ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་ཊཱིཀ་ཉི་མའི་འོད་ཟེར་ལེགས་བཤད་ལུང་རིགས་ཀྱི་རྒྱ་མཚོ་ལས་དགེ་སློང་མའི་རྣམ་འབྱེད་ཞུ་བ་སྤྱིར་བསྟ
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      སྲོག་གཅོད་པའི་ཕམ་པའི་ཡན་ལག་གཞན་ཐམས་ཅད་ཚང་བའི་དབང་དུ་བྱས་ཏེ། དགེ་སློང་གིས་མི་གསོད་པའི་སྦྱོར་བ་བྱས་ནས་མཐར་ཐུག་གྲུབ་པ་དང་དུས་མཉམ་དུ་དེ་མཚན་གྱུར་པའི་དགེ་སློང་མ་ཆོས་ཅན། སྲོག་གཅོད་པའི་ཕམ་པ་དངོས་སུ་བསྐྱེད་དེ། སྲོག་གཅོད་ཀྱི་ཕམ་པ་དངོས་སུ་བསྐྱེད་པ་དེའི་ཞིང་ཉིད་ཡིན་པའི་ཕྱིར་རོ། །འདི་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་གི་ལྟུང་བ་དེ་སྐྱེས་ཟིན་གནས་པའི་ཞིང་ཉིད་ཀྱང་ཡིན་ནོ། །མཚན་གྱུར་པ་ནི་དེའི་ཞིང་ཉིད་ཡིན་ཞེས་པའི་་་་་་མདོ་འདི་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་བ་ཐམས་ཅད་ཀྱི་དབང་དུ་བྱས་ཏེ་སྤྱིར་བསྟན་པ་ཡིན་ནོ། །དེ་ཡང་མཚན་ཉིད་ཅི་འདྲ་བའི་ཐུན་མོང་བ་ལྔ་བཅུ་རྩ་དྲུག་ཡོད་དེ། དེ་ཡང་ལུང་ཞུ་བ་ལས། རྐུ་དང་སྨྱན་དང་སྐུར་འདེབས་གསུམ། །འཆང་འཇོག་སློང་དང་སློང་རིགས་དང་། །རིན་ཐང་སོ་སོར་བསྐུར་བ་དང་། །གསེར་དངུལ་སྐྱེད་གཉིས་ལྷུང་བཟེད་འཚོལ། །འཐག་གཉིས་རྫུན་འདོན་སྐྱེ་བ་གཅོད། །རིམ་གཉིས་འདུག་གནས་ཕྱེ་དང་ནི། །སྤངས་ཟ་་་་་་ཁབ་ལུང་ཞུ་བ་ལས་སྤངས་ཟ་ལ་དགེ་སློང་ལས་དགེ་སློང་མར་གྱུར་ན་ཉེས་བྱས་སུ་གསུངས་པ་ནི་མཐར་ཐུག་མ་ཚང་བ་ལ་དགོངས་ཏེ། དགེ་སློང་མ་ལས་དགེ་སློང་དུ་གྱུར་ན་ལྟུང་བྱེད་དུ་གསུངས་པ་དང་མཚུངས་པར་སྦྱར་རོ། །དུས་མིན་ཁ་ནས་མིད། །གཅེར་བུ་དམག་གསུམ་མེ་རེག་དང་། །ནུབ་ལྷག་ཁ་བསྒྱུར་རིན་ཆེན་རེག །ཁྲུས་བྱེད་རྩེ་དང་རྐུན་མ་དང་། །ས་རྐོ་མགྲོན་དང་ཆང་འཐུང་དང་། །དུས་མིན་ཟས་བཅས་སྐྱ་རེངས་དང་། །ཁབ་རལ་གདིང་གཡན་བདེ་གཤེགས་གོས། །བཞི་བཅུ་བརྒྱད་ལ་དངོས་སུ་གསུངས། །མི་ཚངས་སྤྱོད་དང་སྲོག་གཅོད་བཞི། །ཕམ་རྫུན་བདེན་སྨྲ་ས་བོན་འཇོམས། །དེ་ལྟར་བརྒྱད་ལ་ནི་མདོ་བསྡུས་སྦྱར་བར་བྱའོ། །་་་་་ས་བོན་སྐྱེ་འཇིག་གཉིས་པོ་གཅིག་ཏུ་བགྲངས་ནས་ལྔ་བཅུ་རྩ་ལྔ་ཞེས་བླ་མ་རྣམས་གསུང་ཡང་ལུང་ལས་སྐྱེ་བ་གཅོད་པ་ལ་དངོས་སུ་གསུངས་པས་ས་བོན་འཇོམས་པ་ལ་མདོར་བསྡུས་སྦྱར་བ་སྟེ་དངོས་ཀྱི་ལྟུང་བ་དང་མདོར་བསྡུས་ཀྱི་ལྟུང་བ་ཐ་དད་དུ་བགྲང་ན་ལྔ་བཅུ་རྩ་དྲུག་ཅེས་བརྗོད་དོ། །དམིགས་བསལ་ནི་་་་་་གཞན་གྱི་ཡན་ལག་རང་གི་ཁ་འམ་བཤང་ལམ་དུ་བླངས་པའི་ཆ་ནས་མཚན་ཉིད་ཅི་འདྲ་བའི་ཐུན་མོང་ཡིན་གྱི་དགེ་སློང་གི་ཟག་བྱེད་ཀྱིས་་་་་་བུད་མེད་ཀྱི་ཟག་བྱེད་དུ་མི་ཚངས་པར་སྤྱོད་པ་་་་་འི་སྦྱོར་བ་བྱེད་བཞིན་པ་ན་མཚན་གྱུར་ན་ཕམ་པར་མི་འགྱུར་བ་དང་། ལྷུང་བཟེད་ཕུལ་དགུ་བས་ཆུང་བའམ་ཆེ་བ་སློང་བ་་་་་་ནི་དགེ་སློང་ལ་སྤང་ལྟུང་སྐྱེད་བྱེད་དགེ་སློང་མ་ལ་ལྷུང་བཟེད་ཚད་དང་མི་ལྡན་དང་། གོས་ལས་གྱུར་པ་རྣམས་ལ་གོས་ལྕི་བ་དང་ཡང་བ་འཆང་འཇོག་ལ་སོགས་པ་བྱེད་པ་་་་་་ནི་དགེ་སློང་ལ་སྤང་ལྟུང་བསྐྱེད་ཀྱང་དགེ་སློང་མ་ལ་གོས་རུང་བ་མ་ཡིན་དང་། ཟས་ལ་སོགས་པ་རྣམས་ལ་གསོག་འཇོག་ལག་ཉ་ལ་སོགས་དང་འབྲེལ་བ་་་་་་དུས་མ་ཡིན་པར་ཟ་བར་སོགས་པ་རྣམས་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་མ་ཡིན་ཏེ། དགེ་སློང་ཕ་མའི་ལྟུང་བ་དེ་དག་ནི་ཡན་ལག་ཐུན་མོང་མ་ཡིན་ནོ། །གཉིས་པ་ཐུན་མོང་མ་ཡིན་པ་རྣམས་ཀྱི་དབང་དུ་བྱས་པ་ལ་ལྔ་ལས། དང་པོ་སྦྱོར་ལྟུང་ཆུང་བ་སོ་ན་ནི་གནས་ཤིང་བཅས་པ་ཆེར་གྱུར་པ་ནི། ན་སྨད་པའི་དོན་གྱིས་སྦྱོར་བ་ཞེས་སོ། །དེ་ཡང་དགེ་སློང་མ་གཉིས་ཁྲི་གཅིག་ལ་ཉལ་ན་ལྟུང་བྱེད་བསྐྱེད་ལ། དགེ་སློང་ཕ་གཉིས་ཁྲི་གཅིག་ལ་ཉལ་ན་ཉེས་བྱས་བསྐྱེད་པ་དེ་གོ་བར་བྱས་ལ། འགྲེལ་བས་འདི་ལྟར་བཤད་དེ། དགེ་སློང་གཉིས་ཁྲི་གཅིག་ལ་རེག་པ་དང་བཅས་བཞིན་དུ་སྐྱ་རེངས་མ་ཤར་བའི་མདུན་རོལ་ཏུ་ཉལ་བ་ན་སྨད་པའི་དོན་ཉེས་བྱས་ཀྱི་སྦྱོར་བ་བྱེད་བཞིན་པ་གང་ཡིན་པ་ཉིད་ལ་མཚན་གྱུར་ན་ན་སྨད་པ་དེའི་ཞིང་ཉིད་ཡིན་ནོ། །ཞེས་པ་སྟེ་དེ་གཉིས་དགེ་སློང་མར་གྱུར་ཏེ་སྐྱ་རེངས་ཤར་ན་ཡང་ལྟུང་བ་ན་སྨད་པ་དེའི་ཞིང་ཉིད་ཡིན་ནོ། །སྐབས་འདིར་མཐར་ཐུག་གི་ལྟུང་བ་ཡང་ཉེས་བྱས་ཁོ་ནར་ཟད་ཀྱི་ཁྲི་གཅིག་ལ་ཉལ་བའི་ལྟུང་བྱེད་དུ་མི་འགྱུར་རོ། །ཞུ་འགྲེལ་་་་་་ལས་བཤད། རང་ཅག་དེའི་རྗེས་སུ་མི་འབྲང་སྟེ། ཊཱི་ཀ་ལས་ལྷག་པའི་དོན་གྱི་སྦྱོར་བ་ལས་ནི་ལྟུང་བ་ན་སྨད་པ་འབྱུང་བར་འགྱུར་གྱི། ན་སྨད་པའི་དོན་གྱི་སྦྱོར་བ་ལས་མཚན་གྱུར་པ་ལས་ནི་ལྷག་པ་འབྱུང་བར་མི་འགྱུར་བས། འདིར་དངོས་གཞི་ཡང་ན་སྨད་པ་ཉིད་འབྱུང་གི ལྷག་པ་མི་འབྱུང་བར་བསྟན་ཏོ་ཞེས་བཤད་པ་ནི། མཚན་གྱུར་གྱི་སྤྱི་གཞུང་ལེགས་པ་ཡིན་ནོ། །ན་སྨད་པའི་དོན་གྱི་སྦྱོར་བ་ཞེས་པ་དགེ་སློང་གིས་དགེ་སློང་མ་ལ་བརྡེག་པའི་ཉེས་བྱས་དེ་མཚན་མཐུན་ལ་བརྡེག་པའི་ལྟུང་བྱེད་པས་ཆུང་བས་ན་ལྟུང་བ་ན་སྨད་པའོ། །དེ་ཉིད་བརྗོད་པར་བྱ་བའི་དོན་ཡིན་པས་ན་དོན་ཏོ་ན་སྨད་པ་དེ་ཉིད་ཀྱི་སྦྱོར་བ་བྱེད་བཞིན་པ་གང་ཡིན་པ་ཉིད་ལས་མཚན་གྱུར་ན་ན་སྨད་པ་དེའི་ཞིང་ཉིད་ཡིན་ཏེ་རྟེན་མཚན་གྱུར་པས་བཅས་པ་ཆེར་གྱུར་ཀྱང་སྦྱོར་ལྟུང་ཆུང་བ་ཉིད་སོ་ན་གནས་སོ་ཞེས་བསྟན་ཏོ། །སྐབས་འདིར་མཐར་ཐུག་གི་ལྟུང་བ་ཡང་ན་སྨད་པ་ཁོ་ནར་ཟད་ཀྱི་དངོས་གཞི་ཉིད་དུ་ནི་མི་འགྱུར་རོ། །ན་སྨད་པའི་དོན་གྱིས་སྦྱོར་བ་ཞེས་པའི་་་་་་མདོ་འདི་ནི་་་་་་དགེ་སློང་མ་ཡང་ཡང་ཟ་བའི་སྦྱོར་བ་བྱེད་པའི་ཉེས་བྱས་ཕྲ་མོ་བྱུང་ནས་མཚན་གྱུར་པ་ལྟ་བུ་མཚན་སྔ་མ་ན་བཅས་པ་ཆུང་ལྡན་གྱི་སྦྱོར་བ་བྱེད་བཞིན་པ་ལས་རྟེན་མཚན་གྱུར་པས་བཅས་པ་ཆེར་གྱུར་པ་ཐམས་ཅད་ཀྱི་དབང་དུ་བྱས་ཏེ་སྤྱིར་བསྟན་པ་ཡིན་ནོ། །འདི་ལ་སྔོན་གྱི་འདུལ་བ་འཛིན་པ་རྣམས་ཀྱིས་ནི་སྦྱོར་བ་ཆེ་ཆུང་ཞེས་བརྡ་བཏགས་ཏེ། མཚན་གྱུར་པ་ན་སྦྱོར་ལྟུང་ཆུང་བ་དེ་སོ་ན་གནས་ཤིང་བཅས་པ་ཆེར་གྱུར་པས་ན་དེ་སྐད་དོ། །གཉིས་པ་མཐར་ཐུག་གི་ལྟུང་བ་ཆུང་དུ་གྱུར་ཅིང་བཅས་པ་ཡང་ཆུང་དུ་གྱུར་པ་ནི་བྱས་པ་ནི་དེ་ཉིད་ཡིན་ཞེས་སོ། །དེ་ཡང་དགེ་སློང་མ་རེག་པའི་ཕམ་པ་རྫོགས་པར་བྱས་པ་དེ་དགེ་སློང་ཕར་མཚན་གྱུར་ན་སྔར་གྱི་རེག་པའི་ཕམ་པ་དེ་ནི་ལྟུང་བ་ན་སྨད་དུ་གྱུར་པ་ཡིན་པས་ཁ་ན་མ་ཐོ་བ་ན་སྨད་པ་དེ་ཉིད་ཡིན་ནོ། །་་་་་སྐབས་འདིར་ཊཱི་ཀ་ལས། ཁ་ན་མ་ཐོ་བ་དེ་ཉིད་ཡིན་ནོ་ཞེས་བཤད་པ་ནི་ཁ་ན་མ་ཐོ་བ་ན་སྨད་པ་དེ་ཉིད་ཡིན་ནོ་ཞེས་པའི་ཐ་ཚིག་སྟེ། སྐབས་འདིར་་་་་་ཊཱི་ཀ་ལས་དགེ་སློང་མ་རེག་པའི་ཕམ་པ་བྱུང་བ་དེ་མཚན་གྱུར་ཅིང་དགེ་སློང་དུ་གྱུར་ན། རེག་པ་དེ་དགེ་སློང་དེ་ལ་སྦོམ་པོར་འགྱུར་ཞེས་གསུང་ངོ་། །འོ་ན་ཊཱི་ཀ་ལས་བྱས་པ་ནི་དེ་ཉིད་ཡིན་ནོ་ཞེས་འབྱུང་བ་དེའི་ཡུལ་ནི་དངོས་གཞིའི་ལྟུང་བའི་ཞིང་ཉིད་ཡིན་པར་སྟོན་ཏོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་མཐར་ཐུག་གྲུབ་པའི་ལྟུང་བ་དེའི་གནས་སྐབས་ཀྱི་ཞིང་ཉིད་ཡིན་པ་ལ་དགོངས་ནས་དངོས་གཞིའི་ཞིང་ཉིད་ཡིན་ཞེས་བསྟན་ཏོ། །འདིར་སྦྱོར་བ་བཀོད་ན་དགེ་སློང་མ་རེག་པའི་ཕམ་པ་རྫོགས་པར་བྱས་པ་དེ་ཤེས་པ་རང་བཞིན་དུ་གནས་བཞིན་དུ་མཚན་གྱུར་ན་རེག་པའི་ལྟུང་བ་དེ་ཆོས་ཅན། ཁ་ན་མ་ཐོ་བ་ན་སྨད་པ་དེ་ཉིད་ཡིན་ཏེ། ལྟུང་བ་སྦོམ་པོར་གྱུར་པ་དེ་ཉིད་ཡིན་པའི་ཕྱིར་རོ། །བྱས་པ་ནི་དེ་ཉིད་ཡིན་ཞེས་གསུངས་པའི་་་་་་མདོ་འདི་ནི་་་་་་དགེ་སློང་ཡང་ཡང་ཟ་བའི་ལྟུང་བྱེད་བྱུང་ནས་མཚན་གྱུར་པ་ལྟ་བུ། ལྟུང་བ་ཆེ་བའི་དངོས་གཞི་རྫོགས་པར་བྱུང་ཟིན་ནས་མཚན་གྱུར་པས་བཅས་པ་ཆུང་དུ་སོང་ན་ཐམས་ཅད་དུ་ཡང་ལྟུང་བ་ཆུང་དུ་འགྱུར་རོ། །ཞེས་སྤྱིར་བསྟན་པ་ཡིན་ནོ། །འདི་ལ་སྔོན་གྱི་འདུལ་བ་འཛིན་པ་རྣམས་ཀྱིས་ནི་དངོས་གཞི་ཆེ་ཆུང་ཞེས་བརྡ་བཏགས་ཏེ། ལྟུང་བ་དངོས་གཞི་རྫོགས་པར་བྱུང་ཟིན་པ་ན་མཚན་གྱུར་པས་བཅས་པ་ཆུང་དུ་གྱུར་ཅིང་ལྟུང་བ་ཡང་ཆུང་དུ་གྱུར་པས་ན་དེ་སྐད་དོ། །་་་་་སྦྱོར་བ་ཆེ་ཆུང་ཞེས་བརྡ་བཏགས་པ་ཡང་གཞུང་འདིས་མཚོན་ནས་བསྟན་ཏེ། དགེ་སློང་མས་སྐྱེས་པ་ལ་རེག་པའི་སྦྱོར་བ་བྱེད་བཞིན་པ་ན་མཚན་གྱུར་ན། སྦྱོར་བ་བྱེད་བཞིན་པའི་ལྟུང་བ་ཆུང་དུ་གྱུར་བའོ། །གསུམ་པ་མཐར་ཐུག་གི་ལྟུང་བ་ཆུང་བ་སོ་ན་གནས་ཤིང་བཅས་པ་ཆེར་གྱུར་པ་ནི་ན་སྨད་པ་ནི་རང་གི་ཉིད་དོ་ཞེས་སོ། །དེ་ཡང་དགེ་འདུན་ལྷག་མ་ལས་སྡེ་ཚན་ན་སྨད་པ་སྟེ་དགེ་སློང་མ་ཁུ་བ་འབྱིན་པའི་ལྟུང་བྱེད་བྱུང་ཟིན་ནས་དགེ་སློང་ཕར་མཚན་གྱུར་ན་ནི་ན་སྨད་པ་རང་གི་ཁ་ན་མ་ཐོ་བ་ཉིད་དོ། །འདིར་བམ་པོ་ལྔ་བཅུ་པ་ལས་ན་སྨད་པ་རང་གི་ཁ་ན་མ་ཐོ་བ་ཉིད་དོ་ཞེས་བཤད་དོ། །སྐབས་འདིར་རང་གི་རྣམ་བཤད་དང་ཊཱི་ཀ་ལས་དགེ་སློང་དེ་ལ་ཡང་འབྱིན་པའི་ལྟུང་བྱེད་ཁོ་ནར་འགྱུར་གྱི་འབྱིན་པའི་ལྷག་མར་ནི་མི་འགྱུར་རོ་ཞེས་གསུངས་སོ། །ན་སྨད་པ་ནི་རང་གི་ཉིད་དོ་ཞེས་པའི་་་་་་མདོ་འདི་ནི་་་་་་དགེ་སློང་མས་ཡང་ཡང་ཟོས་པའི་མཐར་ཐུག་གྲུབ་པའི་ཉེས་བྱས་བྱུང་ནས་མཚན་གྱུར་པ་ལྟ་བུ་ན་སྨད་པའི་མཐར་ཐུག་ལྟུང་བ་ཆུང་བ་བྱུང་ཟིན་ནས་མཚན་གྱུར་པས་བཅས་པ་ཆེར་གྱུར་ན་ཐམས་ཅད་དུ་ཡང་། མཐར་ཐུག་གི་ལྟུང་བ་ཆུང་བ་བྱུང་བ་དེ་ཆེར་མི་འགྲོ་བར་སོ་ན་གནས་སོ་ཞེས་སྤྱིར་བསྟན་པ་ཡིན་ནོ། །འདི་ལ་སྔོན་གྱི་འདུལ་བ་འཛིན་པ་རྣམས་ཀྱིས་ནི་དངོས་གཞི་ཆེ་ཆུང་ཞེས་བརྡ་བཏགས་ཏེ། མཚན་གྱུར་པ་ན་མཐར་ཐུག་གི་ལྟུང་བ་ཆུང་བ་སྔར་བྱུང་བ་དེའི་རྒྱུན་ལྟུང་བ་ཆུང་བ་ཉིད་དུ་སོ་ན་གནས་ཤིང་བཅས་པ་ཆེར་གྱུར་པས་ན་དེ་སྐད་དོ། །སྐབས་འདིར་རྩོད་པ་འདི་སྐད་དུ་དགེ་སློང་མ་ཁུ་བ་འབྱིན་པ་ལས་དགེ་སློང་དུ་གྱུར་ན་འབྱིན་པའི་ལྟུང་བྱེད་ཁོ་ནར་འགྱུར་གྱི། འབྱིན་པའི་ལྷག་མར་མི་འགྱུར་ན། ལུང་ཞུ་བ་ཉུང་ཤོས་ལས་དགེ་སློང་མ་ཁུ་བ་འབྱིན་པ་ལས་མཚན་གྱུར་ཏེ་དགེ་སློང་དུ་རེད་ན་ཅིར་འགྱུར། དགེ་འདུན་ལྷག་མར་འགྱུར་རོ་ཞེས་བཤད་པ་དང་འགལ་ཞེ་ན། དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པ་དེ་ནི།་་་་་དགེ་སློང་དུ་གྱུར་ནས་སྦྱོར་བ་གསར་སྐྱེད་ཀྱིས་ཕྱུང་བ་ལ་དགོངས་སོ་ཞེས་རིགས་སོ། །གཞན་ཡང་ལུང་ཞུ་བ་ལས། བསྔོས་བསྒྱུར་སྐྱོན་སྨྲ་ཕྲ་མ་སྐྱོ་སྔོགས་བྱེད། །གནས་ངན་ལེན་བརྗོད་དང་ནི་བཤེས་དེ་དང་། །ཁྱད་གསོད་ཁྲི་གདིང་འབྱུང་དང་འདུས་ཟ་དང་། །མི་སྨྲ་འགྲོ་དང་མ་གུས་ཟས་བཅས་དང་། །ད་གདོང་ཁྲི་རྐང་བརྡལ་དང་བསླབ་པ་འདྲལ། །དེ་ལྟར་ལྟུང་བ་བཅོ་བརྒྱད་དེ་རྣམས་ཀྱི། །སྦྱོར་དང་མཐར་ཐུག་བར་དུ་མཚན་གྱུར་ན། །མཐར་ཐུག་ལྟུང་བྱེད་བསྐྱེད་པར་ལུང་ལས་གསུངས། །དེ་རྣམས་ཀྱི་ན་སྨད་སོ་ན་མི་གནས་པར་ལྟུང་བ་ཆེར་འགྲོ་བར་གསུངས་པ་ནི་མཚན་ཕྱི་མའི་སྐབས་ཀྱི་སྦྱོར་བ་ཡོད་པ་ལ་དགོངས་པ་སྟེ། ཊཱི་ཀ་ལས་དགེ་སློང་སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་འབྱིན་བཞིན་དུ་མཚན་གྱུར་ན་སྤངས་པའི་རྗེས་སུ་ཕྱོགས་པ་དེ་དགེ་སློང་མ་དེ་ལ་བཟློག་པའི་ཕམ་པའི་སྦོམ་པོར་འགྱུར་ཏེ། དགེ་སློང་མར་གྱུར་པ་ན་་་་་་དེ་ཡང་བཟློག་པའི་ཚུལ་གྱིས་ཞུགས་ན་ནི་སྦོམ་པོ་ཉིད་ཡིན་ལ། མ་ཞུགས་ན་ནི་ཉེས་བྱས་སོ་ཞེས་བཤད་པ་དང་མཚུངས་པའི་ཕྱིར་དང་། དེ་ལྟར་མིན་ན་མཚན་་་་་་ལྟུང་བ་ཆུང་བའི་སྦྱོར་བ་བྱས་པ་ལས་མཚན་གྱུར་པས་ལྟུང་བ་ཆེ་བ་བསྐྱེད་ན་གྱུར་གྱི་བཅས་པའི་སྤྱི་གཞུང་དང་འགལ་བའི་ཕྱིར་རོ། །བཞི་པ་ལྟུང་མེད་སོ་ན་གནས་ཤིང་བཅས་པ་ཡོད་པར་གྱུར་པ་ནི། ཞག་བཅུར་མ་ལོན་པ་ཞེས་སོ། །དེ་ཊཱི་ཀ་ལས་དགེ་སློང་གིས་ལྷུང་བཟེད་ལྷག་པ་ཞག་བཅུ་ལས་འདས་པར་བཅངས་ན་སྤང་བར་འགྱུར་ལ། དགེ་སློང་མས་ནི་ཞག་གཅིག་ལས་འདས་པར་བཅངས་ན་སྤང་བར་འགྱུར་པ་དེ་ལ་་་་་་ཡང་དགེ་སློང་ཕས་ལྷུང་བཟེད་བྱིན་གྱིས་མ་བརླབས་པར་ཞག་བཅུར་མ་ལོན་པ་སྟེ་ཞག་དགུ་ཚུན་ཆད་བཅངས་པ་ལས་དགེ་སློང་མར་མཚན་གྱུར་ན་སྔར་གྱི་ཁག་དགུ་པོ་དེ་དག་ནི་ཞག་གཅིག་གི་ཆ་དང་འདྲ་བ་ཉིད་དོ་ཞེས་པ་སྟེ། ཞག་གཅིག་གི་ཆ་སྔ་དྲོ་ཙམ་ཞིག་བཅངས་པ་དང་འདྲ་སྟེ་ལྷུང་བཟེད་འཆང་བའི་ལྟུང་བ་མི་བསྐྱེད་པ་ཉིད་དོ། །མདོ་འདིས་དངོས་སུ་བསྟན་པའི་ཆ་ནས་ནི་ལྷུང་བཟེད་འཆང་བ་འབའ་ཞིག་གི་གཞུང་ཡིན་ནོ། །མདོ་འདིས་མཚོན་ནས་བསྟན་པའི་ཆ་ནས་ནི་སྤྱིར་བསྟན་པ་སྟེ། དགེ་སློང་ལ་ཉིན་མོ་འབྲལ་བའི་ལྷག་མའི་བཅས་པ་མེད་པ་ལས་དགེ་སློང་མར་མཚན་གྱུར་པ་ན་བཅས་པ་དེ་ཡོད་པར་གྱུར་པ་ལྟ་བུ་མ་གྱུར་པ་ན་བཅས་པ་དེ་མེད་པ་ལས་མཚན་གྱུར་པས་བཅས་པ་དེ་ཡོད་པར་གྱུར་ན་ཐམས་ཅད་དུ་ཡང་མཚན་གྱུར་པས་ལྟུང་བ་དེ་ཡོད་པར་མི་འགྱུར་རོ་ཞེས་སྤྱིར་བསྟན་པ་ཡིན་ནོ། །འདི་ལ་སྔོན་གྱི་འདུལ་བ་འཛིན་པ་རྣམས་ཀྱིས་ནི་མེད་ཡོད་ཅེས་བརྡ་བཏགས་ཏེ། བཅས་པ་དེ་མེད་པ་ལས་མཚན་གྱུར་པས་བཅས་པ་དེ་ཡོད་པར་གྱུར་པས་ན་དེ་་་་་་སྦྱོར་བ་མེད་ཡོད་དང་དངོས་གཞི་མེད་ཡོད་གཉིས་ཞེས་གསུངས་ཏེ་སྐད་་་་་་བཅས་པ་དེ་མེད་པ་ལས་མཚན་ལན་གསུམ་གྱུར་པ་ནི་བཅས་པ་དེ་ཡོད་པར་མི་འགྱུར་དོ། །ལྔ་པ་ལྟུང་བ་མེད་པར་གྱུར་ཅིང་བཅས་པ་ཡང་མེད་པར་གྱུར་པ་ནི། ཞིང་མ་ཡིན་པ་ཉིད་ལ་ཞེས་སོ། །དེ་ཡང་ཉིན་མོ་འབྲལ་བའི་ལྷག་མ་་་་་་དང་ལོ་བཅུ་གཉིས་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དང་འཁོར་དང་འཁོར་མང་ཉེ་བར་འཇོག་པའི་ལྟུང་བྱེད་དགེ་སློང་ལ་མེད་ཀྱང་དགེ་སློང་མ་ལ་དེ་རྣམས་ཡོད་པ་ལྟ་བུ་ཐུན་མོང་མ་ཡིན་པའི་ལྟུང་བ་བྱུང་ནས་མཚན་གྱུར་པ་དེ་དགེ་སློང་གིས་ཉིན་མོ་འབྲལ་བ་ལྟ་བུའི་སྦྱོར་བ་བྱེད་པ་ན་མཚན་གྱུར་པ་དང་མཐར་ཐུག་གྲུབ་པ་ན་མཚན་གྱུར་ནས་སོ། །་་་་་ལྟུང་བ་དེའི་ཞིང་མ་ཡིན་པ་ཉིད་དུ་གྱུར་པ་ལ་ནི་ཐུན་མོང་མ་ཡིན་པའི་ལྟུང་བ་དེ་ཡོད་པ་ལས་ཉམས་ཏེ་ལྟུང་བ་དེ་མེད་པར་གྱུར་ཏོ། །དེ་ཡང་ཊཱི་ཀ་ལས་ཞིང་མ་ཡིན་པ་ཉིད་ལ་ནི་སྔར་མཚན་མ་གྱུར་པའི་གནས་སྐབས་སུ་ལྟུང་བ་ཐུན་མོང་མ་ཡིན་པ་བྱས་པ་དེ་ཉམས་ཤིང་ཞིག་པ་དང་མེད་པར་རིག་པར་བྱ་སྟེ་ལྟུང་བ་དེ་བཤགས་པར་བྱ་བ་མི་དགོས་སོ་ཞེས་གསུངས་སོ། །དེ་ཡང་གཏམ་གྱི་གཞི་ལས། ལྟུང་བ་བྱུང་ལ་མ་བཤགས་ཤིང་ཕྱིར་བཅོས་མ་བགྱིས་པར་ནོངས་པ་མ་མཆིས་པར་འགྱུར་བ་མཆིས་སམ་ཡོད་དེ་་་་་་དགེ་སློང་ལྟུང་བ་ཐུན་མོང་མ་ཡིན་པ་སྡེ་བཞི་པོ་བྱུང་བའམ་་་་་་སྡེ་ལྔ་ཞེས་མ་གསུངས་པ་ནི་དགེ་སློང་གི་ཉེས་བྱས་ཀྱི་སྡེ་ལ་ཐུན་མོང་མིན་པ་མེད་པའི་ཕྱིར་རོ། །དགེ་སློང་མ་ལྟུང་བ་ཐུན་མོང་མ་ཡིན་པ་སྡེ་ལྔ་པོ་བྱུང་བ་དེ་མཚན་གྱུར་ན་ལྟུང་བ་དེ་དག་ལས་བྱུང་བར་བརྗོད་པར་བྱའོ་ཞེས་གསུངས་སོ། །སྤོ་བའི་གཞིའི་ཞུ་བ་ལས་ཀྱང་དགེ་འདུན་ལྷག་མའི་ནོངས་པ་ཞིག་བྱུང་བ་ལ་མ་བཤགས་ཤིང་སླར་ཕྱིར་བཅོས་མ་བགྱིས་བཞིན་བྱང་བར་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ་དགེ་སློང་དེ་ཐུན་མོང་མ་ཡིན་པའི་དགེ་འདུན་ལྷག་མ་བྱུང་བར་གྱུར་ལ་དེའི་མཚན་འཕོས་ནའོ་ཞེས་གསུངས་སོ། །ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་པ་འདི་ལ་སྔོན་གྱི་འདུལ་བ་འཛིན་པ་རྣམས་ཀྱིས་ནི་ཡོད་མེད་ཅེས་བརྡ་བཏགས་ཏེ། མ་གྱུར་པ་ན་ཐུན་མོང་མ་ཡིན་པའི་བཅས་པ་དང་ལྟུང་བ་དེ་ཡོད་པ་ལས་མཚན་གྱུར་ནས་བཅས་པ་དེ་དང་ལྟུང་བ་དེ་མེད་པར་གྱུར་པས་ན་དེ་སྐད་་་་་་སྦྱོར་བ་ཡོད་མེད་དང་དངོས་གཞི་ཡོད་མེད་གཉིས་ཞེས་གསུངས་ཏེ། དགེ་སློང་མས་ཉིན་མོ་འབྲལ་བ་ལྟ་བུའི་སྦྱོར་བ་བྱེད་པ་ན་མཚན་གྱུར་པ་དང་མཐར་ཐུག་གྲུབ་པ་ན་མཚན་གྱུར་ནའོ། །དོ། །སྐབས་འདིར་རྩོད་པ་འདི་སྐད་དུ། མཚན་གྱུར་པས་ཐུན་མོང་མ་ཡིན་པའི་ལྟུང་བ་དེ་མེད་པར་གྱུར་ན་ནི་སླར་ཡང་མཚན་གྱུར་ན་ལྟུང་བ་དེ་སླར་ལོག་པར་མི་རིགས་པ་ལས། སྤོ་བའི་གཞིའི་ཞུ་བ་ལས་དགེ་འདུན་ལྷག་མའི་ནོངས་པ་ལས་དག་པར་བྱུང་བཞིན་དུ། སླར་ཡང་ནོངས་པ་དེ་བཤགས་དགོས་པར་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། འདི་ལྟར་ཡང་དགེ་སློང་དེ་ཐུན་མོང་མ་ཡིན་པའི་དགེ་འདུན་ལྷག་མའི་ཉེས་པ་བྱུང་བར་གྱུར་པ་དེའི་ཚེ་མཚན་འཕོས་ཏེ་དགེ་སློང་མར་མཚན་གྱུར་ནས་དགེ་འདུན་ལྷག་མ་ལས་དག་པར་བྱུང་བ་དང་དེ་སླར་ཡང་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན་ཉེས་པ་དེ་བཤགས་དགོས་སོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མཚན་གྱུར་པས་ལྟུང་བ་དག་པར་གསུངས་པ་དེ་ནི། མཚན་གྱུར་པས་ཐུན་མོང་མ་ཡིན་པའི་བཅས་པ་མེད་པར་གྱུར་པས་ན་ལྟུང་བ་དེའི་ནུས་པ་འབྱིན་མ་ནུས་པ་ལ་ལྟུང་བ་དག་པར་བཏགས་པ་ཡིན་གྱི། ལྟུང་བའི་ངོ་བོ་དག་པ་ནི་མ་ཡིན་ཏེ། སླར་མཚན་གྱུར་ན་ལྟུང་བ་དེ་འབྱུང་བར་གསུངས་པས་ཤེས་སོ་ཞེས་གསུངས་སོ། །ལྟུང་བ་ཆེ་བ་ལས་ཆུང་ངུ་གྱུར་པའང་དེ་བཞིན་ནོ། །འོ་ན་རེག་པའི་ཕམ་པ་བྱུང་བ་དེ་མཚན་འཕོས་པས་ལྟུང་བ་སྦོམ་པོར་འགྱུར་བ་ལྟ་བུ། ལྟུང་བ་ཆུང་དུ་གྱུར་པས་ན་ལྟུང་བ་ཆུང་བའི་ཕྱིར་བཅོས་བྱས་ནས། སླར་ཡང་མཚན་འཕོས་ན་ལྟུང་བ་དེ་སླར་ལྡོག་གམ་མི་ལྡོག་སྙམ་ན། ཁ་ཅིག་ན་རེ་ལྟུང་བ་ཆུང་དུས་སུ་ཕྱིར་བཅོས་ནས་ལྟུང་བ་སླར་མི་ལྡོག་སྟེ་ལྟུང་བ་དག་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལྟར་ན་ལྟུང་བ་ཆེ་བའི་ངོ་བོར་གནས་པ་དག་གམ་ཆུང་བའི་ངོ་བོར་གནས་པ་དག སྔ་མ་ལྟར་ན་ལྟུང་བ་ཆེ་བའི་མིང་རིགས་བརྗོད་པའི་ཕྱིར་བཅོས་མ་བྱས་པ་དང་འགལ་ལོ། །ཕྱི་མ་ལྟར་ན་མཚན་གྱུར་པས་ལྟུང་བ་ཆེ་བའི་ངོ་བོ་དོར་བར་གྱུར་པ་ལས། སླར་ཡང་མཚན་གྱུར་ན་ལྟུང་བ་དེ་སླར་ལྡོག་པར་གསུངས་པ་དང་འགལ་ལོ། །་་་་་ལྟུང་བ་དེ་ལས་གྲོལ་ཞེས་ཀྱང་བྱ་ཞིང་། སླར་ཡང་ལྟུང་བ་དེ་ཉིད་དང་བཅས་པར་འགྱུར་བ་མཆིས་སམ། ཡོད་དེ་དགེ་སློང་ལྟུང་བ་ཐུན་མོང་མ་ཡིན་པ་སྡེ་བཞི་པོ་བྱུང་བའམ། དགེ་སློང་མ་ལྟུང་བ་ཐུན་མོང་མ་ཡིན་པ་སྡེ་ལྔ་པོ་བྱུང་བ་དེ་མཚན་གྱུར་ན་ལྟུང་བ་དེ་ལས་གྲོལ་ཞེས་བྱ་ཞིང་། སླར་ཡང་མཚན་གྱུར་ན་ལྟུང་བ་དེ་ཉིད་དང་བཅས་པ་ཡིན་ནོ་ཞེས་ལུང་ལས་བཤད་ཅེས་སྔ་མ་རྣམས་གསུང་ཡང་དེ་ནི་ལུང་ན་མི་སྣང་ངོ་། །མཚན་གྱུར་ན་ལྷག་མའི་འཆབ་པ་དག་པར་བསྟན་པ་ནི་མཚན་གྱུར་པ་དེ་ལ་སྔར་དགེ་འདུན་ལྷག་མའི་ཉེས་པ་བཅབས་པ་ཉམས་པ་མ་ཡིན་པ་མ་ཡིན་ཏེ་འཆབ་པ་དེ་ཡོད་པ་ལས་ཉམས་ཏེ་མེད་པར་གྱུར་པ་ཡིན་ནོ། །དེས་ན་སྤོ་བ་སྤྱད་མི་དགོས་སོ། །གསུམ་པ་དེ་དག་གི་ཞར་ལ་བྱུང་བ་ནི། མགུ་བ་ཞག་དྲུག་གམ་ཟླ་བ་ཕྱེད་རལ་གྱིས་སྤྱད་ཀྱང་རུང་ཆ་ཤས་ཀྱིས་སྤྱད་ཀྱང་རུང་སྟེ། སྔར་མགུ་བ་སྤྱད་པ་ནི་ཕྱིས་མཚན་གྱུར་པ་ན་དོན་མེད་པ་ཉིད་ཡིན་ཏེ་གདོང་མགུ་བ་རྫོགས་པར་སྤྱད་དགོས་སོ་ཞེས་རང་གི་རྣམ་བྱེད་དང་ཊཱི་ཀ་ལས་གསུངས་སོ། །འོ་ན་ལུང་ཞུ་བ་ལས་དགེ་སློང་དེ་མགུ་བར་བགྱི་བ་སྤྱོད་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཆད་པ་བྲལ་བ་ཞེས་བགྱི་བའམ། ཨུ་པ་ལི་མ་ཡིན་ཏེ། ཇི་ཙམ་དུ་སྤྱད་པ་དེ་གྲོངས་ལ་དགེ་འདུན་སྡེ་གཉིས་ལ་ཟླ་བ་ཕྱེད་དུ་སྐོངས་ཤིག་ཅེས་ཞག་་་་་་སྔར་མགུ་བར་སྤྱད་པ་དེ་ཕྱིས་མཚན་གྱུར་པ་ན་གྲངས་ཀྱིས་ཁ་སྐོང་བར་བྱེད་པའི་དོན་ཡོད་པར་གསུངས་པ་དང་འགལ་ལོ་ཞེ་ན། དེང་སང་་་་་་འདུལ་བ་འཛིན་པ་ཁ་ཅིག་ན་རེ་སྔར་མགུ་བ་སྤྱད་པ་དོན་མེད་དུ་གསུངས་པ་ནི་ཉིན་མོ་འབྲལ་བའི་ལྷག་མ་ལྟ་བུ་སྟེ་ཐུན་མོང་མ་ཡིན་པའི་ལྷག་མའི་ལྟུང་བ་བྱུང་ནས་མགུ་བ་སྤྱད་པ་ནི་མཚན་གྱུར་པ་ན་དོན་མེད་དུ་གྱུར་པ་སྟེ་མཚན་གྱུར་པ་ན་ལྟུང་བ་དེ་མེད་པར་གྱུར་པའི་ཕྱིར་རོ། །སྨྱན་བྱེད་པའི་ལྷག་མ་ལྟ་བུ་སྟེ་ཐུན་མོང་གི་ལྷག་མའི་ལྟུང་བ་བྱུང་ནས་མགུ་བ་སྤྱད་པ་ནི་མཚན་གྱུར་ཀྱང་སྔར་མགུ་བ་སྤྱད་པ་དེ་དོན་ཡོད་པའོ་ཞེས་ཟེར་རོ། །འོན་ཀྱང་དེ་ནི་མི་བཟང་སྟེ། རང་གི་རྣམ་བཤད་དང་ཊཱི་ཀས་ཁུངས་སུ་དྲངས་པའི་ལུང་ལས་དགེ་སློང་མ་གཉིས་ཀའི་དགེ་འདུན་ལ་མགུ་བ་སྤྱད་པ་ནི་མཚན་གྱུར་ཏེ་དགེ་སློང་དུ་གྱུར་ན་ཅི། དེས་དགེ་འདུན་ལ་ཞག་དྲུག་མགུ་བ་སྤྱད་པར་བགྱི་འཚལ་ལམ་སྤྱད་པར་བྱ་དགོས་སོ་ཞེས་གསུངས་པས་ནི་མགུ་བ་སྤྱད་པ་དོན་མེད་པར་བསྟན་ཏེ། སྔར་གཉིས་ཀའི་དགེ་འདུན་ལ་ཟླ་བ་ཕྱེད་མགུ་བ་སྤྱད་དུ་ཟིན་ཀྱང་ཡང་དགེ་འདུན་ལ་ཞག་དྲུག་མགུ་བ་སྤྱད་པར་དགོས་པར་བསྟན་པའི་ཕྱིར་རོ་ཞེས་གསུངས་པ་མཁས་པ་ཡོན་ཏན་འོད་ལུང་ཁུངས་དང་བཅས་པའི་རྗེས་སུ་མི་འབྲང་བར། ལུང་ཡི་གེ་མ་དག་པའི་རྗེས་སུ་འབྲངས་བར་ཟད་དོ། །བཞི་པ་དེ་དག་གི་འཐད་སྒྲུབ་བསྟན་པ་ནི། འདི་ལ་ཆོ་ག་རྣམས་གྱུར་ཏོ་སྟེ་མཚན་གྱུར་པ་འདི་ལ་བཅས་པ་རྣམ་པར་གྱུར་པའི་ཕྱིར་དང་།་་་་་བཅས་པ་ཆེ་བ་ལས་ཆུང་དུ་གྱུར་པའི་ཕྱིར་དང་། བཅས་པ་ཡོད་པ་ལས་མེད་པར་གྱུར་པའི་ཕྱིར། ལྟུང་བ་ཆེ་བ་ལས་ཆུང་དུ་གྱུར་པ་དང་ལྟུང་བ་ཡོད་པ་ལས་མེད་པར་གྱུར་པའི་འཐད་སྒྲུབ་ཏུ་བསྟན་པ་སྟེ། མགུ་སྤྱད་དོན་མེད་དུ་གྱུར་པའི་ཡང་འཐད་སྒྲུབ་ཡིན་ནོ། །འདི་ལ་ཆོ་ག་རྣམས་གྱུར་ཏོ་ཞེས་པ་འདི་ནི་་་་་་མཚན་གྱུར་གྱི་མདོ་དང་པོ་དང་། གཉིས་པ་དང་བཞི་པ་དང་། ལྔ་པའི་འཐད་སྒྲུབ་ནི་མ་ཡིན་ནོ། །་་་་་མཚན་གྱུར་ཀྱང་ལྟུང་བ་ནི་ཆེར་མི་འགྱུར་བར་རང་སོ་ན་གནས་པ་ཡིན་ཏེ། འདི་ལ་ཆོ་ག་རྣམས་གྱུར་པའི་ཕྱིར་ཞེས་བཀོད་ན་ཕྱིན་ཅི་ལོག་ཏུ་འགྱུར་བའོ། །དེ་ལྟར་མཚན་གྱུར་གྱི་སྐབས་འདིར་ཞུ་འགྲེལ་མཁན་པོ་ནི་་་་་་པཎྜི་ཏ་དགེ་ལེགས་བཤེས་གཉེན་ལྟུང་བ་ཆུང་བ་ལས་མཚན་གྱུར་པས་ལྟུང་བ་ཆེར་འགྲོ་བར་བཞེད་པ་ལ་་་་་་བོད་ཀྱི་འདུལ་འཛིན་གཞན་གྱིས་སྒྲུབ་བྱེད་ཁ་བསྐངས་ཏེ་འདི་སྐད་དུ་དགེ་སློང་རེག་པའི་ལྷག་མ་བྱུང་བ་མཚན་གྱུར་ན་ཕམ་པའི་སྦོམ་པོར་འགྱུར་བའི་ཕྱིར་དང་། དགེ་སློང་མ་རྒྱ་སྐྱེགས་ཀྱི་ཆང་བུ་འཆང་བའི་ལྟུང་བྱེད་བྱུང་བ་མཚན་གྱུར་ན་ཕྱུང་བའི་ལྷག་མར་འགྱུར་བའི་ཕྱིར་དང་། བཅས་པ་ཆུང་བ་ལས་མཚན་གྱུར་པས་བཅས་པ་ཆུང་དུ་གྱུར་པ་ན་སྔར་གྱི་ལྟུང་བ་ཡང་ཆུང་དུ་འགྲོ་བ་བཞིན་དུ་མཚན་གྱུར་པས་བཅས་པ་ཆེར་གྱུར་པ་ན་སྔར་གྱི་ལྟུང་བ་ཡང་ཆེར་འགྲོ་སྟེ། བཅས་པ་གྱུར་པར་མཚུངས་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ་ལྷག་མ་ལས་སྦོམ་པོར་གྱུར་པ་དེ་སྡེ་ཚན་ཆེར་གྱུར་པ་ཙམ་ཡིན་གྱི། ལྟུང་བའི་ངོ་བོ་ཆེར་གྱུར་པ་མ་ཡིན་པའི་ཕྱིར་དང་། རྟེན་དགེ་སློང་དུ་མཚན་གྱུར་ཀྱང་། ཆང་བུ་འཆང་བའི་ལྟུང་བྱེད་དེ་ལྷག་མར་འགྱུར་བ་ཉིད་དུ་མ་གྲུབ་སྟེ། རྟེན་དགེ་སློང་དུ་གྱུར་ཀྱང་ལྟུང་བྱེད་དེ་སོ་ན་གནས་པའི་ཕྱིར་རོ། །འོ་ན་དགེ་སློང་ལ་ཆང་བུ་འཆང་བའི་ལྟུང་བྱེད་ཡོད་པར་ཐལ་ལོ་ཞེ་ན། མདོར་བསྡུས་ཀྱི་ལྟུང་བྱེད་ཡོད་པར་འདོད་པའོ། །བཅས་པ་གྱུར་པར་མཚུངས་པའི་ཕྱིར་ཞེས་པ་དེ་ཡང་བཅས་པ་གྱུར་པ་ཙམ་དུ་འདྲ་ཡང་་་་་་ཆུང་གྱུར་དང་ཆེ་འགྱུར་བྱེ་བྲག་མི་འདྲ་བའི་ཕྱིར་སྒྲུབ་བྱེད་དུ་མི་འགྱུར་རོ། །མཚན་གྱུར་པས་སྔར་གྱི་ལྟུང་བ་དེ་ཆེར་འགྲོ་ན་ནི། ཊཱི་ཀ་ལས་ལྷག་པའི་དོན་གྱི་སྦྱོར་བ་ལས་མཚན་གྱུར་པ་ལས་ནི་ལྟུང་བ་ན་སྨད་པར་འབྱུང་བར་འགྱུར་གྱི། ན་སྨད་པའི་དོན་གྱི་སྦྱོར་བ་ལས་མཚན་གྱུར་པ་ལས་ནི་ལྷག་པ་འབྱུང་བ་མི་འགྱུར་བས་ཞེས་གསུངས་པ་དང་འགལ་ལ། ལྟུང་བ་ཆུང་བ་ལས་མཚན་གྱུར་པས་ལྟུང་བ་ཆེན་པོར་འགྲོ་ཞིང་། ལྟུང་བ་མེད་པ་ལས་མཚན་གྱུར་པ་ཙམ་གྱིས་ལྟུང་བ་ཡོད་པར་འགྱུར་ན་ནི། དེའི་ཚེ་ན་ལྟུང་བ་སྤང་བ་བསྒྲུབ་པར་མི་ནུས་པར་ཐལ་བར་འགྱུར་རོ། །གཉིས་པ་སྦྱོར་བ་འཇུག་པ་ཡུལ་གྱི་ཡན་ལག་ལ་བཞི་ལས། དང་པོ་འདས་པ་དང་མ་འོངས་པ་ལ་བརྟེན་པའི་དོགས་པ་བཅད་ནས་ད་ལྟར་གྱི་ལུས་ལྟུང་བ་སྐྱེད་པའི་ཡན་ལག་ཏུ་བཞག་པ་ནི། རེག་པ་ལ་མཚོན་ན། མེད་མི་རུང་གི་སྦྱོར་བ་དང་མཐར་ཐུག་དེའི་ཚེའི་རེག་ཡུལ་མོའི་དབང་པོ་དང་ལྡན་པའི་ལུས་ནི་རེག་པའི་ལྷག་མ་སྐྱེད་པའི་བྱེད་པ་པོ་ཉིད་ཡིན་གྱི། མེད་མི་རུང་གི་སྦྱོར་བའི་སྔ་རོལ་དང་མཐར་ཐུག་གྲུབ་པའི་འོག་རོལ་གྱི་ལུས་ནི་འདིའི་བྱེད་པ་པོ་མ་ཡིན་ནོ། མདོ་འདི་ནི་ལུང་ཞུ་བ་ལས། རེག་སྨྱན་འཁྲུར་འཇུག་ལེན་གོས་ཏེ། །ལྔ་པ་སྦྱོར་དང་མཐར་ཐུག་གི །བར་དུ་ཡུལ་དེའི་མཚན་གྱུར་ན། །ན་སྨད་གསུངས་བསྡུས་གཞན་ལའང་སྦྱར། །དེའི་ཚེ་ལུས་ནི་མཚོན་པ་ཙམ་སྟེ། མཚན་མཐུན་ཡན་ལག་ཏུ་དགོས་པ་རྣམས་ལ་ནི་་་་་་དེའི་ཚེའི་མཚན་མཐུན་བྱེད་པ་པོ་ཉིད་ཡིན་ནོ། །དེའི་ཚེའི་ལྟ་བ་མཐུན་པ་བྱེད་པ་པོ་ཉིད་ཡིན་ནོ་ཞེས་པ་ལ་སོགས་པ་སྟེ། ལྟུང་བ་རང་རང་གི་སྦྱོར་བ་དང་མཐར་ཐུག་དེའི་ཚེའི་ལྟུང་བ་རང་རང་གི་གཞིའི་ཡན་ལག་ཚང་བ་བྱེད་པ་པོ་ཉིད་དོ་ཞེས་མཚོན་ནས་བསྟན་ཏོ། །དམིགས་བསལ་ནི་མངལ་ན་གནས་པའི་སྨྱན་བྱེད་པ་ལ་སྦྱོར་བའི་དུས་ན་མཚན་བསྟེན་རུང་མེད་་་་་་ཀྱང་མཐར་ཐུག་གི་དུས་ན་ཡོད་ན་སྨྱན་བྱེད་པའི་ལྷག་མ་བསྐྱེད་པ་དང་། ཁང་པ་ཁང་ཆེན་ལ་རྨང་བཙུགས་པས་སྲོག་ཆགས་ཤི་ནས་མཐར་ཐུག་གི་དུས་ན་སྐྱེ་བ་པོ་ཕྲ་མོ་མེད་་་་་་ཀྱང་ལྷག་མ་བསྐྱེད་པ་དང་། ཁང་པ་ཁང་ཆེན་བརྩིག་པ་ན་་་་་་དང་པོ་རྩོད་པ་བྱས་པས་རྩོད་པ་ཞི་སྟེ་མཐར་ཐུག་གི་དུས་ན་རྩོད་བཅས་མ་ཡིན་པ་་་་་་ཡང་ལྷག་མར་འགྱུར་དང་། གོས་སློང་བ་ལ་སྦྱོར་བའི་དུས་ན་གོས་ཀྱི་ངོ་བོར་གྲུབ་པ་མེད་ཀྱང་མཐར་ཐུག་གི་དུས་ན་ཡོད་ན་ལྟུང་བ་དངོས་གཞིར་འགྱུར་བ་ལྟ་བུའོ། །གཉིས་པ་སྐྱེ་གནས་གཞན་ལ་བརྟེན་པའི་དོགས་པ་བཅད་ནས་རང་འགྲོ་བ་གྱུར་གཏོགས་ལྟུང་བའི་ཡན་ལག་ཏུ་བཞག་པ་ནི། ཁྲུང་ཁྲུང་མོ་ལས་སྐྱེས་པའི་མི་གནས་བརྟན་བྲག་དང་ཉེ་བྲག་ལྟ་བུ་བསད་ན་དུད་འགྲོའི་བུ་བསད་པ་ཡིན་པས་དུད་འགྲོ་བསད་པའི་ལྟུང་བྱེད་དུ་འགྱུར་རམ་སྙམ་དུ་དོགས་པ་བསལ་བའི་ཕྱིར་འགྲོ་བ་གཞན་དུད་འགྲོའམ་མི་མ་ཡིན་ལས་སྐྱེས་པའི་མི་ནི་རང་གི་འགྲོ་བ་ཉིད་ཡིན་ཏེ་མི་ཉིད་ཡིན་པས། དེ་བསད་པའམ་དེ་ལ་བརྐུས་ན་ཕམ་པར་འགྱུར་བ་ཡིན་ནོ། །འདི་ནི་ལུང་ཞུ་བ་ལས་དགེ་སློང་གིས་བྱོལ་སོང་མོའི་མངལ་དུ་མི་བཀུམ་ན་ཅིར་འགྱུར། མངལ་ན་གནས་པ་དེ་ལ་མིར་འདུ་ཤེས་ཏེ་བཀུམ་ན་ནི་མཐར་འགྱུར་རོ། །ཞེས་གསུངས་སོ། །དེ་བཞིན་དུ་མི་ལས་གྱུར་པ་ཐམས་ཅད་དུ་ཡང་འགྲོ་བ་གཞན་ལས་སྐྱེས་པའི་མི་ལས་ཀྱང་ལྟུང་བ་དངོས་གཞིར་འགྱུར་བའོ། །དེ་བཞིན་དུ་མི་ལས་སྐྱེས་པའི་མི་མ་ཡིན་དང་དུད་འགྲོ་ལས་སྐྱེས་པའི་མི་མ་ཡིན་བསད་ན་སྦོམ་པོར་འགྱུར་ཞིང་། མི་ལས་སྐྱེས་པའི་དུད་འགྲོ་དང་མི་མ་ཡིན་ལས་སྐྱེས་པའི་དུད་འགྲོ་བསད་ན་ལྟུང་བྱེད་དུ་འགྱུར་བའོ། །སྐབས་འདིའི་གནད་ཀྱིས་གཞན་ལ་སྦྱར་བ་ནི། ས་ཆུ་མེ་ལས་གྱུར་པའི་ལྟུང་བ་བསྐྱེད་པ་ལ་ས་ཆུ་མེ་གསུམ་རང་རང་གི་རྒྱུན་ལས་སྐྱེས་པ་ལྟར་ཟད་པར་གྱི་ཏིང་ངེ་འཛིན་ལས་སྐྱེས་པའི་ས་ཆུ་མེ་རྣམས་ཀྱང་ལྟུང་བ་བསྐྱེད་པའི་ཡུལ་དུ་མཚུངས་པར་སྦྱར་རོ་ཞེས་གསུངས་སོ། །གསུམ་པ་ཁ་དོག་དང་དབྱིབས་ལ་བརྟེན་པའི་དོགས་པ་བཅད་ནས་ཤེས་པའི་རྒྱུད་གར་གཏོགས་ལྟུང་བའི་ཡན་ལག་ཏུ་བཞག་པ་ནི། འགྲོ་བ་གཞན་གྱི་ཞེས་སོ། །འདི་ལ་གཉིས་ལས་སྤྱིའི་དོན་ཏོ། །དེ་ལ་གཉིས་ཏེ། འགྲེལ་བའི་འདོད་པར་གཏན་ལ་དབབ་པ་དང་། རང་ལུགས་རྣམ་པར་བཞག་པའོ། །དང་པོ་ནི་རྒྱ་ཆེ་འགྲེལ་པ་ལས། དགེ་སློང་གིས་མིའི་འགྲོ་བར་གཏོགས་པ་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟེན་པ་ཞིག་གསོད་ན། དེར་འདུ་ཤེས་པས་ཀྱང་རུང་། འགྲོ་བ་་་་་་གཞན་དུ་འདུ་ཤེས་པས་ཀྱང་རུང་སྟེ་་་་་་དུད་འགྲོའམ་མི་མ་ཡིན་དུ་འདུ་ཤེས་པས་ཀྱང་བསད་པའི་དུས་ན་དངོས་གཞི་ལ་ནི་ཕམ་པ་ཁོ་ནར་འགྱུར་རོ། །་་་་་ཞེས་དང་བམ་པོ་ལྔ་བཅུ་པ་ལས་ཀྱང་། དགེ་སློང་གིས་མིའི་འགྲོ་བར་གཏོགས་པ་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟེན་པ་གསོད་ན་མིར་འདུར་ཤེས་ཀྱང་རུང་། འགྲོ་བ་གཞན་དུ་འདུ་ཤེས་པས་ཀྱང་རུང་སྟེ། གང་གསད་པར་བརྣག་པ་དེར་འདུ་ཤེས་པས་བསད་པའི་དུས་ན་ཕམ་པ་ཁོ་ནར་འགྱུར་རོ་ཞེས་སོ། །ཡང་དེ་གཉིས་ཀ་ལས། འདིར་ཁུངས་ནི་་་་་་ལུང་རྣམ་འབྱེད་ལས་ཨུ་ཏྲ་ཡ་ནའི་རྟོགས་པ་བརྗོད་པ་དྲན་པར་བྱ་སྟེ། འདི་ལྟར་གཙུག་ཕུད་ཅན་གྱིས་ཕས་དགྲ་བཅོམ་པ་ཉིད་ཐོབ་པར་མ་ཤེས་སུ་ཟིན་ཀྱང་། ཕས་བུ་ལ་ཁྱོད་ཀྱིས་མཚམས་མེད་པ་གཉིས་བྱས་ཏེ། ཕ་བསད་པའི་ཕྱིར་དང་དགྲ་བཅོམ་པ་བསད་པའི་ཕྱིར་ཞེས་སྤྲིངས་པ་ལྟ་བུའོ་ཞེས་་་་་་ཊཱི་ཀར་བཤད་དོ། །དེ་ཡང་བུ་གཞོན་ནུ་གཙུག་ཕུད་ཅན་གྱིས་ཨུ་ཏྲ་ཡ་ན་དགྲ་བཅོམ་པ་ཡིན་པ་ལ་དགྲ་བཅོམ་པ་ཡིན་པར་མི་ཤེས་ཀྱང་། ཕ་ཡིན་པ་ལ་ཕ་ཡིན་པར་ཤེས་ལ། སྐབས་འདིར་ཕ་དང་དགྲ་བཅོམ་པ་རྒྱུད་གཅིག་པའི་ཕྱིར། རྒྱུད་གཅིག་པ་ལ་མ་འཁྲུལ་པའི་ཆ་ཡོད་པས། དེའི་ཆ་ནས་དགྲ་བཅོམ་པ་བསད་པའི་མཚམས་མེད་བྱུང་བའོ། །དེ་བཞིན་དུ་མི་སྤྲུལ་སྟག་ཏུ་བསྒྱུར་བ་གསོད་པ་ན། སྟག་འདི་བསད་སྙམ་དུ་སྟག་ཡིན་པར་འདུ་ཤེས་ཏེ་བསད་ན་བསད་པའི་དུས་ན་ཕམ་པར་འགྱུར་ཏེ། སྟག་འདི་བསད་སྙམ་དུ་བསམ་པ་ན། འདི་དང་མི་གཉིས་རྒྱུད་གཅིག་པའི་ཕྱིར་རྒྱུད་གཅིག་པ་མ་འཁྲུལ་བའི་ཆ་ཡོད་པས་དེའི་ཆ་ནས་མི་བསད་པའི་ཕམ་པ་འབྱུང་ངོ་ཞེས་བཞེད་་་་་་ཀུན་སློང་སྤྱི་ཞུགས་མིན་ཏེ་སྦྱོར་ལྟུང་སྦོམ་པོ་མི་སྐྱེད་པའི་ཕྱིར་དོ། །འོན་ཀྱང་དེའི་རྗེས་སུ་མི་འབྲང་སྟེ། འདི་ལ་གཉིས་ཏེ། དམ་བཅའ་དགག་པ་དང་། སྒྲུབ་བྱེད་དགག་པའོ། །དང་པོ་སྟག་ཡིན་པར་འདུ་ཤེས་ཏེ་བསད་པའམ་མི་མ་ཡིན་དུ་འདུ་ཤེས་ཏེ་བསད་པས་མི་གསོད་པའི་ཕམ་པར་འགྱུར་ན་ནི། ལུང་ཞུ་བ་ལས་མི་ལ་མི་མ་ལགས་པར་འདུ་ཤེས་ཏེ་བཀུམ་ན་ཅིར་འགྱུར་སྦོམ་པོར་འགྱུར་ཞེས་་་་་་སྦོམ་པོ་བཏགས་པ་ཙམ་དུ་གསུངས་ཀྱི། ཕམ་པར་མ་གསུངས་པ་དང་། འོད་ལྡན་ལས་ཀྱང་མིར་ནི་འདུ་ཤེས་ཞེས་བྱ་བ་ནི་འགྲོ་བ་གཞན་དུ་འདུ་ཤེས་པས་ནི་མཐར་འགྱུར་བ་མེད་པར་སྟོན་ཏོ་ཞེས་བཤད་པ་དང་འགལ། དགག་པའི་་་་་་རྣམ་གྲངས་གཞན་ཡང་ཊཱི་ཀ་ཉིད་ལས། ལྷས་སྦྱིན་དུ་འདུ་ཤེས་པས་མཆོད་སྦྱིན་བསད་པ་ལ་ཕམ་པར་མི་འགྱུར་བ་ལྟ་བུར་ཐལ་བར་ཡང་མི་འགྱུར་ཏེ། དེ་གཉིས་ནི་རྒྱུད་ཐ་དད་པ་ཡིན་པའི་ཕྱིར། ལྷས་སྦྱིན་དུ་འདུ་ཤེས་པས་མཆོད་སྦྱིན་བསད་པ་ལ་ཕམ་པར་མི་འགྱུར་བར་རིགས་སོ། །ཞེས་་་་་་ཊཱི་ཀ་ཉིད་ལས་བཤད་ལ། དེ་དང་མཚུངས་པ་བརྗོད་པ་ནི། མི་སྤྲུལ་སྟག་ཏུ་བསྒྱུར་བ་གསོད་པ་ན་སྟག་འདི་བསད་སྙམ་དུ་སྟག་ཡིན་པར་འདུ་ཤེས་ཏེ་བསད་པ་ཆོས་ཅན། མི་གསོད་པའི་ཕམ་པ་མི་སྐྱེད་པར་ཐལ། མིར་འདུ་ཤེས་པ་མེད་པའི་ཕྱིར་དང་། མི་དང་སྟག་གཉིས་ནི་འགྲོ་བ་ཐ་དད་པ་ཡིན་པའི་ཕྱིར་ཞེས་བརྗོད་དོ། །གཉིས་པ་སྒྲུབ་བྱེད་དགག་པ་ནི། གཙུག་ཕུད་ཅན་ལ་མཚམས་མེད་གཉིས་བྱུང་བ་མ་གྲུབ་སྟེ། མཛོད་འགྲེལ་ལས་གང་ཞིག་གིས་ཕ་དགྲ་བཅོམ་པ་བསད་ན་ཡང་དེ་ལ་མཚམས་མེད་པ་གཅིག་ཁོ་ནར་འགྱུར་ཏེ་རྟེན་གཅིག་པའི་ཕྱིར་རོ་ཞེས་བཤད་ཅིང་། ལུང་རྣམ་འབྱེད་ཀྱི་འགྲེལ་བ་ལས་ཀྱང་་་་་་གསོད་བྱེད་གཅིག་གིས་སྲོག་ཆགས་གཅིག་བསད་པ་ལ་ལས་ཀྱི་དངོས་གཞི་གཉིས་མི་སྲིད་པས། འདིར་མཚམས་མེད་པ་གཅིག་ལ་མིང་གཉིས་སུ་བཏགས་ཏེ། འགྱོད་པ་བསྐྱེད་པར་བྱ་བའི་ཕྱིར་ཞེས་བཤད་དོ། །དགྲ་བཅོམ་པ་ཡིན་པར་མ་ཤེས་པས་ནི་དགྲ་བཅོམ་པ་བསད་ཀྱང་དགྲ་བཅོམ་པ་བསད་པའི་མཚམས་མེད་པར་མི་འགྱུར་ཏེ་འོད་ལྡན་ལས་ལུས་གཅིག་ལ་དགྲ་བཅོམ་པ་ཉིད་ཀྱི་ཆོས་མེད་པར་ནོར་བས་གསོད་ན་མཚམས་མེད་པར་གྱུར་ན་མི་རུང་གི་འོན་ཀྱང་ཕམ་པ་ནི་སུས་ཀྱང་བཟློག་པར་དཀའ་འོ་ཞེས་བཤད་དོ། །འོ་ན་མཚམས་མེད་པ་གཉིས་བྱས་ཏེ་ཞེས་བཤད་པ་དེ་ཇི་ལྟར་ཡིན་ཞེ་ན། གཙུག་ཕུད་ཅན་སྡིག་སྦྱོང་ལ་བརྩོན་པར་བྱ་བའི་ཆེད་དུ་སྒོ་གཉིས་ནས་སྤྱོས་པ་ཡིན་ཏེ། མཛོད་འགྲེལ་ལས་སྐྲ་་་་་་གཙུག་ཕུད་ཅན་ཅན་ལ་ཁྱོད་ཀྱིས་ནི་མཚམས་མེད་པ་གཉིས་བྱས་ཏེ། ཕ་བསད་པ་དང་དགྲ་བཅོམ་པ་བསད་པའོ། །ཞེས་བརྗོད་པ་ཇི་ལྟ་བུ་ཞེ་ན། སྒོ་གཉིས་ནས་སྤྱོས་པ་ཡིན་ནོ་ཞེས་སོ། །གཉིས་པ་རང་ལུགས་རྣམ་པར་བཞག་པ་ནི་སྤྱིར་ན་ལྟུང་བ་བསྐྱེད་པ་ནི་ཡུལ་ལུས་ཐ་མལ་དུ་གནས་པ་ངེས་གཟུང་དུ་མི་དགོས་པ་དང་དགོས་པ་ལས། དང་པོ་ལ་བདུན་ཏེ་མི་ཚངས་སྤྱོད་དང་འབྱིན་པ་དང་། །མ་བྱིན་ལེན་དང་སྲོག་གཅོད་བཞིའོ། །དེ་ཡང་ལུང་ཞུ་བ་ལས་དགེ་སློང་གིས་སྔགས་སམ་སྨན་གྱིས་མིའི་བུད་མེད་བྱོལ་སོང་དུ་བསྒྱུར་ཏེ་མི་ཚངས་པར་སྤྱད་ན་ཅིར་འགྱུར། མཐར་འགྱུར་རོ་ཞེས་གསུངས་པས་འབྱིན་པ་ལའང་རྒྱུ་མཚན་མཚུངས་པར་སྦྱར་རོ། །མ་བྱིན་པར་ལེན་པ་ནི་ཊཱི་ཀ་ལས། རྐུ་བའི་རྫས་དེ་དབང་བའི་མི་དེ་འགྲོ་བ་གཞན་གྱི་རྣམ་པ་བསྟེན་དུ་ཟིན་ཀྱང་ལྟུང་བ་འབྱིན་པར་བྱེད་པས་རྫས་དེ་མིས་ཡོངས་སུ་བཟུང་བར་འདུ་ཤེས་ན་ནི་དངོས་པོ་ཇི་ལྟ་བ་བཞིན་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་གསུངས་སོ། །སྲོག་གཅོད་པ་ལ་ནི། ལུང་ཞུ་བ་ལས་དགེ་སློང་གིས་སྔགས་སམ་སྨན་གྱིས་བྱོལ་སོང་དུ་བསྒྱུར་ཏེ་འཚོ་བ་དང་ཕྲལ་ན་ཅིར་འགྱུར་མཐར་འགྱུར་རོ་ཞེས་གསུངས་ནས། དུད་འགྲོ་འདེབས་སྤྱོད་གསུམ་ལའང་དེ་བཞིན་དུ་སྦྱར་ཏེ་གསུངས་སོ། །འདི་ཉིད་ལས་ཀྱང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་བསད་པ་ཡང་ངོ་ཞེས་གསུངས་སོ། །གཉིས་པ་ལྟུང་བ་བསྐྱེད་པའི་ཡུལ་ལུས་ཐ་མལ་དུ་གནས་པ་ངེས་གཟུང་དུ་དགོས་པ་ནི། སྔར་བཤད་མ་ཐག་པའི་ལྟུང་བ་བདུན་པོ་མ་གཏོགས་པ་སེམས་ཅན་དུ་གྱུར་པ་ཐམས་ཅད་ཀྱིས་ལྟུང་བ་དངོས་གཞི་རྫོགས་པར་བསྐྱེད་པ་ལ། ཡུལ་དེ་གཟུགས་གཞན་དུ་སྤྲུལ་བ་མ་ཡིན་པ་ཡན་ལག་ཏུ་དགོས་ཤིང་། ཡུལ་དེ་གཟུགས་གཞན་དུ་སྤྲུལ་པ་ལས་ནི་ལྟུང་བ་རང་རང་གི་ན་སྨད་དུ་འགྱུར་ཏེ། འདི་ཉིད་ལས་་་་་་སྤྲུལ་བ་མོ་ཡང་དེ་བཞིན་ནོ་ཞེས་གསུངས་ཤིང་། ཊཱི་ཀ་ལས་རེག་པ་ལ་སོགས་པ་དག་ལ་ནི་་་་་་ལུས་ཀྱི་ཐ་སྙད་་་་་་ལས་ཉམས་པ་ཉིད་ཀྱི་ཕྱིར་རྣམ་པར་་་་་་ལྟུང་བ་ན་སྨད་དུ་བཞག་གོ་ཞེས་གསུངས་སོ། །ལུང་ཞུ་བ་ལས་ཀྱང་། འཁྲིག་ཚིག་བསྙེན་བཀུར་་་་་་འདུལ་བ་ཁྱད་དུ་གསོད། །ནུབ་ལྷག་ལྷན་ཅིག་་་་་་ཉལ་དང་རྐུ་་་་་་བ་དང་ལམ་དུ་འགྲོ་དང་དྲུག །སྤྲུལ་བ་ཡུལ་་་་་་དུ་བྱ་བྱས་ན་་་་་་ལྟུང་བ་ན་སྨད་་་་་་དུ་དངོས་སུ་གསུངས། །དེ་མཚུངས་གཞན་ལའང་མདོར་བསྡུས་སྦྱར། །སྐབས་འདིར་མི་དུད་འགྲོར་སྤྲུལ་བ་ལྟ་བུ་ཡུལ་དུ་བྱས་པ་ལས་ལྟུང་བ་མི་རྫོགས་པ་འདི་རིགས་པས་ཀྱང་འཐད་དོ། །ཡུལ་དེ་ལུས་ཀྱི་ཐ་སྙད་ལས་ཉམས་པས་དགག་བྱ་མི་རྫོགས་པའི་ཕྱིར་རོ། །གཉིས་པ་ཡན་ལག་གི་དོན་ནི། མི་སྤྲུལ་སྟག་ཏུ་བསྒྱུར་བ་ལྟ་བུ་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟེན་པ་་་་་་གསོད་ན་འགྲོ་བ་གཞན་དུ་འདུ་ཤེས་པས་ཀྱང་རུང་སྟེ་ཕམ་པར་འགྱུར་ཞེས་ཊཱི་ཀའི་རྗེས་སུ་མི་འབྲང་སྟེ་མིར་འདུ་ཤེས་ཏེ་བསད་པ་ན་མི་བསད་པའི་ཕམ་པ་བསྐྱེད་དོ། །ཡང་ངོ་ཞེས་པ་ནི་རང་གི་འགྲོ་བ་ཉིད་མ་ཡིན་པ་མ་ཡིན་ནོ་ཞེས་སྔ་མར་སྦྱར་རོ། །མི་མ་ཡིན་དང་དུད་འགྲོ་འགྲོ་བ་གཞན་གྱི་རྣམ་པར་བསྟེན་པ་བསད་ན་ཡང་རང་རང་གི་ལྟུང་བ་གཞི་ཇི་ལྟ་བ་བཞིན་འབྱུང་ངོ་ཞེས་མདོ་འདིས་བསྟན་ཏོ། །བཞི་པ་ཡོན་ཏན་གྱི་ཆ་ལ་བརྟེན་པའི་དོགས་པ་བཅད་ནས་འཕེན་པ་གཅིག་གིས་བསྡུས་པའི་ལུས་ལྟུང་བའི་ཡན་ལག་ཏུ་བཞག་པ་ནི་སོ་སོ་སྐྱེ་བོའི་དགྲ་བཅོམ་ཐོབ་ནས་ཀུན་ནས་ཉོན་མོངས་པའི་ཆོས་མང་པོ་ནུབ་ཅིང་རྣམ་པར་བྱང་བའི་ཆོས་མང་པོ་རྒྱུད་ལ་སྐྱེས་པས། སྔོན་སོ་སོའི་སྐྱེ་བོ་དང་གནས་སྐབས་མི་འདྲ་བས་སྔར་ལས་རྒྱུད་གཞན་ཡིན་ནམ་སྙམ་དུ་དོགས་པ་བསལ་བའི་ཕྱིར་་་་་་གནས་སྐབས་ལས་གཞན་མིས་དགྲ་བཅོམ་པ་ཐོབ་པ་ནི་མི་ལས་གཞན་དུ་གྱུར་པ་ཉིད་མ་ཡིན་པས་དགྲ་བཅོམ་པའི་རྟེན་ཅན་བསད་ན་མི་བསད་པའི་ཕམ་པ་བསྐྱེད་པ་ཡིན་ནོ། །འདི་ནི་ལུང་ཞུ་བ་ཉུང་ཤོས་ལས་དགེ་སློང་གིས་་་་་་མིའི་འགྲོ་བ་པའི་དགྲ་བཅོམ་པ་བཀུམ་ན་ཅིར་འགྱུར། ཕམ་པར་འགྱུར་ཞིང་མཚམས་མེད་པར་ཡང་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྲོག་གཅོད་པ་ལ་གསུངས་པ་ནི་མཚོན་བྱེད་ཡིན་ནོ། །གནས་སྐབས་གཞན་ཐོབ་ཅེས་པ་་་་་་མདོ་འདིས་ནི་སོ་སོ་སྐྱེ་བོ་ཡུལ་དུ་བྱས་པ་ལས་ལྟུང་བ་དངོས་གཞི་བསྐྱེད་པ་ལྟར། དེས་དགྲ་བཅོམ་པ་ཡུལ་དུ་བྱས་པ་ལས་ཀྱང་ལྟུང་བ་དངོས་གཞི་བསྐྱེད་དོ་་་་་་མཚོན་དཔེ་བྲི་ཞེས་གཞི་མི་ལས་གྱུར་པ་རྣམས་ལ་སྤྱིར་བསྟན་པ་ཡིན་ནོ། །ཕམ་ལྷག་དང་པོ་གཉིས་ནི་སེམས་ཅན་གྱི་རིགས་སྤྱིས་བསྐྱེད་པ་ཡིན་ལ། མི་མ་ཡིན་གྱི་བྱེ་བྲག་ལྷ་དགྲ་བཅོམ་པ་ཐོབ་པ་མང་དུ་ཡོད་པས། དེ་དག་ལ་ཡང་དོགས་པ་བཅད་པར་སེམས་སོ་ཞེས་ཀྱང་གསུང་ངོ་། །དགྲ་བཅོམ་ཡུལ་དུ་བྱས་པ་ལས་་་་་་ནུབ་ལྷག་ལ་སོགས་པའི་ལྟུང་བ་དངོས་གཞི་བསྐྱེད་པའི་དམིགས་བསལ་ནི། དགྲ་བཅོམ་པའི་ཆོས་གོས་ལྷུང་བཟེད་བརྐུས་ཀྱང་ཕམ་པར་མི་འགྱུར་བའི་ཚུལ་སྔར་བཤད་པ་དང་། དགྲ་བཅོམ་ལ་སོགས་པ་རྫུ་འཕྲུལ་ཅན་ཡུལ་དུ་བྱས་པ་ལས་འཁྲིག་ཚིག་སྨྲ་བ་ལ་སོགས་པའི་ལྟུང་བ་དངོས་གཞི་མི་སྐྱེད་པ་དང་། དགྲ་བཅོམ་ཡུལ་དུ་བྱས་པ་ལས་ནི་བསླབ་པ་བྱིན་པ་ཡུལ་དུ་བྱས་པའི་ནུབ་ལྷག་ལ་སོགས་པའི་་་་་་ལྟུང་བ་རྣམས་མི་བསྐྱེད་དེ། དགྲ་བཅོམ་པ་་་་་་བསླབ་པ་བྱིན་པ་ཡིན་པ་ལས་གྲོལ་བའི་ཕྱིར་རོ། །དེ་བཞིན་དུ་འཕགས་པ་ཡུལ་དུ་བྱས་པ་ལས་དགེ་འདུན་གྱི་དབྱེན་དུ་མི་འགྱུར་བ་དང་། དེ་བཞིན་དུ་གནས་ངན་བརྗོད་པ་དང་མི་ཆོས་བླ་མ་བདེན་སྨྲའི་ལྟུང་བྱེད་མི་སྐྱེད་པ་དང་། འཕགས་པ་ཡུལ་དུ་བྱས་པ་ལས་ནི་གཞི་གཅེར་བུ་ལ་སྦྱིན་པ་ལྟ་བུ་་་་་་མུ་སྟེགས་ལས་གྱུར་པའི་ལྟུང་བྱེད་མི་སྐྱེད་དེ། དགྲ་བཅོམ་ཐོབ་པ་ན་་་་་་མུ་སྟེགས་ཀྱི་ལྟ་བ་ལས་གྲོལ་བའི་ཕྱིར་རོ། །གསུམ་པ་ཐ་དད་དུ་སྐྱེ་ལུགས་ཞར་བྱུང་དང་བཅས་པ་ལ་གཉིས་ཏེ། ཐ་དད་དུ་སྐྱེ་ལུགས་དངོས་དང་ཞར་ལ་བྱུང་བའོ། །དང་པོ་ནི་སྤྱིར་ན་ལྟུང་བ་གཅིག་ཏུ་སྐྱེ་བ་དང་། ཐ་དད་དུ་སྐྱེ་བ་གཉིས་ལས། གཅིག་ཏུ་སྐྱེ་བ་ནི་སྔར་རྣམ་འབྱེད་དུ་བསྟན་ལ། ཐ་དད་དུ་སྐྱེ་བ་ནི་སྐབས་འདིར་སྟོན་ཏེ། དེ་ཡང་ཐ་དད་དུ་སྐྱེ་ལུགས་དྲུག་ལས། དང་པོ་བསླབ་རྒྱུན་ཐ་དད་པས་ལྟུང་བ་ཐ་དད་པ་ནི་ཉེས་པ་དེ་མེད་པ་ཞེས་སོ། །འདི་ནི་དེང་སང་ལུང་ན་མི་སྣང་མོད་ཀྱི་ལོ་དྲུག་སྟན་དང་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་སྐབས་སུ་ཊཱི་ཀས་ལུང་ཞུ་བ་ཁུངས་སུ་དྲངས་པས། འདྲ་བ་གཞན་ལ་ཡང་དེ་བཞིན་དུ་སྦྱར་ཏེ་སྤྱིར་བསྟན་པའོ། །དེ་ཡང་དགེ་སློང་གིས་ཁང་པ་ཁང་ཆེན་རྩིག་པ་ལྟ་བུ་ལ་སྦྱོར་བ་དང་མཐར་ཐུག་གི་བར་སྐབས་སུ་ཁྱིམ་པར་བབས་ན། ཉེས་པ་དེ་བཅས་པ་མེད་པ་ཁྱིམ་པར་བབས་པས་བར་དུ་ཆོད་པ་ཉིད་ལ་བསླབ་རྒྱུན་སྔ་ཕྱི་གཉིས་སུ་ལྟུང་བ་འོང་བ་ནི་ན་སྨད་ཐ་དད་དོ། །དེ་ཡང་བསླབ་རྒྱུན་སྔ་མའི་རྟེན་ལ་སྦྱོར་བ་རྣམ་པའི་ན་སྨད་དང་། བསླབ་རྒྱུན་ཕྱི་མའི་རྟེན་ལ་དངོས་གཞི་རྣམ་པའི་ན་སྨད་དུ་འགྱུར་གྱི། དངོས་གཞི་རྫོགས་པ་གཅིག་ཏུ་འགྱུར་བ་ནི་མ་ཡིན་ཏེ། སྦྱོར་བ་དང་མཐར་ཐུག་གི་བར་སྐབས་སུ་བཅས་པའི་རྟེན་མ་ཡིན་གྱིས་བར་དུ་ཆོད་པའི་ཕྱིར་རོ། །འོང་བ་ཐ་དད་ཅེས་པ་འདི་ཊཱི་ཀས་ནི་ལོ་དྲུག་སྟན་ལ་མཚོན་ཏེ་གསུངས་སོ། །དགེ་སློང་གིས་ལོ་དྲུག་གི་ནང་དུ། སྟན་གཅིག་ཟིན་པར་བྱས་པ་ནི་ཉེས་པ་མེད་དོ། །དེའི་རྗེས་སུ་སྟན་གཉིས་པ་བྱེད་པར་རྩོམ་ཞིང་སྟན་གཉིས་པ་དེའི་ཕྱིར་བྱས་པའི་དགེ་སློང་དེ་ཁྱིམ་པར་བབས་ཤིང་། ཡང་ཕྱིར་བསྙེན་པར་རྫོགས་པ་དེས་སྟན་གཞན་གཅིག་བྱེད་ཅིང་ཟིན་པར་བྱས་པ་ལ་ཉེས་པ་མེད་དོ། །དེའི་རྗེས་སུ་བསླབ་རྒྱུན་སྔ་མའི་སྟན་དང་པོ་བྱས་ནས་ལོ་དྲུག་གི་ནང་དུ། སྔར་གྱི་སྟན་གྱི་བྱེད་འཕྲོ་སྟན་གྱི་བྱེད་ཕྱི་མ་ཟིན་པར་བྱས་ན་བསླབ་རྒྱུན་སྔ་ཕྱི་ཉེས་པ་འོང་བ་ནི་ན་སྨད་ཐ་དད་དོ། །སྔར་སྟན་བརྩམས་པ་དེ་ཟིན་པར་བྱེད་པའི་ཆ་ནས་ཕྱི་མ་དེ་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའི་བྱེད་པ་པོ་ཉིད་ཡིན་ཞེས་བཤད་པ་ན་ཆ་ཕྱི་མ་དེ་ལ་སྟན་གྱི་ཚད་རྫོགས་པ་ཡོད་ནའོ། །་་་་་མདོར་ན་མདོ་འདིས་ནི་དེ་དག་དང་མཚུངས་པའི་ལྟུང་བ་གཞན་རྣམས་ལ་ཡང་བསླབ་རྒྱུན་སྔ་ཕྱིར་ལྟུང་བ་འོང་བ་ནི་ན་སྨད་ཐ་དད་དོ་ཞེས་སྤྱིར་བསྟན་པ་ཡིན་ནོ། །དེ་དག་དང་མི་མཚུངས་པ་ལ་ནི་དེ་ལྟར་མ་ཡིན་ཏེ། འཆང་འཇོག་ལ་སོགས་པ་གནང་ལ་ཚད་གཟུང་རྣམས་ཀྱི་ཞག་ཚོགས་པའི་བར་སྐབས་སུ་ཁྱིམ་པར་བབས་ན་བསླབ་རྒྱུན་སྔ་ཕྱིར་ན་སྨད་ཐ་དད་དུ་བསྐྱེད་པ་མ་ཡིན་ཏེ། བསླབ་རྒྱུན་སྔ་ཕྱི་གཉིས་ལ་གནས་སྐབས་དེ་གནང་བའི་དུས་ཡིན་པའི་ཕྱིར་རོ། །གཉིས་པ་བསམ་རྒྱུན་ཐ་དད་པས་ལྟུང་བ་ཐ་དད་པ་ནི། བཏང་བ་ཡང་ངོ་ཞེས་སོ། །དེ་ཡང་དགེ་སློང་གིས་ཁང་པ་ཁང་ཆེན་ཕྱེད་བརྩིགས་ཟིན་པ་ན་བསམ་པ་ཐག་པ་ནས་བློས་བཏང་བ་ལས་སླར་ཡང་བསམ་པ་སྐྱེས་ཏེ་སྔར་གྱི་འཕྲོ་ཟིན་པར་བྱེད་པ་ན་ཡང་འོང་བ་ནི་ཐ་དད་དོ་ཞེས་སྔ་མར་སྦྱར་ཏེ། བསམ་རྒྱུན་སྔ་ཕྱི་གཉིས་སུ་ལྟུང་བ་འོང་བ་ནི་ན་སྨད་ཐ་དད་་་་་་དེ་ཡང་ཊཱི་ཀ་ལས་བྱེད་འདོད་པ་ལོག་པའི་ཕྱིར་རོ་ཞེས་བཤད་དོ། །དོ། །དེ་་་་་་ན་སྨད་པ་ཡང་བསམ་རྒྱུན་སྔ་མའི་སྐབས་སུ་སྦྱོར་བ་རྣམ་པའི་ན་སྨད་དང་། བསམ་རྒྱུན་ཕྱི་མའི་སྐབས་སུ་དངོས་གཞི་རྣམ་པའི་ན་སྨད་སྐྱེད་པའོ། །མདོ་འདིས་ནི་དེ་དང་མཚུངས་པའི་་་་་་ལོ་དྲུག་སྟན་ལ་སོགས་པ་ལྟུང་བ་གཞན་རྣམས་ལ་ཡང་བསམ་རྒྱུན་སྔ་ཕྱིར་ལྟུང་བ་འོང་བ་ནི་ན་སྨད་པ་ཐ་དད་དོ་ཞེས་སྤྱིར་བསྟན་པ་ཡིན་ནོ། །དེ་ཡང་ཁང་པ་ཁང་ཆེན་རིམ་ལྷག་དང་། །གོས་བྱེད་ཁབ་རལ་ལ་སོགས་བདུན། །དེ་ལྟར་ལྟུང་བ་བཅུ་གཅིག་ལ། །བསམ་པས་བཏང་ན་ན་སྨད་གསུངས། །ན་སྨད་ཐ་དད་དོ་ཞེས་པ་ནི་ལུང་གི་དགོངས་པ་བླངས་པའོ། །གསུམ་པ་བཅས་པ་ཐ་དད་པས་ལྟུང་བ་ཐ་དད་པ་ནི། གཞིའམ་བྱ་བ་གཅིག་ལ་བཅས་པའི་རིགས་དུ་མ་ཉིད་བཅས་པ་ལ་ནི་བཅས་པའི་གྲངས་ཇི་སྙེད་ལས་འདས་པ་དེ་སྙེད་ཀྱི་ཉེས་པར་འགྱུར་རོ། །འདི་ནི་དུས་མ་ཡིན་པར་ཟ་བའི་སྐབས་ཀྱི་ལུང་ཞུ་བ་ལས། དགེ་སློང་གིས་སྐད་ཅིག་སྤྱད་པས་ལྟུང་བ་བཞིར་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། བྱིན་ལེན་མ་བྱས་པ་མི་རུང་བ། གསོག་འཇོག་ཏུ་བཞག་པར་གྱུར་པ། དུས་མ་ཡིན་པར་ཟ་བའོ། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་རྫུན་གྱིས་ཕྲ་མ་བྱས་ན་ལྟུང་བྱེད་གཉིས་འབྱུང་ཞིང་། རྫུན་གྱིས་སྐྱོན་ནས་སྨྲ་ན་ལྟུང་བྱེད་གཉིས་འབྱུང་ལ་དགེ་ཚུལ་བསྙིལ་བ་དང་ལྷན་ཅིག་ཏུ་ཞག་གསུམ་ཉལ་བ་ལ་ནུབ་ལྷག་པར་ཉལ་བའི་ལྟུང་བྱེད་དང་། བསྙིལ་བ་སྡུད་པའི་ལྟུང་བྱེད་གཉིས་འབྱུང་བ་ལྟ་བུའོ། །དེ་བཞིན་དུ་བུད་མེད་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་ཞག་གསུམ་ཉལ་བ་ལ་ནུབ་ལྷག་པར་ཉལ་བའི་ལྟུང་བྱེད་དང་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་གཉིས་འབྱུང་བ་སྟེ། རང་གི་རྣམ་བཤད་དང་ཊཱི་ཀས་ཁུངས་སུ་དྲངས་པའི་ལུང་ཞུ་བ་ལས། དགེ་སློང་གིས་བསྙེན་པར་མ་རྫོགས་པའི་གང་ཟག་དང་ལྷན་ཅིག་དགུང་གསུམ་ཉལ་བ་ལ་ལྟུང་བྱེད་གཉིས་འབྱུང་བ་མཆིས་སམ། ཡོད་དེ་ཞག་གཉིས་དགེ་ཚུལ་དང་ལྷན་ཅིག་ཉལ་བ་ལ། ཞག་གསུམ་པ་ལ་ཁྱིམ་པ་མོ་དང་ལྷན་ཅིག་ཉལ་བ་ལའོ། །ཞེས་གསུངས་སོ། །བཞི་པ་ཀུན་སློང་ཐ་དད་པས་ལྟུང་བ་ཐ་དད་པ་ལ་གཉིས་ཏེ། ཀུན་སློང་ཐ་དད་ཀྱི་དབྱེ་བ་དངོས་དང་། དམིགས་བསལ་མཚོན་དཔེ་དང་བཅས་པའོ། །དང་པོ་ནི་དེའི་ཆ་ནི་དེར་གཏོགས་སོ་ཞེས་སོ། །འདི་ལ་གཉིས་ཏེ། སྤྱིར་ཆ་དང་ཆ་ཅན་རྗེས་སུ་སྦྱོར་བ་དང་། གཞུང་གི་དོན་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་ཊཱི་ཀ་ལས་མི་ཚངས་པར་སྤྱོད་པའི་ཆ་ནི། ཁུ་བ་འབྱིན་པ་དང་ལུས་ཀྱིས་རེག་པ་དང་འཁྲིག་པ་སྨྲ་བ་དང་། སྨྱན་བྱེད་པ་དང་འཁྲུར་འཇུག་པ་ལ་སོགས་པའོ། །མ་བྱིན་པ་ལེན་པའི་ཆ་ནི་བྱིན་འཕྲོག་བྱེད་པ་དང་། དངོས་བསྒྱུར་དང་སྦེད་པ་དང་གདེང་མེད་པར་སྤྱོད་པ་དང་རྐུན་མ་དང་ལམ་དུ་འགྲོ་བ་ལ་སོགས་པའོ། །མི་གསོད་པའི་ཆ་ནི་ས་བོན་སྐྱེ་འཇིག་དང་། སྲོག་ཆགས་དང་བཅས་པ་ལ་སྤྱོད་པ་དང་། དམག་ལ་ལྟ་བ་ལ་སོགས་པ་དང་། རྡེག་པ་དང་གཟས་པ་ལ་སོགས་པའོ། །མི་ཆོས་བླ་མ་རྫུན་དུ་སྨྲ་བའི་ཆ་ནི། གཞི་མེད་བག་ཙམ་དང་དགེ་འདུན་གྱི་དབྱེན་བྱེད་པ་དང་། འཕྱ་བ་དང་གཞོག་འཕྱས་བྱེད་པ་དང་། མི་ཆོས་བླ་མ་བདེན་པར་སྨྲ་བ་ལ་སོགས་པའོ། །ཕམ་པས་སྐུར་པ་འདེབས་པའི་ཆ་ནི་ལྷག་མས་སྐུར་པ་འདེབས་པའོ། །དགེ་འདུན་གྱི་དབྱེན་བྱེད་པའི་ཆ་ནི་དགེ་སློང་ལ་ཕྲ་མ་བྱེད་པ་དང་། འདུས་ཤིང་ཟ་བ་དང་། སྡིག་ལྟ་མི་གཏོང་བ་དང་སྤངས་པའི་རྗེས་ཕྱོགས་དང་བསྙིལ་བ་སྡུད་པ་དང་མི་སྨྲ་བར་འགྲོ་བ་ལ་སོགས་པའོ། །བཀའ་བློ་མི་བདེ་བའི་ཆ་ནི། བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་དང་མ་གུས་པའི་ཚུལ་ལོ། །གསོག་འཇོག་བྱས་པ་ཟ་བའི་ལྟུང་བྱེད་ཀྱི་ཆ་ནི་མཚམས་བཙོས་དང་ནང་དུ་ཞག་ལོན་པ་དང་དགེ་སློང་གིས་བཙོས་པ་ཟ་བའོ་ཞེས་དེ་རྣམས་ཐམས་ཅད་ཊཱི་ཀ་ལས་བཤད་དོ། །གཉིས་པ་གཞུང་གི་དོན་བྱེ་བྲག་ཏུ་བསྟན་པ་ནི། མི་ཚངས་སྤྱོད་ལྟ་བུ་ཆ་ཅན་དེའི་ཆ་འབྱིན་རེག་དང་དབེན་པ་ན་འདུག་འགྲེང་ལ་སོགས་པ་རྣམས་ནི་ཆ་དེར་གཏོགས་པ་ཡིན་གྱི། ཆ་ཅན་མི་ཚངས་སྤྱོད་ཉིད་དུ་ནི་མ་གཏོགས་སོ། །དེ་ཡང་་་་་་མི་ཚངས་སྤྱོད་ཉིད་དུ་མ་གཏོགས་པ་དེ་མི་ཚངས་སྤྱོད་ཀྱི་ཀུན་སློང་གིས་ཀུན་ནས་མ་བསླངས་པའི་ཕྱིར་རོ། །འབྱིན་རེག་ལ་སོགས་པ་ཆའི་ལྟུང་བ་ཆ་ཅན་ཉིད་དུ་མི་གཏོགས་པའི་རྒྱུ་མཚན་ནི། ཆ་དང་ཆ་ཅན་ཀུན་སློང་ཐ་དད་པའི་ཕྱིར་རོ། །ལྟུང་བ་བསྐྱེད་པ་ལ་རང་རང་གི་ཀུན་སློང་ཡན་ལག་ཏུ་དགོས་ཀྱི། ལྟུང་བ་གཞན་གྱི་ཀུན་སློང་གིས་ལྟུང་བ་གཞན་མི་སྐྱེད་དེ། ལུང་ཞུ་བ་ལས། རྡེག་་་་་་དགེ་སློང་གིས་དགེ་སློང་ལ་བརྡེགས་ཀྱང་ལྟུང་བྱེད་དུ་མི་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ་རྩེད་མོར་བསམས་ཏེ་བརྡེགས་སམ་བསད་པར་སེམས་པའོ། །དེ་བཞིན་དུ་རྡེག་པར་གཟས་པ་ལ་ཡང་བརྗོད་པར་བྱའོ་ཞེས་གསུངས་ཤིང་། དགེ་སློང་གིས་རྟག་ཏུ་ཁྲུས་བགྱིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ་ཆུ་རྒལ་བར་བསམ་པའི་ཞེས་སོ། །གཟས་ཁྲུས་ལ་རང་རང་གི །ཀུན་སློང་དགོས་གསུངས་གཞན་ལའང་སྦྱར། །ཞེས་གཟུང་ངོ་། །འོ་ན་ཆ་དང་ཆ་ཅན་གྱི་ཀུན་སློང་གིས་གཞན་མི་སྐྱེད་ན། ཕྱུང་བ་ཐམས་ཅད་ལ་ཞེས་པའི་་་་་་ཊཱི་ཀ་ལས་མི་ཚངས་པར་སྤྱོད་པའི་བསམ་པས་བུད་མེད་ལ་རེག་པ་ནི་རེག་པའི་དགེ་འདུན་ལྷག་མ་ཡིན་གྱི། ཕམ་པའི་སྦོམ་པོ་ནི་མ་ཡིན་ནོ། །མི་ཚངས་པར་སྤྱོད་པའམ་འཁྱུད་པ་ལ་སོགས་པ་བྱ་བར་བརྩམས་ཏེ་དབེན་པ་སྐྱབས་ཡོད་པ་ན་བུད་མེད་གཅིག་པུ་དང་ལྷན་ཅིག་འདུག་པའམ་འགྲེང་བར་བྱེད་པ་ནི་ལྟུང་བྱེད་ཁོ་ན་ཡིན་གྱི། མི་ཚངས་པར་སྤྱོད་པ་དང་། དགེ་འདུན་ལྷག་མའི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ནི་མ་ཡིན་ནོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་དང་པོ་ཀུན་སློང་གཞན་གྱིས་འཕངས་ཀྱང་བར་སྐབས་སུ་ཀུན་སློང་གཞན་གློ་བུར་དུ་སྐྱེས་པ་ཡིན་ནོ་ཞེས་བླ་མ་རྣམས་གསུངས་པ་དེ་ལེགས་སོ། །གཉིས་པ་དམིགས་བསལ་མཚོན་དཔེ་དང་བཅས་པ་ནི། ཕྱུང་བ་ཐམས་ཅད་ལ་ཞེས་སོ། །འདི་ལ་གཉིས་ལས། དང་པོ་་་་་་སྤྱིའི་དོན་ཏོ། །དེ་ལ་གཉིས་ལས། དང་པོ་་་་་་ཁུ་བ་འབྱིན་པའི་འདུན་པས་ཕྱུང་ཡང་ལྷག་མར་མི་འགྱུར་བའི་དམིགས་བསལ་ནི། དགེ་སློང་གིས་ལམ་གསུམ་མཚན་ཉིད་ལྡན་པར་མཚམས་ལས་འདས་པར་རྩོལ་ཞིང་ཁུ་བ་ཕྱུང་ན་ཁུ་བ་འབྱིན་པའི་འདུན་པས་ཕྱུང་ཡང་མཐའ་ཉིད་དེ། མི་ཚངས་སྤྱོད་ཀྱི་ཕམ་པར་འགྱུར་རོ། །དེ་ཡང་འབྱིན་པའི་ཀུན་སློང་རགས་པས་དེ་སྐད་དུ་བྱའི། མི་ཚངས་སྤྱོད་ཀྱི་ཀུན་སློང་ཕྲ་བའི་ཚུལ་གནས་སོ་ཞེས་གསུངས་སོ། །རྣམ་པ་གཅིག་ཏུ་ན་སྐབས་འདིར་མི་ཚངས་སྤྱོད་ཀྱི་ཀུན་སློང་གློ་བུར་བ་ངེས་པར་སྐྱེ་བའི་ཕྱིར་ཞེས་ཀྱང་རིགས་སོ། །གཉིས་པ་་་་་་བསམ་པའི་བྱེ་བྲག་གིས་ལྟུང་བ་ཐ་དད་དུ་འགྱུར་བའི་མཚོན་དཔེ་ནི་མགོ་བཅད་པའི་ཁའམ་ལམ་གསུམ་ནང་ཉམས་པར་མཚམས་ལས་འདས་པར་རྩོལ་ཞིང་ཕྱུང་བ་ན་ནི། རྨ་དང་ཡན་ལག་ཕྲད་པའི་བདེ་བ་འདོད་པའི་བསམ་པས་ལམ་་་་་་མགོ་བཅད་པའི་ཁའམ་ལམ་གསུམ་ཉམས་པ་དེ་དག་ཏུ་རྩོལ་ཞིང་ཕྱུང་ན་ནི་མི་ཚངས་སྤྱོད་ཀྱི་སྦོམ་པོར་འགྱུར་ལ། འབྱིན་པར་འདོད་པའི་བསམ་པས་ལམ་་་་་་མགོ་བཅད་པའི་ཁ་ལ་སོགས་པ་དེ་དག་ཏུ་རྩོལ་ཞིང་ཕྱུང་ན་ནི་དགེ་འདུན་ལྷག་མར་འགྱུར་རོ། །གཉིས་པ་ཡན་ལག་གི་དོན་ནི། ཊཱི་ཀ་ལས་ཁུ་བ་འབྱིན་པའི་འདུན་པས་ཁུ་བ་ཕྱུང་བ་ལ་ཕམ་པ་ཉིད་མ་ཡིན་པ་ཐམས་ཅད་ནི་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མར་ཤེས་པར་བྱའོ་ཞེས་གསུངས་ཏེ། ཁུ་བ་ཕྱུང་བ་ཐམས་ཅད་ལ་དགེ་སློང་གིས་བུད་མེད་ཀྱི་ལམ་མཚན་ཉིད་དང་ལྡན་པར་མཚམས་ལས་འདས་པར་རྩོལ་ཞིང་ཁུ་བ་ཕྱུང་ན་ཁུ་བ་འབྱིན་པའི་འདུན་པས་ཕྱུང་ཡང་མཐའ་ཉིད་དེ། མཐའ་ཕམ་པ་ཉིད་དེ་མ་གཏོགས་པ་དགེ་སློང་གིས་ཁུ་བ་འབྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞི་རྫོགས་པ་དགེ་སློང་ལ་ལྡན་པ་ཐམས་ཅད་ནི། དགེ་འདུན་ལྷག་མའོ། །དགེ་སློང་གིས་ཁུ་བ་ཕྱུང་བ་ལས་གྱུར་པའི་ལྟུང་བ་དངོས་གཞི་རྫོགས་པ་དེ་མཚན་གྱུར་པའི་དགེ་སློང་མ་ལ་ལྡན་ན་་་་་་དགེ་འདུན་ལྷག་མ་མིན་གྱི་ནི་ལྟུང་བྱེད་དོ། །ཁུ་བ་ཕྱུང་བ་ལས་གྱུར་པའི་ལྟུང་བྱེད་ནི་དགེ་སློང་ལ་ཡོད་པ་ཡང་སྲིད་དེ། ལྟུང་བྱེད་དེ་བྱུང་བའི་དགེ་སློང་མ་མཚན་གྱུར་ནའོ། །ལྔ་པ་གཞི་དང་སྦྱོར་བ་ཐ་དད་པས་ལྟུང་བ་ཐ་དད་པ་ནི། བྱ་བ་དུ་མའི་འབྲས་བུ་ཞེས་སོ། །འདི་ལ་གཉིས་ཏེ། བྱ་བ་གཞི་དུ་མའི་འབྲས་བུ་གཅིག་ཏུ་མི་བཞག་པ་དང་། བྱ་བ་སྦྱོར་བ་དུ་མའི་ལྟུང་བ་གཅིག་ཏུ་མི་བཞག་པའོ། །དང་པོ་ནི་བྱ་བ་གཞི་མ་རྫོགས་པ་དུ་མའི་འབྲས་བུས་དངོས་གཞིའི་ལྟུང་བ་གཅིག་ཏུ་རྣམ་པར་མི་བཞག་སྟེ། གཞི་རིན་ཐང་མ་ཚང་བ་ལེན་དུ་མ་ཞིག་བརྐུས་ན་ཕམ་པ་གཅིག་ཏུ་མི་བཞག་སྟེ་སྦོམ་པོ་ཐ་དད་དུ་འགྱུར་བ་དང་། གཞི་མི་མ་ཡིན་དུ་མ་ཞིག་བསད་ན་ཕམ་པ་གཅིག་ཏུ་མི་བཞག་སྟེ་སྦོམ་པོ་ཐ་དད་དུ་འགྱུར་བ་དང་། གཞི་སྨྱོན་པ་དུ་མ་ལ་མི་ཆོས་བླ་མ་རྫུན་དུ་སྨྲས་ན་ཕམ་པ་གཅིག་ཏུ་མི་བཞག་སྟེ། སེམས་ཅན་སོ་སོ་ལ་སྦོམ་པོ་ཐ་དད་དུ་འགྱུར་བ་ལྟ་བུའོ། །འདི་དག་གི་གཞུང་ནི་ལུང་ཞུ་བ་ལས་དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་ཀྱང་མཐར་མི་འགྱུར་བ་མཆིས་སམ། ཡོད་དེ་འདི་ལྟར་རེ་རེའམ་གཉིས་གཉིས་སམ་གསུམ་གསུམ་མམ་བཞི་བཞི་བརྐུས་ཀྱི་ནམ་ཡང་ལྔར་མ་ཚང་ནའོ་ཞེས་གསུངས་ལ། དེའི་གཞི་ལ་ནི་སེམས་ཅན་སོ་སོ་ལའོ་ཞེས་གསུངས་པ་དང་ཡང་སྦྱར་རོ། །གཉིས་པ་ནི་བྱ་བ་སྦྱོར་བ་མ་རྫོགས་པས་དུ་མའི་འབྲས་བུ་དངོས་གཞིའི་ལྟུང་བ་གཅིག་ཏུ་རྣམ་པར་མི་བཞག་སྟེ། རྫུན་དུ་སྨྲ་བའི་སྦྱོར་བ་མ་རྫོགས་པ་གཞོགས་སྨོས་ཀྱི་རྫུན་ལན་དུ་མ་ཞིག་སྨྲས་ན་ཕམ་པ་གཅིག་ཏུ་མི་བཞག་སྟེ་སྦོམ་པོ་ཐ་དད་དུ་འགྱུར་བ་དང་། འཁྲིག་ཚིག་སྨྲ་བའི་སྦྱོར་བ་མི་གསལ་བ་ལན་དུ་མ་ཞིག་སྨྲས་ན་ལྷག་མའི་ལྟུང་བ་གཅིག་ཏུ་མི་བཞག་པ་དང་། བལ་འཁུར་བ་ལ་སོགས་པ་རྒྱང་གྲགས་འདའ་དགོས་པ་རྣམས་ལ་ཉི་མ་ཐ་དད་རེ་རེ་ཞིང་རྒྱང་གྲགས་ཕྱེད་ཕྱེད་ཕྱིན་པ་སྤྱིར་བསྡོམས་པས་རྒྱང་གྲགས་ཀྱི་མཐའ་ལས་འདས་ཀྱང་དངོས་གཞིའི་ལྟུང་བ་གཅིག་ཏུ་མི་བཞག་སྟེ། ན་སྨད་ཐ་དད་དུ་འགྱུར་བ་ལྟ་བུའོ། །་་་་་སྨྱན་གྱི་འཕྲིན་ལན་གསུམ་སྦྱོར་བ་ཐ་དད་ཀྱང་སྨྱན་གྱི་ལྷག་མ་གཅིག་སྐྱེད་དོ། །མདོར་ན་མདོ་འདིས་ནི་གཞི་མ་རྫོགས་པ་དུ་མ་དང་། སྦྱོར་བ་མ་རྫོགས་པ་དུ་མས་ནི་ཐམས་ཅད་དུ་ཡང་དངོས་གཞིའི་ལྟུང་བ་གཅིག་ཏུ་མི་བཞག་གོ་ཞེས་སྤྱིར་བསྟན་པ་ཡིན་ནོ། །གཉིས་པ་ཞར་ལས་བྱུང་བ་ལ་གཉིས་ལས་དང་པོ་ལས་རྗེས་སུ་བསྒྲུབ་པ་རྣམས་ཀྱི་སེལ་བ་ནི། ཁང་པ་ཁང་ཆེན་ལ་སོགས་པ་རང་གིས་ཕྱེད་བྱས་ཏེ་བོར་བའམ་གཞན་གྱིས་ཕྱེད་བྱས་པ་ལ་དེའི་འཕྲོ་ཟིན་པར་བྱེད་པ་ནི་ལྟུང་བ་ཕྱེད་ཉིད་དེ། རང་རང་གི་ན་སྨད་པ་ཉིད་དོ། །མདོ་འདིས་ནི་ལས་རྗེས་སུ་བསྒྲུབ་པའི་ལྟུང་བ་བཅུ་དགུ་པོ་ཐམས་ཅད་དུ་ཡང་ལྟུང་བ་ཕྱེད་ཉིད་དོ་ཞེས་སྤྱིར་བསྟན་པ་ཡིན་ནོ། །དེ་ཡང་ལུང་ཞུ་བ་ལས།་་་་་གཞན་གྱིས་མ་ལགས་མ་ཟིན་པ་ཟིན་པར་བགྱིས་ན་ཅིར་འགྱུར། སྦོམ་པོར་འགྱུར་ཞེས་གསུངས། ཁང་པ་ཁང་ཆེན་ལོ་དྲུག་སྟན། །སྲིན་བལ་འབའ་ཞིག་ཆ་གཉིས་དང་། །གསུམ་ལ་ཞུ་བ་ཉུང་ཤོས་ལས་བཤད། །རིམ་ལྷག་་་་་་དགེ་སློང་མའི་གོས་ཀྱི་བཟོ་བྱེད་དང་། །ཁབ་རལ་འཆོས་པ་ལ་སོགས་བདུན། །དེ་ལྟར་ལྟུང་བ་བཅོ་ལྔ་ལ། །ཕྱེད་བྱས་ཕྱེད་ཉིད་དངོས་སུ་གསུངས། །འཁྲུར་འཇུག་རྨེལ་འཇུག་ཐ་ག་གཉིས། །དེ་ལྟར་བཞི་ལ་མདོར་བསྡུས་སྦྱར། །ཞེས་་་་་་བཅིངས་གྲོལ་ཊཱི་ཀ་བཞིན་གཟུང་ངོ་། །གལ་ཏེ་་་་་་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་གིས་་་་་་ཚད་ཀྱིས་མ་གླན་པའི་གདིང་བ་གསར་པ་ལ་ལོངས་སྤྱད་པའི་སྤང་བ་ལ་ཡང་ཕྱེད་བྱས་པ་ལ་ཕྱེད་ཉིད་འདི་སྦྱར་ཏེ། མཐོ་གང་གིས་སྤང་བའི་སྐབས་ཀྱི་ཞུ་བ་ལས་གཞན་གྱིས་གདིང་བའི་བཟོ་་་་་་མ་ལགས་་་་་་མ་ཟིན་པ་དགེ་སློང་གིས། ལགས་པར་བགྱི་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པས་སོ་ཞེ་ན། དོན་་་་་་ལུང་ལས་གསུངས་པ་རབ་ཏུ་བྱུང་བས་བཟོ་བྱེད་པ་སྤྱིར་བཀག་པ་ལས་འདས་པའི་ཉེས་བྱས་ཡིན་གྱི་འདིར་གཏོགས་པ་ནི་མ་ཡིན་ཏེ། འདིའི་དགག་བྱ་དང་མ་འབྲེལ་བའི་ཕྱིར་རོ། །གཉིས་པ་ཁ་ན་མ་ཐོ་བ་ལས་གྱུར་པ་རྣམས་ཀྱི་སེལ་བ་ནི། གཞི་མེད་བག་ཙམ་ལྷག་མས་སྐུར་བ་འདེབས་པ་སྟེ་སྐུར་འདེབས་གསུམ་དང་གནས་ངན་ལེན་འཆབ་བརྗོད་གཉིས་ཏེ་ལྔའི་སྐབས་སུ། ཁ་ན་མ་ཐོ་བ་ན་སྨད་པ་སྦོམ་པོར་སྐུར་པ་འདེབས་པ་དང་སྦོམ་པོ་འཆབ་བརྗོད་བྱེད་པ་དག་གི་འབྲས་བུའི་ཆ་སྟེ་འབྲས་བུའི་ལྟུང་བ་ཉིད་ནི་རྒྱུའི་ལྟུང་བ་སྦོམ་པོ་ལས་ན་སྨད་པ་སྟེ་ཉེས་བྱས་ཉིད་ཡིན་ནོ། །འདི་ནི་འགྱོད་པ་སྐྱེད་པའི་ཕྱེད་ལ་ཡང་སྦྱར་་་་་་འགྱོད་པ་བསྐྱེད་པ་ལ་གཉིས་ཏེ། སྡོམ་པ་མ་སྐྱེས་པས་འགྱོད་པ་བསྐྱེད་པ་དང་། ཕམ་པ་བྱུང་བས་འགྱོད་པ་བསྐྱེད་པའོ། །ཏེ། ཕམ་པའི་ན་སྨད་་་་་་སྦོམ་པོ་འབྱུང་ངོ་ཞེས་འགྱོད་པ་བསྐྱེད་ན་ཉེས་བྱས་སོ། །མདོ་འདི་ནི་ལུང་ཞུ་བ་ལས། སྦོམ་པོས་སྐུར་ན་ཉེས་བྱས་ཞེས་མཚམས་མེད་གཉིས་ཀྱི་སྐུར་བ་འདེབས་ན་ཉེས་བྱས་་་་་་སྐུར་འདེབས་གསུམ་ལ་གསུངས་པ་བསྡུས། །འཆབ་བརྗོད་འགྱོད་བསྐྱེད་མདོར་བསྡུས་སྦྱར། །ཞེས་གཟུང་ངོ་། །སྐབས་འདིར་འགལ་བ་སྤང་བ་ནི། ན་སྨད་པ་དག་གི་ཆ་ཉིད་ནི་ན་སྨད་པ་ཡིན་ལ། ཕམ་པས་ཉམས་པ་ལ་སྐུར་པ་བཏབ་ན་དགེ་འདུན་ལྷག་མ་བསྐྱེད་པར་གསུངས་པ་འགལ་ཏེ། ཉམས་པས་མི་ཚངས་སྤྱོད་ལ་སོགས་པ་བྱས་ཀྱང་ཉམས་པ་ལྟུང་བ་ལ་སྦྱོར་བ་ལ་ཉེས་བྱས་ལས་མེད་པ་ལས། ཉེས་བྱས་དེས་སྐུར་པ་བཏབ་པ་ལས་ལྷག་མའི་ལྟུང་བ་བསྐྱེད་པས་ན་སྨད་པའི་ཆ་དེ་ནི་ན་སྟོད་བྱུང་བ་དང་འགལ་ཞེ་ན། ཉམས་པ་ལ་གཉིས་ཏེ། ཕམ་པ་གསོར་རུང་གིས་ཉམས་པ་དང་ཕམ་པ་གསོར་མི་རུང་གིས་ཉམས་པའོ། །སྔ་མས་ནི་མི་ཚངས་སྤྱོད་པ་ལ་སོགས་པ་བྱས་ན་ཕམ་པ་བསྐྱེད་པས། ཕམ་པས་སྐུར་པ་བཏབ་ན་དགེ་འདུན་ལྷག་མ་སྐྱེད་ཅིང་། ཕྱི་མས་ནི་མི་ཚངས་སྤྱོད་ལ་སོགས་པ་བྱས་ཀྱང་ཉེས་བྱས་ལས་མེད་པས། ཉེས་བྱས་དེས་སྐུར་པ་བཏབ་པ་ལས་ཉེས་བྱས་ལས་མི་སྐྱེད་དོ། །དེས་ན་འགལ་བ་མེད་དོ། །གཞན་ལུང་ཞུ་བ་ལས་དགེ་སློང་གིས་དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་རྣམས་ལ་སྐུར་པ་བཏབ་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་གསུངས་པ་དང་། དེ་བཞིན་དུ་རང་གི་རྣམ་བཤད་དང་ཊཱི་ཀ་དང་བམ་པོ་ལྔ་བཅུ་པ་ལས་སྦོམ་པོར་གསུངས་པ་དང་འགལ་ཏེ་དགེ་ཚུལ་ལ་སོགས་པ་གསུམ་གྱིས་མི་ཚངས་སྤྱོད་ལ་སོགས་པ་བྱས་ཀྱང་ཉེས་བྱས་ལས་མེད་པས། ཉེས་བྱས་དེས་སྐུར་པ་བཏབ་པ་ལས་སྤོམ་པོ་སྐྱེད་ན། ན་སྨད་པའི་ཆ་དེ་ནི་ན་སྟོད་བྱུང་བ་དང་འགལ་ཞེ་ན། འདི་ནི་དམིགས་བསལ་ཡིན་པར་རིགས་ཏེ། ཕམ་པ་དང་འདྲ་བའི་ཉེས་བྱས་ཀྱིས་སྐུར་པ་བཏབ་པ་ཡིན་པས། ལྟུང་བའི་ཆ་ནས་ནི་བྱེད་ལས་ཕམ་པ་དང་འདྲ་བས་སྐུར་པ་བཏབ་པ་ཡིན་ལ། ཡུལ་གྱི་ཆ་ནས་ནི་བསྙེན་པར་མ་རྫོགས་པ་ལ་སྐུར་པ་བཏབ་པ་ཡིན་པས་སྦོམ་པོར་བཅས་པ་སྟེ། བཅས་པའི་དབང་གིས་སྦོམ་པོར་འགྱུར་བའོ། །གཞན་ཡང་བཤེས་ངོར་བྱས་པ་དང་ཟས་ཕྱིར་ཆོས་བསྟན་པ་ལ་ཉེས་བྱས་ལས་མེད་པས། དེ་དག་གིས་སྐུར་པ་བཏབ་ན་ལྟུང་བྱེད་དུ་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་ལྟུང་བས་ཉམས་པའི་ཆ་ནས་མ་ཡིན་གྱི། འདུ་ཤེས་བསྒྱུར་བའི་རྫུན་གྱི་ཆ་ནས་ལྟུང་བྱེད་ཡིན་པས་འགལ་བ་མེད་དོ། །གཞན་ཡང་ལུང་ཞུ་བ་ལས་དགེ་སློང་གིས་ཁྱིམ་པ་ལ་སྐུར་པ་བཏབ་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པ་དང་འགལ་ཏེ། ཁྱིམ་པས་ཉེས་སྤྱོད་བྱས་ཀྱང་ལྟུང་བ་མེད་པས། ལྟུང་མེད་ཀྱིས་སྐུར་པ་བཏབ་པས་ལྟུང་བ་ཉེས་བྱས་སུ་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་ལྟུང་བས་ཉམས་པའི་ཆ་ནས་ཉེས་བྱས་སུ་བཤད་པ་མ་ཡིན་གྱི། སྐུར་འདེབས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་ཆ་ནས་ཉེས་བྱས་སུ་འགྱུར་བའོ། །བཞི་པ་བསམ་པ་དང་དངོས་པོའི་བྱེད་པ་ཞར་བྱུང་དང་བཅས་པ་ལ་གཉིས་ཏེ། བསམ་པ་དང་དངོས་པོའི་བྱེད་པ་དངོས་དང་ཞར་ལ་བྱུང་བའོ། །དང་པོ་ནི། ཐམས་ཅད་ལ་ཐེ་ཚོམ་ཟ་བས་ཞེས་པ་ལ་སོགས་པས་བསྟན་ཏོ། །འདི་ལ་གཉིས་ལས། དང་པོ་སྤྱིའི་དོན་ལ་གསུམ་སྟེ། དངོས་པོ་གཙོ་བོའི་གྲངས་གཏན་ལ་དབབ་པ་དང་འདུ་ཤེས་གཙོ་བོའི་མཚན་ཉིད་གཏན་ལ་དབབ་པ་དང་། འདུ་ཤེས་གཙོ་བོ་ལ་ཧ་ཅང་ཐལ་བ་སྤང་བའོ། །དང་པོ་ནི་སྔ་རབས་པ་ཁ་ཅིག་ན་རེ་འདུལ་བའི་གཞུང་རྣམས་ལས་དངོས་སུ་བཤད་ཚོད་རྣམས་བགྲངས་ན་དངོས་པོ་གཙོ་བོའི་ལྟུང་བ་བཅུ་ཡོད་དེ། དངོས་པོ་གཙོ་བོ་ཕམ་ལྷག་དང་པོ་གཉིས། །སྐྱོ་སྔོགས་ས་བོན་སྐྱེ་འཇིག་རྫུན་སྨྲའི་ཡུལ། །ཁྲི་སྟན་ཆེ་མཐོ་གཟུགས་བསྒྱུར་གསོད་པ་དང་། །བྱེ་བྲག་མ་ཕྱེད་གཞི་ལས་ཞག་དང་བཅུ། །ཞེས་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ཡང་ཕམ་ལྷག་དང་པོ་གཉིས་དངོས་པོ་གཙོ་སྟེ། འདི་ཉིད་ལས། མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་དོ་ཞེས་བཤད་པས་ཤེས་སོ། །སྐྱོ་སྔོགས་བྱེད་པ་དང་ས་བོན་སྐྱེ་འཇིག་གཉིས་དང་རྫུན་སྨྲ་བའི་ཡུལ་དང་བཞི་པོ་དེ་བྱེ་བྲག་ལ་དངོས་པོ་གཙོ་སྟེ། གལ་ཏེ་འདུ་ཤེས་གཙོ་ན་ནི་གཞིའི་ཡན་ལག་གི་བྱེ་བྲག་ལ་དེ་མ་ཡིན་དུ་འདུ་ཤེས་འཁྲུལ་ན་དངོས་གཞི་མི་རྫོགས་པར་རིགས་པ་ལས། འདི་ཉིད་ལས་འདུ་ཤེས་འཁྲུལ་ཡང་དངོས་གཞི་རྫོགས་པར་གསུངས་ཏེ། རྩོད་པ་གཞན་ཉིད་ལ་རྩོད་པ་གཞན་དུ་འདུ་ཤེས་པ་ནི་དེ་དང་འདྲ་བ་ཉིད་ཡིན་ནོ། །ས་བོན་ལ་ས་བོན་གཞན་དུ་འདུ་ཤེས་པ་ནི་དེ་དང་འདྲ་བ་ཉིད་དོ་ཞེས་བཤད་ཅིང་། སྐྱེ་བ་གཅོད་པ་ལའང་ཊཱི་ཀ་ལས་སྐྱེ་བ་ལ་ས་བོན་དུ་འདུ་ཤེས་པ་ཡང་སྐྱེ་བ་དང་འདྲ་བ་ཉིད་ཡིན་ཞེས་བཤད་ལ། རྫུན་སྨྲ་བའི་ཡུལ་ལ་འདི་ཉིད་ལས་མི་བདེན་པ་ལ་ནི་ཉན་པ་པོ་ཡང་ངོ་ཞེས་བཤད་དེ། བཞི་པོ་དེ་དག་ནི་གཞིའི་ཡན་ལག་གི་བྱེ་བྲག་ལ་དེ་མ་ཡིན་དུ་འདུ་ཤེས་འཁྲུལ་ཡང་དངོས་གཞི་རྫོགས་པར་གསུངས་པས་དངོས་པོ་གཙོ་བོ་ཡིན་པར་གྲུབ་བོ། །ཁྲི་སྟན་ཆེ་མཐོ་གཉིས་དངོས་པོ་གཙོ་སྟེ། འོད་ལྡན་དུ་མལ་ཆེ་མཐོའི་སྐབས་ལས་བསླབ་པའི་གཞི་འདི་ནི་དངོས་པོ་གཙོ་བོར་བྱ་བ་ཡིན་ཏེ། གང་གི་ཕྱིར་གཏམ་གྱི་གཞི་ལས་ལུས་ཀྱི་ལྟུང་བ་འབའ་ཞིག་གོ་ཞེས་གསུངས་པས། དེའི་ཕྱིར་འདུ་ཤེས་གཙོ་བོར་བྱ་བ་སྤྱིར་བཏང་བའི་སྐབས་མེད་དོ་ཞེས་གསུངས་པས་སོ། །སྤྲུལ་སྟག་ལྟ་བུ་གཟུགས་གཞན་དུ་བསྒྱུར་བ་གསོད་པ་དངོས་པོ་གཙོ་སྟེ། ཊཱི་ཀ་ལས་དགེ་སློང་གིས་མིའི་འགྲོ་བར་གཏོགས་པ་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟེན་པ་ཞིག་གསོད་ན། དེར་འདུ་ཤེས་པས་ཀྱང་རུང་གཞན་དུ་འདུ་ཤེས་པས་ཀྱང་རུང་སྟེ། བསད་པའི་དུས་ན་དངོས་གཞི་ལ་ནི་ཕམ་པ་ཁོ་ནར་འགྱུར་རོ་ཞེས་བཤད་པས་སོ། །བྱེ་བྲག་མ་ཕྱེད་པ་ལ་རྐུ་བ་དངོས་པོ་གཙོ་སྟེ། བྱེ་བྲག་མ་ཕྱེད་པ་ལ་ནི་གཞི་ལས་རྣམ་པར་བཞག་གོ་ཞེས་བཤད་ཅིང་དེའི་ཊཱི་ཀ་ལས། གཞིའི་ངོ་བོ་ཉིད་ལས་ལྟུང་བ་རྣམ་པར་བཞག་གི འདུ་ཤེས་ལས་ནི་མི་བཞག་གོ་ཞེས་གསུངས་པས་དངོས་པོ་གཙོ་བོ་ཡིན་པར་ཤེས་སོ་ཞེས་ཟེར་རོ། །དེ་ཡང་་་་་་ཁྱོད་ཀྱིས་དངོས་པོ་གཙོ་བའི་ལྟུང་བ་བཅུ་བགྲངས་པ་དེའི་ཕམ་ལྷག་དང་པོ་གཉིས་དངོས་པོ་གཙོ་བ་གཞུང་གི་དོན་ལེགས་པར་བཤད་པ་ཡིན་མོད་ཀྱི། དེ་ལས་གཞན་བརྒྱད་པོ་དེ་དག་དངོས་པོ་གཙོ་བོར་འདོད་པ་དེ་མི་རིགས་ཏེ། གཞུང་འདི་ཉིད་་་་་་ལས་མི་ཚངས་སྤྱོད་དང་ཁུ་བ་འབྱིན་པ་གཉིས་དམིགས་ཀྱིས་བཀར་ཏེ་་་་་་དེ་ལས་གཞན་པའི་ལྟུང་བ་རྣམས་འདུ་ཤེས་གཙོ་བོར་གསུངས་དངོས་པོ་གཙོ་བོར་གསུངས་པ་དང་འགལ་ལོ། །གཞན་ཡང་སྐྱོ་སྔོགས་བྱེད་པ་དང་ས་བོན་་་་་་འཇོམས་པ་དང་སྐྱེ་འཇིག་གི་མདོ་རྩ་བ་འདི་ཉིད་ལས་ཤེས་གཙོའོ་ཞེས་གསུངས་པ་དང་འགལ་ལོ། །རྩོད་པ་གཞན་ཉིད་ལ་རྩོད་པ་གཞན་དུ་འདུ་ཤེས་པ་ནི་དེ་དང་འདྲ་ཞེས་པ་དེ་དངོས་པོ་གཙོ་བའི་གཞུང་མ་ཡིན་གྱི། རྩོད་པ་བཞི་པོ་གང་ཡིན་ཡང་སྐྱོ་སྔོགས་སུ་བྱའོ་སྙམ་དུ་་་་་་ཀུན་སློང་སྤྱི་ཞུགས་ཀྱི་དབང་དུ་བྱས་པ་སྟེ། དེ་ཡང་ཊཱི་ཀ་ལས་འདིར་རྩོད་པ་ཙམ་ཉིད་ཚད་མ་ཡིན་གྱི་རྩོད་པའི་བྱེ་བྲག་ནི་ཚད་མ་མ་ཡིན་ནོ། །ཞེས་གསུངས་པས་ཤེས་ཏེ། ཀུན་སློང་སྤྱི་ཞུགས་མ་ཡིན་པར་་་་་་རྩོད་པའི་བྱེ་བྲག་ལ་ཀུན་སློང་ཞུགས་པ་ཡིན་ན་ནི་རྩོད་ཙམ་ཉིད་ཚད་མ་ཡིན་པར་མི་རིགས་པའི་ཕྱིར་རོ། །དེ་དང་མཚུངས་པས་ས་བོན་ལ་ས་བོན་གཞན་ཉིད་དུ་འདུ་ཤེས་པ་དང་། མི་བདེན་པ་ལ་ནི་ཉན་པ་པོ་ཡང་ངོ་ཞེས་པ་ཡང་ཀུན་སློང་སྤྱི་ཞུགས་ཀྱི་དབང་དུ་བྱས་པའོ། །འོད་ལྡན་ལས་མལ་ཆེ་མཐོ་གཉིས་ཀྱི་ལྟུང་བ་དངོས་པོ་གཙོ་བོར་གསུངས་པ་དེའང་ལྟུང་བ་གླེང་རུང་ཙམ་ལ་དགོངས་པ་ཡིན་གྱི། ལྟུང་བ་མཚན་ཉིད་པ་ལ་དགོངས་པ་མ་ཡིན་ཏེ། འོད་ལྡན་དུ་གཏམ་གྱི་གཞི་ལས་ལུས་ཀྱི་ལྟུང་བ་འབའ་ཞིག་གོ་ཞེས་ལུང་དྲངས་པས་ཤེས་ཏེ། དེའང་གཏམ་གྱི་གཞི་ལས་མི་ཤེས་བཞིན་དུ་ཉེས་པ་འབྱུང་བ་ཡོད་དེ། འདི་ལྟར་གཉིད་ལོག་པ་ལས་བཏེག་སྟེ་མལ་སྟན་ཆེན་པོའམ་མཐོན་པོའི་སྟེང་དུ་བཞག་པའོ་ཞེས་གསུངས་པས་ལྟུང་བ་གླེང་རུང་ཙམ་དུ་གསལ་ལོ། །འོ་ན་ལྟུང་བ་གླེང་རུང་ཙམ་ཡང་འབྱུང་བར་མི་རིགས་ཏེ་ལྟུང་བ་མཚན་ཉིད་པ་མེད་པའི་ཕྱིར་རོ་ཞེ་ན། ཁྱབ་པ་མ་གྲུབ་སྟེ། འདི་ལ་དངོས་པོ་ལས་བདེན་པ་ཉིད་ཀྱི་རྒྱུ་མ་ཡིན་ནོ་ཞེས་གསུངས་པས་སོ། །གཟུགས་གཞན་དུ་བསྒྱུར་བ་གསོད་པ་དངོས་པོ་གཙོ་སྟེ། ཊཱི་ཀ་ལས་བཤད་ཅེས་ཟེར་ཡང་། སྐབས་འདིར་ནི་ཊཱི་ཀའི་རྗེས་སུ་མི་འབྲང་སྟེ་གོང་དུ་བཤད་ཟིན་ཏོ། །བྱེ་བྲག་མ་ཕྱེད་པ་ལ་རྐུ་ན་གཞི་ངོ་བོ་ཉིད་ལས་བཞག་གི འདུ་ཤེས་ལས་ནི་མི་བཞག་ཅེས་་་་་་ཊཱི་ཀ་ལས་གསུངས་པ་དེ་ཡང་བྱེ་བྲག་གི་འདུ་ཤེས་ལས་ནི་མི་བཞག་ཅེས་དགོངས་པ་སྟེ། བདག་པོ་གང་གི་ཡིན་ཡང་བརྐུའོ་སྙམ་དུ་ཀུན་སློང་སྤྱི་ཞུགས་དེའི་སྔོན་རོལ་ཏུ་བདག་པོ་གང་ཡང་རུང་བ་བདག་པོ་སྤྱི་ཙམ་དུ་འཛིན་པའི་འདུ་ཤེས་ལས་ནི་ངེས་པར་ལྟོས་ཏེ་རྣམ་པར་བཞག་གོ །གཉིས་པ་རང་ལུགས་བཞག་པ་ནི། དངོས་པོ་གཙོ་བོ་རིགས་གཉིས་ཏེ། མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་དོ་ཞེས་གསུངས་པས་སོ། །མི་ཚངས་སྤྱོད་དང་འབྱིན་པའི་ལྟུང་བ་ནི་ཕམ་ལྷག་དང་པོ་གཉིས་ཁོ་ནར་མ་ཟད་དེ། དེ་དག་་་་་་སྤྱོད་པ་དང་འབྱིན་པའི་གི་སྦོམ་པོ་ལ་སོགས་པ་དང་། དགེ་སློང་མས་ཁུ་བ་འབྱིན་པའི་ལྟུང་བྱེད་ཀྱང་། དངོས་པོ་གཙོ་སྟེ་་་་་་མི་ཚངས་སྤྱོད་དང་ཁུ་བ་འབྱིན་པའི་ལྟུང་བ་ཡིན་པ་ལས་མ་འདས་སོ། །གསུམ་པ་རྩོད་པ་སྤང་བ་ནི། ཁ་ཅིག་་་་་་སོག་ན་རེ་་་་་་སྐྱོ་སྔོགས་བྱེད་པ་དང་། སྐྱེ་འཇིག་ནི་སྤྱི་ལ་འདུ་ཤེས་གཙོ་ཡང་། བྱེ་བྲག་ལ་དངོས་པོ་གཙོ་སྟེ། རྩོད་པ་གཞན་ལ་རྩོད་པ་གཞན་དུ་འདུ་ཤེས་འཁྲུལ་ཡང་ལྟུང་བ་རྫོགས་པར་གསུངས་པས་ཤེས་ཟེར་རོ། །དེ་ནི་མི་རིགས་ཏེ། རྩོད་པ་ལ་སྐྱོ་སྔོགས་བྱེད་པ་བྱེ་བྲག་ལ་དངོས་པོ་གཙོ་ན་ནི་རྩོད་པ་ཉན་ན་བྱེད་པ་ཡང་བྱེ་བྲག་ལ་དངོས་པོ་གཙོ་བོར་ཐལ་བར་འགྱུར་ལ། ས་བོན་སྐྱེ་འཇིག་བྱེ་བྲག་ལ་དངོས་པོ་གཙོ་ན་ནི་ས་རྐོ་ལ་སོགས་པ་ཡང་བྱེ་བྲག་ལ་དངོས་པོ་གཙོ་བོར་ཐལ་བར་འགྱུར་ཞེས་རྒྱུ་མཚན་མཚུངས་པས་ན་ཧ་ཅང་ཐལ་བར་འགྱུར་རོ། །ཕམ་པ་དང་པོ་བྱེ་བྲག་ལ་དངོས་པོ་གཙོ་མོད་སྤྱི་ལ་འདུ་ཤེས་གཙོ་སྟེ་གཞན་དུ་ན་ལུང་ཞུ་བ་ལས་མ་དཀྲིས་པ་ལ་དཀྲིས་པར་འདུ་ཤེས་ཏེ་བཅུག་ན་ཅིར་འགྱུར། སྦོམ་པོ་འགྱུར་རོ་ཞེས་་་་་་འདུ་ཤེས་འཁྲུལ་ན་ན་སྨད་དུ་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་་་་་་ལུང་ཡི་གེ་མ་ནོར་བར་ངེས་དོན་དུ་ཚུལ་ཁྲིམས་བླ་མ་བཞད་ཀྱང་ཁོ་བོ་ནི་ལུང་ཡི་གེ་ནོར་བར་སེམས་ཏེ། སྐབས་དེ་ཉིད་ཀྱི་ལུང་ཞུ་བ་ཉུང་ཤོས་ལས་བར་ཆད་མ་མཆིས་པ་ལ་བར་ཆད་དང་བཅས་པར་འདུ་ཤེས་ཏེ་བཅུག་ན་ཅིར་འགྱུར། མཐར་འགྱུར་རོ་ཞེས་གསུངས་པ་དང་། འོད་ལྡན་གྱི་རྩ་བ་ལས། འཁྲིག་པ་ལ་ནི་འདུ་ཤེས་གཙོར་བྱ་མིན་ཞེས་གསུངས་སོ། །་་་་་སྤྱི་ལ་འདུ་ཤེས་གཙོ་བོ་ཡིན་ནོ། །གཉིས་པ་འདུ་ཤེས་གཙོ་བོའི་མཚན་ཉིད་གཏན་ལ་དབབ་པ་ནི། ཁ་ཅིག་ན་རེ་འདུ་ཤེས་གཙོ་བོའི་མཚན་ཉིད་ནི། ལྟུང་བའི་ཡན་ལག་ཏུ་མ་འཁྲུལ་བ་ངེས་གཟུང་དུ་དགོས་པའོ། །དོན་དང་ཕྲད་ན་འཁྲུལ་མ་འཁྲུལ་ཁྱད་པར་མེད་པར་ལྟུང་བ་བསྐྱེད་པ་ནི་དངོས་པོ་གཙོ་བོ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་མཐོ་ལ་མིར་འདུ་ཤེས་འཁྲུལ་ཏེ་གསོད་འདོད་ཀྱིས་མཚོན་རྡེག་པ་ལ་སོགས་ལྟུང་མེད་ཀྱི་ཡུལ་ལ་ལྟུང་བཅས་ཀྱི་ཡུལ་དུ་འཁྲུལ་བའི་ལྟུང་བ་རྣམས་ཆོས་ཅན། འདུ་ཤེས་གཙོ་བོ་མ་ཡིན་པར་ཐལ། མ་འཁྲུལ་བ་ངེས་གཟུང་དུ་མི་དགོས་པའི་ཕྱིར་རོ། །འདོད་ན་མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་དོ་ཞེས་པའི་ཤུགས་ཀྱིས་དེ་ལས་གཞན་པའི་ལྟུང་བ་ཐམས་ཅད་འདུ་ཤེས་གཙོ་བོར་བཤད་པ་དང་འགལ་ལོ། །ཁ་ཅིག་ན་རེ་འདུ་ཤེས་གཙོ་བོའི་མཚན་ཉིད་ནི་ལྟུང་བ་གང་ཞིག་སྐྱེད་པ་ལ་འདུ་ཤེས་འཁྲུལ་མ་འཁྲུལ་གཉིས་ལས་གང་རུང་ངེས་གཟུང་དུ་དགོས་པའོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ཚུལ་ཁྲིམས་མ་དག་པ་ལ་སྐུར་པ་འདེབས་པའི་དགེ་འདུན་ལྷག་མ་དང་། བྱིན་འཕྲོག་བྱེད་པའི་སྤང་ལྟུང་དང་། སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་དང་གསུམ་པོ་དེ་དག་ཆོས་ཅན། འདུ་ཤེས་གཙོ་བོ་མ་ཡིན་པར་ཐལ། འདུ་ཤེས་འཁྲུལ་མ་འཁྲུལ་གཉིས་ཀ་ངེས་གཟུང་དུ་དགོས་པའི་ཕྱིར་རོ། །དེ་ཡང་མ་དག་པ་ལ་སྐུར་པ་འདེབས་པ་ལ་ནི་ཉམས་པ་ལ་མ་ཉམས་པར་འདུ་ཤེས་འཁྲུལ་བ་ཡན་ལག་ཏུ་དགོས་ལ། གོ་བྱའི་ཡུལ་ལ་མ་འཁྲུལ་པ་ཡན་ལག་ཏུ་དགོས་པ་དང་། བྱིན་འཕྲོག་བྱེད་པ་ལ་ནི་དངོས་པོ་དེ་བདག་པོ་གཞན་དབང་བ་ལ་རང་གི་ཡིན་པར་འཁྲུལ་པ་ཡན་ལག་ཏུ་དགོས་ལ། ཕ་རོལ་པོ་དགེ་སློང་ཡིན་པ་ལ་དེ་ཡིན་པར་མ་འཁྲུལ་བ་ཡན་ལག་ཏུ་དགོས་པ་དང་། སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་སྐྱེད་པ་ལ་ནི་བར་དུ་གཅོད་པ་ལ་མི་གཅོད་པར་འཁྲུལ་བ་ཡན་ལག་ཏུ་དགོས་ལ། གོ་བྱའི་ཡུལ་ལ་སོགས་པ་ལ་མ་འཁྲུལ་བ་ཡན་ལག་ཏུ་དགོས་པས་གཏན་ཚིགས་དེ་་་་་་གྲུབ་བོ། །འདོད་ན་སྔར་བཞིན་ནོ། །འོ་ན་གང་ཞེ་ན། འདུ་ཤེས་གཙོ་བོའི་ལྟུང་བའི་མཚན་ཉིད་ནི། བཅས་པ་ལས་འདས་པའི་ཆ་ནས་ལས་སྒྲིབ་ཏུ་གྱུར་པ་གང་ཞིག རང་གི་གཞིའི་ཡན་ལག་གི་བྱེ་བྲག་ལ་འདུ་ཤེས་ཀྱི་བྱེ་བྲག་ངེས་གཟུང་དུ་དགོས་པའོ། །དེ་ཡང་གཞིའི་ཡན་ལག་གི་བྱེ་བྲག་ནི་གཞིའི་ཡན་ལག་གི་ཕྱོགས་གཅིག་ཡིན་ལ། འདུ་ཤེས་ཀྱི་བྱེ་བྲག་ནི་འདུ་ཤེས་འཁྲུལ་བའམ་མ་འཁྲུལ་བ་ཅི་རིགས་པའོ། །ངེས་གཟུང་དུ་དགོས་ཞེས་པ་ནི་དངོས་པོ་གཙོ་བོ་རྣམས་གཅོད་ཅིང་འདུ་ཤེས་གཙོ་བོ་རྣམས་སྡུད་དོ། །གསུམ་པ་འདུ་ཤེས་གཙོ་བོ་ལ་ཧ་ཅང་ཐལ་བ་སྤང་བ་ལ་གཉིས་ཏེ། འདུ་ཤེས་གཙོ་བོའི་དངོས་གཞི་བསྐྱེད་པ་ལ་དོན་ཡན་ལག་ཏུ་མི་དགོས་པར་འདོད་པ་དགག་པ་དང་། འདུ་ཤེས་གཙོ་བོའི་སྦྱོར་ལྟུང་བསྐྱེད་པ་ལ་དོན་ཡན་ལག་ཏུ་མི་དགོས་པར་འདོད་པ་དགག་པའོ། །དང་པོ་ནི་ཁ་ཅིག་ན་རེ་མཐོ་ཡིན་པ་ལ་མི་ཡིན་པར་འདུ་ཤེས་འཁྲུལ་ཏེ་བསད་པ་ལ་ཕམ་པ་སྐྱེད་དེ། འདུལ་བ་ལས་བྱུང་བ་ཐམས་ཅད་དཔྱད་པ་ཐ་སྙད་པ་ཡིན་པའི་ཕྱིར་རོ། །དེ་ཡང་འོད་ལྡན་ལས་འདུལ་བ་ཐམས་ཅད་ལས་འབྱུང་བའི་དཔྱད་པ་ཐ་སྙད་པ་ཡིན་གྱི། གལ་ཏེ་དཔྱད་པ་དངོས་སུ་ཡིན་པར་གྱུར་ན་གྲུབ་པར་མི་ནུས་པ་ཉིད་ཀྱི་ཕྱིར་ཞེས་བཤད་པས་ཤེས་སོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ཏེ། དམ་བཅའ་དགག་པ་དང་། སྒྲུབ་བྱེད་དགག་པའོ། །དང་པོ་ནི་སྲོག་གཅོད་པའི་ཕམ་པ་སྐྱེད་པ་ལ། མཐོ་ལ་མི་ཡིན་པར་འདུ་ཤེས་པ་ལྟ་བུ་་་་་་མི་ཡིན་པར་འདུ་ཤེས་ཀྱིས་གཟུང་སྟེ་དོན་ལ་མི་ཡིན་པ་ཡན་ལག་ཏུ་མི་དགོས་ན། དེ་ཉིད་ལས། བསམ་པ་ནི་དེ་ཉིད་དོ་ཞེས་གསུངས་པ་དང་འགལ་ལོ། །བསམ་པ་ནི་དེ་ཉིད་དོ་ཞེས་་་་་་དེའི་ཊཱི་ཀ་ལས་དངོས་གཞི་ལ་ནི་དོན་ཉིད་ཡན་ལག་ཡིན་པར་སྟོན་ཏེ་ཞེས་བཤད་པ་དང་། དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་དང་ཉེ་བའོ་ཞེས་བཤད་པ་དང་། སྤྲུལ་བ་བསད་པའི་སྐབས་ཀྱི་ཊཱི་ཀ་ལས་སྲོག་གཅོད་པ་ནི་གཞིའི་རྣམ་པ་ལ་ལྟོས་པའི་ཕྱིར་རོ། །ཞེས་བཤད་པ་སྟེ་འདུལ་བའི་གཞུང་དེ་རྣམས་དང་འགལ་ལོ། །གཉིས་པ་སྒྲུབ་བྱེད་དགག་པ་ནི། འདུལ་བ་ལས་བྱུང་བ་ཐམས་ཅད་དཔྱད་པ་ཐ་སྙད་པ་ཡིན་ཞེས་པ་དེ་མ་གྲུབ་སྟེ། མཁན་པོ་དང་ལས་བྱེད་པ་པོ་ལ་སོགས་པ་ལུང་གཞིའི་བརྗོད་བྱ་འཇུག་པའི་ཚུལ་ཁྲིམས་ཕལ་ཆེར་དཔྱད་པ་ཐ་སྙད་པ་ཡིན་མོད་ཀྱི། ལུང་རྣམ་འབྱེད་ཀྱི་བརྗོད་བྱ་ལྡོག་པའི་ཚུལ་ཁྲིམས་ཀྱི་སྐབས་ཀྱི་ལྟུང་བ་སྡེ་ལྔའི་དངོས་གཞི་རྫོགས་པར་སྐྱེད་པ་ལ། འདུ་ཤེས་ཀྱིས་གཟུང་བ་ཙམ་གྱིས་མི་འགྲུབ་ཀྱི། དོན་ཡན་ལག་ཏུ་དགོས་ཏེ་སྔར་བཤད་མ་ཐག་པའི་གཞུང་དེ་དག་དང་དོན་ཇི་ལྟ་བ་ཉིད་ལ་ནི་དངོས་གཞིའོ། །དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་དང་ཉེ་བའོ་ཞེས་གསུངས་པ་དང་། འོད་ལྡན་རྩ་བ་ལས། འདུ་ཤེས་གཙོ་ལ་དོན་ཉིད་ཇི་བཞིན་ན། །ལྟུང་རྫོགས་དོན་ཉིད་ཅི་བཞིན་མིན་ན་ཆུང་། །ཞེས་བཤད་པས་སོ། །ཁྱེད་ཀྱི་ཁུངས་སུ་དྲངས་པའི་་་་་་འོད་ལྡན་ལས་འདུལ་བ་ཐམས་ཅད་ལས་བྱུང་བའི་དཔྱད་པ་ཐ་སྙད་པ་ཡིན་ཞེས་བཤད་པ་དེ་ཡང་། འདུལ་བ་ཞེས་པ་ལ་སྒྲ་ཡངས་དོག་གཉིས་ལས། སྒྲ་དོག་པའི་དབང་དུ་བྱས་ན་འདུལ་བ་ཞེས་པའི་སྒྲ་དེ་གཞི་ལ་འཇུག་གི་རྣམ་འབྱེད་ལ་སོགས་པ་ནི་མ་ཡིན་ཏེ། གནས་མལ་གྱི་གཞིའི་ཊཱི་ཀ་ལས། འདིར་གཞི་དག་ནི་འདུལ་བ་ཉིད་ཀྱིས་བསྟན་ཏོ། །རྣམ་པར་འབྱེད་པ་དང་དེར་གཏོགས་པའི་ཕྲན་ཚེགས་ལ་སོགས་པ་དག་ནི་སོ་སོ་ཐར་པ་དང་ལྡན་པ་ཉིད་ཀྱིས་བསྟན་ཏོ་ཞེས་བཤད་དོ། །སླར་རྩོད་པ་ནི་་་་་་གལ་ཏེ་ཕམ་པ་སྐྱེད་པའི་གཞི་དེ་མི་ཡིན་པ་ལ་སོགས་པ་དོན་ཡན་ལག་ཏུ་དགོས་ན་ནི་ཕམ་པ་འབྱུང་ངམ་མི་འབྱུང་མི་ཤེས་པའི་སྐྱོན་དུ་འགྱུར་ཏེ། གཞི་དེ་དོན་ལ་མི་ཡིན་མིན་མི་ཤེས་པའི་ཕྱིར་རོ། །དེ་ཡང་མིའི་གཟུགས་སུ་གནས་པས་ནི་མི་ཡིན་པར་མ་ངེས་ཏེ། ཀླུའི་རྒྱལ་པོ་རི་བོ་དང་ཡིད་འོང་གི་བྱུང་བ་དང་། ཨེ་ལའི་འདབ་ཀྱི་བྱུང་བ་བཞིན་ནོ་་་་་་ང་རང་ཆོས་དགའ་ན་རེ་ཕམ་པའི་ཡན་ལག་གཞན་ཚང་ཞིང་། ང་བསད་ན་ཕམ་པ་བསྐྱེད་དམ་མི་སྐྱེད། ཕམ་པ་བསྐྱེད་ན་ང་མི་ཡིན་པར་ཅེས་ཤེས། ང་དཔེ་དཀར་མིར་སྤྲུལ་བ་ཡིན་ནམ་ཅི་སྟེ། ཕམ་པ་བྱུང་ངམ་མི་བྱུང་གཏན་ནས་མི་ཤེས་པའི་སྐྱོན་དུ་འགྱུར་རོ། །ཞེས། དེའི་སྐྱོན་མེད་དེ། ལྟུང་བ་བྱུང་བར་ཤེས་པ་ནི་ལྟུང་བ་རྫོགས་པའི་ཡན་ལག་ཏུ་མི་དགོས་ལ། ཕྱིར་བཅོས་འདུ་ཤེས་ཀྱིས་འབྲངས་ཏེ་བྱེད་པའི་ཕྱིར་རོ། །གཉིས་པ་འདུ་ཤེས་གཙོ་བོའི་སྦྱོར་ལྟུང་བསྐྱེད་པ་ལ་དོན་ཡན་ལག་ཏུ་མི་དགོས་པར་འདོད་པ་དགག་པ་ནི། ཁ་་་་་་བྱ་ལུགས་པ་ཅིག་ན་རེ་མཐོ་ཡིན་པ་ལ་མི་ཡིན་པར་འདུ་ཤེས་འཁྲུལ་ཏེ་་་་་་བསད་པ་བཏགས་པ་གསོད། །བསད་ན། སྦྱོར་བའི་གནས་སྐབས་སུ་སྦོམ་པོར་འགྱུར་རོ། །དེ་ཡང་སྤྱིར་ན་འདུ་ཤེས་གཙོ་བོ་རྣམས་ཀྱི་སྦྱོར་ལྟུང་རྫོགས་པར་བསྐྱེད་པ་ལ་དོན་ཡན་ལག་ཏུ་མི་དགོས་ཀྱི། འདུ་ཤེས་པ་ཙམ་གྱིས་ཆོག་སྟེ། སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་ནོ་ཞེས་མདོ་དེ་ཉིད་ཀྱི་དོན་དེ་ཉིད་ཡིན་ནོ། །མདོ་འདི་ཉིད་ཀྱི་ཊཱི་ཀ་ལས། སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་གྱི། དོན་ཉིད་ནི་མ་ཡིན་ཏེ་ཞེས་བཤད་དོ་ཞེས་ཟེར་རོ། །དེ་ལྟར་ན་མེད་པ་ཉིད་ལ་ཡོད་པའི་བློ་ཅན་ལ་ན་སྨད་དོ་ཞེས་པའི་ཊཱི་ཀ་ལས།་་་་་དངོས་གཞི་དངོས་གཞིའི་ཐད་ཀར་ན་སྨད་དུ་གསུངས་ནས། སྦྱོར་བ་སྦྱོར་བའི་ཐད་ཀར་ན་སྨད་དུ་གསུངས་ཏེ། གལ་ཏེ་འཚོལ་བའི་དུས་ན། ཡང་ལྷུང་བཟེད་དེ་ཆུད་ཟོས་པར་གྱུར་ཟིན་ན་ནི། དེའི་ཚེ་ན་སྦྱོར་བའི་ལྟུང་བ་ཡང་ན་སྨད་པ་ཁོ་ནར་འགྱུར་རོ་ཞེས་སྦྱོར་ལྟུང་རྫོགས་པ་ལ་དོན་ཡན་ལག་ཏུ་དགོས་པར་བཤད་པ་དང་འགལ་ལོ། །ཡོངས་སུ་མ་གཟུང་བ་ལ་ཡོངས་སུ་གཟུང་བར་འདུ་ཤེས་པའོ་ཞེས་པའི་འོད་ལྡན་ལས། དགོན་པ་སུས་ཀྱང་མ་བསྡམས་པ་ན་ཡོད་པ་དེ་བརྐུས་ན་ནི་གལ་ཏེ་རྐུ་སེམས་སྐྱེས་ན་ཉེས་པ་སྦོམ་པོར་འགྱུར་ཏེ་་་་་་དངོས་གཞིའི་རྣམ་པར་གཏོགས་པ་རྣམས་ཀྱི་ཡན་ལག་རྣམས་འདུས་པའི་ཕྱིར་་་་་་ཏེ་དངོས་གཞི་རྣམ་པའི་སྦོམ་པོ་ཡན་ལག་རྣམས་མ་ཚང་པའི་ཕྱིར་ཞེས་མཐར་ཐུག་གི་སྦོམ་པོར་གསུངས་པ་དང་ཡང་འགལ་ཏེ། སྦོམ་པོའི་སྦྱོར་བ་ལ་ཉེས་བྱས་ཡིན་པས། སྐབས་འདིར་སྦྱོར་བའི་གནས་སྐབས་སུ་མ་བྱིན་ལེན་གྱི་སྦོམ་པོ་་་་་་ཁྱེད་ཅག་སྐྱེད་པར་འདོད་པ་དེ་ནི་མི་བཟད་དོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号