐུན་མོང་བ་གསུམ་ནི་སྨྱན་བྱེད་པའོ། །་་་་་ཚོགས་ཅན་མ་དང་ཟོང་ཉིད་དུ་གཏོང་བ་ནི་གནས་དེ་ཉིད་དུ་དང་ཡུལ་གཞན་དུ་གཏོང་བ་སྟེ་གོ་རིམ་བཞིན་ནོ་ཞེས་གསུང་ངོ་། །ཤ་མེའོ། །གཞི་མེད་པའོ། །བག་ཙམ་མོ་ཞེས་པས་བསྟན་ཏེ། དེ་གསུམ་ནི་དགེ་སློང་ཕ་མ་གཉིས་ཀའི་དགེ་འདུན་ལྷག་མ་སྟེ་མཚན་ཉིད་ཅི་འདྲ་བའི་ཐུན་མོང་ཡིན་ནོ།་་་་་།འདིར་ཁ་ཅིག་ན་རེ་ཕམ་པས་ཉམས་པ་ལ་སྐུར་བ་འདེབས་པའི་ལྷག་མ་བསྐྱེད་པ་ལ་མཚན་མཐུན་པ་ནི་ཡན་ལག་ཏུ་དགོས་ཞེས་ཟེར་བ་ནི་ཉམས་པ་ལ་ཡང་ཞེས་པའི་རང་འགྲེལ་སྔར་དྲངས་ཟིན་པ་དང་འགལ་ཞིང་མཚན་གྱི་ཕྱོགས་ལས་རང་ཉིད་ནི་འདིར་ཡན་ལག་མ་ཡིན་ཞེས་གསུངས་པ་དང་འགལ་ལོ། །འོ་ན་གཞི་མེད་བག་ཙམ་མཚན་ཉིད་སྤྱི་འདྲ་བའི་ཐུན་མོང་གི་སྐབས་སུ་ཕོ་ཉིད་ཡན་ལག་ཏུ་དགོས་པ་་་་་་ལ་་་་་་འདིར་ནི་མོ་ཉིད་དོ། །བུད་མེད་དང་ལྷན་ཅིག་ཏུ་ཉལ་བ་ལ་སོགས་པ་མོ་ཡན་ལག་ཏུ་དགོས་པ་་་་་་དེ་ལ་ནི་འདིར་ཕོ་ཉིད་ཅེས་མིང་ཙམ་གྱི་ཐུན་མོང་གི་ཡན་ལག་བསྟན་པས་སྐབས་འཆོལ་བའི་སྐྱོན་དུ་འགྱུར་རོ་ཞེ་ན། སྤྱིར་ན་གཞི་མེད་བག་ཙམ་མཚན་ཉིད་ཅི་འདྲ་བའི་ཐུན་མོང་ཡིན་ཡང་། བྱེ་བྲག་གི་ཆ་ནས་འཆོལ་བའི་སྐྱོན་མེད་དེ། མཚན་མཐུན་ལ་སྐུར་པ་འདེབས་པའི་ལྟུང་བ་བསྐྱེད་པ་ལ་སྔར་དགེ་སློང་ཕའི་སྐབས་སུ་ཕོ་ཉིད་ལ་ནི་དགེ་སློང་མའི་སྐབས་འདིར་མོ་ཉིད་དེ་་་་་་མཚན་མཐུན་ལ་སྐུར་པ་འདེབས་པའི་ཡན་ལག་ཉིད་མཚན་མི་མཐུན་པ་ལ་སྐུར་པ་འདེབས་པའི་ལྟུང་བ་བསྐྱེད་པ་ལ། སྔར་དགེ་སློང་ཕའི་སྐབས་སུ་མོ་ཉིད་དེ་ལ་ནི་དགེ་སློང་མའི་སྐབས་འདིར་་་་་་མཚན་མི་མཐུན་ལ་སྐུར་པ་འདེབས་པའི་ཡན་ལག་ཕོ་ཉིད་དོ་ཞེས་བསྟན་པས་སོ། །དེར་མ་ཟད་མདོ་འདི་ནི་སྤྱིར་བསྟན་པ་སྟེ། དགེ་སློང་ལ་ལྟུང་བ་རྫོགས་པར་བསྐྱེད་པ་ལ་་་་་་ཕོ་ཉིད་་་་་་ཡན་ལག་ཏུ་དགོས་པ་ལ་ནི་་་་་་སྐབས་འདིར་མོ་་་་་་ཡན་ལག་ཏུ་དགོས་པ་ཉིད་དོ་ཞེས་པ་འདི་ནི་བྱིན་འཕྲོགས་དང་སྐྱོན་སྨྲ་ལ་སོགས་པ་མཚན་མཐུན་ཡན་ལག་ཏུ་དགོས་པ་ཐམས་ཅད་ལ་སྤྱིར་བསྟན་པ་ཡིན་ལ། དགེ་སློང་ལ་ལྟུང་བ་རྫོགས་པར་བསྐྱེད་པ་ལ་་་་་་མོ་་་་་་ཡན་ལག་ཏུ་དགོས་པ་ཉིད་དེ་ལ་་་་་་སྐབས་འདིར་ནི་ཕོ་་་་་་ཡན་ལག་ཏུ་དགོས་པ་ཉིད་དོ་ཞེས་པ་འདི་ནི་དབེན་པ་འདུག་འགྲེང་ལ་སོགས་པ་མཚན་མི་མཐུན་ཡན་ལག་ཏུ་དགོས་པ་ཐམས་ཅད་ལ་སྤྱིར་བསྟན་པ་ཡིན་ནོ། །དགེ་སློང་མའི་ཐུན་མོང་མ་ཡིན་པ་དགུ་ནི་ཅི་ཡང་རུང་བ་ལེན་པ་ལ་སོགས་དགུ་མཐར་ཆགས་སུ་བསྟན་ཏེ། དང་པོ་ཅི་ཡང་རུང་བ་ལེན་པའི་སྤྱི་དོན་ལ་གསུམ་ལས། གླེང་གཞི་ནི་སྦོམ་དགའ་མོ་དང་སྤོས་འཚོང་གི་ཁྱེའུ་གཉིས་ཀ་ཕན་ཚུན་་་་་་གཅིག་ལ་གཅིག་ཆགས་པར་འགྱུར་ཏེ། དེས་སྤོས་འཚོང་གི་ཁྱེའུ་ལས་ཅུང་་་་་་ཊཱི་ཀ་ལས་འཁྲིག་པའི་གླ་ཟད་བདག་གིར་བྱེད་པ་ལས་བཅས་སོ། །དགག་བྱ་ནི་འཁྲིག་པའི་འདོད་ཆགས་འཕེལ་བར་འགྱུར་བའོ། །ངོ་ཏི་ནི་དགེ་སློང་མ་ཆགས་པར་གྱུར་པས་སྐྱེས་པ་མཚན་ཉིད་དང་ལྡན་པ་ཆགས་པར་གྱུར་པ་ལས་འཁྲིག་པའི་གླ་བརྔན་ཅི་ཡང་རུང་བ་ལེན་པར་བྱེད་ཅིང་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་གི་དོན་ནི། ཅི་ཡང་རུང་བ་ཞེས་སོ། །ཆེས་ན་སྨད་པ་ནི། ཊཱི་ཀ་་་་་་ཉེས་བྱས་སུ་བསྟན་པ་འདི་ལ་གཞུང་གི་བཤད་ཚུལ་གཉིས་སུ་ཡོད་དོ། །ལས་དགེ་སློང་མ་ཆགས་པར་གྱུར་པས་སྐྱེས་པ་ཆགས་པར་མ་གྱུར་པ་ལས་ཅི་ཡང་རུང་བ་བདག་གིར་བྱེད་ན་་་་་་ནི་ཉེས་བྱས་སོ་ཞེས་བཤད་དེ། ལུང་དགེ་སློང་མའི་རྣམ་འབྱེད་ལས་ཀྱང་་་་་་དགེ་སློང་མ་ཆགས་པས་སྐྱེས་པ་མ་ཆགས་པ་ལས་ནི་ཉེས་བྱས་སོ་ཞེས་གསུངས་སོ། །སྐབས་འདིར་དགེ་སློང་མའི་སོ་སོ་ཐར་པའི་འགྲེལ་བ་ལས་ནི། གཉིས་ཀ་མ་ཆགས་ལ་ཅུང་ཟད་ཅིག་བླངས་ན་ཉེས་བྱས་སོ་ཞེས་བཤད་དོ། །དེ་ལྟར་ན། དགེ་སློང་མ་ཆགས་པར་མ་གྱུར་པས། སྐྱེས་པ་ཆགས་པར་མ་གྱུར་པ་ལས་ཅི་ཡང་རུང་བ་བདག་གིར་བྱེད་ན་་་་་་ནི་ཉེས་བྱས་སོ་ཞེས་པ་སྟེ་ཉེས་བྱས་ཕྲ་མོའོ། །བཤད་ལུགས་དེ་གཉིས་ཀ་ལྟར་གཟུང་ངོ་།་་་་་།ཅི་ཡང་རུང་བ་ལེན་པའི་དགེ་འདུན་ལྷག་མ་འདི་ལ་བདག་གིར་བྱེད་པ་དང་སྐྱེས་པའི་ཆགས་སེམས་ཡན་ལག་ཏུ་དགོས་མོད་ཀྱང་། སྐབས་འདིའི་ཊཱི་ཀ་ལས་ཅི་ཡང་རུང་བ་བདག་གིར་བྱེད་པ་དང་སྐྱེས་པ་ཆགས་པར་གྱུར་པ་འདི་གཉིས་ནི་ཤེས་ཀྱང་རུང་དོགས་ཀྱང་རུང་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ། གལ་ཏེ་དགེ་སློང་མ་ལ་ཡོད་ན་ཇི་སྐད་བསྟན་པའི་ཁ་ན་མ་ཐོ་བར་འགྱུར་ཏེ། འདིར་བསམ་པའི་ཉེས་པས་ལྟུང་བ་རྣམ་པར་བཞག་པའི་ཕྱིར་རོ་ཞེས་བཤད་པ་དང་འགལ་ཏེ། ཡོད་ཀྱང་རུང་མེད་ཀྱང་རུང་ཞེས་པ་དེ་ཇི་ལྟར་དགོངས་པ་ཡིན་ཞེ་ན། དེ་ལྟར་ཊཱི་ཀ་ལས་བཤད་པ་དེ་ནི་བདག་གིར་བྱེད་པ་དང་། སྐྱེས་པ་ལ་ཆགས་པའི་ངོ་བོ་གཉིས་ཡོད་ཀྱང་རུང་མེད་ཀྱང་རུང་ཞེས་བསྟན་པ་མ་ཡིན་གྱི། སྐྱེས་པའི་འདུ་ཤེས་གཉིས་པོ་དེ་ཡོད་པར་དགེ་སློང་མས་ཤེས་ཀྱང་རུང་དོགས་ཀྱང་རུང་ཞེས་སྦྱར་ཏེ། དེའང་སྐྱེས་པའི་འདུ་ཤེས་ཀྱིས་དགེ་སློང་མ་འདི་བདག་གིར་བྱེད་དོ་སྙམ་དུ་ཤེས་པ་དང་། དགེ་སློང་མ་འདི་བདག་ལ་ཆགས་ནས་འདུག་གོ་སྙམ་དུ་ཤེས་པའི་འདུ་ཤེས་གཉིས་ཡོད་དེ། དགེ་སློང་མའི་འདུ་ཤེས་ཀྱིས་ཤེས་ཀྱང་རུང་དོགས་ཀྱང་རུང་ཡོད་ཀྱང་རུང་མེད་ཀྱང་རུང་ཞེས་བསྟན་པའོ་ཞེས་་་་་་ཤ་མི་སྦས་ཏི་ལ་སོགས་པ་སྔོན་གྱི་འདུལ་བ་འཛིན་པ་རྣམས་གསུང་ངོ་། །གཉིས་པ་ཅི་ཡང་རུང་བ་ལེན་དུ་འཇུག་པའི་སྤྱི་དོན་ལ་གསུམ་ལས། གླེང་གཞི་ནི་སྦོམ་དགའ་མོས་གཙུག་དགའ་མོ་ལ། ཀྱེ་ཕུ་ནུ་མོ་ཁྱོད་མ་ཆགས་པར་གྱིས་ལ་སྐྱེས་པ་ཆགས་པ་ལས་ཅུང་ཟད་ལོང་ཞིག་ཅེས་ལེན་དུ་བཅུག་པ་ལས་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བས་རང་རིགས་ལ་གནོད་པའོ། །ངོ་ཏི་ནི་དགེ་སློང་མས་དགེ་སློང་མ་གཞན་ལ་རང་ལ་ཆགས་པ་མངོན་གྱུར་མེད་ན་སྐྱེས་པ་ཆགས་པ་ལས་བརྔན་པ་ལེན་པ་ལ་ཉེས་པ་མེད་དོ་ཞེས་ངག་གིས་གོ་བར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གསུམ་པ་མཚན་མོ་འབྲལ་བ་ལ་གཉིས་ཏེ། ཐུན་མོང་གི་རྣམ་གཞག་ཞར་བྱུང་དང་བཅས་ཏེ་བསྟན་པ་དང་། སྐབས་འདི་ཉིད་ཀྱི་ལྟུང་བ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་འོག་མ་བཞི་པོ་དག་ལ་ནི་ཁྲིམས་གྲོགས་མ་མེད་པ་དེ་ཐུན་མོང་གི་ཡན་ལག་ཡིན་ནོ། །ཁྲིམས་གྲོགས་་་་་་དགེ་སློབ་མ་སུམ་ཆ་དང་བྲལ་ཞེས་པ་ནི། ལྷག་མའི་སྦོམ་པོ་དང་དངོས་གཞི་ཁེགས་པས་་་་་་ཁྲིམས་གྲོགས་སུམ་གཉིས་ཀྱིས་གོ་ཆོད་པ་སྟེ་ཉེས་བྱས་སུ་ནི་འགྱུར་རོ། །ཁྲིམས་གྲོགས་་་་་་དགེ་ཚུལ་མ་ནི་སུམ་ཆ་ཞེས་པ་ལྷག་མ་དངོས་གཞི་ཁེགས་ཀྱང་་་་་་ནི་ཉེས་པ་སུམ་གཉིས་མི་ཐུབ་སྟེ་སྦྱོར་བའི་དུས་ན་ཉེས་བྱས་དང་མཐར་ཐུག་ན་སྦོམ་པའོ། །མི་འདོད་བཞིན་དུ་བྲལ་ཞེས་པ་ནི། དགེ་སློང་མའི་རྣམ་འབྱེད་ལས་ཕྱི་བཞིན་འབྲང་བའི་དགེ་སློང་མ་ཤིའམ་ཉམས་སམ་ལྟུང་བར་གྱུར་ཏམ་བྲོས་པར་གྱུར་ན་གཅིག་པུ་ལམ་དུ་འགྲོ་བ་ལ་་་་་་ལྟུང་བ་མེད་དོ་ཞེས་གསུངས་ཏེ། ཉམས་པ་དང་ལྟུང་བ་ནི་བབས་པ་དང་ཕམ་པ་བྱུང་བ་སྟེ་གོ་རིམ་བཞིན་ནོ། །གཉིས་པ་ནི། མཚན་མོ་དབྱར་ཁང་ལས་ཞེས་སོ། །འདིར་མཚན་མོ་འབྲལ་བའི་སྤྱི་དོན་ལ་གསུམ་ལས། གླེང་གཞི་ནི་དགེ་སློང་མ་མཛའ་མོ་རང་གི་ཉེས་པ་ཁས་བླངས་པས་བསྙིལ་བའི་ཚེ། ཁྱིམ་གྱི་སོ་ཚིས་བྱེད་ཅིང་། བུ་དང་བུ་མོ་དག་ཀྱང་སྐྱེས་སོ། །དུས་ཕྱིས་མཛའ་མོ་གསད་ནད་ཀྱིས་ཐེབས་པ་ན། དགེ་སློང་མ་མཛའ་ཅན་མས་ན་བ་དེ་བལྟ་བའི་ཕྱིར་གཅིག་པུ་སོང་སྟེ། མཛའ་མོ་ནུབ་མོ་ཚེའི་དུས་བྱས་པ་ན། མཛའ་ཅན་མ་ལ་ཁྱིམ་བདག་དེས་ཁྱོད་ཀྱིས་ངའི་ཁྱིམ་འདི་སྐྱོངས་ཤིག མ་བཞུད་ཅིག་ཅེས་ཟེར་བ་ལ། ཁྱོད་ཀྱི་ཁྱིམ་མེས་འཚིག་པར་གྱུར་ཅིག་ཅེས་སྨྲས་ནས་སོང་ངོ་། །དེ་ལ་དགེ་སློང་མ་རྣམས་ཀྱིས་ཁྱོད་མདང་སུམ་ཁྱིམ་དེ་ན་ཉལ་ན། འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན་ཁྱོད་ཀྱིས་ཅི་བྱར་ཡོད་ཅེས་ཟེར་བ་ལས་བཅས་སོ། །དགག་བྱ་ནི་མི་ཚངས་པར་སྤྱོད་པའི་སྒོ་ནས་རང་གི་བསླབ་པ་ལས་འདྲལ་བའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་དགེ་སློང་མས་ཟླ་མོ་དགེ་སློང་མ་གཞན་རྣམས་གང་ན་འདུག་པའི་གནས་དེ་ལས་ཕྱི་རོལ་ཏུ་་་་་་ཁྱིམ་པ་ལ་སོགས་པ་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ་ཁྲིམས་གྲོགས་ཆོས་འདི་པའི་རབ་བྱུང་མོ་གང་ཡང་མེད་པར་དགེ་སློང་མ་རང་གཅིག་པུས་མཚན་མོ་གནས་ཏེ་སྐྱ་རེངས་ཤར་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་པ་ཉིན་མོ་འབྲལ་བའི་སྤྱི་དོན་ལ་གསུམ་ལས། གླེང་གཞི་ནི་སྦོམ་དགའ་མོས་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་ན་གཅིག་པུ་ཉི་མ་ནུབ་ནུབ་ཏུ་ཆོས་བཤད་ནས། དབྱར་ཁང་དུ་འོངས་ཏེ་ཁོ་མོའི་རྒྱབ་དང་རྐེད་པ་རྫིས་ཤིག་ཅེས་སྨྲས་པ་ན། འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན་ཁྱོད་ཀྱིས་ཅི་བྱར་ཡོད་ཅེས་ཟེར་བ་ལས་བཅས་སོ། །དགག་བྱ་ནི་སྔར་དང་འདྲའོ། །ངོ་ཏི་ནི་དགེ་སློང་མས་ཟླ་མོ་དགེ་སློང་མ་གཞན་རྣམས་གང་ན་འདུག་པའི་གནས་དེ་ལས་ཕྱི་རོལ་ཁྲིམས་གྲོགས་ཆོས་འདི་པའི་རབ་བྱུང་མོ་གང་ཡང་མེད་པར་དགེ་སློང་མ་རང་གཅིག་པུ་ཉིན་མོ་གནས་ཏེ་ཉི་མ་ནུབ་པའི་མཐའི་སྐད་ཅིག་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ལྔ་པ་གཅིག་པུ་ལམ་དུ་འགྲོ་བའི་སྤྱི་དོན་ལ་གསུམ་ལས། གླེང་གཞི་ནི་སྦོམ་དགའ་མོ་གཅིག་པུ་ལམ་པོ་ཆེ་དང་བཞི་མདོ་དག་ཏུ་འདུག་ནས་གྲོང་ཁྱེར་ཆེན་པོ་དྲུག་གི་ལམ་དུ་སོང་སྟེ་ཉི་མ་ནུབ་པ་ན། དབྱར་ཁང་དུ་འོངས་ནས་མའི་སོ་ཐར་འགྲེལ་བ་ལས་ངལ་ཆད་དེ་་་་་་བདག་གི་རྒྱབ་རྫིས་ཤིག་རྐེད་པ་རྫིས་ཤིག་ཅེས་གཞོན་རབས་དག་ལ་སྨྲས་པ་ན། འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན་ཁྱོད་ཀྱིས་ཅི་བྱར་ཡོད་ཅེས་ཟེར་བ་ལས་བཅས་སོ། །དགག་བྱ་ནི་སྔར་དང་འདྲའོ། །ངོ་ཏི་ནི་དགེ་སློང་མས་ལམ་དེ་ན་ཁྱིམ་པ་ལ་སོགས་པ་ཡོད་ཀྱང་རུང་མེད་ཀྱང་རུང་་་་་་ཁྲིམས་གྲོགས་ཆོས་འདི་པའི་རབ་བྱུང་མོ་གང་ཡང་མེད་པར་ས་ལ་བརྟེན་པའི་ལམ་རྒྱང་གྲགས་ཀྱི་མཐའ་ཡན་ཆད་དུ་ཕྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །དྲུག་པ་གཅིག་པུ་ཆུ་ལ་བརྒལ་བའི་སྤྱི་དོན་ལ་གསུམ་ལས། གླེང་གཞི་ནི་དགེ་སློང་མ་མང་པོ་ཆུ་བོའི་ཕ་རོལ་ཏུ་འགྲོ་བར་འདོད་པ་ན། ཕ་རོལ་གྱི་འགྲམ་ན་གྲུ་ཕུར་བ་བཏབས་ཏེ་འདུག་པ་དེ་བླང་བའི་ཕྱིར་སྔོན་མཉན་པ་མོ་བྱེད་བྱེད་པ་དགེ་སློང་མ་ནག་མོས་རྐྱལ་བྱས་པས་ཆུའི་དབུས་སུ་གཏིང་དུ་བྱིང་ལ་ཐུག་པར་གྱུར་ནས། ངལ་ཆད་དེ་ཆུ་འགྲམ་དུ་ཕྱིན་ཏེ། ཉི་མ་ནུབ་པ་དང་དབྱར་ཁང་དུ་འོངས་པ་ན། དགེ་སློང་མ་རྣམས་ཀྱིས་སྨྲས་པ། འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན་ཁྱོད་ཀྱིས་ཅི་བྱར་ཡོད་ཅེས་ཟེར་བ་ལས་བཅས་སོ། །དགག་བྱ་ནི་ལུས་སྲོག་ལ་གནོད་པ་དང་མི་ཚངས་པར་སྤྱོད་པའི་སྒོ་ནས་རང་གི་བསླབ་པ་ལས་འདྲལ་བའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་དགེ་སློང་མས་ཁྲིམས་གྲོགས་ཆོས་འདི་པའི་རབ་བྱུང་མ་གང་ཡང་མེད་པར་བརྒལ་བས་མི་ཐར་པའི་ཆུ་ལ་གྲུ་ལ་སོགས་པས་འགྲོ་ན་ཕ་རོལ་ཏུ་ཕྱིན་པར་མ་གྱུར་ཀྱང་གྲུ་ཚུགས་ལས་འདས་པར་ཕྱིན་པ་དང་ལག་རྐྱལ་དག་གིས་འགྲོ་ན་ཕ་རོལ་ཏུ་ཕྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་གི་དོན་ནི། གྲུ་ལ་སོགས་པ་མེད་ན་་་་་་བརྒལ་བས་མི་ཐར་པའི་ཆུ་ཀླུང་གི་ཕ་རོལ་ཏུ་་་་་་ཊཱི་ཀ་ལས་དགེ་སློང་མས་ཁྲིམས་ཟླ་དགེ་སློང་མ་གཞན་མེད་པར་གྲུ་ལ་སོགས་པས་བརྒལ་བ་ལའོ། །ཊཱི་ཀ་ལས་འདིར་ཕ་རོལ་ཏུ་ཞེས་སྨོས་པ་ནི་དཔེ་་་་་འམ་མཚོན་བྱེད་ཙམ་དུ་ཟད་དེ་་་་་་ཕ་རོལ་ཏུ་མ་ཕྱིན་ཀྱང་གྲུ་ལ་སོགས་པས་རྒྱུན་ཕྱོགས་སམ་རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་ན་གྲུ་ཚུགས་ཙམ་ལས་འདས་ན་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་་་་་་ཆུ་བོ་ཁ་ཞེང་ཤིན་ཏུ་ཆེ་བ་ལ་ནི་ཐད་ཀར་འགྲོ་ནའང་གྲུ་ཚུགས་ཙམ་ལས་འདས་ན་དངོས་གཞིར་འགྱུར་གྱི། ཕ་རོལ་ཏུ་ཕྱིན་པ་ལ་ནི་མི་ལྟོས་ཏེ། ཆུ་བོ་ཁ་ཞེང་ཆུང་ངུ་ལག་རྐྱལ་གྱིས་ཆོད་པར་ནུས་པ་ལ་ལག་རྐྱལ་གྱིས་ཕ་རོལ་ཏུ་ཕྱིན་ནས་སོ་ཞེས་དམིགས་ཀྱིས་བཀར་བའི་ཕྱིར་རོ། །སོ། །ཡུར་ཕྲན་ནི་མཆོངས་པས་བརྒལ་བར་ནུས་པ་སྟེ་ཞེས་ཊཱི་ཀ་ལས་བཤད་དོ། །བདུན་པ་རབ་ཏུ་འབྱིན་པའི་དགེ་འདུན་ལྷག་མ་ནི་རབ་ཏུ་འབྱིན་པ་ལའོ་ཞེས་སོ། །འདིའི་སྤྱི་དོན་ལ་གསུམ་ལས། གླེང་གཞི་ནི་རྒྱལ་པོ་གསལ་རྒྱལ་གྱི་དམག་མི་རྣམས་རི་བྲག་པ་དང་འཐབ་པའི་ཕྱིར་དམག་ལ་འགྲོ་བ་ན་ཁྲིམས་སུ་བཅས་པ། བདག་ཅག་དམག་ལ་སོང་བ་ན། །བདག་ཅག་གིས་ཆུང་མས་སྐྱེས་པ་གཞན་དང་ལྷན་ཅིག་མི་རིགས་པ་བྱས་ན་དེའི་མགོ་བཅད་ནས་དོར་བར་བྱའོ་ཞེས་སོ། །དེ་ནས་དམག་དཔོན་གྱི་བུ་མོ་སྡེ་ཅན་མ་ཞེས་བྱ་བས་ཁྲིམས་དང་འགལ་བར་བྱས་པ་ན། དེ་དམག་མི་རྣམས་ཀྱིས་དམག་དཔོན་ལ་སྨྲས་ནས། དམག་དཔོན་གྱིས་འདི་སྙམ་དུ་བདག་གིས་ཁྲིམས་བཅས་ལ། བདག་གིས་དྲལ་དུ་ག་ལ་རུང་སྙམ་ནས་དམག་དཔོན་གྱིས་སྡེ་ཅན་མ་ཡོངས་སུ་བཏང་ནས། དམག་མི་རྣམས་ལ་སོད་ཅིག་ཅེས་བཀའ་བསྒོའོ། །སྡེ་ཅན་མ་འཇིགས་ཤིང་སྐྲག་སྟེ་ངུ་བར་བྱེད་པ་ན། དགེ་སློང་མ་འཕྱར་མོས་རབ་ཏུ་ཕྱུང་བ་ལས་བཅས་སོ། །དགག་བྱ་ནི་མི་རིགས་པ་རབ་ཏུ་བྱུང་བས་བསྟན་པ་ལ་རྨ་འབྱིན་པའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་མཁན་མོས་་་་་་བུད་མེད་དེ་གསད་པའི་ཕྱིར་དམག་མི་ཚོགས་པ་རྣམས་ཡིད་མཐུན་པ་བུད་མེད་དེའི་བདག་པོས་ཡོངས་སུ་བཏང་བ། རྒྱལ་པོས་རྗེས་སུ་གནང་བ་དེ་བུད་མེད་སྐྱོན་གསུམ་ལྡན་རབ་ཏུ་འབྱིན་པའམ་སྡོམ་པ་སྦྱིན་པའི་བྱ་བ་རྫོགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་གི་དོན་ནི། རབ་ཏུ་འབྱིན་པ་ལའོ་ཞེས་པས་སོ། །སྐབས་འདི་ཉིད་ཀྱི་ལུང་དགེ་སློང་མའི་རྣམ་འབྱེད་ལས་ཆོས་འདུལ་བ་འདི་ལ་རབ་ཏུ་འབྱིན་ཞིང་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་བྱེད་ནའོ་ཞེས་གསུངས་སོ། །ཊཱི་ཀ་ལས་་་་་་རབ་བྱུང་བར་མའི་དགེ་བ་མ་སྦྱིན་པར་གལ་ཏེ་དང་པོ་ཁོ་ནར་དགེ་ཚུལ་མ་ལ་སོགས་པའི་དངོས་པོ་ཁོ་ནར་བྱེད་ན་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་སོ། །བརྒྱད་པ་ཤི་བའི་ནོར་ལེན་པའི་སྤྱི་དོན་ལ་གསུམ་ལས། གླེང་གཞི་ནི་ཁྱིམ་བདག་གཅིག་གསད་ནད་ཀྱིས་ཐེབས་ནས་དགེ་སྦྱོང་དང་བྲམ་ཟེ་དང་བཀྲེན་པ་རྣམས་ལ་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་སྦོམ་དགའ་མོས་ཐོས་ནས། དེའི་དྲུང་དུ་སོང་སྟེ། ཆོས་བཤད་པ་བྱས་ནས་བསླངས་པ་དང་། དེས་དེ་ལ་བུ་ལོན་ཆགས་རྒྱ་བྱིན་ནས། དགེ་སློང་མས་ཕྱག་རྒྱའི་བུ་ལོན་དེད་པ་གཞན་དག་འཕྱ་བར་བྱེད་པ་ལས་བཅས་སོ། །དགག་བྱ་ནི་བུད་མེད་སྐྱེས་པའི་ཆོས་ལྟར་བྱེད་པ་ཧ་ཅང་ཐལ་བའི་ཕྱིར་མི་རིགས་པས་མ་དད་པར་འགྱུར་བ་དང་། རང་འདོད་ཆེ་བའོ། །ངོ་ཏི་ནི་དགེ་སློང་མས་རིགས་བརྒྱུད་ཙམ་ཡང་མ་ལུས་པར་གྱུར་པའི་ཤི་བའི་ནོར་ཁྲུ་གང་ཡན་ཆད་རི་བའི་དངོས་པོ་ལེན་ཅིང་བརྡ་འཕྲོད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་གི་དོན་ནི། ཤི་བའི་ནོར་ཞེས་པ་ཊཱི་ཀ་ལས་ཤི་བ་དེའི་རིགས་བརྒྱུད་མེད་ཅིང་བུ་ཚ་འགའ་ཡང་མ་ལུས་པའི་འོ་ཞེས་སོ། །རིགས་བརྒྱུད་ཡོད་པ་ལ་སྦོམ་པོའོ། །གཞན་ལན་དུ་བཅུག་ནའང་སྦོམ་པོའོ་ཞེས་ཀྱང་ཊཱི་ཀ་ལས་སོ། །ལེན་པ་ཞེས་པ་ནི་ཊཱི་ཀ་ལས་ཤི་བའི་བུ་ལོན་དེད་པ་ལས་ཏེ། དེད་པའི་དུས་ཁོ་ནར་ཁ་ན་མ་ཐོ་བ་འདིར་འགྱུར་གྱི། ཐོབ་པའི་དུས་འབའ་ཞིག་ཏུ་མ་ཟད་དོ་ཞེས་སོ། །དགེ་འདུན་གྱི་ལ་ནི་ལྟུང་བ་མེད་པ་དེ་ཡང་གལ་ཏེ་ཚེགས་ཆུང་ངུས་ཐོབ་ན་སྟེ། བསྐུལ་བསྡད་དྲུག་ཚུན་ཆད་ཀྱིས་ཐོབ་ནའོ། །དགེ་འདུན་དབང་བ་སྟེ་དེའང་ཊཱི་ཀ་ལས་གལ་ཏེ་ཚོགས་དང་བཅས་ཤིང་་་་་་སྟེ་བསྐུལ་བསྡད་དྲུག་ཡན་ཆད་ཀྱིས་ལེན་ན་དགེ་འདུན་གྱི་ཁོངས་སུ་རང་ཡང་གཏོགས་པས་རང་གི་དོན་དང་བཅས་པ་ཉིད་དུ་ལེན་ན་ནི་དགེ་འདུན་ལྷག་མའོ། །གཞན་་་་་་གཞན་གྱི་དོན་ལགས་པ་དེ་གྱི་དོན་ཉིད་ཙམ་དུ་ཟད་ཀྱི་རང་གི་སྐལ་བའི་ཆ་དང་འབྲེལ་བའི་བསམ་པ་མེད་པ་ལ་ནི་སྦོམ་པོའོ་ཞེས་སོ། །དགུ་པ་བཟོད་པ་གསོལ་དུ་འཇུག་པ་ནི་མཚམས་ཀྱི་ཕྱི་རོལ་ཏུ་ཞེས་སོ། །འདིའི་སྤྱི་དོན་ལ་གསུམ་ལས། གླེང་གཞི་ནི་དགེ་སློང་མ་འདུན་མ་ཞེས་བྱ་བ་འཐབ་མོ་མང་པོ་བྱེད་པ་དེའི་བུ་མོ་དགེ་སློང་མ་འདུན་པ་མོས་གཏམ་ཐོས་སོ་ཅོག་མི་ལ་ཟློས་པར་བྱེད་དོ། །དེའི་རྒྱུས་རྩོད་པ་འཕེལ་བར་གྱུར་ནས། འདུན་མ་བསོད་སྙོམས་ལ་སོང་བའི་འོག་ཏུ་དགེ་འདུན་མ་རྣམས་ཀྱིས་འདུན་པ་མོ་གནས་ནས་དབྱུང་བའི་ལས་བྱས་པ་ན། འདུན་པ་མོ་ངུ་ཞིང་ང་གནས་ནས་ཕྱུང་ངོ་ཞེས་མ་ལ་སྨྲས་པ་དང་། འདུན་མས་དེ་མཚམས་ཀྱི་ཕྱི་རོལ་ཏུ་ཁྲིད་དེ་བཟོད་པ་གསོལ་དུ་བཅུག་པ་ལས་བཅས་སོ། །དགག་བྱ་ནི་དགེ་འདུན་གྱི་དབྱེན་དང་རིགས་མཐུན་པས་རང་རིགས་ལ་གནོད་པའོ། །ངོ་ཏི་ནི་དགེ་སློང་མ་མཚན་ཉིད་དང་ལྡན་པ་ནན་ཏུར་བྱས་པ་དང་འབྲེལ་བ་ལ་ཆད་པ་གཅོད་བྱེད་ཀྱི་དགེ་འདུན་མ་རྣམས་མ་ཚོགས་པའམ་ཆད་པ་གཅོད་བྱེད་ཀྱི་གང་ཟག་མ་ཚོགས་པར་དགེ་སློང་མས་མཚམས་ཀྱི་ཕྱི་རོལ་ལམ་མཚམས་ནང་དུ་བཟོད་པ་བླངས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་གི་དོན་ནི་མཚམས་ཀྱི་ཕྱི་རོལ་ཏུ་ཞེས་པ་ནི། གླེང་གཞིའི་དབང་གིས་མཚོན་པ་སྟེ། ཊཱི་ཀ་ལས་མཚམས་ཀྱི་ནང་དུ་བཟོད་པ་གསོལ་དུ་འཇུག་པ་ལ་ཡང་ལྟུང་བ་འདི་འབྱུང་སྟེ་འདི་་་་་་ནི་སྡིག་ཤིན་ཏུ་ཆེ་བར་སྣང་སྟེ་དགེ་འདུན་གྱི་དབྱེན་དང་རིགས་མཐུན་པ་ཡིན་པའི་ཕྱིར་རོ་ཞེས་སོ། །དགེ་སློང་མའི་སོ་སོ་ཐར་པ་དང་མའི་རྣམ་འབྱེད་ལས་གནས་ནས་དབྱུང་བའི་ལས་ཞེས་གསུངས་ཀྱང་། དེ་ནི་གླེང་གཞིའི་དབང་གིས་མཚོན་པ་སྟེ། ཊཱིཀ་ལས་དེ་ནི་ཆད་པའི་ལས་དག་གི་དཔེ་ཙམ་དུ་ཟད་པས་དེས་ན་དེ་ཉིད་མདོར་མ་བྲིས་སོ་ཞེས་སོ། །ད་ནི་བསྒོ་བ་ལས་གྱུར་པའི་དགེ་འདུན་ལྷག་མ་བརྒྱད་འཆད་དོ། །འདི་ལ་བཞི་ཚན་གཉིས་ཏེ། དགེ་སློང་མའི་ཐུན་མོང་མ་ཡིན་པའི་བསྒོ་གྱུར་བཞི་དང་། དགེ་སློང་དང་ཐུན་མོང་བའི་བསྒོ་གྱུར་བཞིའོ། །བཞི་ཚན་དང་པོ་ལ་ལྟུང་བ་བཞི་ལས། དང་པོ་ནི་དཀོན་མཆོག་གཏོང་བའོ། །འདིའི་སྤྱི་དོན་ལ་གསུམ་ལས། གླེང་གཞི་ནི་སྔོན་མུ་སྟེགས་ཅན་ལས་གྱུར་པ་དགེ་སློང་མ་ནག་མོ་དགེ་སློང་མ་རྣམས་དང་འཐབ་པ་ན་ཁྲོས་ནས་ཤཱཀྱ་བུའི་དགེ་སྦྱོང་འདི་དག་ཁོ་ན་ཚུལ་ཁྲིམས་དང་ལྡན་ཞིང་ཡོན་ཏན་དང་ལྡན་པ་མ་ཡིན་གྱི་ཚུལ་ཁྲིམས་དང་ཡོན་ཏན་དང་ལྡན་པའི་དགེ་སྦྱོང་གཞན་ཡང་ཡོད་པས། དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་ཀྱིས། སངས་རྒྱས་གཏོང་ངོ་། །ཆོས་དང་དགེ་འདུན་གཏོང་ངོ་ཞེས་ཟེར་བ་ན། དགེ་སློང་མ་ནག་མོ་ལ་བཞམས་ཏེ་བསྒོ་བ་དང་གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པར་བྱའོ་ཞེས་གསུངས་ཏེ། བཟློག་ཀྱང་མི་གཏོང་བ་ལས་དཀོན་མཆོག་གཏོང་བའི་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་ཐར་པ་མྱ་ངན་ལས་འདས་པའི་ལམ་དུ་འཇུག་པའི་སྡོམ་པའི་རྟེན་ཉམས་པར་བྱེད་པའོ། །ངོ་ཏི་ནི་དགེ་སློང་མས་དཀོན་མཆོག་གཏོང་བར་བྱེད་ཅིང་དེ་ལ་དགེ་སློང་མ་རྣམས་ཀྱིས་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་ལས་བརྗོད་པ་གསུམ་པ་དེའི་མཐའ་ལ་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་འཐབ་ཀྲོལ་བྱེད་པའི་སྤྱི་དོན་ལ་གསུམ་ལས། གླེང་གཞི་ནི་སྦོམ་དགའ་མོས་དགེ་སློང་མ་གཞན་རྣམས་དང་འཐབ་པར་བྱེད་པ་ན། འཐབ་མོ་མ་བྱེད་ཅིག་ཅེས་དེ་ལ་དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན། སྦོམ་དགའ་མོ་ཁྲོས་ནས་ཁྱེད་ཅག་ཁོ་མོ་ལ་རྒོལ་བར་བྱེད་ལ། གཞན་ལ་ནི་མི་བྱེད་པས། དགེ་སློང་མ་ཁྱེད་ཅག་ནི་འདུན་པས་འགྲོ་བའོ། །ཞེ་སྡང་གིས་འགྲོ་བའོ་ཞེས་ཟེར་བ་ན། དེ་ལ་བཞམས་ཏེ་བསྒོ་བ་དང་གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པར་བྱའོ་ཞེས་གསུངས་ཏེ། བཟློག་ཀྱང་མི་གཏོང་བ་ལས་འཐབ་ཀྲོལ་བྱེད་པའི་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་དགེ་འདུན་མའི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་དགེ་སློང་མས་འཐབ་ཀྲོལ་བྱས་པ་ལ་དེ་ལྟར་མ་བྱེད་ཅིག་ཅེས་དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན་ཁྱེད་ཅག་འདུན་པ་ལ་སོགས་པས་འགྲོ་བའོ་ཞེས་དགེ་འདུན་མ་ལ་སྐུར་པ་འདེབས་པར་བྱེད་ཅིང་དེ་ལ་དགེ་སློང་མ་རྣམས་ཀྱིས་་་་་་ཁྱོད་དགེ་འདུན་མ་རྣམས་ལ་སྐུར་པ་འདེབས་པར་མ་བྱེད་ཅིག་ཅེས་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་ལས་བརྗོད་པ་གསུམ་པ་དེའི་མཐའ་ལ་་་་་་སྐུར་པ་འདེབས་པ་དེ་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གསུམ་པ་སྡེ་ཞིང་གནས་པ་འདིའི་སྤྱི་དོན་ལ་གསུམ་ལས། གླེང་གཞི་ནི་དགེ་སློང་མ་འཆི་ལྟས་དང་ཉེ་བའི་འཆི་ལྟས་གཉིས་འདྲེ་བས་གནས་པར་བྱེད་དེ། རྒོད་པ་དང་རྩེ་བ་དང་ལུས་ཀྱི་ཙབ་ཧྲལ་བྱེད་པ་ན། དེ་དག་ལ་བཞམས་ཏེ་བསྒོ་བ་དང་གསོལ་བཞིའི་ལས་ཀྱིས་བཟློག་པར་བྱའོ་ཞེས་གསུངས་ཏེ། བཟློག་ཀྱང་མི་གཏོང་བ་ལས་སྡེ་ཞིང་གནས་པའི་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་ཆགས་པ་དང་རྒོད་བག་འཕེལ་བའོ། །ངོ་ཏི་ནི་དགེ་སློང་མས་དགེ་སློང་མ་ལ་སོགས་པ་བུད་མེད་དང་ལྷན་ཅིག་གཞོག་སྟེགས་དང་འཕྱར་གཡེང་དང་ཙབ་ཧྲལ་་་་་་ལུང་དགེ་སློང་མའི་རྣམ་འབྱེད་ལས་གད་མོ་བྲོར་རུང་བ་བྱེད་པ་ན། དེ་ལ་དགེ་སློང་མ་རྣམས་ཀྱིས་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་། ལས་བརྗོད་པ་གསུམ་པ་དེའི་མཐའ་ལ་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་གི་དོན་ནི། སྡེ་ཞིང་གནས་པ་སྟེ་རྩེ་ཞིང་གནས་པ་ལའོ། །སུ་དང་སྡེ་ཞིང་གནས་པ་ལ་ཞེ་ན། དགེ་སློང་མ་དང་ངོ་ཞེས་སོ། །་་་་་ཊཱི་ཀ་ལས་གཞོག་སྟེགས་ཀྱི་རྒྱུར་གྱུར་པ་ནི་མཐོ་འཚམས་པའོ། །འཕྱར་གཡེང་གི་རྒྱུར་གྱུར་པ་ནི་ཀུན་ཏུ་རྩེ་བའོ། །ཙབ་ཧྲལ་གྱི་རྒྱུར་གྱུར་པ་ནི་ཀུན་ཏུ་ཀུ་ཅོ་འདོན་པའོ་ཞེས་བཤད་དོ། །སྐབས་འདིར་ཊཱི་ཀ་ལས་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་ལྟུང་བ་གཞན་དུ་འགྱུར་རོ་ཞེས་པ་ནི་ཡུལ་སྐྱེས་པ་དང་བུད་མེད་ཀྱི་བྱེ་བྲག་གིས་ལྟུང་བ་ཆེ་ཆུང་ཐ་དད་པ་གཞན་དུ་འགྱུར་ཞེས་པས་སོ་གསུང་ངོ་། །རང་གི་རྣམ་བཤད་དང་ཊཱི་ཀ་ལས་གླེང་གཞིའི་དབང་གིས་དགེ་སློང་མ་དང་ཞེས་གསུངས་པར་ཟད་ཀྱི། ཁྱིམ་བུ་མོ་དང་མུ་སྟེགས་ཅན་མོ་དང་དགེ་ཚུལ་མ་དང་དགེ་སློབ་མ་དང་ལྷན་ཅིག་སྡེ་ཞིང་གནས་པ་ནི་ཤིན་ཏུ་སྡིག་ཆེ་བའི་ཕྱིར་དེ་ལ་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བཤད་དོ། །དགེ་སློང་མའི་སོ་སོ་ཐར་པ་ལས་ཀྱང་། དགེ་སློང་མ་གང་བུད་མེད་དང་སྡེ་ཞིང་གནས་པར་བྱེད་ན་ཞེས་བུད་མེད་སྤྱི་ཚིག་ཏུ་གསུངས་ལ། མདོ་རྩ་བ་ཉིད་ཀྱིས་ཀྱང་བུད་མེད་དང་བསྟན་པའི་དགེ་འདུན་ལྷག་མའོ་ཞེས་བུད་མེད་སྤྱི་ཚིག་ཏུ་གསུངས་སོ། །ཊཱི་ཀ་ལས་དགེ་སློང་མས་སྐྱེས་པ་དང་ལྷན་ཅིག་སྡེ་ཞིང་གནས་པ་ལ་ནི་ཕམ་པར་འགྱུར་བའི་སྦྱོར་བར་རིག་པར་བྱའོ་ཞེས་པ་ནི་དགེ་སློང་མས་སྐྱེ་པ་དང་ལྷན་ཅིག་ཕམ་པ་དང་པོའི་ཚུལ་དུ་རྣམ་འགྱུར་བྱེད་ཅིང་རྩེ་ཞིང་གནས་ནའོ། །དགེ་སློང་མས་དགེ་སློང་མ་དང་སྡེ་ཞིང་གནས་པ་འདི་ལ་ཡང་གལ་ཏེ་ཕམ་པ་དང་པོའི་ཚུལ་དུ་རྣམ་འགྱུར་བྱེད་ཅིང་རྩེ་ཞིང་གནས་ན་ནི། སྐབས་འདི་ཉིད་ཀྱི་ཊཱི་ཀ་ལས་དགེ་སློང་མས་དགེ་སློང་མའི་ཕྱིར་ལུས་བཀན་པ་ནི་སྦོམ་པོའོ། །དེའི་ཕྱིར་མལ་ཤོམ་དུ་འཇུག་པ་ལ་སོགས་པ་བྱེད་པ་ནི་ཉེས་བྱས་སོ་ཞེས་སོ། །བཞི་པ་སྡེ་ཞིང་གནས་སུ་འཇུག་པ་འདིའི་སྤྱི་དོན་ལ་གསུམ་ལས། གླེང་གཞི་ནི་དགེ་སློང་མ་འཆི་ལྟས་དང་ཉེ་བའི་འཆི་ལྟས་གཉིས་ཐ་དད་དུ་གནས་པའི་ཚེ་ན། སྦོམ་དགའ་མོས་སྨྲས་པ། ཁྱེད་གཉིས་ཅིའི་ཕྱིར་ཐ་དད་དུ་གནས། ཁྱེད་ཅག་འདྲེ་ཞིང་གནས་པར་གྱིས་ཤིག བཅོམ་ལྡན་འདས་ཀྱིས་འབེལ་བའི་གཏམ་གྱིས་ཤེས་རབ་འཕེལ་བར་མ་གསུངས་སམ་ཞེས་ཟེར་བ་ན། སྦོམ་དགའ་མོ་ལ་བཞམས་ཏེ་བསྒོ་བ་དང་གསོལ་བཞིའི་ལས་ཀྱིས་བཟློག་པར་བྱའོ་ཞེས་གསུངས་ཏེ། བཟློག་ཀྱང་མི་གཏོང་བ་ལས་སྡེ་ཞིང་གནས་སུ་འཇུག་པའི་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པར་འགྱུར་བའོ། །ངོ་ཏི་ནི་དགེ་སློང་མས་དགེ་སློང་ས་གཞན་ལ་འདྲེ་ཞིང་གནས་པར་གྱིས་ཤིག་ཅེས་ངག་གི་རིག་བྱེད་གྱིས་བསྒོ་བར་བྱེད་ཅིང་དེ་ལ་དགེ་སློང་མ་རྣམས་ཀྱིས་་་་་་ཁྱོད་སྡེ་ཞིང་གནས་སུ་འཇུག་པར་མ་བྱེད་ཅིག་ཅེས་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་ལས་བརྗོད་པ་གསུམ་པ་དེའི་མཐའ་ལ་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་གི་དོན་ནི་སྡེ་བ་དེ་ཞེས་སོ། །ད་ནི་དགེ་སློང་དང་ཐུན་མོང་བའི་བསྒོ་གྱུར་བཞི་འཆད་དེ། རྟེན་དགེ་སློང་མས་དགེ་འདུན་འབྱེད་པ་ལ་སོགས་པ་བཞི་ནི་ཡུལ་དགེ་སློང་མའི་སྐབས་ལས་བཞི་པོ་དེ་དག་རང་རང་གི་དགེ་འདུན་ལྷག་མར་འགྱུར་རོ།་་་་་དགེ་སློང་མའི་དགེ་འདུན་གྱི་དབྱེན་བྱེད་པ་དང་། དགེ་སློང་མའི་དགེ་འདུན་འབྱེད་པ་དེའི་རྗེས་སུ་ཕྱོགས་པ་དང་། དགེ་སློང་མ་ཁྱིམ་སུན་ཕྱུང་བ་དེས་རང་སྐྲོད་པར་བྱེད་པའི་དགེ་སློང་མ་རྣམས་ལ་སྐུར་པ་འདེབས་པ་དང་དགེ་སློང་མ་དག་ལ་དཀའ་བློ་མི་བདེ་བ་ཉིད་དུ་བྱེད་པ་དང་བཞི་སྟེ། དེ་དག་ལ་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་ན། དགེ་སློང་མ་ལ་དགེ་འདུན་ལྷག་མ་བཞི་པོ་དེ་དག་བསྐྱེད་དོ་ཞེས་པའོ། །དགེ་འདུན་ལྷག་མའི་སྡེའི་རྣམ་པར་བཤད་པ་རྫོགས་སོ།།    །།ད་ནི་ལྟུང་བྱེད་ཀྱི་སྡེ་འཆད་དེ། འདི་ལ་གཉིས་ཏེ། སྤང་བའི་ལྟུང་བ་དང་། ལྟུང་བྱེད་འབའ་ཞིག་པའོ། །དང་པོ་ནི་དགེ་སློང་མའི་སྤང་ལྟུང་སུམ་ཅུ་རྩ་གསུམ་སྟེ། དེའང་ཐུན་མོང་གི་སྤང་ལྟུང་བཅུ་དགུ་དང་ཐུན་མོང་མ་ཡིན་པའི་སྤང་ལྟུང་བཅུ་བཞིའོ། །དང་པོ་བཅུ་དགུ་ནི། བཅུ་པའོ་ཞེས་པ་ལ་སོགས་པས་བསྟན་ཏོ། །འདི་ལ་གཉིས་ཏེ། སྤྱིའི་དོན་དང་། སོ་སོའི་དོན་ཏོ། །དང་པོ་ལ་གཉིས་ཏེ། འཆང་བའི་སྤང་བ་ལ་སོགས་པ་བཅུ་དགུ་དགེ་སློང་མ་ལ་ཅིར་འགྱུར་དང་། སྲིན་བལ་གྱི་སྟན་བྱེད་པ་ལ་སོགས་པ་བཅུ་གཅིག་དགེ་སློང་མ་ལ་ཅིར་འགྱུར་རོ། །དང་པོ་ནི། འཆང་བའི་སྤང་བ་ལ་སོགས་པ་བཅུ་དགུའོ་ཞེས་གསུངས་ཏེ། དེ་ལྟར་སྤང་ལྟུང་བཅུ་དགུ་ནི་དགེ་སློང་ཕ་མའི་ཐུན་མོང་གི་སྤང་ལྟུང་སྟེ་ཆོས་གོས་འཆང་བ་ལ་སོགས་པ་བཅུ་གསུམ་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་དང་། ཞག་གཅིག་འབྲལ་བ་ལ་སོགས་པ་་་་་་འབྲལ་དང་ཟླ་འཇོག་ཁྲུར་འཇུག་ལེན། །ལྷུང་བཟེད་འཚོལ་དང་འཕྲོག་པའོ། །དྲུག་ནི་མིང་ཙམ་གྱི་ཐུན་མོང་ཡིན་ནོ། །དེ་དག་གི་རྒྱུ་མཚན་ནི་བཅས་པའི་དབང་གིས་སོ། །གཉིས་པ་སྲིན་བལ་གྱི་སྟན་བྱེད་པ་ལ་སོགས་པ་བཅུ་གཅིག་དགེ་སློང་མ་ལ་ཅིར་འགྱུར་ནི། འདི་ལ་རྣམ་གཞག་ལུགས་གཉིས་ཏེ། དགེ་སློང་མའི་སོ་སོ་ཐར་པ་དང་མདོ་རྩ་འགྲེལ་དབང་བཙན་དུ་བྱས་པ་དང་། ལུང་དགེ་སློང་མའི་རྣམ་འབྱེད་དང་ལུང་ཞུ་བ་དབང་བཙན་དུ་བྱས་པའོ། །རྣམ་པར་བཞག་པ་དང་པོ་ལྟར་ན། བཅུ་གཅིག་པོ་འདི་དག་ནི་ཐུན་མོང་མ་ཡིན་པ་སྟེ། མའི་སོ་སོ་ཐར་པའི་བསྡོམས་ལས། སྲིན་བལ་འབའ་ཞིག་ཆ་གཉིས་དང་། །དྲུག་དང་མཐོ་གང་ལམ་དང་ནི། །འཁྲུ་དང་འཆང་དང་བརྟད་དང་དགོན། །རས་ཆེན་དང་བཅུ་གཅིག་པོ་་་་་་མ་གཏོགས་ལྷག་མ་་་་་་སྤང་ལྟུང་བཅུ་དགུ་ནི་དགེ་སློང་མའི་སྤང་ལྟུང་། ཡིན། །ཞེས་གསུངས་ལ། མདོ་རྩ་བའི་རྒྱ་ཆེ་འགྲེལ་བ་ལས་ཀྱང་། སྲིན་བལ་གྱི་སྟན་དང་བལ་ནག་པོ་འབའ་ཞིག་གི་སྟན་དང་། ཆ་གཉིས་བསྲེ་བ་དང་ལོ་དྲུག་ཏུ་བཅང་བ་དང་། མཐོ་གང་དང་། བལ་ཐོགས་པ་དང་བལ་རྨེལ་དུ་འཇུག་པ་ཞེས་བྱ་བ་དག་དང་། བཅུ་པ་གསུམ་པ་ལས་ལྷུང་བཟེད་འཆང་བ་དང་བརྟད་པ་ལས་བྱུང་བ་དང་། ཞག་བདུན་ན་འབྲལ་བ་དང་དབྱར་གྱི་རས་ཆེན་གྱི་སྤང་བ་ཞེས་བྱ་བ་བཞི་པོ་དག་སྟེ། རྣམ་པ་བཅུ་གཅིག་པོ་དེ་དག་ནི་དགེ་སློང་མ་རྣམས་ལ་མེད་དོ་ཞེས་བཤད་ཅིང་། རང་གི་རྣམ་བཤད་ལས་ཀྱང་རྣམ་པ་བཅུ་གཅིག་པོ་དེ་དག་ནི་འདིར་སྤངས་པའི་ཞེས་བཤད་དོ། །དེ་རྣམས་ལས་ལྷུང་བཟེད་འཆང་བ་ནི་དགེ་སློང་ཕ་མ་གཉིས་ཀ་ལ་སྤང་ལྟུང་དུ་འགྱུར་ཡང་། དངོས་གཞིར་འགྱུར་བའི་དུས་ཐ་དད་པས་ཐུན་མོང་མ་ཡིན་པར་རྣམ་པར་བཞག་གོ །དགོན་པ་པའི་འབྲལ་བ་ནི་དགེ་སློང་མ་རྣམས་ལ་རྣམ་པར་མི་བཞག་སྟེ། དགེ་སློང་མ་རྣམས་ལ་དགོན་པ་བ་གཞི་མ་གནང་བས་དགོན་པ་བའི་འབྲལ་ལྟུང་གི་བཅས་པ་མེད་པའི་ཕྱིར་རོ། །དེས་ན་དགེ་སློང་མས་དགོན་པར་གནས་ཏེ་ཆོས་གོས་གྲོང་དུ་བཞག་པ་དང་འབྲལ་བར་བྱེད་ན་ཞག་གཅིག་འབྲལ་བའི་སྤང་ལྟུང་དུ་འགྱུར་རོ། །ལྷུང་བཟེད་འཆང་བ་དང་དགོན་པ་བའི་འབྲལ་བ་དེ་གཉིས་མ་གཏོགས་པ་སྲིན་བལ་གྱི་སྟན་བྱེད་པ་ནས། དགེ་སློང་མས་དགེ་སློང་ལ་བལ་རྨེལ་དུ་འཇུག་པའི་བར་བདུན་པོ་དག་དང་བརྟད་པ་ལས་བྱུང་བ་དང་རས་ཆེན་ལས་གྱུར་པ་སྟེ། དགུ་པོ་དེ་དག་ནི་དགེ་སློང་མ་རྣམས་ལ་ཉེས་བྱས་སུ་རྣམ་པར་བཞག་གོ །དེའང་ལུང་ཞུ་བ་ཆེ་ཤོས་ལས་སྲིན་བལ་གྱི་སྟན་བྱེད་པའི་སྐབས་ལས་དགེ་སློང་མ་རྣམས་ལ་ཉེས་བྱས་སོ་ཞེས་བཤད་དོ། །དེ་བཞིན་དུ་སྲིན་བལ་འབའ་ཞིག་ཆ་གཉིས་དང་། དྲུག་དང་མཐོང་གང་ལམ་དང་ནི། །འཁྲུ་བ་དང་ནི་ཞེས་པ་དང་། །རས་ཆེན་བཙལ་སྔ་བ་སྟེ། །བརྒྱད་པོ་དེ་རྣམས་ཀྱི་སྐབས་སུ་ལུང་ཞུ་བ་གཉིས་ཀ་ལ་དགེ་སློང་མ་རྣམས་ལ་ཉེས་བྱས་སོ་ཞེས་རེ་རེ་ལ་རེ་རེ་གསུངས་སོ། །རྣམ་པར་བཞག་པ་གཉིས་པ་ལྟར་ན་གཞན་རྣམས་སྔར་དང་འདྲ་ཞིང་། སྲིན་བལ་དང་བརྟད་བྱུང་གཉིས་སྔར་དང་མི་འདྲ་བ་ནི། ལུང་དགེ་སློང་མའི་རྣམ་འབྱེད་ལས་ཡང་དགེ་སློང་མ་གང་མོན་དར་གསར་པ་ལས་སྟན་བྱེད་ན་སྤང་བའི་ལྟུང་བྱེད་དོ། །མོན་དར་ཞེས་བྱ་བ་ནི་སྲིན་བལ་ལ་བྱའོ་ཞེས་གསུངས་ཤིང་། ལུང་ཞུ་བ་ཉུང་ཤོས་ལས། དགེ་སློང་གི་སྲིན་བལ་གྱི་སྟན་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ། དགེ་སློང་མས་སྲིན་བལ་གྱི་སྟན་བྱེད་ན་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བཤད་ཅིང་། ལུང་ཞུ་བའི་འགྲེལ་བ་ལས་ཁ་ཅིག་དགེ་སློང་མ་རྣམས་ལ་སྲིན་བལ་གྱི་སྤང་བར་མི་འདོད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། ཡང་དགེ་སློང་མ་གང་སྲིན་བལ་གྱི་སྟན་གསར་པ་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་དགེ་སློང་མའི་རྣམ་པར་འབྱེད་པ་དག་ལས་དེ་རྣམས་ལ་འདི་རྣམ་པར་བཞག་པའི་ཕྱིར་རོ་ཞེས་བཤད་དོ། །ལུང་དགེ་སློང་མའི་རྣམ་འབྱེད་ལས་དགེ་སློང་མས་སྟོན་ཟླ་ཐ་ཆུང་ཉར་ཞག་བཅུ་མ་ཚང་བ་ཚུན་ཆད་དུ་བརྟད་པ་ལས་བྱུང་བའི་གོས་རྙེད་ན་དགེ་སློང་མ་དེས་བླང་བར་བྱའོ། །བླངས་ནས་གོས་སྦྱིན་པའི་དུས་ཀྱིས་བར་དུ་བཅང་བར་བྱའོ། །དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཤད་ཅིང་། ལུང་ཞུ་བ་གཉིས་ཀ་ལས་དགེ་སློང་མས་བརྟད་པའི་གོས་དེ་གོས་འབུལ་བའི་དུས་ལས་འདས་པར་བཞག་ན་ཅིར་འགྱུར། སྤང་བར་འགྱུར་རོ་ཞེས་བཤད་དོ། །དེ་ལྟར་སྲིན་བལ་དང་བརྟད་པ་ལས་བྱུང་བའི་སྤང་ལྟུང་དེ་གཉིས་དགེ་སློང་མ་རྣམས་ལ་མེད་པར་བཤད་པ་དང་ཡོད་པར་བཤད་པ་་་་་་ལུགས་དེ་གཉིས་ནི་ལག་ལེན་དོག་མཐའ་གཟུང་སྟེ་ལུགས་ཕྱི་མ་ལྟར་གཟུང་ངོ་།་་་་་རྣམ་བཤད་རིགས་པ་ལས་བཀའ་སྡུད་པ་པོས་ཡང་དག་པར་བསྡུས་པའི་གཞིའི་གཞུང་ཉམས་པར་གསུངས་ལ། སྨན་བླའི་མདོ་ལས་དགེ་སློང་མ་གང་དག་བསླབ་པའི་གཞི་ལྔ་བརྒྱ་པོ་དག་འཛིན་པ་དང་། ཞེས་གསུངས་པ་དང་མདོ་རྩ་བའི་མཚན་གྱི་སྐབས་ཀྱི་འགྲེལ་ཆུང་ལས་དགེ་སློང་མའི་ཁྲིམས་ལྔ་བརྒྱ་བསྲུང་ངོ་ཞེས་གསུངས་པའི་གནད་ཀྱིས་ལུགས་ཕྱི་མ་ལྟར་བཤད་ན་ལེགས་སྙམ་མོ། །དེ་ལྟར་སྤྱི་དོན་བསྟན་ནས། གཉིས་པ་སོ་སོའི་དོན་ནི། བཅུ་པའོ་ཞེས་པ་ནས། གསོག་འཇོག་ལས་གྱུར་པའོ་ཞེས་པའི་བར་གྱིས་དགེ་སློང་ཕ་མའི་ཐུན་མོང་གི་སྤང་ལྟུང་བཅུ་དགུ་བསྟན་ཏོ། །དེའི་ནང་ནས་ཁྱད་པར་མི་འདྲ་བ་འཁྲུ་བ་ལ་སོགས་པ་ནི་དགེ་སློང་གིའོ་་་་་་དགེ་སློང་གི་དབང་བའི་གོས་དེ་འཁྲུ་བ་དང་འཚེད་པ་དང་འཆག་པ་ནི་དགེ་སློང་མ་ལ་སྤང་བར་འགྱུར་ཏེ་ཞེས་པ་འདི་ནི་དགེ་སློང་མའི་སོ་སོ་ཐར་པ་ལས་ཀྱང་དགེ་སློང་མ་གང་དགེ་སློང་ཉེ་དུ་མ་ཡིན་པའི་གོས་རྙིང་པ་འཁྲུའམ་འཚེད་དམ་འཆག་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པའི་རྗེས་སུ་འབྲངས་པའོ། །་་་་་དེ་ལྟར་ན་དགེ་སློང་མས་དགེ་སློང་གི་ཆོས་གོས་འཁྲུ་ན། དགེ་སློང་ཕ་མ་གཉིས་ཀ་ལ་སྤང་ལྟུང་བསྐྱེད་ཀྱང་། དགེ་སློང་མས་དགེ་སློང་གི་བལ་འཁྲུ་ན་དགེ་སློང་ཕ་ལ་སྤང་ལྟུང་དང་དགེ་སློང་མ་ལ་ཡང་ཉེས་བྱས་སོ། །ཞུ་འགྲེལ་ལས་ཁ་ཅིག་དགེ་སློང་གི་ཆོས་གོས་འཁྲུར་འཇུག་ན་དགེ་སློང་མ་རྣམས་ལ་སྤང་བར་འགྱུར་བར་འདོད་པ་དེ་ནི་རིགས་པ་མ་ཡིན་ཏེ། དགེ་སློང་གི་ཆོས་གོས་ཀྱིས་དགེ་སློང་མ་ལ་སྤང་བ་འབྱུང་བར་ནི་རིགས་པ་མ་ཡིན་ནོ། །གཞན་གྱི་ཡང་རང་གིར་མ་བྱས་པ་ཁོ་ནས་སྤངས་པའི་ཕྱིར་རོ་ཞེས་བཤད་ཀྱང་། མའི་སོ་སོ་ཐར་པ་དང་མདོ་རྩ་འགྲེལ་གཙོ་བོར་བཟུང་ངོ་། །གཞན་ཡང་ལུང་དགེ་སློང་མའི་རྣམ་འབྱེད་ཀྱི་ལྟུང་བྱེད་འབའ་ཞིག་པའི་སྐབས་ལས། ཡང་དགེ་སློང་མ་གང་ཉེ་དུ་མ་ཡིན་པའི་གོས་རྙིང་པ་འཁྲུའམ་ཁ་དོག་བསྒྱུར་རམ་འཆག་ན་ལྟུང་བྱེད་དོ་ཞེས་བཤད་པ་དེ་ཇི་ལྟར་དྲང་ཞེ་ན། དེ་ནི་ལྟུང་བྱེད་འབའ་ཞིག་པའི་སྐབས་ནས་བཤད་ཀྱང་སྤང་བའི་ལྟུང་བྱེད་དོ་ཞེས་དགོངས་པར་རིགས་སོ། །ལྷ་རྟེན་བཅང་བར་མི་བྱ་ཞེས་པ་ནི། སྦོམ་དགའ་མོས་བཅངས་པས་ལྷ་བོན་མོའི་འཚོ་བ་ལ་གནོད་ནས་འཕྱ་བ་ལས་སོ། །དགེ་སློང་མའི་སྤང་བའི་ལྟུང་བྱེད། འཆང་བའི་སྤང་བ་ལ་སོགས་པ་དགེ་སློང་དང་ཐུན་མོང་བ་བཅུ་དགུའོ་ཞེས་དངོས་སུ་སྨོས་པས། སྲིན་བལ་ལ་སོགས་པ་བཅུ་གཅིག་ཐུན་མོང་མ་ཡིན་པར་ཤུགས་ཀྱིས་བསྟན་ཏེ། དེའི་དོན་གོང་དུ་བཤད་ཟིན་ཏོ། །ད་ནི་དགེ་སློང་མའི་སྤང་ལྟུང་ཐུན་མོང་མ་ཡིན་པ་བཅུ་བཞི་འཆད་དེ། ལྷུང་བཟེད་ལྷག་པ་ཞེས་པ་ལ་སོགས་པས་བསྟན་ཏོ། །འདི་ལ་གཉིས་ཏེ། སྤྱི་དོན་དང་། སོ་སོའི་དོན་ཏོ། །དང་པོ་སྤྱི་དོན་དགེ་སློང་མའི་རྣམ་འབྱེད་ཀྱིས་བརྗོད་པ་རྣམས་དགེ་སློང་ཕ་ལ་ཅིར་འགྱུར་ནི། ལྷུང་བཟེད་བྱིན་གྱིས་མ་བརླབས་པར་ཞག་གཅིག་ལས་འདས་པར་འཆང་བ་དང་། ཆོས་གོས་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་མི་རློབ་པ་དང་། གོས་ལྕི་བ་དང་ཡང་བ་བསྟེན་པ་སྟེ། བཞི་ནི་དགེ་སློང་ལ་ཉེས་པ་མེད་དེ། དེ་རྣམས་ཀྱི་དབང་དུ་བྱ་བའི་དགག་བྱ་སྐྱེས་པ་ལ་མེད་པའི་ཕྱིར་རོ། །དེ་དག་མ་གཏོགས་པ་གཞན་བཅུ་གཅིག་ནི་དགེ་སློང་ལ་ཉེས་བྱས་སུ་འགྱུར་ཏེ། དེ་རྣམས་ཀྱི་དབང་དུ་བྱ་བའི་དགག་བྱ་སྐྱེས་པ་ལ་མ་རྫོགས་པ་ཡོད་པའི་ཕྱིར་རོ། །འོ་ན་འདིར་ཐུན་མོང་མ་ཡིན་པ་བཅུ་བཞི་ལ་ཕྱེ་བས་ཉེས་མེད་བཞི་དང་ཉེས་བྱས་སུ་འགྱུར་བ་བཅུ་གཅིག་འོང་བའི་རྒྱུ་མཚན་ཅི་ཞེ་ན། བྱིན་གྱིས་མི་རློབ་པའི་སྤང་བ་ལ་གཉིས་ཡོད་དེ། ཆོས་གོས་ཉི་མ་དང་པོ་ལ་བྱིན་གྱིས་མི་རློབ་པ་དང་། ཆོས་གོས་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་མི་རློབ་པའོ། །ཕྱི་མ་ནི་དགེ་སློང་ལ་ཉེས་པ་མེད་ལ། སྔ་མ་ནི་དགེ་སློང་ལ་ཉེས་བྱས་སུ་འགྱུར་བའི་ཕྱིར་རོ། །སྔགས་རྟེན་དུ་གྱུར་པའི་ཆོས་གོས་མེད་པའི་ཉེས་བྱས་ཏེ་་་་་་དེའང་བྱིན་གྱིས་བརླབས་པའི་ཆོས་གོས་མེད་པའི་ཉེས་བྱས་སོ། །་་་་་དེ་དག་བཞག་སྟེ་སྐྱ་རེངས་འཆར་བར་འདས་མི་བྱ་ཞེས་གསུངས་པ་ལས་འདས་པའི་ཉེས་བྱས་སོ། །གཉིས་པ་སོ་སོའི་དོན་ལ་བཅུ་བཞི་ལས། དང་པོ་ལྷུང་བཟེད་འཆང་བ་འདི་ལ་གསུམ་ལས། གླེང་གཞི་ནི་བཅུ་གཉིས་སྡེ་རྣམས་ལྷུང་བཟེད་རྙེད་པ་རྣམས་གསོག་པར་བྱེད་ཅིང་། བདག་ཉིད་ཀྱང་སྤྱད་པར་མི་བྱེད། གཞན་ལ་ཡང་སྦྱིན་པར་མི་བྱེད་པ་ལས་བཅས་སོ། །དགག་བྱ་ནི་སྣོད་སྤྱད་ལ་ཆགས་དེ་འཕེལ་བའོ། །གཞུང་གི་དོན་ནི་དགེ་སློང་མས་རང་དབང་བའི་ལྷུང་བཟེད་བྱིན་གྱིས་བརླབས་པ་ལས་ལྷག་པ་དེ་བྱིན་རླབས་གང་ཡང་མེད་པར་ཞག་གཅིག་ལས་འདས་པར་འཆང་བ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་བའོ། །་་་་་དགེ་སློང་གི་ལྷུང་བཟེད་འཆང་བ་ལ་ཞག་བཅུ་འདས་དགོས་ཀྱང་། དགེ་སློང་མའི་ལྷུང་བཟེད་འཆང་བ་ལ་ཞག་གཅིག་འདས་པས་ཆོག་པའི་རྒྱུ་མཚན། ཊཱི་ཀ་ལས་བུད་མེད་རྣམས་ནི་ཡོ་བྱད་ལས་ལྷག་པར་ཆགས་པ་ཤིན་ཏུ་དམ་པས་ན་ཞེས་སོ། །གཉིས་པ་བྱིན་གྱིས་མི་རློབ་པའི་སྤང་བ་ལ་གཉིས་ལས་ཆོས་གོས་ཉི་མ་དང་པོ་ལ་བྱིན་གྱིས་མི་རློབ་པ་འདི་ལ་གླེང་གཞི་ནི་འདུལ་བའི་ལུང་དང་བསྟན་བཅོས་་་་་་དགེ་སློང་མའི་སོ་ཐར་འགྲེལ་བ་ལ་སོགས་པ་གང་ནའང་མི་སྣང་ངོ་། །དགག་བྱ་ནི་དགེ་སློང་མའི་ཁྱད་པར་གྱི་ཆ་ལུགས་ཉམས་པར་འགྱུར་བའོ། །གཞུང་གི་དོན་ནི་དགེ་སློང་མས་བྱིན་གྱིས་བརླབ་ཏུ་རུང་བའི་ཆོས་གོས་ལྔ་ལས་གང་ཡང་རུང་བ་མེད་ཅིང་བྱིན་གྱིས་བརླབ་པར་འོས་པའི་ཆོས་གོས་དེ་གསར་དུ་རྙེད་ན་ནམ་རྙེད་པའི་ཉི་མ་དང་པོ་ལ་བྱིན་གྱིས་མ་བརླབས་ན་ཞག་གཅིག་གི་མཚན་མོ་མཐའི་སྐད་ཅིག་འདས་ཏེ་སྐྱ་རེངས་དང་པོ་ཤར་བ་ན་སྤང་བའི་ལྟུང་བྱེད་དོ། །འདི་ནི་བྱིན་གྱིས་བརླབ་པའི་ཆོས་གོས་མེད་པའི་སྤང་བ་སྟེ། དགེ་སློང་མའི་སྤང་ལྟུང་ཐུན་མོང་མ་ཡིན་པ་བཅུ་བཞིའི་ཁོངས་སུ་གཏོགས་སོ། །དགེ་སློང་མའི་ཆོས་གོས་འཆང་བ་ནི་གོས་བྱིན་གྱིས་མ་བརླབས་པར་ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་དང་ཐུན་མོང་གི་སྤང་ལྟུང་བཅུ་དགུའི་དང་པོ་ཡིན་ནོ། །་་་་་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་མི་རློབ་པ་འདི་ལ་གསུམ་ལས། གླེང་གཞི་ནི་མའི་རྣམ་འབྱེད་ཀྱི་སྐབས་གཞན་ལས་དང་། དགེ་སློང་མའི་སོ་སོ་ཐར་པའི་འགྲེལ་པ་ལས། བུད་མེད་ནི་བརྗེད་ངེས་པ་ཡིན་པས་དགེ་སློང་མ་རྣམས་ཀྱིས་ཆོས་གོས་བྱིན་གྱིས་བརླབས་པ་བརྗེད་ནས་ཆོས་གོས་གང་དག་བྱིན་གྱིས་བརླབས་པ་དང་མ་བརླབས་པ་མ་ཤེས་ཏེ། བྱིན་གྱིས་བརླབས་པའི་སྣམ་སྦྱར་གང་ཡིན། བླ་གོས་གང་ཡིན། མཐང་གོས་དང་རྡུལ་གཟན་གང་ཡིན་མི་ཤེས་པར་གྱུར་ནས། དགེ་སློང་མ་རྣམས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཆོས་གོས་རྣམས་བྱིན་གྱིས་རློབ་པར་གྱིས་ཤིག་ཅེས་བཀའ་སྩལ་པ་ན། སྦོམ་དགའ་མོས་ཟླ་བ་ཕྱེད་ཕྱེད་ཅིང་ཆོས་གོས་བྱིན་གྱིས་རློབ་པར་མི་བྱེད་པ་ལས་བཅས་སོ། །དགག་བྱ་ནི་གོས་ལ་ཆགས་པའི་ཉོན་མོངས་པ་འཕེལ་བའོ། །གཞུང་གི་དོན་ནི་དགེ་སློང་མས་རང་གི་ཆོས་གོས་ལྔ་ལས་གང་རུང་བ་སྔར་བྱིན་གྱིས་བརླབས་ཟིན་པ་དེ་ཡང་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་རླབས་བསྐྱར་དགོས་པ་ལས་བྱིན་གྱིས་མ་བརླབས་ན་ཞག་བཅུ་དྲུག་པའི་སྐྱ་རེངས་དང་པོ་ཤར་ན་སྤང་བའི་ལྟུང་བྱེད་དོ། །་་་་་ཊཱི་ཀ་ལས་ཞག་བཅོ་ལྔ་པ་དེ་ཉིད་ནི་ཟླ་བ་ཕྱེད་ལ་ཕྱི་མ་ཤོས་ཀྱི་ཉི་མ་དང་པོ་ཉིད་ཡིན་པར་རྣམ་པར་བཞག་སྟེ། དེ་ཕྱིན་ཆད་ཀྱང་ཚུལ་དེ་བཞིན་དུ་ཟླ་བ་ཕྱེད་ཅིང་བྱིན་གྱིས་བརླབ་པར་ཞེས་སོ། །དེ་ནི་ཊཱི་ཀ་ལས་གསོ་སྦྱོང་བཅོ་ལྔ་པའི་ཚེ་ན་གསོ་སྦྱོང་གི་དུས་སུ་ཆོས་གོས་བྱིན་གྱིས་བརླབས་པར་གསུངས་པ་དང་འགལ་ལོ། །ཟླ་བ་ཕྱེད་ཅིང་བྱིན་གྱིས་རློབ་པ་འདི་བྱིན་རླབས་བསྐྱར་བ་ཡིན་གྱི། སྔར་གྱི་བྱིན་རླབས་ཞིག་ནས་བྱིན་གྱིས་རློབ་པ་ནི་མ་ཡིན་ཏེ། ཊཱི་ཀ་ལས་མདུན་རོལ་ཏུ་བྱིན་གྱིས་བརླབས་པ་ལ་ནི་ཉེས་པ་མེད་པས་ཟླ་བ་ཕྱེད་ཕྱེད་ཀྱི་གསོ་སྦྱོང་གི་དུས་སུ་བྱིན་གྱིས་བརླབས་ན་ཕྱིན་ཆད་འཁྲུལ་བ་མེད་པར་འོང་ངོ་ཞེས་སོ། །སྲ་བརྐྱང་འབྱིན་པའི་སྤང་བ་འདི་ལ་གསུམ་ལས་གླེང་གཞི་ནི་སྤོམ་དགའ་མོས་སྲ་བརྐྱང་དུས་ཀྱི་སྔ་རོལ་ཏུ་ཕྱུང་བ་ལས་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་དགེ་འདུན་མ་ལ་གནོད་པའོ། །གཞུང་གི་དོན་ནི་དགེ་སློང་མས་སྲ་བརྐྱང་བཏིང་བ་ལ་མ་ཞིག་པ་དེ་དུས་ཀྱི་སྔ་རོལ་ཏུ་རྐྱེན་མེད་པར་གསོལ་བཞིའི་ལས་ཀྱིས་ཕྱུང་ན་སྤང་བའི་ལྟུང་བྱེད་དོ། །སྐབས་འདིར་ཊཱི་ཀ་ལས་སྲ་བརྐྱང་འབྱིན་པའི་དགེ་འདུན་མ་ཐམས་ཅད་ལ་སོ་སོར་སྤང་བའི་ལྟུང་བྱེད་རེ་རེར་འགྱུར་ཞེས་སོ། །དཔྱིད་ཟླ་ར་བའི་ཉ་ཞེས་པ་འདི་ནི་དབྱར་སྔ་མ་ཁས་བླངས་པའི་དབང་དུ་བྱས་པ་སྟེ། གལ་ཏེ་དགེ་འདུན་མ་ཐམས་ཅད་དབྱར་ཕྱི་མ་ཁས་བླངས་ཏེ་སྲ་བརྐྱང་བཏིང་ན་ནི་དཔྱིད་ཟླ་འབྲིང་པོའི་ཉའི་མདུན་རོལ་ཏུ་ཕྱུང་ན་སྤང་བའི་ལྟུང་བའོ། །ཟླ་བ་བཤོལ་བོར་བས་དགུན་ཟླ་འབྲིང་པོ་གཉིས་བྱུང་བ་ན་ནི། དགུན་ཟླ་ཐ་ཆུང་གི་ཉ་ལ་སྲ་བརྐྱང་དབྱུང་བར་རིགས་ཏེ། སྲ་བརྐྱང་གི་བྱིན་རླབས་འཆགས་པའི་དུས་ཀྱི་ཚད་ཟླ་བ་ལྔ་ཡིན་པའི་ཕྱིར་རོ། །དེའི་ཚེ་ན་དགུན་ཟླ་ཐ་ཆུང་གི་ཉའི་མདུན་རོལ་ཏུ་འབྱིན་ན་ལྟུང་བ་འདིར་འགྱུར་རོ། །སྲ་བརྐྱང་གི་རྙེད་པ་དེ་དགེ་འདུན་མ་རྣམས་སྤྱིར་དབང་བ་ན་སྤང་བར་བྱ་སྟེ། ཊཱི་ཀ་ལས་སྲ་བརྐྱང་གི་རྙེད་པ་དེ་ཡང་མ་བགོས་པའི་གནས་སྐབས་ཁོ་ན་སྤང་བར་བྱ་བ་ཉིད་ཡིན་གྱི་དགོས་པ་ལ་ནི་སྤང་བར་བྱ་བ་ཉིད་མེད་དེ། རྙེད་པའི་དངོས་པོ་གང་ཟག་གིར་གྱུར་པའི་ཕྱིར་ཏེ་ཞེས་སོ། །སྲ་བརྐྱང་མི་འབྱིན་པའི་སྤང་བ་འདི་ལ་གསུམ་ལས། གླེང་གཞི་ནི་སྦོམ་དགའ་མོས་ཁོ་མོ་སྡེ་སྣོད་གསུམ་པ་ཡིན་པས་སྲ་བརྐྱང་དབྱུང་བའི་དུས་ཤེས་སོ་ཞེས་ཟེར་ཞིང་སྲ་བརྐྱང་དབྱུང་བའི་དུས་སུ་མ་ཕྱུང་བ་ལས་བཅས་སོ། །དགག་བྱ་ནི་་་་་་ཚོགས་པ་མི་སྦྱིན་པས་རང་གི་དགེ་འདུན་མ་ལ་གནོད་པ་དང་སྲ་བརྐྱང་གི་བྱིན་རླབས་རང་ཞིག་ལ་བཏང་བས་སྲ་བརྐྱང་གི་གོས་ལ་མ་གུས་པའོ། །གཞུང་གི་དོན་ནི་སྲ་བརྐྱང་དུས་སུ་མི་འབྱིན་པ་ལ་སྟེ། དགེ་འདུན་མ་རྣམས་སྲ་བརྐྱང་དུས་སུ་འབྱིན་པར་འདོད་པ་ན་སྲ་བརྐྱང་བཏིང་བ་དང་ལྡན་པའི་དགེ་སློང་མས་སྲ་བརྐྱང་འབྱིན་པ་ལ་ཚོགས་པ་སྦྱིན་པར་མི་བྱེད་པ་དེ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འོ་ན་སྲ་བརྐྱང་དབྱུང་བའི་ཕྱིར་བག་ཡངས་སུ་བྱ་བའི་ཚོགས་པ་མི་སྦྱིན་པའི་ལྟུང་བྱེད་འབའ་ཞིག་པ་དང་འདིའི་ཁྱད་པར་ཅི་ཞེ་ན་་་་་་ཆོམ་རྐུན་་་་་་དགེ་སློང་མ་ཆོམ་རྐུན་པས་བཅོམ་པའི་དོན་ཉིད་དུ་ནི་ལྟུང་བ་མེད་དོ་ཞེས་ལུང་དགེ་སློང་མའི་རྣམ་འབྱེད་ལས་གསུངས་སོ། །བྱེ་བྲག་བཤད་མཚོ་ལས་ཤེས་པར་བྱའོ་ཞེས་རང་གི་རྣམ་བཤད་ཀྱི་ཁུངས་སུ་དྲངས་སོ། །དེས་ན་ལུང་དང་བྱེ་བྲག་བཤད་མཚོ་གཉིས་ཀ་ལས་གསུངས་པས་སོ། །པས་བཅོམ་པ་ལ་སོགས་པའི་རྐྱེན་དབང་གིས་དུས་ཀྱི་སྔ་རོལ་ཏུ་སྲ་བརྐྱང་དབྱུང་བ་ལ་ཚོགས་པ་མི་སྦྱིན་པ་ལ་ནི་ལྟུང་བྱེད་འབའ་ཞིག་པ་སྟེ་དེ་ལྟར་ཊཱི་ཀ་ལས་བཤད་དོ། །རིན་པོ་ཆེ་སློང་བའི་སྤང་བ་འདི་ལ་གསུམ་ལས། གླེང་གཞི་ནི་སྦོམ་དགའ་མོས་གསེར་མགར་གྱི་ཆུང་མ་ལ་གསེར་གྱི་རྣ་གདུབ་བླངས་པ་ན། དེ་ཅང་མི་སྨྲ་བར་འདུག་པ་དང་། སྦོམ་དགའ་མོས་རྣ་གདུབ་དེ་ཁྱེར་ཏེ་སོང་བ་ན། གསེར་མགར་གྱིས་དེར་རྒྱུགས་ཏེ་མགོ་རེག་མ། ངན་པ་མོ་ཞེས་སྨྲས་ནས། དེས་དེ་ལ་ཁུ་ཚུར་གྱིས་བསྣུན་ནས། ཁ་ནས་ཁྲག་བྱུང་བྱུང་དུ་བརྡེགས་ཏེ། མིག་ཕུགས་སྐྲངས་པར་གྱུར་པ་ལས་བཅས་སོ། །དགག་བྱ་ནི་དངོས་པོ་ཁྱད་པར་ཅན་ལ་ཆགས་པ་དང་གཞན་གྱི་ལོངས་སྤྱོད་ལ་གནོད་པའོ། །གཞུང་གི་དོན་ནི་དགེ་སློང་མས་ཁྱིམ་པ་ལ་དབྱིག་དང་གསེར་ལ་སོགས་པ་རིན་པོ་ཆེ་རང་དོན་དུ་ངག་གི་རིག་བྱེད་ཀྱིས་སློང་བ་ལ་ཐོབ་ཅིང་ཐོབ་བློ་སྐྱེས་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བའོ། །སོ་སོ་ཐར་པ་ལས་བདག་གི་ཕྱིར་མངོན་མཚན་ཅན་སློང་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་མོད་ཀྱི། དེའི་རྣམ་པར་འབྱེད་པ་ལས་མངོན་མཚན་ཅན་ཞེས་བྱ་བ་ནི་དབྱིག་གམ་གསེར་རོ་ཞེས་གསུངས་སོ། །ཊཱི་ཀ་ལས་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་མཚོན་་་་་་དབྱིག་དང་གསེར་དག་ཐམས་ཅད་ཀྱང་མུ་ཏིག་ལ་སོགས་པའི་རིན་པོ་ཆེ་གཞན་ཐམས་ཅད་ཀྱང་མཚོན་པའི་དོན་དུ་བྱེ་བྲག་མེད་པའི་ཕྱིར་རོ་ཞེས་སོ། །གོས་ཟ་བའི་སྤང་བ་འདི་ལ་གསུམ་ལས། གླེང་གཞི་ནི་སྦོམ་དགའ་མོས་ཆོས་གོས་ལྔ་རྙིངས་ཤིང་། བུད་མེད་རྣམས་ལ་ཆོས་སྟོན་པ་ན། དེ་དག་གི་སྐུད་པ་དག་བསྟན་ནས་འཕགས་མའི་ཆེད་དུ་འདི་རྣམས་གོས་འཐག་ཏུ་བཅུག་ནས་འབུལ་ལོ་ཞེས་ཟེར་བ་ནི། ཁྱེད་ཀྱིས་དགེ་སློང་མའི་གོས་ཇི་ལྟར་བྱ་བ་མི་ཤེས་པས། ཁོ་མོ་རང་གིས་བཏག་གོ་ཞེས་སྐུད་པ་དེ་རྣམས་ཁྱེར་ནས། ཀརྴ་པ་ནར་བཅོངས་ཏེ། དེ་དག་གིས་ཁ་ཟས་ཉོས་ནས། གཡོས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་ནས། ཁོ་མོ་སྡེ་སྣོད་གསུམ་པ་བ་ཡིན་པས་ཁ་ཟས་ངན་པས་འཚོ་བར་མི་ནུས་ཞེས་སྨྲས་པ་དང་། དགེ་སློང་མ་རྣམས་ཀྱིས་འཕྱ་བར་བྱེད་པ་ལས་བཅས་སོ། །དགག་བྱ་ནི་ཟས་ལ་ཆགས་པ་དང་གཞན་དག་མ་དད་པའོ། །གཞུང་གི་དོན་ནི་དགེ་སློང་མས་ཟས་ལས་གཞན་གླེགས་བམ་འདྲི་བ་ལ་སོགས་པ་རྣམས་ཀྱི་ཆེད་དུ་རྙེད་པའི་གོས་དེ་ཟས་སུ་བསྒྱུར་བར་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་བའོ། །དེའང་བཞག་པ་ལས་སྤང་བར་འགྱུར་བ་སྟེ། ཟོས་ཟིན་པ་ཉིད་ནི་སྤང་དུ་མེད་པའི་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་དེ་ལྟར་ཊཱི་ཀའི་སྐབས་གཞན་ལས་བཤད་དོ། །གོས་རྒྱུ་ལ་སོགས་པ་ཟ་བའི་སྤང་བ་འདི་ལ་གསུམ་ལས། གོས་རྒྱུ་ཟ་བའི་གླེང་གཞི་ནི་སྦོམ་དགའ་མོས་ཆོས་གོས་ལྔ་རྙིངས་ཤིང་བཙུན་མོ་ཕྲེང་ལྡན་མར་ཆོས་སྟོན་པ་ན། འཕགས་མ་ཁྱོད་ཀྱི་ཆོས་གོས་རྣམས་རྙིངས་སོ་ཞེས་ཟེར་བ་ལས། དེས་སྨྲས་པ། ཅི་བདག་ལ་རྒྱལ་པོ་གསུམ་པོ་ཆེ་ཁད་བགྱིད་དམ། འོན་ཏེ་དཔྱ་བསྡུ་བའི་ཡུལ་ཀོ་ས་ལ་བདོག་གམ་ཅི། བུད་མེད་ནི་རྙེད་པ་ཆུང་བ་ལགས་སོ། །དེ་ནས་བཙུན་མོས་ཆོས་གོས་ལྔའི་རྒྱུར་རས་ཡུག་ཆེན་དག་བྱིན་ནོ། །དེས་བླངས་ཏེ་འཚོང་པ་ལ་བཙོངས་ནས་ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་པ་ལས། དོན་ཉུང་བའི་དགེ་སློང་མ་རྣམས་ཀྱིས་སྨོད་པར་བྱེད་པ་ལས་གོས་ཀྱི་རྒྱུ་ཟ་བའི་སྤང་བར་བཅས་སོ། །མལ་ཆའི་རྒྱུ་ཟ་བའི་གླེང་གཞི་ནི། དབྱར་ཁང་གི་གནས་མལ་ཁྲི་དང་ཁྲིའུ་ལ་སོགས་པ་གྲུགས་ཤིང་ཆག་པ་ན། སྦོམ་དགའ་མོ་ལ་ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་མལ་ཆ་བཅོས་པའི་ཕྱིར་ཀར་ཤ་པ་ན་མང་པོ་བྱིན་པ་ན། དེ་དག་བཙོངས་ནས་ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་པ་ལས་མལ་ཆའི་རྒྱུ་ཟ་བའི་སྤང་བར་བཅས་སོ། །དབྱར་ཁང་གི་རྒྱུ་ཟ་བའི་གླེང་གཞི་ནི། ཚེས་བརྒྱད་དང་བཅོ་ལྔ་ལ་ཁྱིམ་བདག་གི་ཆུང་མ་མང་པོས་ཆོས་མཉན་པའི་ཕྱིར་དབྱར་ཁང་དུ་འོངས་པ་ན། ཆར་བབ་པས་དབྱར་ཁང་ཐམས་ཅད་ཐིགས་པ་འཛག་པར་གྱུར་ཏོ། །དེ་ནས་ཆུང་མ་དེ་རྣམས་ཀྱིས་སྦོམ་དགའ་མོ་ལ། དབྱར་ཁང་བཅོས་པའི་ཕྱིར་ཀརྵ་པ་ན་མང་པོ་བྱིན་པ་དེ་དག་བཙོངས་ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་པ་ལས་དབྱར་ཁང་གི་རྒྱུ་ཟ་བའི་སྤང་བར་བཅས་སོ། །དགག་བྱ་ནི་ཟས་ལ་ཆགས་པ་འཕེལ་བའོ། །གཞུང་གི་དོན་ནི་དགེ་སློང་མས་གོས་དང་མལ་ཆ་དང་དབྱར་ཁང་གི་ཆེད་དུ་རྙེད་པའི་དངོས་པོ་གོས་ལས་གཞན་པ་གང་ཡང་རུང་བ་དེ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ་ལ་སྤང་བའི་ལྟུང་བྱེད་འདི་གསུམ་དུ་འགྱུར་རོ། །གང་ཡང་རུང་བའོ་ཞེས་པ་ནི། ལུང་རྣམ་འབྱེད་ལས་གསེར་དང་དངུལ་ལམ་གཞན་ཅི་ཡང་རུང་བའོ་ཞེས་གསུངས་སོ། །དེའང་གོས་ལས་གཞན་པ་སྟེ་གོས་ཡིན་ན་གོས་ཟ་བའི་སྤང་བར་འགྱུར་བའོ། །སྐྱེ་བོ་མང་པོ་ལ་བསྔོས་པ་དང་། དགེ་འདུན་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྤང་བ་འདི་ལ་གསུམ་ལས། གླེང་གཞི་ནི་ལྗོངས་གཞན་ནས་དགེ་སློང་མ་རབ་ཏུ་མང་པོ་མཉན་ཡོད་དུ་གློ་བུར་དུ་ལྷགས་པ་དང་། དགེ་སློང་མ་རབ་ཏུ་མང་པོ་དེ་དག་གི་ཕྱིར་ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་རྙེད་པ་མང་དུ་གཏད་ནས། གདུགས་ཚོད་མཛོད་ཅིག་ཅེས་སྨྲས་པ་ན། སྦོམ་དགའ་མོས་སྨྲས་པ། འདི་འདྲ་ཉུང་གི་ཡང་དང་ཡང་དུ་སྣོན་ཅིག དེ་དག་གིས་ཡང་དང་ཡང་དུ་བྱིན་ནས་ཀྱང་ད་ནི་གདུགས་ཚོད་བགྱི་བའི་དུས་ལ་བབ་བོ་ཞེས་་་་་་བུད་མེད་དེ་དག་གིས་བསྐུལ་ཡང་། ད་དུང་ཟན་བྱ་བའི་དུས་ལ་མ་བབ་བོ་ཞེས་་་་་་སྦོམ་དགའ་མོས་ཟེར་རོ། །དེ་ནས་དགེ་སློང་མ་དེ་རྣམས་ཡུལ་ལྗོངས་གཞན་དུ་སོང་བའི་ཚེ། རྙེད་པ་དེ་ལས་སྦོམ་དགའ་མོས་ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་པ་ལས་སྐྱེ་བོ་མང་པོ་ལ་བསྔོས་པ་བྱིན་གྱིས་བརླབ་པའི་སྤང་བར་བཅས་ཤིང་། སྦོམ་དགའ་མོས་དགེ་འདུན་མའི་ཕྱིར་ཟས་དག་སྐུལ་བར་བྱེད་པ་ན། ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་དགེ་འདུན་མའི་ཟས་ཀྱི་རྙེད་པ་ཕུལ་བ་ལ། འདི་འདྲ་ཉུང་ངོ་ཞེས་ཡང་དང་ཡང་དུ་བསླངས་ནས། སྦོམ་དགའ་མོ་གཅིག་པུས་ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་པ་ལས་དགེ་འདུན་ལ་བསྔོས་པ་བྱིན་གྱིས་བརླབ་པའི་སྤང་བར་བཅས་སོ། །དགག་བྱ་ནི། བྱ་བ་སོ་སོ་དང་འབྲེལ་ནས་རང་རིགས་དགེ་འདུན་མའི་འཚོ་བ་ལ་གནོད་པའོ། །གཞུང་གི་དོན་ལ་སྐབས་འདིར་ཁ་ཅིག་་་་་་ཚར་རོང་བ་ན་རེ་གོས་ལས་ཀྱང་ལྟུང་བ་འདིར་འགྱུར་ཞེས་ཟེར་རོ། །དེ་ནི་མའི་སོ་སོ་ཐར་པའི་འགྲེལ་བ་ལས། དགེ་འདུན་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྐབས་སུ། རྙེད་པ་ནི་རྣམ་པ་གཉིས་ཏེ་སྐབས་འདིར་ནི་་་་་་ཟས་དང་གོས་གཉིས་ཀ་ལས་བྱའོ་ཞེས་བཤད་པ་ལ་བསྟེན་པར་འོང་ངོ་། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号