ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་ཊཱིཀ་ཉི་མའི་འོད་ཟེར་ལེགས་བཤད་ལུང་རིགས་ཀྱི་རྒྱ་མཚོ་ལས་དགེ་སློང་མའི་རྣམ་འབྱེད་ཞུ་བ་སྤྱིར་བསྟ
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 དེ་ནས་སྦོམ་དགའ་མོས་གོས་དེ་དག་ཐམས་ཅད་བདག་གིར་བྱས་ཏེ། དགེ་སློང་མ་གཞན་གྱིས་བསླངས་པ་ན་དེས་མ་སྟེར་བ་ལས་སོ། །དགག་བྱ་ནི་དགེ་སློང་མའི་ལོངས་སྤྱོད་ལ་གནོད་པའོ། །གཞུང་གི་དོན་ནི་དགེ་སློང་མ་གང་གིས་་་་་་ཊཱི་ཀ་ལས་གཅིག་གམ་གཉིས་སམ་གསུམ་གྱི་ལ་ནི་ཉེས་བྱས་སོ་ཞེས་གསུངས་པས་འདིར་ནི་དགེ་སློང་མའི་་་་་་བཞིར་ལོངས་པ་ཚོགས་དགེ་སློང་མའི་དགེ་འདུན་རྣམས་ཀྱིས་གོས་དེ་བདག་ཉིད་དབང་ངོ་སྙམ་དུ་ངེས་པའི་རྟོག་པའི་དབང་གིས་རང་འབའ་ཞིག་གིས་བདག་གིར་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །འདི་ནི་འོད་ལྡན་ལས་བདག་གིས་་་་་་རྫས་འདི་རྙེད་དོ་སྙམ་དུ་ངེས་པའི་རྟོག་པའི་དབང་གིས་བདག་གིར་བྱས་ཀྱང་་་་་་མ་བྱིན་ལེན་གྱི་ཕམ་པར་རྣམ་པར་མི་བཞག་གོ་ཞེས་གསུངས་སོ། །ཟས་འཚོང་བའི་གླེང་གཞི་ནི་སྦོམ་དགའ་མོས་བསོད་སྙོམས་མང་དུ་རྙེད་པ་དང་། ཟས་བསོད་པ་རྣམས་ནི་རང་གིས་ཟོས་ཤིང་། འབྲས་ཆན་ལ་སོགས་པ་རྣམས་ནི་གཞན་ལ་བཙོངས་པ་ལས་སོ། །དགག་བྱ་ནི་མ་རབས་ཀྱི་སྤྱོད་པ་དང་ལྡན་པས་མ་དད་པ་སྐྱེ་བའོ། །གཞུང་གི་དོན་ནི་དགེ་སློང་མས་ཕྱེ་དང་འབྲས་ཆན་དང་མར་དང་སྣུམ་འཁུར་ལ་སོགས་པ་་་་་་ཅི་ཙམ་ཡང་རུང་སྟེ་ཟས་འཚོང་བ་བྱས་པ་ལ་ལྟུང་བྱེད་དུ་འགྱུར་རོ། །དེའང་ལུང་རྣམ་འབྱེད་ལས་རིན་རང་གིར་མ་བྱས་པ་དེ་སྲིད་དུ་ཉེས་བྱས་སོ། །རིན་རང་གིར་བྱས་ན་ལྟུང་བྱེད་དོ་ཞེས་སོ། །་་་་་ཟས་དེ་ཡང་འཇིག་རྟེན་ལ་གྲགས་པའི་ཟས་འཚོང་བ་ལས་ཡིན་གྱི་མངོན་པ་ནས་བཤད་པའི་རེག་པའི་ཟས་དང་སེམས་པའི་ཟས་ལ་སོགས་པ་ནི་མ་ཡིན་ནོ། །ཟས་འཚོང་བ་དེ་ཡང་སྐྱེད་ཀྱི་ཕྱིར་འཚོང་ན་སྐྱེད་ཕྱིན་ན་ཉོ་ཚོང་གི་སྤང་བར་ཡང་འགྱུར་ཏེ་ཊཱི་ཀ་ལས་བཤད་དོ། །དེ་ལྟར་སྐབས་སུ་བཤད་པའི་ལྟུང་བྱེད་གཉིས་ཞར་བྱུང་དུ་བསྟན་ཟིན་་་་་་ཞེས་རང་འགྲེལ་དང་ཊཱི་ཀ་ལས་བཤད་ནས་ད་ནི་ཁྱིམ་པ་མོའི་བཟོ་སྟོན་པའི་ལྟུང་བྱེད་གཉིས་པ་སྟོན་ཏེ། ཁྱིམ་གྱི་བྱ་བ་བྱས་པ་འདིའི་གླེང་གཞི་ནི་སྦོམ་དགའ་མོས་ཁྱིམ་བདག་གི་ཆུང་མ་ལ་བསོད་སྙོམས་བསླངས་པ་ན། འཕགས་མ་བདག་གི་ཁྱིམ་གྱི་གོ་རེ་ལོང་མཛོད་ཅིག་ཅེས་ཟེར་བ་དང་སྦོམ་དགའ་མོས་ཁྱིམ་ཐམས་ཅད་ཆག་ཆག་ལེགས་པར་བཏབ། ཕྱག་བདར་ལེགས་པར་བྱས་ནས་མལ་བཅས། སྣོད་སྤྱད་རྣམས་བྱི་དོར་བྱས་ནས་བཞག་སྟེ་ཁྱིམ་དེ་ཐམས་ཅད་ཤིན་ཏུ་མཛེས་པར་བྱས་པ་ལ། དོན་ཉུང་་་་་་བྱ་བ་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་དོན་དང་བྱ་བ་མང་ཞིང་་་་་་མི་འོས་པའི་བྱ་བ་བྱས་པས་མ་དད་པ་སྐྱེ་བའོ། །གཞུང་གི་དོན་ནི་ཁྱིམ་གྱི་བྱ་བ་ཡང་བྱས་པ་ལའོ་ཞེས་སྔ་མར་སྦྱར་ཏེ། དགེ་སློང་མས་ཁྱིམ་པ་མོས་བྱ་བར་འོས་པའི་་་་་་ཁྱིམ་དུ་ཆག་ཆག་དང་ཕྱག་བདར་དང་འབྲས་དྲུ་བ་ལ་སོགས་པ་འཕྲལ་གྱི་བྱ་བ་རྣམས་བྱས་ན་ལྟུང་བྱེད་དུ་འགྱུར་རོ། །སྐབས་སུ་བསླབ་བྱའི་ཉེས་བྱས་གཉིས་བསྟན་པ་ནི། ཆང་གི་ལས་མི་བྱ་བ་དང་། ཆང་ཁང་བྱེད་དུ་མི་གཞུག་པ་སྟེ། འདི་གཉིས་ནི་དགེ་སློང་ལ་ཡང་བསླབ་བྱའི་ཉེས་བྱས་སུ་ཤེས་པར་བྱའོ། །ཁྱིམ་པ་མོའི་བཟོ་སྟོན་པའི་ལྟུང་བྱེད་གསུམ་པ་རྗེན་པ་འཚོད་པའི་གླེང་གཞི་ནི་སྦོམ་དགའ་མོས་ཁྱིམ་བདག་གི་ཆུང་མ་ལ་བསོད་སྙོམས་བླངས་པ་ན། འཕགས་མ་བཅའ་བ་འདི་ཆོས་ལ་བདག་ལ་བྱིན་ཅིག་ཅེས་ཟེར་བ་དང་། སྦོམ་དགའ་མོས་དོག་ལེ་བཀྲུས་བཤལ་སྲེགས་ཏེ་མར་ཁུས་བཀང་ནས། ཀུན་ཏུ་གཡོས་པ་དང་ལེགས་པར་གཡོས་པ་སྣ་ཚོགས་པ་བྱས་ཏེ། གྲོང་བརྡལ་དེའི་ཕྱེད་དྲི་ཡིས་ཁྱབ་པར་བྱས་པ་ན། གཡོས་མཁན་གྱིས་འཚོ་བ་བཅད་དོ་ཞེས་འཕྱ་བར་བྱེད་པ་ལས་སོ། །དགག་བྱ་ནི་དོན་དང་བྱ་བ་མང་བའོ། །གཞུང་གི་དོན་ནི་དགེ་སློང་མས་དངོས་པོ་རྗེན་་་་་་པར་རང་ངམ་རང་དང་འདྲ་བ་ལོངས་སྤྱོད་པའི་ཆེད་མེ་དང་འབྲེལ་བས་འཚོད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ལྟོ་འདུན་ནི་་་་་་ཟས་ལ་གདུང་བ་དང་བརྐམ་ཆགས་ཆེ་བའོ་ཞེས་ཊཱི་ཀ་ལས་སོ། །ལས་གྱུར་པའི་གླེང་གཞི་ནི་སྦོམ་དགའ་མོས་ནངས་པར་སྔར་ལངས་ཏེ་བསོད་སྙོམས་བླངས་ནས་ཟ་བར་བྱེད་ཅིང་། ཟ་འཕྲོ་ལ་ལངས་ནས་འཆག་པར་བྱེད། བཅགས་ནས་ཡང་ཟ་བར་བྱེད། ཡང་འཆག་པར་བྱེད་ཅིང་ཡང་ཟ་བར་བྱེད་དེ། དྲོ་ཁའི་བར་དུ་ཟས་མ་སྤངས་པར་དེ་ལྟར་བྱེད་པ་ལས་བཅས་པ་ཡིན་ཞེས་ཊཱི་ཀ་ལས་བཤད་དོ། །གླེང་གཞི་འདི་ནི་དེང་སང་ལུང་ན་མི་སྣང་ངོ་། །དགག་བྱ་ནི་བརྩམ་ལྡང་གི་རྒྱུར་འགྱུར་བ་དང་ལྟོ་འདུན་ཆེས་པའོ། །གཞུང་གི་དོན་ནི་དགེ་སློང་མས་ཟས་ཟོས་ནས་དེའི་འཕྲོ་ལ་སྟན་ལས་ལངས་ཏེ་ཡང་ཟ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །འོ་ན་སྤངས་ཟ་དང་འདི་ལ་ཁྱད་པར་ཅི་ཡོད་སྙམ་ན། སྤངས་ཟ་ལ་ནི་ཟས་སྤངས་པ་དང་ལྷག་པོར་མ་བྱས་པ་ཡན་ལག་ཏུ་དགོས་ལ། འདི་ལ་ནི་དེ་གཉིས་ཡན་ལག་ཏུ་མི་དགོས་ཏེ། འདི་ནི་ཟས་གཅིག་ཁོ་ན་ལ་ཟས་མ་སྤངས་པར་ཟ་འཕྲོ་ལ་ལངས་ཏེ་སླར་ཡང་ཟ་བའོ། །ཊཱི་ཀ་ལས་དེ་་་་་་ཟས་གཅིག་གི་ཟ་འཕྲོ་ལ་ལངས་ཏེ་སླར་ཡང་ཟ་བ་ཉིད་ལ་སྤངས་ཤིང་ལྷག་པོར་མ་བྱས་པར་ཟ་ན་ནི་་་་་་འདི་དང་སྤངས་ཟའི་ལྟུང་བ་གཉིས་ཀ་ཡང་དུས་གཅིག་ཏུ་འབྱུང་ངོ་ཞེས་བཤད་དོ། །ཚོགས་པར་མི་དབྱུང་བའི་དྲི་བསྟེན་པའི་གླེང་གཞི་ནི་མི་ཞིག་ལ་སྒོག་སྐྱའི་ལྡུམ་ར་ཡོད་པ་ལས་སྦོམ་དགའ་མོས་སྒོག་སྐྱ་འབྱིན་པར་བྱེད་པ་དང་། ཁྱིམ་བདག་དེས་དེ་ལ་བརྡེགས་ཏེ། མིག་ཕུགས་སྐྲངས་ཤིང་དབྱར་ཁང་དུ་འོངས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་བཅས་སོ། །དགག་བྱ་ནི་ཚོགས་པར་དབྱུང་བར་མི་འོས་པས་མ་དད་པར་འགྱུར་བའོ། །གཞུང་གི་དོན་ནི་དགེ་སློང་མ་སྒོག་སྐྱ་ཟ་བ་ལའོ་ཞེས་སྔ་མར་སྦྱར་ཏེ་ལྟུང་བྱེད་དུ་་་་་་ཊཱི་ཀ་ལས་སྒོག་སྐྱ་ཇི་ཙམ་ཟོས་ཀྱང་རུང་སྟེ་ལྟུང་བྱེད་དུ་འགྱུར་རོ། །ཀུན་དོང་ཀིའུ་དག་ཟ་བ་ལ་ནི་ཉེས་བྱས་སོ་ཞེས་སོ། །འགྱུར་རོ། །གསུ་འཕེལ་བ་ལས་གྱུར་པ་ལ་གསུམ་ལས། དང་པོ་སྨེ་གབ་མེ་འཆང་བའི་གླེང་གཞི་ནི། དགེ་སློང་མ་རྣམས་ཟླ་བ་ངོ་རེ་ཞིང་ཟླ་མཚན་འཛག་པར་གྱུར་ནས། སྨེ་གབ་བཅང་བར་བྱའོ་ཞེས་གསུངས་ཀྱང་། སྦོམ་དགའ་མོ་སྨེ་གབ་མི་འཆང་བས། དེ་བྱིན་པ་ལ་ཁྲག་འཛག་ཅིང་སོང་བ་མཐོང་ནས། ཁྲག་འདི་ཅི་ལགས་ཞེས་དྲིས་པ་དང་། མ་ལ་དྲིས་ཤིག་སྲིང་མོ་ལ་དྲིས་ཤིག་ཅེས་ཟེར་བ་ལས་སོ། །དགག་བྱ་ནི་ངོ་ཚ་འཕེལ་བར་འགྱུར་དང་། མ་དད་པར་འགྱུར་བའོ། །གཞུང་གི་དོན་ནི་དགེ་སློང་མས་ཟླ་བ་རེ་རེ་ཞིང་ཟླ་མཚན་འཛག་པའི་དུས་སུ་མངལ་གྱི་སྒོར་སྨེ་གབ་མི་འཆང་བ་་་་་་སྟེ་གོས་ང་ནི་མ་བཟློག་པ་ལ་ལྟུང་བྱེད་དུ་འགྱུར་་་་་་སྨེ་གབ་དེ་ཐ་གུས་སྐེད་པ་ལ་བཏགས་ཏེ་མངལ་གྱི་སྒོར་བཞག་པར་བྱའོ། །སྨེ་གབ་འཆང་བ་འདི་ནི་ཤམ་ཐབས་ལ་སོགས་པའི་གོས་ཁྲག་གིས་མ་རུང་བར་གྱུར་པ་སྤང་བའི་ཕྱིར་ཊཱི་ཀ་ལས་བཤད་དོ། །རོ། །གཉིས་པ་ཆུ་གོས་མི་འཆང་བའི་གླེང་གཞི་ནི་བཅུ་གཉིས་སྡེ་དག་སྒྲེན་མོར་བྱུང་ནས་ཆུ་ཀླུང་དུ་ཁྲུས་བྱེད་པ་ན། སྦོམ་དགའ་མོས་ཁོ་མོའི་སྤུའི་ཚོམས་ཤིན་ཏུ་གནག་ཅིང་ལེགས་པར་འཁྱིལ་བ་ལ་ལྟོས་ཞེས་སྟོན་པར་བྱེད་པ་ལས། དགེ་སློང་མས་ཁྲུས་རས་བཅངས་པར་བྱའོ་ཞེས་གསུངས་སོ། །དེའི་ཚེ་ན་སྦོམ་དགའ་མོས་ཁྲུས་རས་བཅང་བར་མི་བྱེད་པ་ལས་སོ། །དགག་བྱ་ནི་མ་དད་པ་སྐྱེ་བའོ། །གཞུང་གི་དོན་ནི་ཊཱི་ཀ་ལས་ཁྲུས་དང་ཆར་ཆུ་ལ་སོགས་པས་ལུས་གཤེར་བར་གྱུར་པའི་ཚེ་ན་ཆུ་གོས་མི་འཆང་བ་ལའོ་ཞེས་སྔ་མར་སྦྱར་ཏེ། དེའི་ཚེ་ན་དགེ་སློང་མས་ཆུ་གོས་མི་འཆང་མི་གྱོན་ན་ལྟུང་བྱེད་དུ་འགྱུར་རོ། །དེ་ཡང་ཊཱི་ཀ་ལས་འདོམས་ཀྱི་སྤུ་མན་ཆད་ནས་པུས་མོའི་ལྷ་ང་ཡན་ཆད་ཀྱི་ཕྱོགས་མི་འགེངས་པ་ལ་དངོས་གཞིའོ། །གཉའ་བ་མན་ཆད་དང་ལོང་བུ་ཡན་ཆད་ཀྱི་ལུས་ཀྱི་ཕྱོགས་གཞན་མི་འགེབས་པ་ལ་ནི་ཉེས་བྱས་སོ་ཞེས་སོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས་འདི་ནི་རོ་སྟོད་མ་གཡོགས་པའི་ཁ་ན་མ་ཐོ་བ་ཉིད་དུ་ཤེས་པར་བྱ་སྟེ་ཞེས་པ་ནི་རོ་སྟོད་གཉའ་བ་མན་ཆད་མ་གཡོགས་པའི་ཁ་ན་མ་ཐོ་བ་ཉེས་བྱས་ཉིད་དུ་ཤེས་པར་བྱ་སྟེའོ། །ཊཱི་ཀ་ལས་དགེ་སློང་མ་རྣམས་ལ་དབྱར་གྱི་གོས་རས་ཆེན་མ་གསུངས་ཏེ། ཆུ་གོས་་་་་་འདི་ཉིད་ཀྱིས་ཆོག་པའི་ཕྱིར་རོ་ཞེས་བཤད་དོ། །གསུམ་པ་བཀྲུ་བཤལ་བ་ལ་གོས་འཁྲུར་འཇུག་པའི་གླེང་གཞི་ནི་ལུང་རྣམ་འབྱེད་ལས་སྦོམ་དགའ་མོས་མི་གཙང་བས་གོས་པར་གྱུར་པའི་གོས་རྣམས་བཙོ་བླག་མཁན་ལ་འཁྲུར་འཇུག་པ་དང་། ཁྱིམ་པ་རྣམས་བདག་ཅག་གི་གོས་ཀྱང་འདིས་མི་གཙང་བར་འགྱུར་རོ་ཞེས་ཁ་ཟེར་བར་བྱེད་པ་ལས་སོ། །ཊཱི་ཀ་ལས་ལུང་དྲངས་པ་ལས་བཅུ་་་་་་ནི་དགེ་སློང་མ་བཅུ་གཉིས་སྡེ་དག་རྨི་ལམ་ན་གནོད་པ་མཐོང་བས་གོས་དག་ལ་གོས་པར་གྱུར་ནས་བཀྲུ་བཤལ་བ་ལ་འཁྲུར་འཇུག་པ་དང་། བཀྲུ་བཤལ་བ་དག་གིས་བླངས་ཏེ། ཁྱིམ་པའི་གོས་དག་དང་ལྷན་ཅིག་བཀྲུས་པ་ན་དེ་དག་གིས་འབགས་པས་ཁྱིམ་པའི་གོས་དཀར་པོ་དག་མི་གཙང་བས་མ་རུང་བར་གྱུར་པ་དང་། ཁྱིམ་པ་དག་འཕྱ་ཞིང་རབ་ཏུ་བྱུང་བ་དག་ནི་ཉེ་བར་མ་ཞི་བའོ་ཞེས་ཟེར་བ་ལས་སོ་ཞེས་གཉིས་སྡེ་ལས་བཅས་པར་གསུངས་ཏེ། དེ་དག་གི་ཁོངས་སུ་སྦོམ་དགའ་མོ་འདུས་པས་འགལ་བ་མེད་དོ། །དགག་བྱ་ནི་མ་དད་པ་སྐྱེ་བའོ། །གཞུང་གི་དོན་ནི་དགེ་སློང་མས་བཀྲུ་བཤལ་བ་ལ་་་་་་ཞེས་ལུང་རྣམ་འབྱེད་ལས་བཙོ་བླག་མཁན་ལོ་ཞེས་རང་གི་གོས་འཁྲུར་འཇུག་པ་ལ་ལྟུང་བྱེད་དུ་འགྱུར་ཏེ། ཊཱི་ཀ་ལས་བྱིན་གྱིས་བརླབས་པ་རང་གི་གོས་རྙིང་པ་འཁྲུ་བར་འོས་པ་ཆོས་གོས་དང་གདིང་བ་བཀྲུ་བཤལ་བ་ལ་འཁྲུར་འཇུག་པ་ལ་ཁ་ན་མ་ཐོ་བ་འདི་འགྱུར་རོ། །འདིའི་བྱེ་བྲག་ཞིབ་ཏུ་ནི་འཁྲུར་འཇུག་པའི་སྤང་བའི་ལྟུང་བྱེད་ཀྱི་རྗེས་སུ་འབྲངས་པ་ལས་ཤེས་པར་བྱའོ་ཞེས་གསུངས་སོ། །་་་་་ཆོས་གོས་ལྔ་འཁྲུར་འཇུག་ན་ཞེས་གསུངས་ཀྱང་། ལྔ་ཁོ་ནར་མ་ངེས་ཀྱི་ཤམ་ཐབས་ལ་སོགས་པ་ཆོས་གོས་གང་ཡང་རུང་བ་འཁྲུར་བཅུག་ནས་སོ། །དགེ་སློང་གིས་བཀྲུ་བཤལ་བ་ལ་འཁྲུར་འཇུག་ན་ནི། བཙོ་བླག་མཁན་ལ་གོས་ཁ་བསྒྱུར་བ་དང་མ་བསྒྱུར་བ་འཁྲུར་འཇུག་པར་མི་བྱ་ཞེས་གསུངས་པ་ལས་འདས་པའི་ཉེས་བྱས་སོ། །གསུ་བེལ་པ་ཞེས་པ་ནི་སང་པར་འོས་པ་དེ་གཞན་གྱིས་མ་ཚོར་བ་ལ་བྱའོ། །ཆོས་ཀྱི་རྒྱལ་མཚན་ལ་མི་གུས་པའི་གླེང་གཞི་ནི་སྦོམ་དགའ་མོས་ཆོས་གོས་ཀྱི་གླར་བཅའ་བ་བླངས་ཏེ་ཟློས་གར་མཁན་ལ་ཆོས་གོས་གླར་བྱིན་པ་དང་། དེ་གྱོན་ནས་ཟློས་གར་བྱས་པ་ལས་སོ། །དགག་བྱ་ནི་ཆོས་ཀྱི་རྒྱལ་མཚན་ལ་མ་གུས་པའོ། །གཞུང་གི་དོན་དགེ་སློང་མས་དགེ་སྦྱོང་གི་གོས་སྣམ་སྦྱར་དང་བླ་གོས་ལ་སོགས་པ་ཁྱིམ་པ་ལ་གོས་སུ་སྦྱིན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །རྒྱལ་མཚན་བརྗེ་བའི་གླེང་གཞི་ནི་དགེ་སློང་མ་འདུན་མས་དགེ་སློང་འདུན་པ་དང་སྣམ་སྦྱར་བརྗེས་པ་ལས་སོ། །དགག་བྱ་ནི་ཆགས་པའི་རྒྱུ་བྱས་ཏེ། རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །གཞུང་གི་དོན་ནི་དགེ་སློང་མས་དགེ་སློང་དང་ལྷན་ཅིག་་་་་་དགེ་སློང་མའི་ཆོས་གོས་ལ་ཀར་ཤ་པ་ན་ཉི་ཤུར་ནི་གོས་ལྕི་བ་བསྟེན་པའི་ཉེས་པར་འགྱུར་བས་དགེ་སློང་གི་སྣམ་སྦྱར་ངན་པ་དང་བརྗེ་བ་ལ་ཉེས་པ་མེད་པར་སྣམ་སྦྱར་བཟང་ངན་བརྗེ་བ་མ་གཏོགས་པར་སྣམ་སྦྱར་བརྗེ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས་བླ་གོས་ལ་སོགས་པ་བརྗེ་བ་ལ་ནི་ཉེས་བྱས་སོ་ཞེས་གསུངས་སོ། །མའི་སོ་སོ་ཐར་པའི་འགྲེལ་བ་ལས་ནི་ཆོས་གོས་གསུམ་ལས་གང་ཡང་རུང་བ་སྟེ་བརྗེས་ན་ལྟུང་བྱེད་དོ་ཞེས་བཤད་མོད་ཀྱི་ཊཱི་ཀ་ལྟར་གཟུང་ངོ་། །་་་་་ཊཱི་ཀ་ལས་དགེ་སློང་མ་ལ་སྣམ་སྦྱར་ལེན་པ་ལྟུང་བྱེད་དོ། །བརྗེ་བ་ནི་ལེན་པའི་དཔེ་ཙམ་དུ་ཟད་དོ་ཞེས་སོ། །ལེན་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་གྱི་སྦྱིན་པ་ལ་ནི་མ་ཡིན་ནོ་ཞེས་ཀྱང་ཊཱི་ཀ་ལས་བཤད་དོ། །སེར་སྣ་ལས་གྱུར་པ་ལྔ་ལས་བསྔགས་པ་ལ་སེར་སྣ་བྱེད་པའི་གླེང་གཞི་ནི་སྐྱེ་དགུའི་བདག་མོ་ནི་བསོད་ནམས་དང་ལྡན་པ་སངས་རྒྱས་ཀྱི་ཡུམ་ཡིན་ཞེས་གཞན་རྣམས་ཀྱི་བརྗོད་པ་ན། སྦོམ་དགའ་མོས་སྨྲས་པ། དེ་ནི་མཁན་སློབ་མེད་པར་རང་ཞུགས་ཡིན་ནོ་ཞེས་སྨོད་པར་བྱེད་དོ། །ཨུཏྤ་ལའི་མདོག་འདི་རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་ཡིན་ནོ་ཞེས་བརྗོད་པ་ན་དེ་ནི་སྔོན་སྨད་འཚོང་མ་ཡིན་ནོ་ཞེས་སྨོད་པར་བྱེད། གོའུ་ཏ་མ་སྐེམ་མོ་འདི་འདུལ་འཛིན་མ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་ཡིན་ནོ་ཞེས་བརྗོད་པ་ན། དེས་ནི་བུའི་ཤ་ཟོས་པ་ཡིན་ནོ་ཞེས་སྨོད་པར་བྱེད་པ་ལས་སོ། །ཁྱིམ་ལ་སེར་སྣ་བྱེད་པའི་གླེང་གཞི་ནི་སྦོམ་དགའ་མོས་དགེ་སློང་མ་རྣམས་ལ་སྨྲས་པ། ཀྱེའི་ཕུ་ནུ་མོ་དག་ཁྱིམ་ག་གེ་མོར་ནི་མ་འགྲོ་ཞིག ཁོ་མོས་ཁྱིམ་དེ་ངལ་བ་ཆེན་པོས་ཆོས་བཤད་ནས་དད་པར་བྱས་པ་ཡིན་ནོ་ཞེས་ཟེར་བ་ལས་སོ། །གནས་ལ་སེར་སྣ་བྱེད་པའི་གླེང་གཞི་ནི་སྦོམ་དགའ་མོས་བསྒྲུབས་པའི་དབྱར་ཁང་དུ་དགེ་སློང་མ་གློ་བུར་དུ་འོང་བ་རྣམས་ཀྱི་གནས་བྱིན་ནས་གནས་པ་ན། གློ་བུར་ཏུ་་་་་་དེ་དག་ལ་རྙེད་པ་དང་བཀུར་བསྟི་བྱུང་བ་དང་། དེས་སེར་སྣས་དེ་དག་བསྐྲད་ནས། ཁོ་མོ་གྲང་བའི་ཚེ་ན་གྲང་བས་ཉེན། ཚ་བའི་ཚེ་ན་ཚ་བས་ཉེན་བཞིན་དུ་ངལ་བ་ཆེན་པོས་བསྒྲུབས་པའི་དབྱར་ཁང་འདི། ཁ་འཇམ་ཅན་འདི་རྣམས་ལ་སྐབས་དབྱེའམ་ཞེས་སྨྲས་པ་ལས་སོ། །རྙེད་པ་ལ་སེར་སྣ་བྱེད་པའི་གླེང་གཞི་ནི་སྦོམ་དགའ་མོས་དགེ་སློང་མ་རྣམས་ལ་སྨྲས་པ། ཕུ་ནུ་མི་དག་བྲམ་ཟེ་ཡ་མཚན་ཅན་རྣམས་ཀྱིས་བརྡེགས་ནས་ཀླད་པ་གས་པར་གྱུར་ན་མི་རུང་གིས། ཧ་ཅང་སྔར་བསོད་སྙོམས་ལ་མ་འགྲོ་ཞིག་ཅེས་གཞན་རྣམས་འགྲོ་བ་བཟློག་ནས། རང་ཉིད་ནང་པར་ཆེས་སྔ་བ་ཞིག་ཏུ་བསོད་སྙོམས་ལ་ཞུགས་པ་དང་། བྲམ་ཟེ་ཡ་མཚན་གྱིས་བརྡེགས་པས་མིག་ཕུགས་སྣད་ཅིང་དབྱར་ཁང་དུ་འོངས་པ་ལས་སོ། །ཆོས་ལ་སེར་སྣ་བྱེད་པའི་གླེང་གཞི་ནི་སྦོམ་དགའ་མོ་ལ་ཉེ་གནས་རྣམས་ཀྱིས་ཆོས་ཀྱི་ལུང་ཞུས་པ་ན། སོང་ལ་རེ་ཞིག་ཁོ་མོའི་སྣོད་དུ་ཚོས་ཤིག བུ་རམ་དང་སེ་འབྲུ་དག་ཉེས་ཤིག་ཅེས་སྨྲས་ནས། ད་ཕན་ཚུན་བགྱངས་ནས་ལུང་མ་བྱིན་པ་དང་། འཕགས་མ་ཁྱོད་ཆོས་ལ་སེར་སྣ་བྱེད་པ་མ་ཡིན་ནམ་ཞེས་ཟེར་བ་ན། ཀྱེའི་བུ་ཟན་མའི་བུ་མོ་དག ཁོ་མོ་དྲུག་སྡེ་རྣམས་ལ་ལུང་གི་ཆེད་དུ་སེ་འབྲུ་མཉེས་པས་ནི་ལག་པ་ལ་སེར་ཀ་བྱུང་། བཟོད་པ་གསོལ་བས་ནི་མགོ་བོ་བྱིང་། པུས་མོ་བཙུགས་ནས་བཟོད་པ་གསོལ་བས་ནི་ལྕོགས་ན། ཁོ་མོ་ཅིའི་ཕྱིར་སེར་སྣ་མི་བྱེད་ཅེས་ཟེར་བ་ལས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པ་དང་རང་བཞིན་གྱིས་དགག་བྱར་འགྱུར་བའོ། །གཞུང་གི་དོན་ནི་དགེ་སློང་མ་གཞན་གྱི་ཡོན་ཏན་བསྔགས་པ་་་་་་བརྗོད་པ་ལ་དགེ་སློང་མས་ལུས་སམ་ངག་གིས་སེར་སྣ་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་གྱི། ཊཱི་ཀ་ལས་ཡིད་ཙམ་གྱིས་སེར་སྣ་བྱེད་པ་ནི་བསྡམ་པར་བྱ་བ་ཉིད་ཡིན་ཏེ་ཉེས་བྱས་སོ། །་་་་་འོག་མ་བཞི་ལ་ཡང་དེ་བཞིན་ནོ། །ཐམས་ཅད་དུ་ཡང་བསྡམ་པར་བྱ་བ་ནི་ཡིད་ཀྱི་ཉེས་བྱས་ཡིན་པར་རིག་པར་བྱའོ་ཞེས་ཊཱི་ཀ་ལས་སོ། །ཞེས་སོ། །དགེ་སློང་མས་དགེ་སློང་མ་གཞན་དག་ལ་་་་་་ཁྱིམ་ག་གེ་མོར་མ་འགྲོ་ཞིག་ཁྱིམ་ལ་སེར་སྣ་བྱེད་པ་དང་། དགེ་སློང་མ་གཞན་དབྱར་ཁང་ན་གནས་པ་ལྟ་བུས་དགེ་སློང་མས་་་་་་གནས་ལ་སེར་སྣ་བྱེད་པ་དང་། དགེ་སློང་མ་གཞན་གྱི་གྲོང་ནས་བསོད་སྙོམས་རྙེད་པ་ཡན་ཆད་ཀྱི་་་་་་རྙེད་པ་ལ་སེར་སྣ་བྱེད་པ་དང་། ཆོས་འཆད་པར་ཞུས་པ་ན་་་་་་ཆོས་ལ་སོར་སྣ་བྱེད་པ་ན་རེ་རེ་ལ་ལྟུང་བྱེད་རེ་རེའོ། །ལུང་རྣམ་འབྱེད་ལས་སེར་སྣ་བསྐྱེད་ན་ཞེས་བྱ་བ་ནི་ཕྲག་དོག་བསྐྱེད་ནའོ་ཞེས་གསུངས་སོ། །སྐྲོད་པའི་ལྟུང་བྱེད་གཉིས་ཀྱི་གླེང་གཞི་ནི། སྦོམ་དགའ་མོས་གོའུ་ཏ་མ་སྐེམ་མོ་དབྱར་ཁང་ནས་ཕྱིར་བསྐྲད་པ་དང་། སྦོམ་དགའ་མོ་ལྗོངས་རྒྱུ་ཞིང་ཁྱིམ་པའི་ཁྱིམ་དུ་ཞུགས་པ་ན་ཁྱིམ་དེ་ན་དགེ་སློང་མ་སྔ་ན་འཁོད་པ་དག་གིས་སྦོམ་དགའ་མོ་ལ་ཕྱག་བྱ་བ་ལ་སོགས་པ་འཇིག་རྟེན་པའི་ཚུལ་དག་མ་བྱས་པ་དང་། དེས་དེ་དག་ཁྱིམ་དེ་ནས་ཕྱིར་བསྐྲད་པ་ལས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པའོ། །གཞུང་གི་དོན་ནི་དགེ་སློང་མས་དགེ་འདུན་མའི་དབྱར་ཁང་ནས་དགེ་སློང་མས་རང་གཞན་གྱི་ལུས་ངག་གང་ཡང་རུང་བས་སྐྲོད་པ་ལ་ཉེ་འཁོར་ལས་འདས་ན་་་་་་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མས་ཁྱིམ་པའི་ཁྱིམ་གཞན་ནས་དགེ་སློང་མ་སྔ་ནས་གནས་པ་་་་་་སྦྱོར་བ་ནི་གང་ཡང་རུང་བས་སྐྲོད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀས་ཕྱིར་འོངས་པ་ནི་དེར་གཏོགས་པ་ཤེས་ཆུང་བས་དེར་སྐྲོད་པ་ལ་ཉེས་བྱས་སོ་གསུངས་་་་་་མཐོ་འཚམས་པའི་གླེང་གཞི་ནི་བཅུ་གཉིས་སྡེ་རྣམས་དགེ་སློང་མ་རྣམས་ལ་ལེགས་པར་མ་མཐོང་། ལེགས་པར་མ་ཐོས། ལེགས་པར་མ་དོགས་པས་ཉེས་པ་གླེང་བར་བྱེད་པ་ལས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པའོ། །གཞུང་གི་དོན་ནི་རང་གི་རྣམ་བཤད་དང་ཊཱི་ཀ་ལས་ནི་ཕམ་པ་དང་དགེ་འདུན་ལྷག་མ་གཉིས་ཀྱིས་གླེང་བ་སྔར་བསྟན་ཟིན་པས་འདི་ནི་ལྟུང་བྱེད་ལ་སོགས་པ་ལྟུང་བའི་སྡེ་ཚན་གཞན་གླེང་བའི་ཡུལ་ཡིན་ནོ་ཞེས་གསུངས་སོ། །འོན་ཀྱང་བླ་མ་རྣམས་ནི་འདི་དང་སྐུར་འདེབས་ཀུན་སློང་ཐ་དད་དེ། སྐུར་འདེབས་ནི་ཉམས་འདུན་གྱི་བསམ་པས་ཡིན་ལ། འདི་ནི་མཐོ་འཚམས་པའི་བསམ་པས་ལེགས་པར་མ་མཐོང་བ་ལ་སོགས་པ་་་་་་ལ་ནི་མཐོང་ཐོས་དོགས་པ་ཙམ་མོ་ཡིད་ཆེས་པར་མ་གྱུར་པ་སྟེ། ལ་སོགས་པ་ཞེས་པས་ལེགས་པར་མ་ཐོས་པ་དང་ལེགས་པར་མི་དོགས་པ་གཉིས་བསྡུས་དགེ་སློང་མས་དགེ་སློང་མ་ལ་ལྟུང་བ་སྡེ་ལྔ་གང་གིས་གླེང་བར་བྱེད་ན་ཡང་ལྟུང་བྱེད་འདིར་འགྱུར་རོ་ཞེས་གསུང་་་་་་གླེང་བར་བྱེད་པར་མ་ཟད་ཀྱི་དྲན་པར་བྱེད་པ་དང་གདམས་ངག་འཇོག་པ་དང་གསོ་སྦྱོང་དང་དགག་དབྱེ་འཇོག་པ་ལ་ཡང་ཁ་ན་མ་ཐོ་བ་འདིར་འགྱུར་བར་རང་གི་རྣམ་བཤད་དང་ཊཱི་ཀ་ལས་གསུངས་ཏེ། ལེགས་པར་མ་མཐོང་བ་ལ་སོགས་པའི་སྐབས་སུ་གླེང་བ་དང་དྲན་པར་བྱེད་པ་དང་གདམས་ངག་འཇོག་པ་ལ་སོགས་པ་དེ་རྣམས་གང་བྱས་ན་ཡང་ལྟུང་བྱེད་དུ་བསྟན་པའོ། །ངོ་། །ལོག་པར་སྟོན་པའི་གླེང་གཞི་ནི་བཅུ་གཉིས་སྡེ་རྣམས་ཁ་མི་འདུམ་པ་ཅི་བྱུང་ཡང་། སངས་རྒྱས་ལ་མནའ་འདོར་བར་བྱེད། ཆོས་དང་དགེ་འདུན་དང་ཚུལ་ཁྲིམས་ལ་མནའ་འདོར་བར་བྱེད་པ་ལས་སོ། །མའི་སོ་ཐར་འགྲེལ་པ་ལས། མཐོང་ངམ་ཞེས་དྲིས་ན་མཐོང་སྟེ། དེ་ལྟར་མ་ཡིན་ན་དཀོན་མཆོག་གསུམ་མེད་པར་གྱུར་ཅིག ཚུལ་ཁྲིམས་མེད་པར་གྱུར་ཅིག ཆོས་ཞིག་པར་གྱུར་ཅིག་ཅེས་ཟེར་བ་ལས་བཅས་ཞེས་སོ། །་་་་་དགག་བྱ་ནི་ལོག་པར་སྟོན་པས་གཞན་ཡིད་ཆེས་པར་མི་འགྱར་བའོ། །གཞུང་གི་དོན་ནི་དགེ་སློང་མས་གཞན་ཡིད་ཆེས་པར་བྱ་བའི་ཕྱིར་གཞན་གྱི་མདུན་དུ་མནའ་འདོར་བ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས་གཞན་གྱི་མདུན་དུ་མ་ཡིན་པར་མནའ་་་་་་རང་ཉིད་གཅིག་པུ། འདོར་བ་ནི་་་་་་ཚིག་སྨྲས་བྱེད་པ་ཚིག་བཀྱལ་བ་ཙམ་དུ་ཟད་པས་ཉེས་བྱས་སུ་རིག་པར་བྱའོ་ཞེས་སོ། །ལོག་པར་སྟོན་པ་ནི་རབ་ཏུ་བྱུང་བའི་བསམ་པ་ལོག་པར་སྟོན་པ་སྟེ། རབ་ཏུ་བྱུང་བ་རྣམས་ཀྱི་བསམ་པ་ནི་བདེན་པས་འཇུག་པ་ཡིན་ན། མནའ་འདོར་བ་ནི་ལོག་པར་སྟོན་པ་སྟེ། ཁོ་མོ་ཐམས་ཅད་ལ་བདེན་པས་འཇུག་པ་མ་ཡིན་གྱི། མནའ་འདོར་བས་འཇུག་པ་དེ་གཅིག་པུ་བདེན་ནོ་ཞེས་བྱ་བར་འགྱུར་བས་ཞེས་ཊཱི་ཀས་བཤད་དོ། །མི་བརྟན་པས་རྣམ་པར་འགྱུར་བའི་གླེང་གཞི་ནི་སྦོམ་དགའ་མོས་དགེ་སློང་མ་རྣམས་དང་འཐབ་མོ་བྱུང་བ་ན་རང་གིས་རང་ལ་འཚོག་པར་བྱེད་པ་ལས་སོ། །དགག་བྱ་ནི་རང་གི་ལུས་སྲོག་ལ་གནོད་པའོ། །གཞུང་གི་དོན་ནི་དགེ་སློང་མ་ཁྲོ་བས་བདག་ཉིད་ལ་གནོད་པར་བྱེད་པ་སྟེ་རང་གི་ལུས་ལ་རྡེག་པར་བྱེད་ཅིང་ཕོག་ན་ལྟུང་བྱེད་དུ་འགྱུར་རོ། །གནོད་པར་བྱེད་པ་ཞེས་བྱ་བའི་རྣམ་འབྱེད་ལས་དགེ་སློང་མ་གང་འཁྲུགས་ནས་རང་ལ་བརྡེག་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །བླ་མར་གྱུར་པ་ལ་བརྙས་ཐབས་བྱེད་པ་ལ་གསུམ་ལས། དང་པོ་ཚོགས་ལ་བརྙེས་ཐབས་བྱེད་པའི་གླེང་གཞི་ནི་སྦོམ་དགའ་མོས་དགེ་སློང་མའི་ཚོགས་པ་ལ་མི་སྙན་པ། ཁྱིམ་པ་མོ་ཞེས་བྱ་བ་དང་། ནལ་པ་མ་ཞེས་བྱ་བ་དང་། བོང་བུ་དག་དང་ལྡན་པ་ཞེས་གཤེ་བ་དག་གིས་བརྙས་ཐབས་བྱེད་པ་ལས་སོ། །དགག་བྱ་ནི་རང་རིགས་ཀྱི་དགེ་འདུན་མའི་སེམས་བདེ་བ་ལ་གནོད་པའོ། །གཞུང་གི་དོན་ནི་དགེ་སློང་མས་དགེ་སློང་མའི་་་་་་བཞིར་ལོངས་པ་ཡན་ཆད་ཚོགས་དགེ་འདུན་མ་ལ་འཚོ་བ་མ་དག་པ་དང་ལྟ་བ་མ་དག་པས་སྨོད་ཅིང་བརྙས་ཐབས་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །་་་་་ཊཱི་ཀ་ལས་བརྙས་ཐབས་བྱེད་པ་ཞེས་བྱ་བར་རྣམ་པར་འབྱེད་པ་ནི་རྣམ་པ་སྣ་ཚོགས་ཀྱིས་སྨོད་པར་བྱེད་དེ། འཚོ་བ་མ་དག་སྟེ་ཚུལ་འཆོས་དང་ཁ་གསག་དང་གཞོགས་སློང་དང་ཐོབ་ཀྱི་འཇལ་གྱིས་འཚོ་བར་བྱེད་དེ། ལྟ་བ་མ་དག་སྟེ་རྨོངས་པ་མི་མཁས་པ་ཡིན་ནོ། །ལོག་པའི་ཆོས་ཀྱིས་ཀུན་ཏུ་དཀྲིས་པ་ཡིན་ནོ་ཞེས་གླེང་གཞི་ལས་གསུངས་པ་ཡིན་ནོ་ཞེས་ལུང་དྲངས་སོ། །ཊཱི་ཀ་ལས་གཅིག་གམ་གཉིས་སམ་གསུམ་ལ་བརྙས་ཐབས་བྱེད་པ་ལ་ནི་ཉེས་བྱས་སོ་ཞེས་སོ། །ཚོགས་ལ་སྤྱོ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སྦོམ་དགའ་མོས་དགེ་སློང་མའི་ཚོགས་ལ་སྤྱོ་བ་བྱས་པ་དང་། ཉེ་གནས་མ་རྣམས་ཀྱིས་སྨྲས་པ། དགེ་སློང་མའི་ཚོགས་ལ་སྤྱོ་བར་མི་རིགས་སོ། །དེས་སྨྲས་པ། རིགས་ཀྱང་མི་རིགས་ཀྱང་རུང་སྟེ་ཁོ་མོས་ནི་སྤྱོས་སོ་ཞེས་ཟེར་བ་ལས་སོ། །དགག་བྱ་ནི་སྔར་དང་འདྲའོ། །གཞུང་གི་དོན་ནི་དགེ་སློང་མའི་་་་་བཞིར་ལོངས་ཡན་ཆད་ཚོགས་ལ་་་་་་རང་བཞིན་གྱི་ཁ་ན་མ་ཐོ་བ་ཚུལ་ཁྲིམས་མ་དག་པ་དང་་་་་་བཅས་པའི་ཁ་ན་མ་ཐོ་བ་ཆོ་ག་མ་དག་པའི་སྒོ་ནས་སྨོད་ཅིང་སྤྱོ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །་་་་་ཊཱི་ཀ་ལས་སྤྱོ་བ་ཞེས་བྱ་བ་ནི་གླེང་གཞི་ལས་ངེས་པར་འབྱུང་བའི་ཚུལ་ཁྲིམས་མེད་དེ་འཚོ་བའི་ཕྱིར་སྐྲ་བྲེགས་པ། མུ་གེའི་ཕྱིར་སྐྲ་བྲེགས་པ་བཅས་པ་དང་རང་བཞིན་གྱིས་ཁ་ན་མ་ཐོ་བ་སྤྱོད་པས་སྡིག་པའི་ལས་ཅན་ཟོལ་བ་མ་ཕ་རོལ་བསླུ་བ་ཚུལ་ཁྲིམས་འཆལ་བའོ་ཞེས་གསུངས་པ་ཡིན་ཞེས་ལུང་དྲངས་སོ། །ཁྱི་མོ་ཁྱེད་རྣམས་ཞེས་སྤྱོ་བ་ལ་སོགས་པ་སྤྱོ་བའི་ཚིག་གཞན་སྨྲས་ན་ཡང་ངོ་། །འཁོར་གཙོ་བོ་ལ་ཆུ་འཐོར་བའི་གླེང་གཞི་ནི་ཁྱིམ་བདག་གཅིག་ཆུང་མ་དང་གཉིས་ཀ་རབ་ཏུ་ཕྱུང་ནས། དགེ་སློང་དེ་དབྱར་ཁང་དུ་སོང་བ་ན། དགེ་སློང་མ་དེ་ཡང་ཆུ་སྣོད་གཅིག་ཐོགས་ཏེ་དེའི་མདུན་ན་སྡོད་ཅིང་འདུག་གོ །དེ་ནས་དགེ་སློང་དེ་དགོད་ཅིང་ཁོ་བོ་ཁྱིམ་པར་གྱུར་པ་ན་ཡང་ཁྱོད་དེ་ལྟར་མདུན་ན་སྡོད་དོ་ཞེས་སྨྲས་པ་དང་། དེས་ཆུ་སྣོད་དེ་ནས་དེའི་མགོར་གཏོར་ནས། ཁོ་མོ་ནི་ཁྱོད་ཀྱི་ཡོན་ཏན་སྒྲོགས་ན། ཁྱོད་ཁོ་མོའི་སྐྱོན་རྣམས་ལ་འཇུག་པར་བྱེད་དམ་ཞེས་སྨྲས་ནས་བྲོས་ཏེ་སོང་བ་ལས་སོ། །དགག་བྱ་ནི་ཆགས་པས་རྒྱུ་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །གཞུང་གི་དོན་ནི་དགེ་སློང་མས་འཁོར་གཙོ་བོ་དགེ་སློང་ལ་ཆུས་འཐོར་བ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས་དགེ་སློང་གི་ལུས་ལ་ཐིགས་པ་ཙམ་གྱིས་ཕོག་ན་ཡང་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་སོ། །རབ་བྱུང་འདི་པ་ལ་སྤྱོ་བར་མི་བྱ་ཞེས་གསུངས་པས་དགེ་སློང་དང་དགེ་ཚུལ་ལ་སོགས་པ་ལ་སྤྱོ་བ་ནི་ཉེས་བྱས་སུ་འགྱུར་རོ། །ཉེས་བྱས་དེའི་བྱེ་བྲག་ནི་ཊཱི་ཀ་ལས་དགེ་སློང་ལ་སྤྱོ་བ་ནི་ལྕི་བའི་ཆོས་ཡིན་པའི་ཕྱིར་ཟླ་བ་ཕྱེད་མགུ་བ་སྤྱད་པར་བྱ་བ་ཡིན་ནོ་ཞེས་གསུངས་སོ། །དེས་ན་འདི་ནི་དགེ་སློང་མའི་ཚོགས་ལ་སྤྱོ་བའི་ལྟུང་བྱེད་དངོས་གཞི་ཡོངས་སུ་རྫོགས་པ་བས་ཀྱང་། དེའི་སྐབས་ཀྱི་བསླབ་བྱ་ལས་འདས་པའི་ཉེས་བྱས་ཆེད་ལས་ལྕི་བ་ཡོད་དོ། །འཁྲུག་ལོང་ཡལ་བར་འདོར་བའི་གླེང་གཞི་ནི་སྦོམ་དགའ་མོས་འཐབ་མོའི་རྐྱེན་དག་ཉེ་བར་བསྒྲུབས་པས་ལྷན་ཅིག་གནས་པ་དང་ཉེ་གནས་དག་ཕན་ཚུན་འཐབ་མོ་ཆེ་ཐང་དུ་བྱུང་བ་ན། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་ཚུར་སྤྱོན་འཐབ་མོ་ཉེ་བར་ཞི་བར་བགྱིའོ་ཞེས་སྨྲས་པ་དང་། སྦོམ་དགའ་མོས་འདི་སྐད་ཅེས་མགོས་མགོ་་་་་་རྡུང་ཞེས་མའི་སོ་ཐར་འགྲེལ་ལས་སོ། །ཅིའི་ཕྱིར་མི་འཚལ། ཁོ་མོ་ནི་འཐབ་མོ་བྱེད་ཀྱི་ཉེ་བར་ཞི་བར་མི་བྱེད་དོ་ཞེས་ཟེར་བ་ལས་སོ། །དགག་བྱ་ནི་རང་རིགས་དགེ་སློང་མ་རྣམས་ལ་གནོད་པའོ། །གཞུང་གི་དོན་ནི་དགེ་སློང་མ་རྣམས་ཀྱི་རྩོད་པ་ཉེ་བར་ཞི་བར་བྱ་བའི་མཐུ་ཡོད་བཞིན་དུ་ཉེ་བར་ཞི་བར་མི་བྱེད་པའི་དགེ་སློང་མ་དེ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས་ལུས་ངག་ཏུ་གྲུབ་ཅིང་བསམ་པ་གཏོང་བར་མི་བྱེད་པ་དེ་སྲིད་དུ་ནི་ལྟུང་བྱེད་གཅིག་ཁོ་ནར་འགྱུར་རོ། །ཞི་བར་མི་བྱེད་པའི་བསམ་པ་བཏང་ནས། ཡང་བསམ་པ་གཞན་སྐྱེད་པའི་ཚེ་ན་ལྟུང་བྱེད་་་་་་གཉིས་པ་ཐ་དད་གཞན་དུ་ཡང་འགྱུར་རོ་ཞེས་གསུངས་སོ། །བློ་མཐུན་པར་མི་བྱེད་པའི་གླེང་གཞི་ནི་ལུང་ན་ཞལ་མི་གསལ་ཡང་། ཊཱི་ཀ་ལས་དགེ་སློང་མའི་དགེ་འདུན་ཆོས་བཞིན་དུ་ལས་བྱེད་པ་ལ་སྦོམ་དགའ་མོས་འདུན་པ་ཕུལ་བ་ན། དགེ་འདུན་གྱི་ལས་དེའི་ཉིན་མོ་མ་བྱས་ནས། ཕྱི་དེ་ཉིན་མོ་བྱ་བར་བརྩམས་ཏེ། སྦོམ་དགའ་མོ་ལ་སྦྲན་པ་དང་། དེ་འོང་དུ་མ་བཏུབ་སྟེ་ཁོ་མོས་འདུན་པ་ཕུལ་ཟིན་ཏོ། །ནམ་ཕུལ། ཉི་མ་སྔ་མ་ལའོ། །ཞག་ལོན་པའི་འདུན་པ་དབུལ་དུ་རུང་ངམ། དེས་སྨྲས་པ་འདུན་པ་སྔར་ཕུལ་བ་དེ་ཆག་གམ་རུལ་ཏམ་ཅི་ཉེས་ཟེར་བ་ལས་བཅས་པ་ཡིན་ནོ་ཞེས་སོ། །དགག་བྱ་ནི་དགེ་འདུན་མ་ལ་གནོད་པའོ། །གཞུང་གི་དོན་ནི་དགེ་སློང་མས་དགེ་འདུན་མའི་ལས་ལ་འདུན་པ་ཕུལ་ནས་ཞག་ལོན་པའི་འདུན་པ་དེ་ཉིད་སྦྱིན་ཏེ་འདུན་པ་ཕྱི་མ་མི་སྟེར་བ་ལ་ལྟུང་བྱེད་དུ་འགྱུར་རོ། །དེ་ཡང་མི་སྟེར་བའི་ཚིག་སྨྲས་ཏེ་དོན་གོ་ནའོ། །ལྕེ་བའི་ཆོས་ལས་འདས་པ་ལས་གྱུར་པ་བཞི་ལས་དང་པོ་ཟླ་ཕྱེད་གདམས་ངག་རྗེས་བསྟན་མི་ནོད་པའི་གླེང་གཞི་ནི་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལས་ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་བྱའོ་ཞེས་་་་་་བཅོམ་ལྡན་འདས་ཀྱིས་གསུངས་པ་ན། བཅུ་གཉིས་སྡེ་རྣམས་དེ་ལྟར་མི་བྱེད་པ་ལས་སོ། །དགག་བྱ་ནི་བསླབ་པ་ཕུན་སུམ་ཚོགས་པའི་ཡན་ལག་མི་བསྒྲུབ་པས་རང་གི་བསླབ་པ་ལ་གནོད་པའི་རྒྱུར་འགྱུར་བའོ། །གཞུང་གི་དོན་ནི་གསོ་སྦྱོང་གི་དུས་ཀྱི་ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་དག་དགེ་སློང་མས་ཉན་པར་མི་བྱེད་ཉམས་སུ་མྱོང་བར་མི་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །་་་་་འདི་ལ་དངོས་གཞིར་འགྱུར་བའི་དུས་སྔ་ཕྱི་གཉིས་ཡོད་དེ། ཊཱི་ཀ་ལས་རྐྱེན་མ་བྱུང་བར་གསོ་སྦྱོང་གི་ཉི་མ་ལས་འདས་ནས་སྐྱ་རེངས་ཤར་བ་ན། ཁ་ན་མ་ཐོ་བ་འདིར་འགྱུར་རོ། །རྐྱེན་བྱུང་ན་ནི་ཉི་མ་འཆར་ཀའི་དུས་སུ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་གསུངས་སོ། །གཉིས་པ་་་་་་དགེ་སློང་དག་མེད་པར་གསོ་སྦྱོང་བྱེད་པའི་གླེང་གཞི་ནི་དགེ་སློང་མ་མང་པོ་ལྗོངས་རྒྱུ་ཞིང་སོང་བ་ན། དགེ་སློང་མ་ཞིག་དབྱར་ཁང་དུ་ཕྱིན་ནས། དེ་དག་གིས་དགེ་སློང་མེད་པའི་གནས་སུ་གསོ་སྦྱོང་བྱས་ཏེ། དེ་དག་རིམ་གྱིས་རྒྱུ་ཞིང་མཉན་ཡོད་དུ་འོངས་པའི་ཚེ། དགེ་སློང་མ་གཞན་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་གིས་ཅིའི་ཕྱིར་དགེ་སློང་མེད་པའི་གནས་སུ་གསོ་སྦྱོང་བྱས་ཟེར་བ་ལས་སོ། །དགག་བྱ་ནི་སྔར་དང་འདྲའོ། །གཞུང་གི་དོན་ནི་དགེ་སློང་མས་རང་གི་གསོ་སྦྱོང་ལ་མཐུན་པ་བསྒྲུབས་པའི་དགེ་སློང་དག་མེད་པར་དགེ་སློང་མ་ཉི་ཚེས་་་་་་ཞི་གནས་ཀྱི་གསོ་སྦྱོང་ལས་གཞན་ཆོ་ག་ལས་ལ་བརྟེན་པའི་གསོ་སྦྱོང་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །་་་་་མའི་སོ་ཐར་འགྲེལ་པ་ལས་ལམ་རིང་པོར་འགྲོ་བའི་ཚེ་གསོ་སྦྱོང་གི་དུས་ལ་བབ་པ་ན་དགེ་སློང་མེད་ན་ཉེས་པ་མེད་དོ་ཞེས་སོ། །ཊཱི་ཀ་ལས་དོན་འདི་ལྟར་གསུངས་ཏེ། དགེ་སློང་མེད་པར་གསོ་སྦྱོང་བྱེད་པ་ཞེས་བྱ་བ་ནི་དགེ་སློང་རྣམས་ལ་གསོ་སྦྱོང་གི་འདུན་པ་བླངས་པ་མེད་པར་དགེ་སློང་མ་རྣམས་ཀྱི་གསོ་སྦྱོང་བྱེད་པ་དེ་ལ་ལྟུང་བ་འདིར་འགྱུར་གྱི། དགེ་སློང་མ་རྣམས་མངོན་སུམ་དུ་མི་འཁོད་པ་ཉིད་དུ་གསོ་སྦྱོང་བྱེད་པ་ལ་ནི་ཉེས་པ་མེད་དོ་ཞེས་སོ། །འགྲེལ་ཆུང་ལས་གསོལ་བ་ལ་སོགས་པའི་ལས་ཀྱིས་ཀྱང་་་་་་ཟླ་བ་ཕྱེད་ཕྱེད་ཅིང་ཆོས་འཆད་པ་པོར་བསྐོས་པའི་དགེ་སློང་ཞིག་ཡོད་ན་དེ་ལ་འདུན་པ་བླངས་པས་ཆོག་སྟེ་དགེ་སློང་ཀུན་ལ་མ་དྲིས་ཀྱང་ཉེས་པ་མེད་དོ་ཞེས་སོ། །དེ་ལྟར་ན་དགེ་སློང་མའི་གསོ་སྦྱོང་བྱེད་པ་ན་དགེ་སློང་ཕ་མ་གཉིས་ཀས་ཕན་ཚུན་གཉིས་ཀ་ནས་འདུན་པ་བླངས་དགོས་པའོ། །གཞི་སྟོད་ཀྱི་སྐབས་ཀྱི་འགྲེལ་ཆུང་ལས་དགེ་སློང་དག་མེད་པར་གསོ་སྦྱོང་བྱེད་པ་འདི་ཡང་ལྕི་བའི་ཆོས་བརྒྱད་ཀྱི་གྲངས་སུ་བགྲངས་སོ། །དེ་ནི་མ་ཡིན་ཏེ། ལུང་ཕྲན་ཚེགས་དང་རྒྱ་ཆེ་འགྲེལ་སོགས་ལས་ལྕི་བའི་ཆོས་བརྒྱད་ཀྱི་གྲངས་སུ་འདི་མ་བགྲངས་ལ། འདི་ལྕི་བའི་ཆོས་དང་ཆ་མཐུན་པ་ཙམ་ཡིན་གྱི། ལྕི་བའི་ཆོས་དངོས་ནི་མ་ཡིན་ནོ། །་་་་་གསུམ་པ་དགེ་སློང་མེད་པའི་གནས་སུ་དབྱར་གནས་ཁས་ལེན་པའི་གླེང་གཞི་ནི་དགེ་སློང་མས་དགེ་སློང་མེད་པའི་གནས་སུ་དབྱར་གནས་ཁས་བླངས་པར་མི་བྱའོ་ཞེས་གསུངས་པ་དང་། དགེ་སློང་མ་མང་པོ་རྣམས་ཀྱིས་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་བླངས་ཏེ། དེ་ལ་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་སྔར་དང་འདྲའོ། །གཞུང་གི་དོན་ནི། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། མཚམས་པོ་ཆེ་བཅད་ན་ནི་མཚམས་པོ་ཆེ་གཅིག་གི་ཁོངས་ན་དགེ་སློང་མེད་པའམ། མཚམས་པོ་ཆེ་མ་བཅད་ན་དཔག་ཚད་གཅིག་གི་ཁོངས་ན་དགེ་སློང་མེད་པའི་གནས་སུ་དགེ་སློང་མས་དབྱར་གནས་པར་ཁས་ལེན་པ་ལས་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས་དགེ་སློང་མེད་པའི་གནས་ཞེས་བྱ་བ་ནི། གང་ན་ལས་བརྒྱ་རྩ་གཅིག་པོ་ཐམས་ཅད་མེད་པ་ལ་བྱའི། གནས་གང་ན་དགེ་སློང་བཞི་ཡན་ཆད་གནས་ཤིང་ལས་བྱེད་པ་མེད་པ་དེ་ནི་དགེ་སློང་མེད་པའི་གནས་ཞེས་བྱ་ཞེས་གསུངས་སོ། །འདིའི་འགྲེལ་ཆུང་ལས་ནི། དགེ་སློང་གི་གཙུག་ལག་ཁང་ནས་བར་རྒྱང་གྲགས་ཕྱེད་ལས་རིང་བ་ཞིག་ཏུ་ཚུལ་དུ་ཞུགས་ན་ལྟུང་བྱེད་དོ་ཞེས་བཤད་དོ། །་་་་་ཤ་ལུགས་པ་རྣམས་ན་རེ་དགེ་སློང་རྒྱང་གྲགས་གཅིག་གི་ཁོངས་ན་མེད་པའི་གནས་སུ་དགེ་སློང་མས་དབྱར་གནས་པར་ཁས་ལེན་ན་ལྟུང་བྱེད་དོ་ཞེས་ཟེར་ཏེ། འདིའི་ཚད་རྒྱང་གྲགས་གཅིག་ཡིན་པ་ལ་གཞུང་གཏན་ནས་མེད་དོ། །དགེ་སློང་ཕ་མ་གཉིས་ཀྱི་གནས་གཉིས་པོ་དེ་ཙམ་དུ་ཧ་ཅང་ཉེ་བ་དེ་ནི་ཚུལ་དང་མཐུན་པ་མ་ཡིན་པས་སྔ་མ་ལྟར་རིགས་སོ། །བཞི་པ་་་་་་གཉིས་ཀའི་དགེ་འདུན་ལ་དགག་དབྱེ་མི་བྱེད་པའི་གླེང་གཞི་ནི་དགེ་སློང་མ་རྣམས་ཀྱིས་གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱའོ་ཞེས་གསུངས་པ་ན། དེ་ནས་དགེ་སློང་མ་རྣམས་ཀྱིས་སྦོམ་དགའ་མོ་ལ་སྨྲས་པ། གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱ་ཡིས་ཚུར་སྤྱོན། དེས་སྨྲས་པ། ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་པས། ཁོ་མོས་དགག་དབྱེ་ཇི་ལྟར་བྱ་བ་ཤེས་ཏེ། དགེ་སློང་གི་དགེ་འདུན་ལ་ལྕག་པོད་དང་ཤུར་ཕུ་ཕྲེའུ་ཕལ་མོ་ཆེ་དབུལ་དགོས་པས། ཁྱེད་ཅག་དེངས་ཤིག ཁོ་མོ་ནི་དེར་མི་འགྲོའོ་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་བ་ལས་སོ། །དགག་བྱ་ནི་དགག་དབྱེའི་ཕན་ཡོན་མི་འཐོབ་པ་སྟེ། ཆོས་དག་པ་དང་ཚུལ་ཁྲིམས་དག་པར་མི་འགྱུར་བའོ། །གཞུང་གི་དོན་ནི་དགེ་སློང་མ་དབྱར་གནས་་་་་་པར་ཁས་བླངས་པས་གཉིས་ཀའི་དགེ་འདུན་ལ་གནས་གསུམ་གྱིས་་་་་་མཐོང་བ་ཐོས་པ་དོགས་པ་གསུམ་དགག་དབྱེ་མི་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་ཏེ། དགེ་སློང་ཕ་མའི་དགེ་འདུན་གཉིས་པོ་གང་རུང་གཅིག་ཁོ་ན་ལ་དགག་དབྱེ་མི་བྱེད་དམ། དགེ་འདུན་གཉིས་པོ་གང་ལ་ཡང་དགག་དབྱེ་མི་བྱེད་པ་ལས་སོ། །གཞན་ལ་གནོད་པར་སྤྱོད་པ་གསུམ་ལས། དང་པོ་་་་་་དབུལ་པོ་སྲ་བརྐྱང་སྦྱོར་དུ་འཇུག་པའི་གླེང་གཞི་ནི་སྦོམ་དགའ་མོས་ཁྱིམ་བདག་དབུལ་པོ་ནད་པ་ཞིག་སྲ་བརྐྱང་དབུལ་དུ་འཇུག་པ་ལས་སོ། །དགག་བྱ་ནི་སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པའོ། །གཞུང་གི་དོན་ནི་དགེ་སློང་མས་ཁྱིམ་པ་དབུལ་པོ་སྲ་བརྐྱང་སྦྱོར་དུ་འཇུག་པ་ལ་ལྟུང་བྱེད་དུ་འགྱུར་རོ། །་་་་་ཊཱི་ཀ་ལས་ཐོབ་ན་དངོས་གཞིའོ། །སྲ་བརྐྱང་གི་ཟོང་ཙམ་དབུལ་པོ་སྦྱོར་དུ་བཅུག་པ་ལ་ཡང་དངོས་གཞིའོ་ཞེས་སོ། །སྲ་བརྐྱང་ནི་མཚོན་པ་ཙམ་དུ་ཟད་དོ། །ཊཱི་ཀ་ལས་ཡོ་བྱད་གཞན་ཡང་དེ་བཞིན་ནོ་ཞེས་སོ། །ལུང་རྣམ་འབྱེད་ལས་ནད་པ་ཉམས་ཆུང་ངུ་སྲ་བརྐྱང་འབུལ་དུ་འཇུག་ན་ལྟུང་བྱེད་དོ་ཞེས་གསུངས་ཏེ། དབུལ་པོ་དང་ནད་པ་ཚོགས་དོན་ཡིན་པ་ལ་དགོངས་སོ་ཞེས་རིགས་སོ། །མའི་སོ་སོ་ཐར་བའི་འགྲེལ་པ་ལས་ནི་ཁྱིམ་པ་དབུལ་པོའམ། ནད་པ་སྦྱོར་མི་བཟོད་པ་ལ་སློང་ཞིང་སྦྱོར་དུ་འཇུག་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བཤད་མོད་ཀྱི། དབུལ་པོ་ཡིན་ན་ནད་པ་ཡིན་རུང་མ་ཡིན་རུང་སྟེ་ནད་པ་ཁོ་ནས་ནི་མ་ཡིན་ནོ། །གཉིས་པ་་་་་་དུས་ཀྱི་སྔ་རོལ་ཏུ་སྲ་བརྐྱང་དབྱུང་བ་ལ་ཚོགས་པ་མི་སྦྱིན་པའི་གླེང་གཞི་ནི། སྲ་བརྐྱང་བཏིང་བ་ལས་དགེ་སློང་མ་ཆོམ་རྐུན་པས་བཅོམ་པའི་དོན་དུ་སྲ་བརྐྱང་དུས་ཀྱི་སྔ་རོལ་ཏུ་འབྱིན་པ་ལ་སྦོམ་དགའ་མོ་འདུར་མི་བཏུབ་པ་ལས་སོ། །དགག་བྱ་ནི་རང་རིགས་དགེ་འདུན་མ་རྣམས་ལ་གནོད་པའོ། །གཞུང་གི་དོན་ནི་སྲ་བརྐྱང་དབྱུང་བའི་ཕྱིར་དུས་ཀྱི་སྔ་རོལ་ཏུ་བག་ཡངས་སུ་བྱ་བའི་ལས་ལ་བདག་ཉིད་མཚམས་ནང་ན་གནས་པས་མི་འདུ་ཞིང་འདུན་པ་མི་སྦྱིན་པས་ཚོགས་པ་མི་སྦྱིན་པའི་དགེ་སློང་མ་ལ་ལྟུང་བྱེད་དུ་འགྱུར་རོ། །གསུམ་པ་་་་་་གོས་འགེད་པའི་ཕྱིར་ཚོགས་པ་མི་སྦྱིན་པའི་གླེང་གཞི་ནི་དགེ་སློང་མ་རྣམས་གོས་ཀྱི་རྙེད་པ་འགེད་པ་ལ་སྦོམ་དགའ་མོ་འདུར་མི་བཏུབ་པ་ལས་སོ། །དགག་བྱ་ནི་སྔར་དང་འདྲའོ། །གཞུང་གི་དོན་ནི་དགེ་སློང་མ་རྣམས་གོས་འགེད་པའི་ཕྱིར་ཡང་བདག་ཉིད་མཚམས་ནང་ན་གནས་པས་ཚོགས་པ་མི་སྦྱིན་པའི་དགེ་སློང་མ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས་གོས་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ་ཆོས་དང་ལྡན་པའི་རྙེད་པ་གཞན་བགོ་བའི་ཕྱིར་ཚོགས་པ་མ་སྦྱིན་པ་ལ་ཡང་ལྟུང་བྱེད་དུ་འགྱུར་རོ་ཞེས་སོ། །དབྱར་ཁང་ཡལ་བར་འདོར་བའི་གླེང་གཞི་ནི་སྦོམ་དགའ་མོས་དབྱར་ཁང་སྒོ་བཅད་ནས་ལྡེ་མིག་ཁྱེར་ཏེ་ལྗོངས་རྒྱུ་ཞིང་སོང་བ་ལས། དབྱར་ཁང་དེར་མེ་ཤོར་ཏེ་དགེ་སློང་མ་རྣམས་ཀྱིས་མེ་བསད་པར་འདོད་པ་ན་སྒོ་དབྱེར་ལྡེ་མིག་མ་རྙེད་ནས། དབྱར་ཁང་མེས་འཚིག་པར་གྱུར་པ་ལས་སོ། །དགག་བྱ་ནི་དབྱར་ཁང་ཆུད་ཟོས་པས་ལོངས་སྤྱོད་ལ་གནོད་པའོ། །གཞུང་གི་དོན་ནི་དགེ་སློང་མ་དབྱར་ཁང་ནས་གཞན་དུ་འགྲོ་བ་ན་ཐ་ན་ཁྱིམ་པ་ཡན་ཆད་ལ་དབྱར་ཁང་་་་་་གི་ལྡེ་མིག་ལ་སོགས་པ་མ་གཏད་མ་བཅོལ་བར་འགྲོ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །་་་་་དགེ་འདུན་གྱི་ཡང་རུང་། གང་ཟག་གི་ཡང་རུང་སྟེ། གཞན་ལ་གཏད་པར་བྱའོ་ཞེས་ཊཱི་ཀ་ལས་སོ། །འགྲོ་བ་དང་མི་འགྲོ་བ་ལས་གྱུར་པ་བཞི་ལས། ལྗོངས་རྒྱུ་ཞིང་འགྲོ་བའི་གླེང་གཞི་ནི་སྦོམ་དགའ་མོ་འཁོར་དང་བཅས་པ་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་འགྲོ་བ་ལས་སོ། །དགག་བྱ་ནི་དབྱར་འདྲལ་བའི་རྒྱུར་འགྱུར་བའོ། །གཞུང་གི་དོན་ནི་དབྱར་གྱི་ནང་དུ་ཡུལ་ལྟ་བའི་ཕྱིར་ལྗོངས་རྒྱུ་ཞིང་རྒྱང་གྲགས་ཀྱི་མཐའ་ལས་འདས་པར་འགྲོ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །་་་་་མའི་སོ་ཐར་འགྲེལ་པ་ལས་དབྱར་ཟླ་བ་གསུམ་མ་ཚང་བར་ཚུལ་འདྲལ་ན་ལྟུང་བྱེད་དོ་ཞེས་བཤད་ཀྱང་ཚུལ་འདྲལ་བ་ནི་མཚོན་པ་སྟེ་ཉིན་མོ་ལྗོངས་རྒྱུ་ན་ཡང་ལྟུང་བྱེད་དོ། །ཊཱི་ཀ་ལས་འདི་དགེ་སློང་ལ་སོགས་པ་གཞན་ལ་ནི་ཉེས་བྱས་སོ། །འོན་ཀྱང་་་་་་རང་གཞན་གྱི་ཆོས་ལྡན་གྱི་བྱ་བ་བསྒྲུབ་པའི་དབྱར་ཚུལ་ནང་དུ་དབྱར་བྱིན་གྱིས་བརླབས་ཏེ་ལྗོངས་རྒྱུ་ཞིང་འགྲོ་བ་ལ་ནི་ཉེས་པ་མེད་པར་ཊཱི་ཀ་ལས་བཤད་དོ། །ལྗོངས་རྒྱུར་མི་འགྲོ་བའི་གླེང་གཞི་ནི། སྦོམ་དགའ་མོ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། དགག་དབྱེ་བགྱིས་ལགས་ཀྱིས་ལྗོངས་རྒྱུ་ཞིང་བཞུད་དོ། །དེས་སྨྲས་པ། ཁོ་མོ་སྡེ་སྣོད་གསུམ་པ་ཡིན་ཏེ། ད་དུང་རྒྱུ་བའི་དུས་ལ་མ་བབ་བོ་ཞེས་ཟེར་ཞིང་མི་འགྲོ་བ་ལས་སོ། །དགག་བྱ་ནི་གནས་ལ་ཆགས་པ་འཕེལ་་་་་་ཊཱི་ཀ་ལས་བུད་མེད་རྣམས་ནི་གནས་ལ་ལྷག་པར་ཆགས་པ་ཤས་ཆེ་བས་བསླབ་པའི་གཞི་བཅས་སོ་ཞེས་སོ། །བའོ། །གཞུང་གི་དོན་ནི་དགེ་སློང་མས་དབྱར་གནས་པར་ཁས་བླངས་ནས། དབྱར་གནས་ཏེ་དགག་དབྱེ་བྱས་པའི་འོག་ཏུ་ཚེས་བཅུ་དྲུག་ལ་ལྗོངས་རྒྱུ་བ་དེར་མི་འགྲོ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །མའི་སོ་སོ་ཐར་པ་ལས་དབྱར་གནས་པའི་འོག་རོལ་ཏུ་རྒྱང་གྲགས་ཀྱི་མཐར་མི་འགྲོ་ན་ལྟུང་བྱེད་དོ་ཞེས་སོ། །ཊཱི་ཀ་ལས་འདིར་འགྲོ་བའི་ཚད་རྒྱང་གྲགས་ཀྱི་ཚད་ཀྱི་མཐའ་འོ། །དགེ་སློང་མའི་རྣམ་འབྱེད་ལས་ཐ་ན་དབྱར་ཁང་གཅིག་ནས་གཅིག་ཤོས་སུ་ཡང་འདོར་བར་བྱའོ་ཞེས་གསུངས་ཏེ། གནས་ལ་ཞེན་པ་སྤང་བའི་ཕྱིར་རོ། །དབྱར་གནས་པའི་འོག་ཏུ་དགེ་སློང་ལ་སོགས་པས་ལྗོངས་མི་རྒྱུ་ན་ཊཱི་ཀ་ལས་གཞན་་་་་་དགེ་སློང་ལ་སོགས་པ་ལ་ནི་ཉེས་བྱས་ཡིན་པར་འདུལ་བ་མདོར་བསྡུས་ལས་ཤེས་པར་བྱའོ་ཞེས་སོ། །ཊཱི་ཀ་ལས་ཕྱོགས་ཀུན་ནས་འཇིགས་པ་དང་བཅས་པའམ་ཞེ་འགྲས་ཡོད་ན་ནི་ལྟུང་བ་མེད་དོ། །ཚེས་བཅུ་དྲུག་གི་འོག་རོལ་ཏུ་ལམ་གྲོགས་ལ་སྡོད་པ་ལ་ནི་ཉེས་པ་མེད་དོ་ཞེས་གསུངས་སོ། །་་་་་ཡུལ་འཁོར་དོགས་པ་དང་བཅས་པར་འགྲོ་བའི་གླེང་གཞི་ནི་མ་སྐྱེས་དགྲས་ཡངས་པ་ཅན་དུ་སུ་ཡང་མ་འགྲོ་ཤིག་ཅེས་དྲིལ་བསྒྲགས་པ་བྱས་སོ། །དེ་ནས་དགེ་སློང་མ་རྣམས་རྒྱལ་པོའི་ཁབ་ནས་ཡངས་པ་ཅན་གང་ན་བ་དེར་རྒྱུ་ཞིང་སོང་བ་ན་ལམ་ཀར་ཆོམ་རྐུན་པ་དག་གིས་སུན་ཕྱུང་བ་ལས་སོ། །དགག་བྱ་ནི་ལུས་སྲོག་སོགས་ལ་གནོད་པའོ། །གཞུང་གི་དོན་ནི་ཡུལ་འཁོར་་་་་་ཊཱི་ཀ་ལས་ཆོམ་རྐུན་པའི་འཇིགས་པས་དོགས་པ་དང་བཅས་པར་འགྲོ་བའི་དགེ་སློང་མ་ལ་ལྟུང་བྱེད་དུ་འགྱུར་རོ། །མི་མཐུན་པ་དང་པ་དང་བཅས་པར་འགྲོ་བའི་གླེང་གཞི་ནི་ཡངས་པ་ཅན་པ་དག་གིས་རྒྱལ་པོའི་ཁབ་ཏུ་སུ་ཡང་མ་འགྲོ་ཤིག་ཅེས་དྲིལ་བསྒྲགས་པ་བྱས་སོ། །དེ་ནས་དགེ་སློང་མ་རྣམས་དེར་སོང་བ་ན་སུན་ཕྱུང་བ་ལས་སོ། །དགག་བྱ་ནི་ལུས་སྲོག་ལ་སོགས་པ་ལ་གནོད་པའོ། །གཞུང་གི་དོན་ནི་ཡུལ་འཁོར་གང་ན་དགྲ་བོ་མི་མཐུན་པ་ཡོད་པ་དང་བཅས་པར་ཡང་ངོ་སྟེ་འགྲོ་བ་ལའོ་ཞེས་སྔ་མར་སྦྱར་རོ། །ཊཱི་ཀ་ལས་མི་མཐུན་པ་དང་བཅས་པ་ཡིན་ཏེ། ཕྱོགས་འདིར་སུ་ཡང་འགྲོ་བར་མི་བྱའོ། །སུ་འགྲོ་བ་དེ་བསད་པར་བྱའོ་ཞེས་འགྲོ་བ་དགག་པའི་ཁྲིམས་སུ་བྱས་པ་ཡོད་པ་ལྟ་བུའོ་ཞེས་སོ། །འོ་ན་འདི་དང་སྔ་མའི་ཁྱད་པར་ཅི་ཞེ་ན། སྔ་མའི་སྐབས་སུ་ལུང་རྣམ་འབྱེད་ལས་དོགས་པ་དང་བཅས་པའི་ལམ་ནས་ནང་གི་ཡུལ་འཁོར་དུ་འགྲོ་ན་ལྟུང་བྱེད་དོ་ཞེས་གསུངས་ནས། ཕྱི་མའི་སྐབས་སུ་ལུང་རྣམ་འབྱེད་ལས་དོགས་པ་དང་བཅས་པའི་ནང་ནས་ཕྱི་རོལ་གྱི་ཡུལ་འཁོར་དུ་འགྲོ་ན་ལྟུང་བྱེད་དོ་ཞེས་གསུངས་ཏེ། ནང་གི་ཡུལ་འཁོར་དང་ཕྱི་རོལ་གྱི་ཡུལ་འཁོར་མཚོན་ཏེ་གསུངས་པ་ཙམ་མོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས་ཡུལ་འཁོར་ཆོམ་རྐུན་པའི་འཇིགས་པས་དོགས་པ་དང་བཅས་པ་དང་། ཡུལ་འཁོར་གང་ན་དགྲ་བོ་མི་མཐུན་པ་དང་བཅས་པ་ཞེས་བཤད་དེ། སྔ་མ་ནི་སྒོས་དགྲ་ཡོད་པ་དང་། ཕྱི་མ་་་་་་མི་མཐུན་པ་དང་བཅས་པ་ཞེས་པའི་ཊཱི་ཀ་ལ་ཕྱོགས་འདིར་སུ་ཡང་འགྲོ་བར་མི་བྱའོ། །སུ་འགྲོ་བ་དེ་བསད་པར་བྱའོ་ཞེས་བཤད་པས་སྤྱི་དགྲ་ཡོད་པ་ཉིད་དུ་གསལ་བས་ནི་སྤྱི་དགྲ་ཡོད་པ་ཞེས་་་་་་ཤ་མི་སྦས་ཏི་ལ་སོགས་པ་དེང་སང་འདུལ་བ་འཛིན་པ་རྣམས་མཐུན་པར་འཆད་པའོ། །སྨྲ་བ་ལས་གྱུར་པ་གཉིས་ལས་གཞན་གྱི་གནས་སུ་སོང་སྟེ་རྩོད་པ་བྱེད་པའི་གླེང་གཞི་ནི་སྦོམ་དགའ་མོ་ལྷ་ཁང་དུ་སོང་ནས་ལྷ་ཁང་པ་རྣམས་དང་། གཞན་ཡང་རྩོད་པ་བ་རྣམས་དང་རྩོད་པར་བྱེད་ཅིང་། ཁོ་མོས་ལྷ་ཁང་དུ་རྩོད་པ་བ་རྣམས་ཚར་བཅད་དོ་ཞེས་ཟེར་བར་ལས་སོ། །དགག་བྱ་ནི་ཊཱི་ཀ་ལས་གཞན་གྱི་གནས་སུ་སོང་སྟེ་གཞན་ཟིལ་གྱིས་གནོན་པ་འདི་ནི་ཧ་ཅང་སྤྱི་བརྟོལ་ཆེ་བ་ཡིན་པའི་ཕྱིར་ཞེས་བཤད་དོ། །གཞུང་གི་དོན་ནི་འཇིག་རྟེན་པའི་ལྷའི་གནས་དང་ཊཱི་ཀ་ལས་རྒྱལ་པོའི་ཕོ་བྲང་ལ་སོགས་པ་དང་མུ་སྟེགས་ཅན་གྱི་གནས་སུ་སོང་སྟེ་རྩོད་པར་བྱེད་དེ་འཐབ་ཀྲོལ་བྱེད་པའི་དགེ་སློང་མ་ལ་ལྟུང་བྱེད་དུ་འགྱུར་རོ། །་་་་་ཊཱི་ཀ་ལས་ཚིག་དོན་གཉིས་བརྡ་འཕྲོད་པའི་དུས་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་སོ། །འདིར་རྩོད་པར་བྱེད་པ་ནི་འཐབ་པར་བྱེད་པ་སྟེ། ལུང་རྣམ་འབྱེད་ལས་རྩོད་པར་བྱེད་ན་ཞེས་བྱ་བ་ནི་འཐབ་པར་བྱེད་ནའོ་ཞེས་གསུངས་སོ། །སྐབས་མ་ཕྱེ་བར་འདྲི་བའི་གླེང་གཞི་ནི་སྦོམ་དགའ་མོ་གཙུག་ལག་ཁང་དུ་སོང་ནས་དགེ་སློང་ལ་སྐབས་མ་ཕྱེ་བར་དྲི་བ་དྲིས་པ་དང་། དྲི་བ་དེ་དགེ་སློང་དེས་སྒྲོགས་པར་མ་ནུས་ཏེ་ཞུམ་ཞུམ་པོར་གྱུར་པ་ལས་སོ། །དགག་བྱ་ནི་དྲི་བའི་ཡུལ་དེ་ལ་མཐོ་འཚམ་པར་འགྱུར་བའོ། །གཞུང་གི་དོན་ནི་དགེ་སློང་མས་དགེ་སློང་ལ་སོགས་ལ་ཆོས་འདྲི་བའི་སྐབས་མ་ཕྱེ་བར་འདྲི་བ་ལ་ལྟུང་བྱེད་དུ་འགྱུར་རོ། །་་་་་གླེང་གཞི་ལས་ཞེས་ཏེ་སོ་སོ་ཐར་པའི་མདོ་དང་རྣམ་འབྱེད་གླེང་གཞི་བསྟན་པའི་སྐབས་ལས་དགེ་སློང་ལ་་་་་་སྐབས་མ་ཕྱེ་བར་འདྲི་ཞེས་གསུངས་མོད་ཀྱི་་་་་་རྣམ་འབྱེད་ལྟུང་བ་བསྟན་པའི་སྐབས་སུ་ལྟུང་བ་རྣམ་པར་བཞག་པ་ལས་་་་་་དགེ་སློང་ལ་ཞེས་མ་གསུངས་པར་སྤྱིར་བསྟན་ཏོ་ཞེས་ཊཱི་ཀ་ལས་བཤད་དོ། །བསླབ་བྱ་ནི་སྟན་བཏིང་སྟེ་ཞེས་སོ། །སྒྲུབ་པ་ལས་གྱུར་པ་གསུམ་ལས། ཕྱི་སར་གཅིག་པུ་འགྲོ་བའི་གླེང་གཞི་ནི་གཙུག་དགའ་མོས་སྐྱེས་པ་གཅིག་ལ་བརྡ་བྱས་ནས། སྐྱེས་པ་དེ་ནུབ་མོ་འོངས་པ་དང་། དེས་དེ་དབྱར་ཁང་གི་ཆབ་ཁུང་སར་བཞག་ནས། གཙུག་དགའ་མོས་བྱ་བ་མང་པོ་བྱས་ནས། ཆབ་ཁུང་སར་སོང་སྟེ། སྐྱེས་པ་དེ་ལ་འདི་སྐད་ཅེས། གནས་འདི་ནི་མི་གཙང་གིས་གནས་གཞན་དུ་འདོང་ངོ་། །ཁོ་མོའི་ཕྲག་པ་ལ་བཞོན་ཅིག་ཅེས་སྐྱེས་པ་དེས་ཕྲག་པ་ལ་བཞོན་པ་དང་། དེ་ནས་གཙུག་དགའ་མོས་འདི་སྙམ་དུ་སེམས་ཏེ། བདག་དགེ་སློང་མ་རྣམས་ཀྱི་སྣ་ལས་འགྲོ་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ཚུལ་ཁྲིམས་ཀྱི་ཕན་ཡོན་ཡིན་ཏེ། གཙང་མས་འཇིག་རྟེན་ཟིལ་གནོན་ཏེ། བཙོག་པས་འཇིག་རྟེན་ཟིལ་མི་ནོན་ཞེས་ཟེར་བ་ལྟ་བུའོ་སྙམ་དུ་བསམས་ནས། བདག་ཆོམ་རྐུན་པས་ཁྲིད་དོ་ཞེས་སྨྲས་པ་དང་། སྐྱེས་པ་དེས་ཕྲག་པ་ལས་ས་ལ་མཆོངས་ཏེ། མགོ་རེག་མོ་ངན་པ། རང་གི་བརྡ་བྱས་ལ། ཆོམ་རྐུན་པས་ཁྲིད་དོ་ཞེས་སྨྲའམ་ཞེས་སྨྲས་པའི་བྱུང་བ་ལས་སོ། །དགག་བྱ་ནི་ཁྲིམས་གྲོགས་མེད་པས་བསླབ་པ་ལས་འབྲལ་བར་འགྱུར་བའོ། །གཞུང་གི་དོན་ནི་དགེ་སློང་མས་ཁྲིམས་གྲོགས་མེད་པར་དབྱར་ཁང་གི་ཉེ་འཁོར་ལས་འདས་ཏེ་ཕྱི་སར་དང་། རང་གི་རྣམ་བཤད་ལས་གཅི་བའི་སར་གཅིག་པུ་འགྲོ་བ་ལ་སྟེ་འགྲེལ་ཆུང་ལས་མཚན་མོ་སོང་ན་ལྟུང་བྱེད་དོ་ཞེས་སོ། །རྩྭ་སྔོན་མི་གཙང་འདོར་བའི་གླེང་གཞི་ནི་སྦོམ་དགའ་མོ་བསོད་སྙོམས་ལ་འགྲོ་བ་ན་བྲམ་ཟེའི་ཁྱེའུ་རྣམས་ཀྱིས་མཐོ་འཚམ་མོ། །དེ་ནས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་བྲམ་ཟེའི་གསང་ཚིག་ཀློག་པའི་གནས་ནེའུ་སིང་སྔོན་པོ་ཡོད་པ་དེར། སྦོམ་དགའ་མོས་འཁྲུ་སྨན་ཟོས་པ་སྟེ། མང་དུ་འཁྲུས་པ་དེས་ནེའུ་སིང་སྔོན་པོ་སྦགས་པ་ལས་སོ། །དགག་བྱ་ནི་གཞན་དག་མ་དད་པར་འགྱུར་བའོ། །གཞུང་གི་དོན་ནི་དགེ་སློང་མས་རྩྭ་སྔོན་པོའི་་་་་་འམ་ལོ་འདབ་སྔོན་པོ་ཡང་རུང་སྟེ་འགྲེལ་ཆུང་ལས་རྩྭ་ལ་སོགས་པ་སྔོན་པོ་སྐྱེ་བ་སྟེང་དུ་བཤང་བ་བྱེད་པའམ་བྱས་ཟིན་པ་འདོར་བ་་་་་་ཊཱི་ཀ་ལས་ཕོག་ན་ལ་ལྟུང་བྱེད་དུ་འགྱུར་རོ། །བཤང་བ་ཁོ་ནར་མ་ཟད་གཅི་བ་འདོར་ན་ཡང་་་་་་མའི་སོ་སོ་ཐར་བ་ལས་རྩྭ་སྔོན་པོའི་སྟེང་དུ་བཤང་གཅི་འདོར་ན་ལྟུང་བྱེད་དོ་ཞེས་སོ། །རྩིག་པའི་ཕག་ཏུ་མ་བལྟས་པར་བཤང་བ་འདོར་བའི་གླེང་གཞི་ནི་གླང་པོ་ཆེའི་སྣ་ཆེན་པོ་ལ་གཏོགས་པ་དཔལ་་་་་་རྒྱལ་པོའི་གླང་པོ་ཆེ་རྣམས་ཀྱི་གཉེར་ཁ་བྱེད་པའི་མི་རྣམས་ཀྱི་དཔོན་ཡིན་ནམ་སེམས་སྐྱེད་ཅེས་བྱ་བ། རྒྱལ་པོ་གསལ་རྒྱལ་གྱི་ཆད་པ་བཅད་པ་ཞིག་ཡོད་པ་དེ། ནང་པར་གྱི་དུས་སུ་དབྱར་ཁང་དང་ཉེ་བ་ཞིག་ཏུ་སོང་བ་ལ། སྦོམ་དགའ་མོས་ཆོལ་ཟངས་གཅིན་གྱིས་གང་བ་མ་བརྟགས་པར་གཏོར་བས་མགོ་ལ་ཕོག་པར་གྱུར་ཏོ། །དེ་རིང་བདག་ལ་བཀྲ་ཤིས་པར་འགྱུར་རམ་འོན་ཏེ་མི་ཤིས་པར་འགྱུར་སྙམ་པ་ལས། ཇི་ཙམ་ན་རི་དྭགས་འཛིན་གྱིས་རྒྱལ་པོ་ལ་ཞུས་ཏེ། རྒྱལ་པོས་དཔལ་སྐྱེས་ལ་གླང་པོ་ཆེ་པད་མ་དཀར་པོ་ཞེས་བྱ་བ་གཅིག་དང་དེའི་དབང་ཐང་ཉིད་ཀྱང་སླར་བྱིན་ནོ། །དེ་ནས་དཔལ་བསྐྱེད་ཀྱིས་དགེ་སློང་མ་དེའི་ཆབ་ནི་བཀྲ་ཤིས་པ་དག་བྱེད་པ་ཡིན་པས་ཞེས་རས་ཡུག་པོ་ཆེ་ཁྱེར་ཏེ་དབྱར་ཁང་དུ་འོངས་ནས་སྦོམ་དགའ་མོ་ལ་བསྐོན་པ་ལས་སོ། །དགག་བྱ་ནི་གཞན་དག་མ་དད་པར་འགྱུར་བའོ། །གཞུང་གི་དོན་ནི་ཁང་སྟེང་གི་རྩིག་པའི་ཕག་རྩིག་པའི་ཕྱི་རོལ་ཏུ་འགའ་ཞིག་འདུག་པ་ལ་མི་ཕོག་གམ་ཞེས་མ་བལྟས་པར་བཤང་བའམ་གཅི་བར་འདོར་བ་ལ་སྟེ། མའི་སོ་སོ་ཐར་པ་དང་ལུང་རྣམ་འབྱེད་ལས་མ་བརྟགས་པར་བཤང་བའམ་གཅི་བ་འདོར་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ། །བསླབ་བྱ་ནི་མི་གཙང་བ་ལ་ཞེས་ཏེ་ལུང་ཕྲན་ཚེགས་ལས་འོད་སྲུངས་ཆེན་པོའི་བྱུང་བ་ལས་སོ། །ལྟུང་བྱེད་འབའ་ཞིག་པ་བརྒྱ་དང་བརྒྱད་ཅུ་པོ་བཤད་ཟིན་ཏོ། །གཞན་ཡང་སོ་སོ་ཐར་པའི་མདོར་སྡོམ་གྱིས་མ་བསྡུས་པའི་ལྟུང་བྱེད་ལུང་དགེ་སློང་མའི་རྣམ་འབྱེད་ལས་གསུངས་པ་ནི། ཡང་དགེ་སློང་མ་གང་རི་མོ་མཁན་གྱི་ཁང་པའམ། སྤྱོད་ཡུལ་མ་ཡིན་པའི་གནས་ལྔ་ལས་རི་མོ་མཁན་གྱི་གནས་དང་་་་་་གར་མཁན་གྱི་ཁང་པ་བལྟ་བའི་ཕྱིར་འགྲོ་ན་ལྟུང་བྱེད་དོ། །དགེ་སློང་མས་རང་གི་གླུ་གར་རོལ་མོ་བྱེད་པའི་ལྟུང་བྱེད་གསུམ་གསུངས་ཟིན་ནས་དེའི་རྗེས་སུ་ནི་གསུམ་གསུང་་་་་་ཡང་དགེ་སློང་མ་གར་ལ་ལྟར་འགྲོ་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གླུ་ལེན་པ་ལ་ལྟར་འགྲོ་ན་ལྟུང་བྱེད་དོ། །ལྟར་འགྲོ་ན་ཞེས་བྱ་བ་ནི་ལྟད་མོ་འདོད་དེ་་་་་་ཡང་དགེ་སློང་མ་གང་རོལ་མོ་ལ་ལྟར་འགྲོ་ན་ལྟུང་བྱེད་དོ། །ཞེས་དེ་རྣམས་རེ་རེ་ཞིང་སྦོམ་དགའ་མོའི་གླེང་གཞི་དང་བཅས་པ་གསུངས་སོ། །སྐབས་འདིར་བསྡུ་བའི་ཚིགས་སུ་བཅད་པ་ནི། སྲིན་བལ་་་་་་གྱི་སྟན་བྱེད་པ་འབབས་་་་་་བརྟད་བྱུང་བ་དང་་་་་་དབེན་པར་འདུག་པ་བཞི། །ཉལ་སར་འདུག་འགྲེང་གཉིས་དང་གདེང་མེད་སྤྱོད། ཚངས་སྤྱོད་་་་་་།ཉེར་གནས་མ་བྱས་་་་་་པར་བསྙེན་རྫོགས་སྦྱིན་བྱེད་དང་དགེ་སློང་མ་གཉིས་རེག་པ་དང་བཅས་བཞིན་དུ་སྟན་གདིང་བ་གཅིག་་་་་་ལ་ཉལ་་་་་་བ་དང་།་་་་་བ་གཅིག་པ་དེ་རྣམས་ལུང་དགེ་སློང་མའི་རྣམ་འབྱེད་ལས་གསུངས་པ་སྔར་བཤད་ཟིན་ཏོ། །རི་མོ་མཁན་གྱི་ཁང་པ་དང་གར་མཁན་གྱི་་་་་་།ཁང་པ་གཉིས་བལྟ་གར་གླུ་རོལ་མོ་་་་་་དང་གསུམ་བལྟ། །དེ་ལྟར་་་་་་སྤང་ལྟུང་གཉིས་དང་ལྟུང་བྱེད་འབའ་ཞིག་པ་བཅུ་བཞི་སྟེ་ལྟུང་བྱེད་བཅུ་དྲུག་པོ་དེ་རྣམས་ནི་སོ་སོ་ཐར་པའི་མདོར་སྡོམ་གྱིས་མ་བསྡུས་ཤིང་། མདོ་རྩ་བ་ལས་མ་བཤད་ཀྱང་། ལུང་དགེ་སློང་མའི་རྣམ་འབྱེད་ལས་གསུངས་སོ། །ལྟུང་བྱེད་འབའ་ཞིག་པའི་རྣམ་པར་བཤད་པ་རྫོགས་སོ།།    །།ད་ནི་དགེ་སློང་མའི་སོ་སོར་བཤགས་པར་བྱ་བ་བཅུ་གཅིག་འཆད་དེ། འདི་ལ་གཉིས་ཏེ། སྤྱིའི་དོན་དང་། སོ་སོའི་དོན་ཏོ། །དང་པོ་ལ་གཉིས་ཏེ། དགེ་སློང་ཕའི་རྣམ་འབྱེད་ཀྱིས་བརྗོད་པ་རྣམས་དགེ་སློང་མ་ལ་ཅིར་འགྱུར་དང་། དགེ་སློང་མའི་རྣམ་འབྱེད་ཀྱིས་བརྗོད་པ་རྣམས་དགེ་སློང་ཕ་ལ་ཅིར་འགྱུར་རོ། །དང་པོ་ནི་སོ་སོར་བཤགས་པར་བྱ་བ་ལས། བསླབ་པ་བྲལ་ཏེ་ཁྱིམ་དུ་འཇུག་པ་ནི་དགེ་སློང་ཕ་མ་གཉིས་ཀའི་ཐུན་མོང་བ་ཡིན་ལ། སོ་སོར་བཤགས་པར་བྱ་བ་དང་པོ་དང་གཉིས་པ་དང་བཞི་པ་ནི་མའི་སོ་སོ་ཐར་པ་དང་མའི་རྣམ་འབྱེད་དང་མདོ་རྩ་འགྲེལ་ལས་མ་གསུངས་ཏེ། གཞུང་དེ་དག་ལྟར་ན་སོ་སོར་བཤགས་པར་བྱ་བ་དེ་གསུམ་ནི་དགེ་སློང་མ་རྣམས་ཐུན་མོང་དུ་རྣམ་པར་མི་བཞག་གོ །འོན་ཀྱང་ལུང་ཞུ་བ་ལས་ནི་སོ་སོར་བཤགས་པར་བྱ་བ་དང་པོ་དང་གཉིས་པ་དང་བཞི་པ་ཡང་དགེ་སློང་མ་རྣམས་ལ་ཡོད་པར་གསུངས་ཏེ། སོ་སོར་བཤགས་པར་བབ་དང་པོའི་ཞུ་བ་ལས་དགེ་སློང་མས་ཉེ་དུ་མ་ལགས་པའི་དགེ་སློང་ལམ་སྲང་ན་མཆིས་པ་ལས་བསོད་སྙོམས་བླངས་ཏེ་འཚལ་ན་ཅིར་འགྱུར། སོ་སོར་བཤགས་པར་བྱ་བའོ་ཞེས་གསུངས་སོ། །སོ་སོར་བཤགས་པར་བྱ་བ་གཉིས་པའི་ཞུ་བ་ལས་དགེ་སློང་མས་མ་བསྒོ་བའི་ཟས་འཚལ་ན་ཅིར་འགྱུར། སོ་སོར་བཤགས་པར་བྱའོ་ཞེས་གསུངས་སོ། །སོ་སོར་བཤགས་པར་བྱ་བ་བཞི་པའི་ཞུ་བ་ལས་དགེ་སློང་མས་རབ་ཏུ་ཡང་དག་པར་མ་བརྟགས་པའི་ནགས་ཀྱི་ཀུན་དགའ་རྭ་བའི་ནང་དུ་བཅའ་བ་དང་བཟའ་བ་བླངས་ཏེ་འཚལ་ན་ཅིར་འགྱུར། སོ་སོར་བཤགས་པར་བྱ་བའོ་ཞེས་གསུངས་སོ། །དེ་ལྟར་ན་སོ་སོར་བཤགས་པར་བྱ་བ་གསུམ་པོ་དེ་དག་ནི། མདོ་རྩ་བ་སོགས་ལས་མ་གསུངས་ཀྱང་། ལུང་ཞུ་བ་ལས་ཁ་བསྐང་བར་བྱའོ། །འདི་ལ་དྲི་བ་རྒྱ་ཆེ་འགྲེལ་ལས་ཁུངས་སུ་དྲངས་པའི་ལུང་ལས་ནི། དགེ་སློང་གིས་ནགས་ཚལ་གྱི་བསེལ་བ་མ་བསྐོས་པར་ཀུན་དགའ་རྭ་བའི་ཕྱི་རོལ་ཏུ་བཅའ་བ་དང་བཟའ་བ་ལེན་ན་སོ་སོར་བཤགས་པར་བྱ་བར་འགྱུར་ལ། དགེ་སློང་མས་བླངས་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པའང་སྣང་སྟེ། ལུང་ལ་འདོན་པ་ཐ་དད་པའོ། །་་་་་འོ་ན་མདོ་རྩ་བ་ནས་མ་བཤད་པའི་ལྟུང་བྱེད་བཅོ་ལྔ་ལུང་དགེ་སློང་མའི་རྣམ་འབྱེད་ལས་གསུངས་པ་དང་མདོ་རྩ་བ་ནས་མ་བཤད་པའི་སོ་སོར་བཤགས་པར་བྱ་བ་གསུང་ལུང་ཞུ་བ་ལས་གསུངས་པ་འདི་རྣམས་ཇི་ལྟར་རྣམ་པར་བཞག་ཅེ་ན། རྣམ་བཤད་རིགས་པ་ལས་སྔར་བཤད་པ་ལྟར། དཀའ་སྡུད་པ་པོས་ཡང་དག་པར་བསྡུས་པའི་གཞི་གཞུང་ཉམས་པའི་ཕྱིར་དང་། སྨན་བླའི་མདོ་དང་རྩ་བའི་འགྲེལ་ཆུང་ལས་དགེ་སློང་མའི་ཁྲིམས་ལྔ་བརྒྱ་ཞེས་གསུངས་པའི་གནད་ཀྱིས་ལག་ལེན་དོག་མཐའ་བཟུང་སྟེ་ལུང་ལས་ཇ་ི་ལྟར་གསུངས་བཞིན་བཤད་ན་ལེགས་སྙམ་མོ། །གཉིས་པ་དགེ་སློང་མའི་རྣམ་འབྱེད་ཀྱིས་བརྗོད་པ་རྣམས་དགེ་སློང་ཕ་ལ་ཅིར་འགྱུར་ནི། འོ་མ་སློང་བ་ལ་སོགས་པ་ཐུན་མོང་མ་ཡིན་པ་བཅུ་པོ་འདི་དག་ནི། དགེ་སློང་ལ་ལྟུང་བའི་སྡེ་ཚན་གཞན་དུ་འགྱུར་བ་སྟེ། བསོད་པ་སློང་བའི་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་སོ་སོའི་དོན་ནི་སོ་སོར་བཤགས་པར་བྱ་བ་བཅུ་གཅིག་ལ་ཚན་པ་གཉིས་སུ་དབྱེ་སྟེ། ཐུན་མོང་མ་ཡིན་པ་བཅུར་དབྱེ་བ་དང་ཐུན་མོང་བ་མིང་ཙམ་དུ་བསྟན་པའོ། །དང་པོ་ནི་གཞན་གྱི་ཁྱིམ་ནས་ཞེས་པ་ལ་སོགས་པའོ། །འདི་རྣམས་ཀྱི་གླེང་གཞི་ནི། བཅུ་གཉིས་སྡེ་རྣམས་ཀྱིས་གཞན་གྱི་ཁྱིམ་དག་ནས་འོ་མ་ལ་སོགས་པ་བཅུ་པོ་འདི་རྣམས་སྔ་མ་སྔ་མ་བཀག་པའི་ཚེ་ཕྱི་མ་ཕྱི་མ་བསླངས་ཏེ་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་ཁྱིམ་པའི་ལོངས་སྤྱོད་ལ་གནོད་པ་དང་། ཟས་བཟང་པོ་ལ་རང་འདོད་ཆེས་པའོ། །གཞུང་གི་དོན་ནི་དགེ་སློང་མས་རང་གི་ཉེ་དུ་ལས་གཞན་གྱི་ཁྱིམ་སྟེ་ཉེ་དུ་མ་ཡིན་པའི་ཁྱིམ་ནས་་་་་་མའི་རྣམ་འབྱེད་ལས་ཉེ་དུ་དག་ལས་འོ་མ་སློང་བ་ན་ཉེས་དམིགས་དེ་ཉིད་དུ་འགྱུར་ནས་བཀའ་སྩལ་བ། བསླངས་བར་མི་བྱ་ཞེས་གསུངས་པ་དང་། ཊཱི་ཀ་ལས་སྦྱིན་པ་པོ་སྟེ་ཉེ་དུ་མ་ཡིན་པ་ཡན་ལག་ཏུ་དགོས་པ་དང་འགལ་ཞེ་ན། སྔར་བཅས་དང་རྗེས་བཅས་གོ་རིམ་བཞིན་ཏེ། རྗེས་བཅས་ཀྱི་རྗེས་སུ་འབྲང་བར་བྱའོ། །བདག་གི་དོན་དུ་འོ་མ་ངག་གི་རིག་བྱེད་ཀྱིས་བསླང་སྟེ་འཐུངས་པ་ལ་སོ་སོར་བཤགས་པར་བྱ་བའི་ལྟུང་བ་དངོས་གཞི་བསྐྱེད་པའོ། །ཞོ་དང་མར་ལ་སོགས་པ་དགུ་པོ་ལ་ཡང་དེ་བཞིན་དུ་སྦྱར་རོ། །འོ་མ་ལ་སོགས་པ་དེ་དག་ལས་གཞན་བསླངས་པ་ལས་གཞན་ཐོབ་པ་ལ་་་་་་སྟེ་འོ་མ་བསླངས་པས་ཞོ་ཐོབ་སྟེ་འཐུངས་པ་ལྟ་བུ་ནི་ན་སྨད་པ་མེད་དོ་ཞེས་པ་ནི་ཀུན་སློང་སྤྱི་ལ་ཞུགས་ནས་སྦྱོར་བ་བྱེ་བྲག་ལ་འཁྱོགས་ཀྱང་བསམ་པའི་དོན་ལ་མཐར་ཐུག་པ་ཡོད་པའི་ཕྱིར་ན་དངོས་གཞིར་འགྱུར་བའོ། །བསོད་པའི་ནང་ནས་བསོད་ཤོས་བསླངས་པས་བསོད་པའི་ནང་ན་མི་བསོད་པ་ཐོབ་སྟེ་་་་་་ཤ་སྐམ་བསླངས་པས་འབྲུ་མར་ཐོབ་པ་ལྟ་བུ་དེ་འཐུངས་པ་ཡང་ན་སྨད་པ་མེད་དོ། །བསོད་པའི་ནང་ནས་མི་བསོད་པ་དེར་གཏོགས་པ་བསླངས་པ་ལ་བསོད་པའི་ནང་ནས་བསོད་ཤོས་དེ་ཐོབ་་་་་་འབྲུ་མར་བསླངས་པས་ཤ་སྐམ་མམ་འོ་མ་ཐོབ་པ་ལྟ་བུ་སྟེ། ཟོས་སམ་འཐུངས་པ་ལ་ན་སྨད་པ་མེད་དོ། །དེ་དག་ཐམས་ཅད་་་་་་ནི་འོ་མ་ལ་སོགས་པ་ཟས་བསོད་པ་གང་རྙེད་ཀྱང་བསླངས་སྙམ་དུ་ཀུན་སློང་སྤྱི་ལ་ཞུགས་པའི་དབང་དུ་བྱས་སོ་ཞེས་གསུང་ངོ་། །གཉིས་པ་ཐུན་མོང་བ་མིང་ཙམ་དུ་བསྟན་པ་ནི། དམག་དཔོན་་་་་་སེང་གེ་་་་་འི་གླེང་གཞི་ལས་གྱུར་པའོ་་་་་་བསླབ་པ་བྲལ་ཏེ་ཁྱིམ་དུ་འཇུག་པའི་ལྟུང་བ་ནི་དགེ་སློང་མ་རྣམས་ཀྱི་ཡང་ཡིན་པར་ཞེས་སོ། །སོ་སོར་བཤགས་པར་བྱ་བའི་རྣམ་པར་བཤད་པ་རྫོགས་སོ།།    །།ད་ནི་དགེ་སློང་མའི་ཉེས་བྱས་བརྒྱ་དང་བཅུ་གཉིས་འཆད་དེ། དགེ་སློང་མས་ཤམ་ཐབས་རང་གི་ལུས་ཀྱི་རྐེད་པ་སྣང་བར་བགོ་བར་མི་བྱའོ་ཞེས་པ་ནི། དཔྱི་མགོ་བས་ཤམ་ཐབས་དམའ་བར་བགོ་བར་མི་བྱ་ཞེས་མའི་སོ་སོ་ཐར་པའི་འགྲེལ་པ་ལས་སོ། །དགེ་སློང་མ་འཁྲིག་པའི་འདོད་ཆགས་ཀྱིས་ཆགས་པར་གྱུར་ཅིང་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ། །དེ་གཉིས་དགེ་སློང་ཕ་ལ་ཅིར་འགྱུར་ཞེ་ན། སྔ་མ་ནི་དགེ་སློང་ཕ་ལ་ཉེས་པ་མེད་ལ། ཕྱི་མ་ནི་དགེ་སློང་ཕ་ལ་ཡང་ཉེས་བྱས་སུ་འགྱུར་རོ། །འོ་ན་དགེ་སློང་ཕའི་རྣམ་འབྱེད་དུ་བསྟན་པའི་ཉེས་བྱས་བརྒྱ་དང་བཅུ་གཉིས་པོ་དེ་དགེ་སློང་མ་ལ་ཅིར་འགྱུར་ཞེ་ན། ཉེས་བྱས་ཀྱི་སྡེའི་བསླབ་པ་རྣམས་ནི་དགེ་སློང་དག་ལས་གྱུར་པ་བཞིན་དུ་དགེ་སློང་མ་རྣམས་ཀྱི་ཡང་དེ་བཞིན་ནོ། །འདི་ལ་དམིགས་བསལ་གཉིས་ཏེ། ཁྱིམ་དུ་མ་བསྒོ་བར་སྟན་ལ་འདུག་པ་དང་། རྩྭ་སྔོན་མི་གཙང་འདོར་བ་གཉིས་ནི་དགེ་སློང་མ་ལ་ལྟུང་བྱེད་དུ་འགྱུར་བས་དེ་གཉིས་འདིར་མི་བགྲང་ངོ་། །དེ་གཉིས་མ་གཏོགས་པ་ཉེས་བྱས་བརྒྱ་རྩ་བཅུ་ནི་དགེ་སློང་མ་རྣམས་ཀྱི་ཡང་ཉེས་བྱས་སོ། །དེ་དག་གི་སྟེང་དུ་སྔ་མ་གཉིས་བསྣན་པས། དགེ་སློང་མ་ལ་ཡང་ཉེས་བྱས་བརྒྱ་རྩ་བཅུ་གཉིས་སོ། །དགེ་སློང་མའི་བསླབ་པའི་ཆོས་མང་པོ་རྣམས་རྫོགས་སོ། །རྣམ་བཤད་ཉི་མའི་འོད་ཟེར་ལས། དགེ་སློང་མའི་རྣམ་པར་བྱེད་པའི་རྣམ་པར་བཤད་པ་ཤཱཀྱའི་དགེ་སློང་ཤེས་རབ་བཟང་པོས་སྦྱར་བ་རྫོགས་སོ།།    །།དེ་ལྟར་དགེ་ཕ་མའི་རྣམ་འབྱེད་སོ་སོར་བསྟན་ཟིན་ནས། ཞུ་བའི་སྐབས་སྤྱིར་བསྟན་པ་ནི། ཉམས་པ་དང་མ་སྐྱེས་པ་ཉིད་ཅེས་པ་ལ་སོགས་པ་གསུངས་སོ། །འདི་ལ་གཉིས་ཏེ། སྤྱིའི་དོན་དང་སོ་སོའི་དོན་ཏོ། །དང་པོ་ལ་བཞི་སྟེ། གོ་རིམ་ལ་རྩོད་པ་སྤང་བའི་དོན་དུ་སྤྱིར་བསྟན་ཕྱི་ནས་བཤད་པའི་འཐད་པ་དང་། རང་བཟོའི་ཉེས་པ་སྤང་བའི་དོན་དུ་ལུང་གང་ལས་གསུངས་པ་འདིར་བསྡུས་པ་དང་། འབྲས་བུ་མེད་པར་དྭོགས་པ་སྤང་བའི་དོན་དུ་སྤྱིར་བསྟན་པའི་དགོས་པའི་དོན་དང་། དེ་ཉིད་རྟོགས་པར་སླ་བའི་དོན་དུ་སྤྱིར་བསྟན་པའི་བསྡུས་པའི་དོན་ཏོ། །དང་པོ་ནི་ཊཱི་ཀ་ལས་ཉེ་བར་འཁོར་གྱིས་ཞུས་པ་ལས་ལྟུང་བའི་མཚན་ཉིད་རྣམ་པ་གཉིས་སུ་གསུངས་ཏེ། ཕམ་པར་འགྱུར་བ་ལ་སོགས་པ་དག་ལ་སོ་སོར་ངེས་པ་དང་སྤྱིར་བསྟན་པའོ། །དེ་ལ་སོ་སོར་ངེས་པ་་་་་་ཁའི་དང་པོ་ནི་སོ་ཕན་ཆད་དོ་ཞེས་པའམ། ཀ་ཀ་ནི་བཞི་ལ་མ་ཤ་ཀའོ་ཞེས་པ་ལ་སོགས་པ་སོ་སོར་ངེས་པ་གང་ཡིན་པ་དེ་ནི་དེ་ཉིད་དང་ཅིག་ཅར་རྣམ་པར་བཤད་ཟིན་ཏོ། །སྤྱིར་བསྟན་པ་གང་ཡིན་པ་དེ་ནི་འདི་མན་ཆད་དུ་རྣམ་པར་བཤད་པར་བྱའོ། །དེ་ནི་རྣམ་པར་འབྱེད་པའི་ཤན་ཡིན་པའི་ཕྱིར་་་་་་གཏན་ལ་འབེབས་བྱེད་ཡིན་རྣམ་པར་འབྱེད་པ་བསྟན་པའི་འོག་ཏུ་སྤྱིར་བསྟན་པ་ཉིད་བཀོད་དེ་ཞེས་གསུངས་སོ། །དེ་ཡང་ཊཱི་ཀ་ལས་ལན་འདེབས་དངོས་སུ་གསུངས་པས་རྩོད་པ་ཤུགས་ཀྱིས་བསྟན་ཏེ། སྤྱིར་བསྟན་པ་འདི་ཆོས་ཅན། རྣམ་འབྱེད་གཉིས་ཀྱི་ཕྱི་ནས་བསྟན་པ་མི་འཐད་པར་ཐལ། རྣམ་འབྱེད་གཉིས་པས་ཡི་གེ་ཉུང་བའི་ཕྱིར་རོ། །ཁྱབ་པ་ཡོད་དེ། རྟགས་མདོ་རྩ་བའི་ལུང་གིས་གྲུབ་བོ། །ཁྱབ་པ་མ་གྲུབ་ན་སྒྲའི་བསྟན་བཅོས་དང་འགལ་ཏེ་་་་་་སྒྲའི་བསྟན་བཅོས་ལས། གོ་རིམ་ངེས་པའི་རྒྱུ་མཚན་་་་་་གཉིས་ལས་ཡི་གེ་རབ་ཉུང་ངམ། །ཡང་ན་མཆོད་འོས་སྔོན་ལ་སྦྱར། །ཞེས་བཤད་དོ་ཞེ་ན། སྒྲའི་བསྟན་བཅོས་ལས་བཤད་པ་དེ་ནི། རྒྱུ་མཚན་གཞན་མེད་པའི་དབང་དུ་བྱས་པ་ཡིན་ལ། འདིར་རྣམ་འབྱེད་ནི་གཏན་ལ་དབབ་བྱ་ཡིན་ལ། ཞུ་བ་སྤྱིར་བསྟན་པ་ནི་གཏན་ལ་འབེབས་བྱེད་ཡིན་པས། གཏན་ལ་དབབ་བྱ་བསྟན་པའི་འོག་ཏུ་གཏན་ལ་འབེབས་བྱེད་བསྟན་པ་དེ་ཤིན་ཏུ་འཐད་དེ་་་་་་ཊཱི་ཀ་ལས་རྣམ་པར་འབྱེད་པའི་ཤན་ཡིན་པའི་ཕྱིར་་་་་་གཏན་ལ་འབེབས་བྱེད་ཡིན་ཞེས་གསུངས་སོ། །གཉིས་པ་ནི་སྤྱིར་བསྟན་ཞེས་ལེའུ་ལོགས་ཤིག་ཏུ་ལུང་ལས་མ་གསུངས་པས། རང་བཟོའི་ཉེས་པར་འགྱུར་རོ་ཞེ་ན། སྤྱིར་བསྟན་ལ་མདོ་ཐུན་མོང་བ་དྲུག་ཅུ་རྩ་ལྔ་ལས། རྫས་བཀག་པ་བས་བཟང་པོ་དང་ཞེས་དང་། འདྲ་བ་ལ་ཡང་ངོ་ཞེས་པ་དང་། མི་ལ་དུད་འགྲོ་ཡང་ངོ་ཞེས་པ་སྟེ། མདོ་གསུམ་ནི་ལུང་རྣམ་འབྱེད་ནས་གསུངས་ལ། རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ཞེས་པ་ལུང་འདུལ་བྱེད་ལས་གསུངས་ཤིང་། སྤྱིར་བསྟན་གྱི་མདོ་གཞན་རྣམས་ནི་ལུང་ཞུ་བ་ལས་གསུངས་པ་བསྡུས་སོ། །དེ་ཡང་མདོ་སྔ་མ་གཉིས་ནི་ལུང་རྣམ་འབྱེད་དུ་ཆ་གཉིས་བསྲེ་བའི་སྐབས་ལས་བལ་ནག་པོ་འབའ་ཞིག་མོད་པ་དང་རིན་མཉམ་པ་དང་དཀར་པོ་དང་འཁོབ་བལ་དཀོན་པ་དང་རིན་ཆེ་བར་གྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་ལ། དེའི་འོག་མ་ནི་ལུང་རྣམ་འབྱེད་ལས་རེག་པ་འཁྲིག་ཚིག་བསྙེན་བཀུར་བསྔགས་པའི་སྐབས་སུ་དུད་འགྲོ་མོ་ལ་ཉེས་བྱས་སུ་གསུངས་པ་བསྡུས་སོ། །དེའི་འོག་མ་ནི་ལུང་འདུལ་བྱེད་ལས་འཁྲིག་ཚིག་སྨྲ་བའི་སྐབས་ནས་རྫུ་འཕྲུལ་གྱི་ཆོས་ཅན་མོ་ལ་སྨྲས་ན་སྦོམ་པོའོ། །རྫུ་འཕྲུལ་གྱི་ཆོས་ཅན་མོ་མ་ཡིན་པ་ལ་སྨྲས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་པ་བསྡུས་སོ། །ཉེས་པ་དེ་མེད་པ་ཉིད་ལ་འོང་བ་ནི་ཐ་དད་པ་ཉིད་དོ་ཞེས་པ་ནི་དེང་སང་ལུང་ན་མི་སྣང་ཡང་། ལོ་དྲུག་གི་སྟན་དང་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ཊཱི་ཀས་ལུང་ཞུ་བ་ཁུངས་སུ་དྲངས་སོ། །ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ་ཞེས་པ་ནི་་་་་་ཞུ་བར་མ་གསུང་ཞེས་ཁ་ཅིག་ཟེར་ཡང་སྤོ་བའི་གཞིའི་ལུང་ཞུ་བ་ལས་་་་་་དགེ་སློང་གིས་དགེ་འདུན་ལྷག་མའི་ནོངས་པ་ཞིག་བྱུང་ལ་མ་བཤགས་ཤིང་སླར་ཕྱིར་བཅོས་མ་བགྱིས་བཞིན་བྱང་བར་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། དགེ་སློང་དེ་ཐུན་མོང་མ་ཡིན་པའི་དགེ་འདུན་ལྷག་མ་བྱུང་བར་གྱུར་ལ་དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་དགེ་འདུན་ལྷག་མ་ལས་ནི་འབྱུང་གི་ཞེས་གསུངས་པ་བསྡུས་ཏེ། གཏམ་གྱི་གཞི་ལས་ཀྱང་་་་་་དགེ་སློང་གིས་ཉེས་པ་ཐུན་མོང་མིན་པ་སྡེ་བཞི་པོ་བྱུང་ལ་མ་བཤགས་ཤིང་སླར་ཕྱིར་བཅོས་མ་བགྱིས་པར་ནོངས་པ་མ་མཆིས་པར་འགྱུར་བ་མཆིས་སམ། ཡོད་དེ་མཚན་འཕོས་པའོ། །ཡང་དགེ་སློང་མ་ཐུན་མོང་མ་ཡིན་པའི་ཉེས་པ་སྡེ་ལྔ་བྱུང་བ་མ་བཤགས་ཤིང་སླར་ཕྱིར་བཅོས་མ་བགྱིས་ཀྱང་ནོངས་པར་མི་འགྱུར་བར་མཆིས་སམ་ཡོད་དེ་མཚན་འཕོས་པའོ་ཞེས་གསུངས་པའོ། །སྤྱིར་བསྟན་གྱི་གཞུང་འདི་རྣམས་ཀྱིས་མདོར་བསྡུས་བསྟན་པ་ཐམས་ཅད་ནི་ལུང་ཕྲན་ཚེགས་ལས་བསྡུས་ཏེ། འདུལ་བ་མདོར་བསྡུས་ནི་ལུང་ཕྲན་ཚེགས་ལས་གསུངས་པས་སོ། །གསུམ་པ་ནི་སྤྱིར་བསྟན་པ་ལ་ཁྱད་པར་གྱི་དགོས་པ་གསུམ་ཡོད་དེ། མདོར་བསྡུས་རྟོགས་པར་བྱེད་པ་དང་། ཚིག་ཚོགས་བསྐྱུང་བ་དང་། གཉིས་ཀ་སྟོན་པའི་དགོས་པ་ཡོད་དོ། །དང་པོ་ནི། རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན་ཞེས་གསུངས་པ་ལྟ་བུ་སྟེ། ལུང་འདུལ་བྱེད་ལས་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་དེ་འཁྲིག་ཚིག་སྨྲ་བའི་ཡན་ལག་ཡིན་པར་དངོས་སུ་གསུངས་པས། བསྙེན་བཀུར་བསྔགས་པ་ལ་སོགས་པ་ཡུལ་མཚན་མི་མཐུན་པ་ཡན་ལག་ཏུ་དགོས་པ་གཞན་རྣམས་ལ་ཡང་མདོར་བསྡུས་སྦྱར་ཏེ་སྤྱིར་གསུངས་པ་ལྟ་བུའོ། །ཁ་ཅིག་ན་རེ་མདོ་འདི་ནི་འཁྲིག་ཚིག་སྨྲ་བ་དང་བསྙེན་བཀུར་བསྔགས་པ་གཉིས་ཀ་ལ་ལུང་འདུལ་བྱེད་ལས་བསྡུས་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ་བསྙེན་བཀུར་བསྔགས་པ་ལ་ལུང་འདུལ་བྱེད་གཏན་ནས་མི་སྣང་བའི་ཕྱིར་དང་། ཊཱི་ཀ་ལས་བསྙེན་བཀུར་བསྔགས་པ་འདི་ལ་འདུལ་བྱེད་ལས་འབྱུང་བ་ནི་མེད་དོ་ཞེས་གསུངས་པ་དང་། རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ཞེས་པ་འདིའི་་་་་་རང་གི་རྣམ་བཤད་དང་ཊཱི་ཀ་ལས་འདིར་གཞུང་ནི་ལུང་འདུལ་བྱེད་ཀྱི་སྨྲ་བའི་སྐབས་ལས་ཞེས་འཁྲིག་ཚིག་སྨྲ་བའི་སྐབས་འབའ་ཞིག་ལུང་ཁུངས་སུ་དྲངས་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་ཚིག་ཚོགས་བསྐྱུང་བ་ནི། རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ་ཞེས་གསུངས་པ་ལྟ་བུ་སྟེ། རྫུ་སྨྲ་བའི་ཕམ་པ་ལ་སོགས་པ་མཐར་ཐུག་དོན་གོ་བ་ཡན་ལག་ཏུ་དགོས་པ་ཉི་ཤུ་རྩ་དགུ་པོ་ཐམས་ཅད་ལ་རེ་རེ་ལ་རེ་རེ་ལུང་ལས་གསུངས་པ་ལས་འདིར་ཚིག་གཅིག་ཏུ་བསྡུས་པ་ལྟ་བུའོ། །གསུམ་པ་ཚིག་ཚོགས་བསྐྱུང་བ་དང་མདོར་བསྡུས་རྟོགས་པར་བྱེད་པ་གཉིས་ཀ་སྟོན་པ་ནི། ཚིགས་སྔ་མར་སྦྱོར་བ་བྱས་པ་ལ་ཡང་ངོ་ཞེས་གསུངས་པ་ལྟ་བུ་སྟེ། དགེ་སློང་ཕའི་རྣམ་འབྱེད་ཀྱི་ཞུ་བ་ལས་སོ་སོར་བཤགས་པ་ཡན་ཆད་ལྟུང་བ་སྡེ་བཞི་པོ་རྣམས་ཀྱི་སྐབས་སུ་རྫུན་སྨྲ་ཕམ་པ་ལ་སོགས་པ་བཞི་བཅུ་རྩ་གཉིས་མ་གཏོགས་པ་བསླབ་ཚིགས་གཅིག་པ་ཡན་ལག་ཏུ་དགོས་པར་རེ་རེ་ལ་རེ་རེ་ལུང་ལས་གསུངས་པ་ལས། འདིར་ཚིག་གཅིག་ཏུ་བསྡུས་ཤིང་། བཞི་བཅུ་རྩ་གཉིས་པོ་དེ་དག་རྣམས་ལ་ཡང་མདོར་བསྡུས་སྦྱར་ཏེ་་་་་་ཚིག་སྔ་མར་སྦྱོར་བ་བྱས་པ་ལ་ཡང་ངོ་། །སྤྱིར་གསུངས་པ་ལྟ་བུའོ། །བཞི་པ་སྤྱིར་བསྟན་པའི་བསྡུས་པའི་དོན་ལ་གསུམ་སྟེ།་་་་་སྤྱིར་བསྟན་གྱི་སྒྲ་བཤད་པ་དང་། ཡན་ལག་རྣམ་པར་བཞག་པ་དང་། ལྟུང་བ་རྣམ་པར་བཞག་པ་སྐྱེ་ལུགས་སོ། །དང་པོ་སྤྱིར་བསྟན་གྱི་སྒྲ་བཤད་པ་ལ་གསུམ་ལས། མཐའ་དག་ལ་སྤྱིར་བསྟན་པས་ནི་སྤྱིར་བསྟན་པ་སྟེ། མདོ་དང་པོ་ལྟ་བུ་སྡོམ་གྱིས་བསྡུས་པའི་ལྟུང་བ་སྡེ་ལྔ་པོ་མཐའ་དག་ལ་སྤྱིར་བསྟན་པའོ། །་་་་་སྡོམ་གྱིས་མ་བསྡུས་པའི་ལྟུང་བ་ནི་བཤགས་པ་ལེན་པ་པོ་ལ་སོགས་པས། ཕྱིར་བཅོས་པའི་ཐབས་ཡོད་ལ་ཕྱིར་མ་བཅོས་ན་ཡང་ཉེས་བྱས་སོ་ཞེས་གསུངས་ཀྱང་། དགེ་སློང་ཕམ་པར་གྱུར་པས་ལྟུང་བ་ཕྱིར་མ་བཅོས་པ་ལ་ནི་ཉེས་མེད་དོ་ཞེས་སོ། །ཕལ་ཆེར་ལ་སྤྱིར་བསྟན་པས་ན་སྤྱིར་བསྟན་པ་སྟེ། བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ་ཞེས་དགྲ་བཅོམ་ཐོབ་པ་བདེན་སྨྲའི་ལྟུང་བྱེད་དང་ལས་ཀྱི་གནས་ནས་མ་སྨྲས་པར་འགྲོ་བའི་ལྟུང་བྱེད་ལྟ་བུ་མ་གཏོགས་པར་ཕལ་ཆེར་ལ་སྤྱིར་བསྟན་པ་ལྟ་བུའོ། །སྤྱིར་བསྟན་གྱི་ཞར་ལ་བྱུང་བས་ན་སྤྱིར་བསྟན་པ་ཞེས་བཏགས་ཏེ། མགུ་བ་སྤྱད་པ་ནི་དོན་མེད་པ་ཉིད་ཡིན་ནོ། །རེག་པར་བྱ་བ་ཉིད་ནི་མ་ཉམས་པའོ། །ག་ག་ཚིལ་བྱེད་པ་ལ་ཡང་ངོ་། །སེན་མོ་དང་སོ་དང་ཤ་མེད་པའི་རུས་པ་དང་སྤུ་དག་ནི་གཞན་དང་ལྡན་པ་ཉིད་དོ། །ཡང་དག་པར་ལེན་པར་བྱེད་པ་ལ་ནི་དེར་མ་ཟད་དོ། །དེ་ནི་སྣོད་ཡིན་ནོ་ཞེས་པ་མདོ་དྲུག་ནི་སྤྱིར་བསྟན་གྱི་ཞར་ལ་བྱུང་བའོ། །གཉིས་པ་ཡན་ལག་རྣམ་པར་བཞག་པ་ལ་གཉིས་ཏེ། འདིར་འགྱུར་གྱི་ཡན་ལག་དང་། ངེས་གཟུང་གི་ཡན་ལག་གོ །དང་པོ་ནི་ལྟུང་བ་བསྐྱེད་པའི་ཡན་ལག་ཏུ་རྟེན་རྣམ་དག་འདིས་ཀྱང་འགྱུར་ཏེ། བསླབ་པ་བྱིན་པ་འདིས་ཀྱང་འགྱུར་ཞེས་བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ་ཞེས་པ་ལྟ་བུའོ། །གཉིས་པ་ངེས་གཟུང་གི་ཡན་ལག་ལ་གཉིས་ཏེ། ཐུན་མོང་གི་ཡན་ལག་དང་ཐུན་མོང་མ་ཡིན་པའི་ཡན་ལག་གོ །དང་པོ་ནི་བསླབ་པའི་ཡན་ལག་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེས་ལ་མ་ཉམས་པ་ལྟ་བུའོ། །གཉིས་པ་ལ་བཞི་སྟེ། གཞིའི་ཡན་ལག་དང་། བསམ་པ་དང་། སྦྱོར་བ་དང་། མཐར་ཐུག་པའི་ཡན་ལག་གོ །དང་པོ་གཞིའི་ཡན་ལག་ནི་སྲོག་གཅོད་ཕམ་པའི་གཞི་མི་ཡིན་པ་ལྟ་བུ་སྟེ། འདུ་ཤེས་ཀྱི་དམིགས་པའི་གཞི་ཡིན་ཞིང་། ཀུན་སློང་སྐྱེས་པའི་གཞི་ཡིན་ལ། སྦྱོར་བ་འཇུག་པའི་གཞི་ཡིན་པས་གཞི་ཞེས་བྱའོ། །དེ་ཡང་གཞི་སེམས་ཅན་དང་། སེམས་ཅན་མ་ཡིན་པ་དང་། དེ་གཉིས་ཀ་ཡན་ལག་ཏུ་གྱུར་པའོ། །དེ་ཡང་སེམས་ཅན་སྤྱིས་བསྐྱེད་པ་ནི་ཕམ་ལྷག་དང་པོ་གཉིས་སོ། །སེམས་ཅན་བྱེ་བྲག་གིས་བསྐྱེད་པ་ལ་གཉིས་ཏེ། གཞི་མི་ལས་གྱུར་པ་དང་། དུད་འགྲོ་ལས་གྱུར་པའོ། །མི་མ་ཡིན་པ་ལས་ནི་ལྟུང་བ་དངོས་གཞིར་བཅས་པ་མེད་དོ། །དང་པོ་ལ་གཉིས། མི་སྤྱིས་བསྐྱེད་པ་དང་། མི་བྱེ་བྲག་གིས་བསྐྱེད་པའོ། །དང་པོ་ནི་སྲོག་གཅོད་པའི་ཕམ་པ་སྟེ། རང་གིས་ཀྱང་གཞན་རྒྱུད་ལ་ཕམ་པ་དེ་བསྐྱེད་པར་ནུས་སོ། །གཉིས་པ་ལ་ཚན་པ་དགུ་སྟེ། ཐ་སྙད་དང་ལྡན་པ་སྤྱིས་བསྐྱེད་པ་བཅུ་གཉིས་དང་། བསྙེན་པར་མ་རྫོགས་པ་སྤྱིས་བསྐྱེད་པ་བཞི་དང་། བསྙེན་པར་རྫོགས་པ་སྤྱིས་བསྐྱེད་པ་གསུམ་དང་། དགེ་སློང་ཕས་བསྐྱེད་པ་བཞི་བཅུ་རྩ་དྲུག་དང་། དགེ་སློང་མས་བསྐྱེད་པ་བཅུ་བཞི་དང་། དགེ་ཚུལ་གྱིས་བསྐྱེད་པ་གཅིག་དང་། རབ་ཏུ་བྱུང་བ་སྡེ་ལྔ་སྤྱིས་བསྐྱེད་པ་གཉིས་དང་། མུ་སྟེགས་ཅན་གྱིས་བསྐྱེད་པ་གཉིས་དང་། ཁྱིམ་པས་བསྐྱེད་པ་རྣམས་སོ། །དེ་ལ་བཞི་སྟེ། ཁྱིམ་པ་སྤྱིས་བསྐྱེད་པ་ཉི་ཤུ་རྩ་བདུན་དང་། ཁྱིམ་པ་ཕོས་བསྐྱེད་པ་་་་་་དམག་ལྟུང་གསུམ་རྐུན་མ་དང་འགྲོ་བ་བཞི་དང་། ཁྱིམ་པ་མོས་བསྐྱེད་པ་་་་་་ཆོས་སྟོན་ལམ་འགྲོ་གཉིས་དང་། ཕོ་མོ་ཚོགས་པས་བསྐྱེད་པ་་་་་་ཉལ་ཤོམ་གཉིས་སོ། །གཞི་དུད་འགྲོས་བསྐྱེད་པ་ནི་དུད་འགྲོ་འདེབས་སྤྱོད་གསོད་གསུམ་མོ། །གཞི་སེམས་ཅན་མ་ཡིན་པས་བསྐྱེད་པ་ལ་གཉིས་ཏེ། འབྱུང་བས་བསྐྱེད་པ་དང་། འབྱུང་བ་ལས་གྱུར་པས་བསྐྱེད་པའོ། །དང་པོ་ནི་ས་རྐོ་བ་དང་མེ་ལ་རེག་པ་དང་ཆུ་ལ་ཁྲུས་བྱེད་པ་དང་། ཆུ་ལ་རྩེ་བ་སྟེ་བཞིའོ། །རླུང་ལས་ཀྱང་བསླབ་བྱའི་ཉེས་བྱས་སུ་འགྱུར་པ་ཡོད་དེ། ས་བོན་འཇོམས་པའི་སྐབས་སུ་རླུང་དང་ཉི་མ་ལ་འཇོག་པས་ཀྱང་ངོ་ཞེས་པ་ནི་སྦྱོར་བའི་ཡན་ལག་བསྟན་པ་ཡིན་གྱི། གཞིའི་ཡན་ལག་ནི་མ་ཡིན་ནོ། །འབྱུང་བ་ལས་གྱུར་པས་བསྐྱེད་པ་ཚན་པ་ལྔ་སྟེ། གནས་ལས་གྱུར་པ་བཅུ་གསུམ་དང་། གོས་ལས་གྱུར་པ་སུམ་ཅུ་རྩ་དྲུག་དང་། ཟས་ལས་གྱུར་པ་ཉི་ཤུ་རྩ་གཉིས་དང་། སྣོད་སྤྱད་ལས་གྱུར་པ་གསུམ་དང་། ལྟུང་བ་ལ་བརྟེན་པ་ལྔའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ཏེ། འདུ་ཤེས་དང་ཀུན་སློང་ངོ་། །དང་པོ་ནི་ངེས་པའི་འདུ་ཤེས་སམ་གཞིའི་ཡན་ལག་གི་རྣམ་པ་མ་དོར་བའི་ཡིད་གཉིས་ཀྱང་་་་་་དེ་ཡང་ཡིད་གཉིས་ནི་འདུ་ཤེས་མ་ཡིན་ནོ་སྙམ་ན་རུང་སྟེ། འདུལ་བའི་ལུགས་ཀྱིས་ཡིད་གཉིས་ཀྱང་འདུ་ཤེས་ཡིན་ཏེ། ཊཱི་ཀ་ལས་ཡིད་གཉིས་ཟ་བའི་འདུ་ཤེས་ཀྱིས་སྤྱད་ན་ཞེས་བཤད་དོ། །གཞིའི་ཡན་ལག་གི་རྣམ་པ་དོར་བའི་ཡིད་གཉིས་ནི་ཡན་ལག་མ་ཡིན་ཏེ། སེམས་ཅན་གྱི་རྣམ་པ་དོར་ཏེ། འདི་མཐོ་ཡོར་ཡིན་ནམ་སྡོང་དུམ་ཡིན་སྙམ་དུ་ཡིད་གཉིས་ཟ་བ་ལྟ་བུའོ། །ཀུན་སློང་ལ་གསུམ་ལས། རྫོགས་པར་བྱེད་པའི་ཀུན་སློང་ནི་བཏང་བ་ཡང་ངོ་ཞེས་པའི་ཤུགས་ཀྱིས་བསྟན་ཏོ། །རིགས་འབྱེད་པའི་ཀུན་སློང་ནི། དེའི་ཆ་ནི་དེར་གཏོགས་སོ་ཞེས་པས་བསྟན་ཏོ། །ཆེད་དུ་བྱ་བའི་ཀུན་སློང་ནི་རང་གི་དོན་ཉིད་གཙོ་ཆེར་ཡོད་པའོ་ཞེས་པས་བསྟན་ཏེ། དེ་ལྟར་ན་རང་དོན་ཡན་ལག་ཏུ་དགོས་པའི་ལྟུང་བ་བཞི་བཅུ་རྩ་དྲུག་གི་སྐབས་སུ་ནི་ཀུན་སློང་ཆོས་གསུམ་ལྡན་ཡིན་ལ། དེ་དག་ལས་གཞན་གྱི་སྐབས་སུ་ནི་ཀུན་སློང་ཆོས་གཉིས་ལྡན་ནོ། །གསུམ་པ་སྦྱོར་བའི་ཡན་ལག་ལ་གཉིས་ཏེ། སྦྱོར་བ་རང་ཁོ་ནའི་བྱེད་པ་ཅན་དང་། གཞན་ལ་བཅོལ་ཡང་རྫོགས་པའི་བྱེད་པ་ཅན་ནོ། །དང་པོ་ལ་བཞི་ལས། སྦྱོར་བ་ལུས་ཁོ་ནའི་བྱེད་པ་ཅན་ནི་ཕམ་པ་དང་པོ་ལ་སོགས་པའོ། །སྦྱོར་བ་ངག་ཁོ་ནའི་བྱེད་པ་ཅན་ནི་རྫུན་སྨྲའི་ཕམ་པ་ལ་སོགས་པའོ། །སྦྱོར་བ་ལུས་ངག་གང་ཡང་རུང་བའི་བྱེད་པ་ཅན་ནི་བྱིན་འཕྲོག་བྱེད་པའི་སྤང་བ་ལ་སོགས་པའོ། །སྦྱོར་བ་ལུས་ངག་གཉིས་ཀ་དགོས་པའི་བྱེད་པ་ཅན་ནི་ཟས་བསོད་པ་ངག་གིས་སློང་ཞིང་ཟ་བའི་ལྟུང་བྱེད་ལ་སོགས་པའོ། །བཞི་པ་མཐར་ཐུག་གི་ཡན་ལག་ནི། སིལ་བུར་གནས་ཏེ་སྤྱིའི་ཆོས་སུ་འགྲོ་བ་ཤས་ཆུང་ལ། སྤྱིར་བསྟན་གྱི་སྐབས་འདིར་ཡང་རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ་ཞེས་པའི་་་་་་ཕྱོགས་གཅིག་གིས་གཞིའི་ཡན་ལག་བསྟན་ལ་ཕྱོགས་གཅིག་གིས་མཐར་ཐུག་བསྟན་ཏོ། །གསུམ་པ་ལྟུང་བ་རྣམ་པར་བཞག་པ་སྐྱེ་ལུགས་ནི། ལྟུང་བ་གཅིག་ཏུ་སྐྱེ་བ་དང་དུ་མར་སྐྱེ་བ་གཉིས་ལས། དང་པོ་ནི་རྣམ་འབྱེད་དུ་བསྟན་ལ། གཉིས་པ་ནི་འདིར་བསྟན་ཏེ། དེ་ལ་དྲུག་ལས། བསླབ་རྒྱུན་ཐ་དད་པས་ལྟུང་བ་ཐ་དད་པ་ནི་ཉེས་པ་དེ་མེད་པ་ཉིད་ལ་ཞེས་སོ། །བསམ་རྒྱུན་ཐ་དད་པས་ལྟུང་བ་ཐ་དད་པ་ནི་བཏང་བ་ཡང་ངོ་ཞེས་སོ། །བཅས་པ་ཐ་དད་པས་ལྟུང་བ་ཐ་དད་པ་ནི་གཞི་གཅིག་ལ་དུ་མ་ཞེས་སོ། །ཀུན་སློང་ཐ་དད་པས་ལྟུང་བ་ཐ་དད་པ་ནི་དེའི་ཆ་ནི་དེར་གཏོགས་སོ་ཞེས་སོ། །གཞི་ཐ་དད་པས་ལྟུང་བ་ཐ་དད་པ་དང་སྦྱོར་བ་ཐ་དད་པས་ལྟུང་བ་ཐ་དད་པ་ནི་བྱ་བ་དུ་མའི་འབྲས་བུ་ཞེས་སོ། །དེ་ལྟར་སྤྱིའི་དོན་བསྟན་ནས་སོ་སོའི་དོན་ལ་ལྔ་སྟེ། ལྟུང་བ་བསྐྱེད་པ་རྟེན་གྱི་ཡན་ལག་དང་། སྦྱོར་བ་འཇུག་པ་ཡུལ་གྱི་ཡན་ལག་དང་། ཐ་དད་དུ་སྐྱེ་ལུགས་ཞར་བྱུང་དང་བཅས་པ་དང་། བསམ་པ་དང་དངོས་པོའི་བྱེད་པ་ཞར་བྱུང་དང་བཅས་པ་དང་། སེལ་བ་དབང་དུ་བྱེད་པ་ཡན་ལག་དང་བཅས་ཏེ་བསྟན་པའོ། །དང་པོ་ལ་བཞི་སྟེ། བསླབ་པའི་ཡན་ལག་ཞར་བྱུང་དང་བཅས་པ་དང་། བསམ་པའི་ཡན་ལག་སེལ་བ་དང་བཅས་པ་དང་། ཚིགས་ཀྱི་ཡན་ལག་ཞར་བྱུང་དང་བཅས་པ་དང་། མཚན་གྱི་ཡན་ལག་ཞར་བྱུང་དང་བཅས་པའོ། །དང་པོ་ལ་གསུམ་སྟེ། སེལ་བའི་སྒོ་ནས་བསླབ་པའི་ཡན་ལག་བསྟན་པ་དང་། བསླབ་པ་བྱིན་པ་ལ་ལྟུང་བ་སྡེ་ལྔ་འབྱུང་རུང་དུ་བསྟན་པ་དང་། བསླབ་པ་བྱིན་པ་ཡུལ་དུ་བྱེད་པ་ཞར་བྱུང་དུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྡོམ་པ་སྐྱེས་ལ་མ་ཉམས་པའི་སེལ་བ་བསྟན་པ་དང་། རབ་བྱུང་བསྙེན་པར་མ་རྫོགས་པ་གསུམ་གྱི་ལྟུང་བ་བསྟན་པའོ། །དང་པོ་ནི། ཉམས་པ་དང་མ་སྐྱེས་པ་གཉིས་ལྟུང་བ་ལ་སྦྱོར་བ་ལ་ནི་ཉེས་བྱས་ཞེས་པ་སྟེ། འདི་ལ་གཉིས་ལས། དང་པོ་སྤྱིའི་དོན་ལ་ལྔ་སྟེ། ཡན་ལག་གི་ཁྱབ་པ་དང་། ཡན་ལག་གི་ངོ་བོ་དང་། སེལ་བ་དང་། ཅིར་འགྱུར། རྒྱུ་མཚན་ནོ། །དང་པོ་ནི་ལྟུང་བ་སྡེ་ལྔ་མཐའ་དག་ལ་སྦྱར་རོ། །གཉིས་པ་ནི་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པའོ། །གསུམ་པ་སེལ་བ་ནི་དེ་ལས་བཟློག་པ་སྟེ། བསྙེན་རྫོགས་ཀྱི་སྡོམ་པ་མ་བླངས་པ་དང་། བླངས་ཀྱང་སྡོམ་པ་མ་སྐྱེས་པ་དང་། སྐྱེས་ཀྱང་ཕམ་པ་འཆབ་བཅས་ཀྱིས་ཉམས་པའོ། །བཞི་པ་ཅིར་འགྱུར་ནི་སྡོམ་པ་གཏན་ནས་མ་བླངས་པའི་ཁྱིམ་པ་ཕོ་མོ་ལ་ལྟུང་བ་མེད་ལ། བླངས་ཀྱང་རྫོགས་པར་མ་བླངས་པ་རབ་ཏུ་བྱུང་བ་རྣམ་གསུམ་ལ་ཉེས་བྱས་གསུམ་ཅི་རིགས་པར་འགྱུར་ཏེ། འཆང་བ་ལ་སོགས་པ་གནང་བ་རྣམས་ནི་མ་གཏོགས་སོ། །ཉམས་པ་དང་མ་སྐྱེས་པ་ལ་ནི་ཉེས་བྱས་ཙམ་མོ། །དེ་ཡང་རྣམ་འབྱེད་ཀྱི་འཕྲོག་པ་དང་སྐྲོད་པའི་སྐབས་ལས་ཁྱིམ་པ་རྣམས་ལ་ནི་བསོད་ནམས་མ་ཡིན་པ་མང་ངོ་ཞེས་ལྟུང་མེད་དུ་བྱུང་བ་དང་། བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བས་བླངས་པ་ལས་འདས་པ་ལ་ཡང་ངོ་སྟེ་ཉེས་བྱས་སོ་ཞེས་པ་དང་། ཉམས་པ་དང་མ་སྐྱེས་པ་གཉིས་ལྟུང་བ་ལ་སྦྱོར་ན་ཉེས་བྱས་ཞེས་གསུངས་སོ། །ལྔ་པ་རྒྱུ་མཚན་ནི་སྡོམ་པ་གཏན་ནས་མ་བླངས་པའི་ཁྱིམ་པ་ལ་ལྟུང་བ་མེད་དེ། བཅས་པ་མེད་པའི་ཕྱིར་ཏེ། བཅས་ཀྱང་ལྡོག་འཇུག་བྱེད་པའི་དགོས་པ་མེད་པའི་ཕྱིར་རོ། །ཉེས་བྱས་སུ་འགྱུར་བ་དེ་དག་གི་རྒྱུ་མཚན་ནི་་་་་་རང་རང་གི་སྐབས་སུ་འོག་ཏུ་སྟོན་ཏོ། །གཉིས་པ་ཡན་ལག་གི་དོན་ནི། ཉམས་པ་ལ་དོན་རྣམ་པ་བདུན་ཏེ། གང་ཉམས། གང་ལས་ཉམས། གང་གིས་ཉམས། ཚུལ་ཇི་ལྟར་ཉམས། དེས་ལྟུང་བ་ལ་སྦྱོར་ན་ཅིར་འགྱུར་དང་། དགག་པ་དང་སྒྲུབ་པའི་དོན་དང་། སྒྲུབ་བྱེད་ལུང་དང་སྦྱར་བའོ། །གང་ཉམས་ན་ལྟུང་བ་ཀུན་ཏུ་སྤྱོད་པའི་གང་ཟག་དེ་ཉམས་སོ། །གང་ལས་ཉམས་ན་བསྙེན་རྫོགས་ཀྱི་སྡོམ་པ་དགོས་པ་སྒྲུབ་ནུས་དེ་ལས་ཉམས་སོ། །གང་གིས་ཉམས་ན་ཕམ་པ་འཆབ་སེམས་དང་བཅས་པ་དེས་ཉམས་སོ། །ཚུལ་ཇི་ལྟར་ཉམས་ན་ཕྱིར་བཅོས་སུ་མི་རུང་བར་ཉམས་ཏེ། ཊཱི་ཀ་ལས་ཕྱིར་བཅོས་སུ་མི་རུང་བ་ཉིད་ཀྱིས་ཉམས་པ་ཡིན་ནོ། །་་་་་དེའི་དོན་གཏན་ལ་དབབ་པ་ལ་གཉིས་ཏེ། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པའོ། །དང་པོ་ལ་གཉིས་ཏེ། མདོ་སྡེ་པའི་ལུགས་དགག་པ་དང་། སྔ་རབས་པའི་ལུགས་དགག་པའོ། །དང་པོ་ལ་གཉིས་ལས། ཕྱོགས་སྔ་འགོད་པ་ནི། མདོ་སྡེ་པ་ན་རེ། འཆབ་སེམས་ཕམ་པའི་ཡན་ལག་ཏུ་དགོས། ཕམ་པ་བྱུང་ན་སྡོམ་པ་ཀུན་གཏོང་། ཕྱིན་ཆད་སྡོམ་པ་བླངས་ཀྱང་མི་སྐྱེ། ལྟུང་བ་བཤགས་ཀྱང་མི་འདག་པའི་ཚུལ་དུ་ཉམས་སོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号