ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་ཊཱིཀ་ཉི་མའི་འོད་ཟེར་ལེགས་བཤད་ལུང་རིགས་ཀྱི་རྒྱ་མཚོ་ལས་དགེ་སློང་མའི་རྣམ་འབྱེད་ཞུ་བ་སྤྱིར་བསྟ
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 ་་་་་བོད་ཀྱི་ལུགས་ཀྱི་ཡར་ངོའི་ཚེས་གཅིག་ལ་ཟླ་བའི་འགོ་བྱས་ནས་སྟོང་ལ་ཟླ་བའི་མཇུག་ཡིན་པར་བྱེད་ཀྱང་། རྒྱ་གར་གྱི་ལུགས་ཟླ་བ་དུམ་བུར་བཅད་དེ་མར་ངོའི་ཚེས་གཅིག་ལ་ཟླ་བའི་འགོ་བྱས་ནས་ཉ་ནི་ཟླ་བའི་མཇུག་ཡིན་པར་བཞེད་དེ། དེ་ཡང་མངོན་པ་མཛོད་ཀྱི་འགྲེལ་པ་ལས་བཤད་ཟླ་བ་ཐམས་ཅད་ཀྱང་མར་གྱི་ངོ་སྔ་སྟེ། མདོ་སྡེ་ཉི་མའི་སྙིང་པོ་ལས་ཀྱང་ཉ་ནི་ཟླ་བའི་མཇུག་ཡིན་པར་ལན་མང་དུ་གསུངས་སོ། །འདུལ་བ་ལས་ཀྱང་བདག་ཉིད་གནས་པར་ཁས་བླངས་པའི་ཉི་མའི་ཟླ་བ་སྔ་མའི་དང་པོ་ཞེས་གསུངས་པ་དང་། གསོ་སྦྱོང་གི་དུས་འདས་པ་དང་འབྱུང་འགྱུར་བརྗོད་པའི་སྐབས་ཀྱི་བམ་པོ་ལྔ་བཅུ་པ་ལས་ཟླ་བ་ཉ་བ་དེ་ཟླ་བའི་མཇུག་ཡིན་པར་ལན་མང་དུ་གསུངས། ཚེས་བཅུ་དྲུག་པའོ། །ཞེས་པ་ནི་དོན་འགྱུར་བྱས་པ་ཡིན་ལ་འགྲེལ་ཆུང་གི་མདོ་རྩ་བ་ལས་ཚེས་གཅིག་པའི་ཞེས་འབྱུང་བ་དེ་ནི་སྒྲ་འགྱུར་མཛད་དེ་མར་ངོའི་ཚེས་གཅིག་ལའོ་དེས་ན་པེ་ཤ་ཀའི་ཚིག་ལེའུར་བྱས་པ་དང་བསླབ་པའི་གཞི་མདོ་ལས་ཚེས་གཅིག་ལ་དབྱར་གནས་པར་ཁས་བླང་ཞེས་བཤད་དོ། །དེ་ལྟར་ན་སྨིན་དྲུག་གིས་ཉ་བའི་ཕྱི་དེ་ཉིན་པར་ནས་ལོའི་འགོ་བཟུང་སྟེ། དགུན་སྟོད་ཀྱི་དུས་དང་དགུན་སྨད་ཀྱི་དུས་དང་དཔྱིད་ཀྱི་དུས་དང་སོ་གའི་དུས་དང་དབྱར་གྱི་དུས་དང་སྟོན་གྱི་དུས་ཏེ་དུས་ཚིགས་དྲུག་ལས། དུས་ཚིགས་རེ་རེ་ལ་ཟླ་བ་གཉིས་གཉིས་ཏེ། གསོ་སྦྱོང་བཞི་བཞི་ཡོད་པ་ལས། ཟླ་བ་ཕྱེད་དང་གཅིག་འདས་དང་གཉིས་འདས་ཐམས་ཅད་བཅོ་ལྔ་པའོ། །ཟླ་བ་ཕྱེད་གཉིས་འདས་ཐམས་ཅད་བཅུ་བཞི་པ་སྟེ། མཛོད་འགྲེལ་་་་་་རྒྱལ་སྲས་མ་ལས་དོན་འདི་ལྟར་གསུངས་ཏེ། དགུན་སྟོད་ཟླ་བ་གཉིས་དང་དགུན་སྨད་ཟླ་བ་གཉིས་ཏེ་དགུན་གྱི་དུས་ཟླ་བ་བཞིར་བྱས་ནས་དགུན་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་པའི། །ལྷག་མ་ཟླ་བ་དྲུག་པོ་ལ། །མཁས་པས་ཞག་ནི་དབྲི་བར་བྱ། །བཞི་པ་ཚུལ་ཇི་ལྟར་གསོ་སྦྱོང་བྱ་བ་ནི། སྦྱོར་དངོས་མཇུག་གསུམ་ལས། དང་པོ་གསོ་སྦྱོང་གི་སྦྱོར་བའི་ཆོ་ག་ནི་དྲུག་སྟེ།་་་་་སོ་གའི་དུས་ཀྱང་དཔྱིད་ཀྱི་དུས་ཀྱི་ཁོངས་སུ་བསྡུས་ཏེ་དཔྱིད་ཀྱི་དུས་ཟླ་བ་བཞིར་བྱས་ནས། དཔྱིད་དང་སྟོན་གྱི་དུས་ཀྱང་དབྱར་རིང་པོའི་དུས་ཀྱི་ཁོངས་སུ་བསྡུས་ཏེ་དབྱར་གྱི་དུས་ཟླ་བ་བཞིར་བྱས་ནས། རང་གཞན་གྱི་ལྟུང་བ་དག་པར་བྱ་བ་དང་། གཙུག་ལག་ཁང་གི་བྱ་བ་རྗེས་སུ་སྒྲུབ་པ་་་་་་སྟེ་ཆག་ཆག་གདབ་པ་དང་ཕྱག་བདར་བྱ་བ་ལ་སོགས་པ་དང་། ཆོས་བཤད་ཉན་བྱ་བ་དང་། དགེ་བསྐོས་ཀྱི་ཚུལ་ཤིང་བྲིམ་ཞིང་དགེ་སློང་རྣམས་བགྲང་བ་དང་། མ་འདུས་ན་འདུན་པ་དང་ཡོངས་དག་བླང་བ་དང་། དགེ་སློང་གང་ཡང་རུང་བས་མེ་ཏོག་དབུལ་ཞིང་སོ་སོ་ཐར་པའི་མདོ་གདོན་པར་གསོལ་བ་ལན་གསུམ་གདབ་པའོ། །དང་པོ་ལ་གསུམ་ལས། དང་པོ་རང་གི་ལྟུང་བ་དག་པར་བྱ་བ་ནི། མཐོལ་བ་དང་བཤགས་པ་དང་བསྡམ་པ་དང་ལྟུང་བ་བྱིན་གྱིས་བརླབ་པ་སྟེ། འོག་ཏུ་རང་རང་གི་སྐབས་སུ་འཆད་པར་འགྱུར་རོ། །གཉིས་པ་གཞན་གྱི་ལྟུང་བ་དག་པར་བྱ་བ་དང་། གསུམ་པ་རང་གཞན་གཉིས་ཀའི་ལྟུང་བ་དག་པར་བྱ་བ་ནི་གཞུང་དུ་འཆད་པར་འགྱུར་རོ། །གཉིས་པ་དངོས་གཞིའི་ཆོ་ག་ནི་སོ་སོ་ཐར་པའི་མདོ་འདོན་པ་སྟེ་ལུང་གཞི་ལས་གསོ་སྦྱོང་ནི་སོ་སོ་ཐར་པའི་མདོ་གདོན་པའོ་ཞེས་གསུངས་ཤིང་། འདི་ཉིད་ལས་ཀྱང་སོ་སོ་ཐར་པའི་མདོ་གདོན་པས་སོ་ཞེས་སོ། །དེའང་ལེགས་པར་ཐོན་པའི་རྒན་རབས་ཚུལ་ཁྲིམས་དག་པས་གདོན་ཏེ། ལེགས་པར་ཐོན་པས་གདོན་ཏོ་ཞེས་པ་དང་། དགེ་འདུན་གྱི་གནས་བརྟན་གྱིས་སོ་ཞེས་པ་དང་། བསླབ་པ་བྱིན་པས་གདོན་པར་མི་བྱའོ་ཞེས་གསུངས་པས་སོ། །གསུམ་པ་མཇུག་གི་ཆོ་ག་ནི་བསྔོ་བ་སྟེ། སོ་སོ་ཐར་པ་བཏོན་པ་ཡི། །བསོད་ནམས་འགྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །ཅེས་གསུངས་པའོ། །ལྔ་པ་དམིགས་བསལ་གྱི་དོན་ལ་བཞི་ལས། དང་པོ་གནས་ཀྱི་དམིགས་བསལ་ནི་གནས་མཚམས་པོ་ཆེར་མ་གྲུབ་ན་དཀྱིལ་འཁོར་བ་དང་མཚམས་གཏན་ནས་མ་བཅད་པ་ཡང་བྱའོ། །གཉིས་པ་རྟེན་གྱི་དམིགས་བསལ་ནི་འདུག་སྟེ་གསོ་སྦྱོང་བྱ་བ་ཡིན་ཡང་མགྲོན་པོ་མི་སྡོད་ན་འགྲོ་བཞིན་དུ་བྱའོ་ཞེས་གསུངས་སོ། །གསུམ་པ་དུས་ཀྱི་དམིགས་བསལ་ནི་ཚེས་བཅོ་ལྔའི་མཚན་མོ་མཐའི་གོང་དུ་མ་གྲུབ་ན། ལས་ལ་ནི་འདས་ན་ཉི་མ་ཤར་བའི་འོ་ཞེས་གསུངས་པ་དང་། བཀྲ་ཤིས་ཀྱི་གསོ་སྦྱོང་ལྟ་བུ་ཚེས་གྲངས་གང་ཡང་རུང་བ་ལའོ། །བཞི་པ་ཆོ་གའི་དམིགས་བསལ་ནི།་་་་་གསོ་སྦྱོང་བྱེད་པ་ལ་སོ་སོ་ཐར་བའི་མདོ་གདོན་དགོས་ཀྱང་། སྒྲ་མི་འདོད་ན་་་་་་སྡིག་པ་ཅི་ཡང་མི་བྱ་སྟེ་ཞེས་སོགས་ཀྱི་ཚིགས་བཅད་བཏོན་ལ་མདོར་བསྡུས་པས་སོ། །ཞེས་གསུངས་པ་དང་། སྔོན་གྱི་ཆོ་གའི་སྐབས་སུ་ཚིགས་བཅད་གདོན་པས་གསོ་སྦྱོང་འགྲུབ་བོ། །དགེ་ཚུལ་གྱི་གསོ་སྦྱོང་སྔགས་རྣམ་པར་བཞག་པས་བྱ་ཞིང་། དགག་དབྱེ་བྱས་པས་ཀྱང་གསོ་སྦྱོང་གི་དགོས་པ་འགྲུབ་བོ། །ཡོངས་དག་ཕུལ་བ་དང་། གསོ་སྦྱོང་བྱིན་གྱིས་བརླབས་པས་ཀྱང་གསོ་སྦྱོང་མ་བྱས་པའི་ཉེས་པ་ཁེགས་པའོ། །ཡན་ལག་གི་དོན་ནི། གསོ་སྦྱོང་བྱའོ་ཞེས་པ་ནས་སོ། །ཚེས་བཅོ་ལྔ་ལའོ་ཞེས་པའི་ཊཱི་ཀ་ལས། ཚེས་བཅོ་ལྔ་ཞེས་སྨོས་པས་བཅུ་བཞིའི་གསོ་སྦྱོང་ཡང་བསྡུས་ཏེ་གསོ་སྦྱོང་བཅུ་བཞི་པ་དེ་ཉིད་ཚེས་བཅོ་ལྔ་ཡིན་པའི་ཕྱིར་ཞེས་པ་ནི་མར་ངོའི་ཟླ་བ་ཕྱེད་པ་དེ་ལ་བར་སྐབས་སུ་ཞག་གཅིག་ཆད་པ་སྟེ་རེས་འགའ་ཚེས་བཅུ་དྲུག་ནས་བཅོ་བརྒྱད་དུ་འཕོས་ཏེ་ཚེས་བཅུ་བདུན་ཆད་པ་འོང་། དེས་མཚོན་ནས་རེས་འགའ་ཚེས་ཉི་ཤུ་བཞི་ནས་ཉི་ཤུ་དྲུག་ཏུ་འཕོས་ཏེ་ཚེས་ཉི་ཤུ་ལྔ་ཆད་པ་འོང་ཡང་མར་ངོའི་ཚེས་བཅོ་ལྔ་ཁོ་ན་ཆད་པ་མ་ཡིན་པས་ཚེས་བཅོ་ལྔ་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །ཚེས་བཅོ་ལྔ་ཡིན་ཡང་གསོ་སྦྱོང་བཅུ་བཞི་པ་ཞེས་བརྗོད་པ་ནི་ཟླ་ཕྱེད་དེ་ལ་བར་སྐབས་སུ་ཞག་གཅིག་ཆད་པས་འཇིག་རྟེན་པས་མཐར་ཆགས་སུ་བརྩིས་པའི་ཞག་བཅུ་བཞི་པ་ཡིན་པའི་ཕྱིར་རོ། །བཞི་པ་ལ་རེག་ན་ཞེས་པ་ནི་ཕམ་པ་དང་ལྷག་མ་དང་མ་ངེས་པ་དང་ལྟུང་བྱེད་དང་སོ་སོར་བཤགས་བྱ་ཉེས་བྱས་གདོན་པ་སྟེ་དྲུག་གི་བཞི་པ། སྤང་ལྟུང་ལ་རེག་ན་དེ་ནི་ཕལ་ཆེར་བྱས་ཟིན་ནས་འཕྲོ་འཇོག་པ་མི་རིགས་པའི་ཕྱིར་རོ། །མ་གྲུབ་ན་བྱིན་གྱིས་བརླབ་པའི་ཕྱིར་གསོལ་བ་བྱ་ཞེས་ལྟུང་བ་བྱིན་རློབ་པའི་དོན་ནི། སྤྱིར་ལྟུང་བ་ལ་འཛོམ་པ་དང་། ད་ལྟར་ཕྱིར་འཆོས་པའི་རྐྱེན་མ་འཛོམ་པ་དང་། རྐྱེན་འཛོམ་པ་ན་ཕྱིར་འཆོས་པ་གོ་བར་བྱེད་པའམ། དེ་ལྟར་དམ་འཆའ་བའོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་ལྟུང་བ་བྱིན་གྱིས་བརླབས་པའི་དགོས་པ་ནི། ལས་ཀྱི་ཁ་སྐོང་བར་འོས་པ་དང་། གནས་སྐབས་དེར་མ་དག་ཀྱང་རྫུན་ལ་བརྟེན་པའི་ཉེས་པ་མི་འབྱུང་བའོ། །གཉིས་པ་བསྡུས་པའི་དོན་ལ་གཉིས་ཏེ། ལས་ཀྱི་གནས་སུ་མ་འདུས་པས་བྱིན་གྱིས་བརླབ་པ་དང་། འདུས་པས་བྱིན་གྱིས་བརླབ་པའོ། །དང་པོ་ལ་བཞི་ལས། དང་པོ་ཡུལ་གང་གི་མདུན་དུ་བྱིན་གྱིས་བརླབ་པ་ནི། དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །གཉིས་པ་རྟེན་གང་གིས་བྱིན་གྱིས་བརླབ་པ་ནི། རྟེན་ཆོས་ལྔ་ལྡན་ཏེ། ཕམ་པས་མ་གོས་པའི་བསྙེན་རྫོགས་ཀྱི་སྡོམ་པ་དང་ལྡན་པ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པ་དང་། གནས་ནས་མ་ཕྱུང་བ་དང་། དངོས་སུ་ཕྱིར་འཆོས་པའི་རྐྱེན་དང་མི་ལྡན་པའོ། །ཐ་མ་ནི་ཕྱིར་འཆོས་པའི་ཡུལ་མེད་པ་དང་། ཡུལ་གྱི་གྲངས་མ་ཚང་བ་དང་། ཡུལ་དང་ལྟུང་བ་མཐུན་པ་དང་།་་་་་ཀརྨ་ཤ་ཏཾ་ལས་དགེ་འདུན་ཐམས་ཅད་ལྟུང་བའི་ཕྱིར་རྩོད་པར་གྱུར་ན་ལྟུང་བ་དེ་ནི་གང་དེ་ལས་ཇི་ལྟར་ནི་ལྡང་བར་འགྱུར་ཞེས་བྱ་བ་ལ་སོགས་པ། རྩོད་པ་དང་བཅས་པ་དང་།་་་་་ཀརྨ་ཤ་ཏཾ་ལས་ལྟུང་བ་དེ་ནི་གང་ཡིན། དེ་ལས་ཇི་ལྟར་ལྟུང་བར་འགྱུར་ཞེས་སོགས་ཀྱིས། ངེས་པ་ཉིད་མ་ཡིན་པ་དང་། ཡིད་་་་་་ཀརྨ་ཤ་ཏཾ་ལས་དགེ་འདུན་ཐམས་ཅད་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་ན་གཉིས་སུ་གྱུར་པ་དང་། ཆད་པའི་ལས་སྔོན་དུ་མ་སོང་བ་དང་བདུན་ལས་གང་ཡང་རུང་བའོ། །གཞན་དུ་ན་རྐྱེན་མེད་པས་ལྟུང་བ་བྱིན་གྱིས་བརླབ་པ་མི་འཆགས་སོ། །གསུམ་པ་ལྟུང་བ་གང་བྱིན་གྱིས་བརླབ་པ་ནི། ལྟུང་བ་ཆོས་བཞི་ལྡན་ཏེ། བྱིན་གྱིས་བརླབས་པས་འདག་ཏུ་རུང་བ་ཡིན་་་་་་དེ་ནི་ཕམ་པ་དང་བསྡམ་བྱ་ལས་གཞན་པའི་ལྟུང་བ་སྟེ། ཕམ་པ་ལ་བྱིན་རླབས་མི་འཆགས་ཤིང་བསྡམ་བྱ་ལའང་བྱིན་རླབས་མི་འཆགས་ཏེ་དངོས་སུ་ཕྱིར་བཅོས་པར་ནུས་པ་ཉིད་ཡིན་ན་མི་འགྱུར་ཞེས་གསུངས་པས་ཤེས་སོ། །བདག་གི་རྒྱུད་དང་འབྲེལ་བར་ཡོད། ངོ་ཤེས་སམ་ཡིད་གཉིས་ཟ་བ་དང་། གཞི་དེ་ལས་བྱུང་བ་མ་ཡིན་པ་དེ། དང་པོ་གསུམ་ལས་གཞན་དུ་ན་བྱིན་རླབས་མི་འཆགས་པའི་ཕྱིར་དང་། ཐ་མ་ལས་གཞན་དུ་ན་བྱིན་རླབས་མི་དགོས་པའི་ཕྱིར་རོ། །བཞི་པ་ཆོ་ག་གང་གིས་བྱིན་གྱིས་བརླབ་པ་ནི་གང་ཟག་གིས་ལྟུང་བ་བྱིན་གྱིས་བརླབ་པ་ནི་སྔགས་རྣམ་པར་བཞག་པ་ལན་གསུམ་བརྗོད་པ་ལས་སོ། །གཉིས་པ་ལས་ཀྱི་གནས་སུ་འདུས་པས་བྱིན་གྱིས་བརླབ་པ་ལ་གཉིས་ལས། དང་པོ་དགེ་འདུན་ཐམས་ཅད་ཀྱིས་ལྟུང་བ་ཐུན་མོང་དུ་བྱིན་བརླབ་པ་ནི་གསོལ་བ་འབའ་ཞིག་པའི་ལས་ཀྱིས་སོ། །གཉིས་པ་གང་ཟག་གཞན་གྱིས་ལས་ཀྱི་གནས་སུ་འདུས་པ་ན་ལྟུང་བ་བྱིན་གྱིས་བརླབ་པ་ནི། དེའི་ཚེ་ན་གང་ཟག་གིས་ཕྱིར་འཆོས་པའི་རྐྱེན་འཛོམ་པ་ཡང་བྱིན་གྱིས་བརླབ་སྟེ་དགེ་འདུན་འགོར་བ་སྤང་བའི་ཕྱིར་རོ། །དེ་ཡང་ལས་ཀྱི་ཁ་སྐོང་བྱེད་པས་ནི་དྲུང་ན་མོ་ལ་སྔགས་ལན་ཅིག་གིས་སོ། །ལས་བྱེད་པས་ནི་སྔགས་ཞེས་པ་སྤངས་ཏེ། སྔགས་ལན་ཅིག་ཡིད་ཀྱིས་ཀླག་པའམ་ངག་ཏུ་བརྗོད་ན་ཡང་གཞན་གྱིས་མི་ཐོས་པར་བརྗོད་པའོ། །ཡན་ལག་གི་དོན་ནི་མ་གྲུབ་ན་ཞེས་སོ། །བཞིར་མ་ཚང་ན་ཞེས་པ་ལ་སོགས་པས་གསོ་སྦྱོང་བྱིན་གྱིས་བརླབ་པ་བསྟན་ཏོ། །འདིའི་སྤྱི་དོན་ལ་གཉིས་ལས་དང་པོ་གསོ་སྦྱོང་བྱིན་གྱིས་བརླབ་པའི་དགོས་པ་ནི་གསོ་སྦྱོང་མ་བྱས་པའི་ཉེས་པ་ཁེགས་པ་དང་། བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་གི་མདུན་དུ་བྱིན་གྱིས་བརླབ་པ་ནི། དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །གཉིས་པ་རྟེན་གང་གིས་བྱིན་གྱིས་བརླབ་པ་ནི། རྟེན་ཆོས་ལྔ་ལྡན་སྔར་བཤད་པ་དང་གཞན་འདྲ་བ་ལ། དང་པོ་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་ལྡན་པ་དང་། ཐ་མ་ནི་མཐུན་པའི་གསོ་སྦྱོང་དངོས་ཉིད་བྱེད་པའི་རྐྱེན་དང་མི་ལྡན་པ་སྟེ། གཞན་དུ་ན་གསོ་སྦྱོང་བྱིན་གྱིས་བརླབ་པ་མི་འཆགས་སོ། །གསུམ་པ་དུས་གང་གི་ཚེ་བྱིན་གྱིས་བརླབ་པ་ནི་ཉི་ཤུའི་དུས་སུ་སྟེ་གཞན་དུ་ན་དུས་མ་ཡིན་པས་མི་འཆགས་སོ། །བཞི་པ་ཆོ་ག་གང་གིས་བྱིན་གྱིས་བརླབ་པ་ནི་སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་གཙུག་ལག་ཁང་གི་བྱ་བ་རྗེས་སུ་སྒྲུབ་པ་ལ་སོགས་པ་དང་། དངོས་གཞི་སྔགས་རྣམ་པར་བཞག་པ་ལན་གསུམ་བརྗོད་པ་སྟེ། བསླབ་པ་རྒན་པས་གཞོན་པ་ལ་བརྗོད་ན་ཡང་སྔགས་རྗེས་སྤང་སྟེའོ། །རང་གཅིག་པུས་བྱིན་གྱིས་རློབ་ན་སྔགས་ཞེས་སྤངས་ཏེ།་་་་་འགྲེལ་ཆུང་ལས་དགྲ་བཅོམ་པར་བསམས་ཏེ་བརྗོད་ཅེས་བཤད་དོ། །རྣམ་པར་དག་པའི་ལྷའམ་བསྟན་པ་ལ་མངོན་པར་དད་པའི་ལྷ་རྣམས་ལ་བསམས་ནས་ལྷ་རྣམས་དགོངས་སུ་གསོལ་ཞེས་བརྗོད་པའོ། །མཇུག་ནི་བརྗོད་ཡུལ་ཡོད་ན་ཐབས་ཡིན་ནོ་ལེགས་སོ་ཞེས་བརྗོད་པའོ། །ཡན་ལག་གི་དོན་ནི། བཞིར་མ་ཚང་ན་དུས་ཀྱི་བར་དུ་བསྡད་དེ་ཞེས་པ་་་་་་འདི་ལ་ལུང་དང་འགྲེལ་པ་དག་ལས་བཤད་ལུགས་གསུམ་ཡོད་དེ། ཊཱི་ཀ་ས་ཁུངས་སུ་དྲངས་པའི་ལུང་མ་མོ་ལས་དྲོ་ལ་བབ་ཀྱི་བར་དུ་བསྡད་དེ་བྱིན་གྱིས་བརླབ་ཅེས་གསུངས་ཀྱང་དྲོ་ལ་བབ་པ་ནི་མཚོན་པ་ཙམ་མོ། །ཊཱི་ཀ་ལས་སྐྱ་རེངས་མ་ཤར་ཚུན་ཆད་དུ་བསྡད་དེ་ཞེས་བཤད་པ་དེ་ཡང་མཚོན་པ་ཙམ་སྟེ། ཚེས་བཅོ་ལྔ་དེ་ལ་གནས་དེར་ཕྱིས་དགེ་སློང་གཞན་མི་འོང་བར་ངེས་པ་ཐོབ་པ་ན་གསོ་སྦྱོང་བྱིན་གྱིས་རློབ་པའོ། །འགྲེལ་ཆུང་ལས་སྐྱ་རེངས་ཤར་གྱི་བར་ལ་བསྡད་ཅེས་བཤད་པ་ནི་སྐྱ་རེངས་ཀྱི་སྔ་རོལ་ཏུ་བསྡད་པ་སྟེ། སྐྱ་རེངས་ཤར་ཟིན་ནས་བྱིན་གྱིས་བརླབས་ཀྱང་མི་ཕན་ནོ། །་་་་་དེའི་དམིགས་བསལ་ནི་མ་རྣམ་གྱི་ཊཱི་ཀ་ལས་རྐྱེན་བྱུང་ན་ནི་ཉི་མ་འཆར་ཀའི་ཚེ་ན་གསོ་སྦྱོང་མ་བྱས་པའི་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་གསུངས་ཏེ། དེས་ན་རྐྱེན་བྱུང་ན་སྐྱ་རེངས་དང་པོ་དང་བར་པ་ཤར་ཡང་ཉི་མ་འཆར་ཀའི་སྔ་རོལ་ཏུ་བྱིན་གྱིས་བརླབས་པས་ཉེས་པ་ཁེགས་པ་སྲིད་པ་ཁོ་ནའོ། །བཞིའི་དགག་དབྱེ་ཡང་ཞེས་པ་ནི་ཊཱི་ཀ་ལས་དགེ་སློང་བཞིས་དགག་དབྱེ་བྱིན་གྱིས་བརླབ་པར་བྱ་ཞེས་སོ། །དགག་དབྱེ་བྱིན་གྱིས་བརླབ་པ་ནི་འགྲེལ་པ་ལས་སང་ཕོད་ཚུན་ཆད་ནས་ཚེས་གྲངས་ཚང་བར་བྱའོ། །འོ་ན་ལུང་བཞི་ལས་གང་ན་དགེ་སློང་བཞི་གནས་བར་ནི་དེ་དག་གིས་གསོལ་བ་བྱས་པ་དགག་དབྱེ་བྱས་སོ། །དགག་དབྱེ་བྱེད་པའི་དགེ་སློང་ནི་བསྐོ་བར་མི་བྱའོ་ཞེས་གསུངས་པ་དང་། བསྡུས་པ་ལས་ཀྱང་དེ་ལྟར་བཤད་པ་དང་འགལ་སྙམ་ན། ཊཱི་ཀ་ལས་དགེ་སློང་བཞིས་དགག་དབྱེ་བྱིན་གྱིས་བརླབས་པར་གསུངས་པ་དེ་ངེས་དོན་དུ་བཟུང་སྟེ། ལུང་ལས་གསུངས་པ་ལྟར་དགེ་སློང་བཞིས་དགག་དབྱེའི་དངོས་གཞི་འཆགས་ཀྱང་ཉེས་བྱས་སུ་འགྱུར་བའི་ཕྱིར་ཏེ། དེ་ཡང་བསྐོ་བའི་ཆོ་ག་མི་ཚང་བའི་ཕྱིར་དང་། ལས་གཞིའི་་་་་་འགྲོ་བའི་ཕྱིར་གནས་པ་ཞེས་པས་ཊཱི་ཀ་ལས་དགེ་སློང་གསུམ་ལ་དགེ་སློང་གཅིག་གིས་དགག་དབྱེ་བྱར་མི་རུང་བའི་ཕྱིར་རོ་ཞེས་གསུངས་སོ། །རྒྱང་གྲགས་གསུམ་མམ་དཔག་ཚད་ཕྱེད་དམ་ཞེས་པ་ནི་ལུང་གཞི་ལས་སྔ་ཕྱི་བསྒྱུར་ནས་གསུངས་པ་དེ་ཤིན་ཏུ་ལེགས་སོ། །འགྲོ་བའི་ཕྱིར་གནས་པ་ཞེས་པ་ལ་བཤད་ལུགས་གཉིས་ཏེ། ལུང་གཞི་ལས་ལྷན་ཅིག་གནས་པ་དང་སྟེ་གནས་ལྗོངས་རྒྱུར་འགྲོ་བའི་ཕྱིར་ཞེས་གསུངས་ལ། འགྲོ་བའི་ཕྱིར་གནས་པ་ཞེས་པའི་ཊཱི་ཀ་ལས་མཁན་པོ་ལ་སོགས་པའི་གནས་གང་ཡིན་པས་བདག་ཉིད་གཞན་དུ་འགྲོ་བའི་ཕྱིར་ཞེས་བཤད་དོ། །བཤད་ལུགས་གཉིས་ཀ་རུང་སྟེ། རྐྱེན་དེ་ལྟ་བུ་ཉིད་ཡོད་ན་ཞེས་མདོ་འོག་མ་དང་ལུང་གི་བཤད་ལུགས་དེ་མཐུན་ནོ། །འདུ་བ་མཐུན་པ་ཞེས་པ་ནི་གཉུག་མར་གནས་པ་དང་འདུ་བ་མཐུན་པ་དང་། གློ་བུར་འོངས་པ་དང་འདུ་བ་མཐུན་པ་དང་། འདྲེན་མར་གནས་པ་དང་འདུ་བ་མཐུན་པ་དང་གསུམ་མོ། །དང་པོ་ནི་དགེ་སློང་གཉུག་མར་གནས་པ་ཁ་ཅིག་གིས་གསོ་སྦྱོང་བྱས་ཟིན་པ་ན་དགེ་སློང་གཉུག་མར་གནས་པ་གཞན་དག་ཕྱིས་འོངས་ན་སྔ་མ་དང་ཕྱིས་འོངས་གཉིས་ཀ་གཉུག་མར་གནས་པའི་ཁོངས་སུ་འདུ་བས་ན་འདུ་བ་མཐུན་པ་ཞེས་བྱ་སྟེ། སྔ་ཕྱི་གཉིས་ཀ་ཡང་གཉུག་མར་གནས་པ་ཡིན་པར་རང་བཞིན་འདྲ་བའོ། །གཉིས་པ་ནི་གློ་བུར་དུ་འོངས་པ་ཁ་ཅིག་གིས་གསོ་སྦྱོང་བྱས་ཟིན་པ་ན་གློ་བུར་དུ་འོངས་པ་གཞན་དག་ཕྱིས་འོངས་ན། སྔ་མ་དང་ཕྱིས་འོངས་གཉིས་ཀ་གློ་བུར་དུ་འོངས་པའི་ཁོངས་སུ་འདུ་བས་ན། འདུ་བ་མཐུན་པ་ཞེས་བྱའོ། །གསུམ་པ་ནི་གཉུག་མར་གནས་པ་དང་གློ་བུར་དུ་འོངས་པ་འདྲེན་མར་གནས་པས་གསོ་སྦྱོང་བྱས་ཟིན་པ་ན་གཞི་བའི་དགེ་སློང་དང་མགྲོན་པོའི་དགེ་སློང་འདྲེན་མར་གནས་པ་གཞན་དག་ཕྱིས་འོངས་པ་ན། སྔ་མ་དང་ཕྱིས་འོངས་གཉིས་ཀ་འདྲེན་མར་གནས་པའི་ཁོངས་སུ་འདུ་བས་ན། འདུ་བ་མཐུན་པ་ཞེས་བྱའོ། །དེ་ལྟར་འདུ་བ་མཐུན་གསུམ་པོ་དག་ལ་ཡང་ཅི་དགར་འཇུག་པར་བྱའོ་ཞེས་དངོས་སུ་སྨོས་པས། སྔར་གསོ་སྦྱོང་བྱས་ཟིན་པའི་དགེ་སློང་དེ་རྣམས་ནི་གཉུག་མར་གནས་པ་ཡིན་པ་ཕྱིས་འོངས་པ་རྣམས་ནི་གློ་བུར་དུ་འོངས་པ་སྟེ། འདུ་བ་མི་མཐུན་པ་དག་ལ་ཅི་དགར་འཇུག་པ་ལྟ་ཅི་སྨོས་ཞེས་ཤུགས་ཀྱིས་བསྟན་ཏོ། །དུས་ཀྱི་ཕྱིར་ནི་ཞེས་པ་མཉམ་པ་ཉིད་ཡིན་ན་ཞེས་པ་་་་་་འདི་ལ་ཡང་ངོ་ཞེས་པ་ནི་འདི་གཉིས་ལས་ཡང་འོངས་པ་ཡིན་ནོ་ཞེས་སྔ་མར་སྦྱར་ཏེ། འདི་གཉིས་ལ་ཡང་ངེས་པ་ཡིན་ནོ་ཞེས་བསྟན་ཏེ། དགེ་་་་་་ཉིན་ཞག་སྔ་མ་ལ་གསོ་སྦྱོང་བྱས་པའི། སློང་ཁ་ཅིག་ཚེས་བཅུ་དྲུག་ཡིན་པར་འདོད་པ་ལས་ཚེས་བཅོ་ལྔར་བྱེད་པ་ཆེས་མང་ན་མང་པོ་རྣམས་ཀྱི་རྗེས་སུ་འཇུག་ལ། མཉམ་པ་ཉིད་ཡིན་ན་གཉུག་མར་གནས་པ་རྣམས་ཚེས་བཅོ་ལྔར་བྱེད་པའི་དབང་གིས་ཉིན་ཞག་སྔ་མ་ལ་གསོ་སྦྱོང་བྱས་ཟིན་པ་དེ་རྣམས་ཀྱིས་སླར་ཡང་གསོ་སྦྱོང་བྱ་དགོས་པར་ངེས་པ་ཡིན་ནོ་ཞེས་བསྟན་ཏོ། །ཚེས་བརྒྱད་་་་་་བྲམ་ཟེའི་རིག་བྱེད་སྨྲ་བའི་མཁན་པོ་ཉམས་འགྱུར་ཏེ། །བཅུ་བཞི་སློབ་མ་ཉམས་པར་འགྱུར། །བཅོ་ལྔ་ལྡོབས་རྐྱེན་ཉམས་འགྱུར་བས། །དེ་ཕྱིར་དུས་ཚིགས་་་་་་དེ་རྣམས་བྲམ་ཟེའི་རིག་བྱེད་འདོན་པ་སྤང་བར་བྱ། །ཞེས་བྲམ་ཟེ་དག་གིས་སྨྲས་པ་ཡིན་ནོ་ཞེས་ལུང་གཞིའི་འགྲེལ་པ་ལས་གསུངས་ཏེ། བྲམ་ཟེའི་ལུགས་དེ་ལས་ལྡོག་སྟེ་གསུངས་པ་ནི། ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔའི་ནུབ་མོ་ཆོས་མཉན་ཞེས་སོ། །དེར་་་་་་བླ་གབ་མེད་པར་ཆོས་ཉན་པ་ན་རླུང་དང་ཆར་འབབ་པ་ན་ཆོས་སྨྲ་བ་དང་ཉན་པ་དག་གི་འཕྲོ་དོར་བར་མི་བྱའོ། །ཞེས་པ་ནི་་་་་་ཊཱི་ཀ་ན་ཞལ་མི་གསལ་ཡང་འགྲེལ་ཆུང་ལས་བླ་རེ་བསྡུས་ཀྱང་ཆོས་འཆད་པ་དོར་དུ་མི་རུང་སྟེ། ཁང་པར་འཕོས་ལ་ཆོས་ཀྱི་འཕྲོ་ཤོད་ཅིག་ཅེས་བཤད་དོ། །གལ་ཏེ་མ་ཡིན་ན་ལྡོག་པར་བྱའོ་ཞེས་པ་ནི་ལུང་མ་མོ་ལས་ཅི་ཐུབ་ཐུབ་ཀྱིས་སྨད་པར་བྱ་ཞེས་གསུངས་སོ། །ཟླ་བཤོལ་དོར་བ་ནི་རྩིས་ལ་ཤིན་ཏུ་མཁས་པའི་གཞུང་ལུགས་ཀྱིས་ཟླ་བ་སུམ་ཅུ་རྩ་ཕྱེད་དང་གསུམ་ན་ཟླ་བ་ལྷག་རེ་འབྱུང་བར་བརྩི་བ་ནི་ཕྲ་བ་ནས་བརྩི་བའི་གཞུང་ལུགས་ཡིན་ནོ། །འདུལ་བའི་སྐབས་འདིར་ནི་རགས་རིམ་ནས་བརྩི་བའི་ལུགས་སུ་བྱས་ཏེ། རྒྱལ་པོའི་རྗེས་སུ་འབྲང་ཞེས་སོ། །ལུང་གླེང་གཞི་ལས་རྒྱལ་པོ་དག་ནི་ལོ་གསུམ་གསུམ་ཞིང་བཤོལ་འདོར་བར་བྱེད་དོ་ཞེས་གསུངས་སོ། །དེ་ཡང་བརྩི་ལུགས་ལ་རྒྱ་གར་གྱི་རྒྱལ་པོ་ནི་མོ་ཟླ་དྲུག་ལ་ཞག་ཉི་ཤུ་རྩ་དགུ་ལས་མེད་པས་ཞག་ལྷག་པོ་དྲུག་དང་དབྱར་ཉི་མ་ལྡོག་མཚམས་སུ་ཞག་གཉིས་དང་དགུན་ཉི་མ་ལྡོག་མཚམས་སུ་ཞག་གཉིས་ཏེ་ལོ་གཅིག་ལ་ཞག་ལྷག་པོ་བཅུ་འབྱུང་བས། ལོ་གསུམ་ལ་ཟླ་བ་གཅིག་ལྷག་སྟེ་བཤོལ་ཟླ་བ་གཅིག་དོར་བར་བྱའོ་ཞེས་སོ། །ལིའི་རྒྱལ་པོ་ནི་དུས་མཐའི་སྐད་ཅིག་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གོ །དེ་སུམ་ཅུ་ལ་ཐང་ཅིག་གོ །དེ་སུམ་ཅུ་ལ་ཡུད་ཙམ་གཅིག་གོ །དེ་སུམ་ཅུ་ལ་ཉིན་ཞག་གཅིག་ཏུ་བརྩི་བ་ཡིན་ཡང་། འོན་ཀྱང་ཉིན་ཞག་གཅིག་ལ་ཡུད་ཙམ་ཉི་ཤུ་རྩ་དགུ་དང་ཐང་ཅིག་ལྔ་ལས་མི་འདའ་བས། ཞག་རེ་ལ་ཐང་ཅིག་ཉི་ཤུ་རྩ་ལྔའི་བཤོལ་འབྱུང་ངོ་། །དེ་བསགས་པས་ཟླ་བ་རེ་ལ་ཡུད་ཙམ་ཉི་ཤུ་རྩ་ལྔའི་བཤོལ་ཡོད་པས། ཟླ་བ་གསུམ་ལ་ཡུད་ཙམ་བདུན་ཅུ་རྩ་ལྔ་ལྔ་ལྷག་སྟེ། དེས་ན་ཟླ་བ་གསུམ་གསུམ་ལ་ཞག་ཕྱེད་དང་གསུམ་གསུམ་གྱི་བཤོལ་འབྱུང་བས། ཟླ་བ་དྲུག་དྲུག་ལ་ཞག་ལྔ་ལྔའི་བཤོལ་འབྱུང་སྟེ། དེས་ན་ལོ་གཅིག་ལ་ཞག་བཅུའི་བཤོལ་འབྱུང་བས། ལོ་གསུམ་གསུམ་ལ་ཟླ་བ་ལྷག་མ་རེ་རེ་འབྱུང་ཞེས་སོ། །ལྟས་སྣ་ཚོགས་བསྟན་པ་ལས་བྱའི་ལོ་ལ་དགུན་ཟླ་འབྲིང་པོ་གཉིས། བྱི་བའི་ལོ་ལ་དཔྱིད་ཟླ་འབྲིང་པོ་གཉིས། ཡོས་བུའི་ལོ་ལ་དབྱར་ཟླ་འབྲིང་པོ་གཉིས། རྟའི་ལོ་ལ་སྟོན་ཟླ་འབྲིང་པོ་གཉིས་འབྱུང་ཞེས་བཤད་དོ། །དེ་ཡང་འབྲིང་པོ་སྔ་མ་བཤོལ་ཟླར་བྱ་ཞིང་། བཤོལ་ཟླ་ཐམས་ཅད་ཞག་སུམ་ཅུ་ཐུབ་པར་ངེས་ཏེ། ལོ་གསུམ་གྱི་བཤོལ་ཞག་བཅུ་ཚན་གསུམ་ལ་ཞག་སུམ་ཅུ་ཉིད་དུ་ངེས་པའི་ཕྱིར་རོ། །འདིར་ཁ་ཅིག་ན་རེ་བཤོལ་གྱི་ཟླ་བ་ཐུབ་མི་ཐུབ་ནི་དངོས་ཟླའི་རྗེས་སུ་འབྲང་སྟེ། ཊཱི་ཀ་ལས་དབྱར་དགུན་འབྲིང་ཐུབ་སྟོན་དཔྱིད་འབྲིང་མི་ཐུབ་ཅེས་གསུངས་པས། ཁ་ཅིག་ན་རེ་སྟོན་དཔྱིད་འབྲིང་པོ་གཉིས་ཀྱི་དངོས་ཟླ་མི་ཐུབ་པ་བཞིན་དུ་བཤོལ་ཟླ་ཡང་མི་ཐུབ་པ་སྟེ་གསོ་སྦྱོང་བཅུ་བཞི་པའོ་ཞེས་ཟེར་རོ། །འོན་ཀྱང་ལོ་གསུམ་གྱི་བཤོལ་ཞག་བཅུ་ཚན་གསུམ་ལ་ཞག་ཉི་ཤུ་རྩ་དགུ་ལས་མེད་པར་སྨྲ་བ་ནི་ཤིན་ཏུ་མི་རིགས་སོ། །མཚམས་སུ་མཚམས་ཀྱིས་བསྐོར་དུ་མི་རུང་ངོ་དེ་ལ་དམིགས་བསལ་གསུམ་སྟེ། ཆོ་ག་མཚམས་གཞན་དཀྱིལ་འཁོར་བ་དང་། བདག་པོ་མཚམས་གཞན། དགེ་སློང་མའི་དབྱར་ཁང་དག་དང་དངོས་པོ་མཚམས་གཞན་ཁྲོན་པ་དག་ལ་ནི་རུང་ངོ་། །ལས་ཀྱི་ཆོ་གས་ས་གཞི་མཚམས་མ་བཅད་པ་སྟེ་མཚམས་པོ་ཆེ་དང་མཚམས་བུ་ཆུང་གང་ཡང་མ་བཅད་པ་ཉིད་དུ་ཆོ་གས་ས་གཞི་མཚམས་བཅད་པ་ལ་ལྟོས་པའི་ཆོས་གོས་དང་མི་འབྲལ་བ་གནང་བ་མ་འཆགས་ཏེ་ཆོ་གས་ས་གཞི་མཚམས་བཅད་པ་ལ་ལྟོས་པའི་མི་འབྲལ་བའི་གནང་བ་འཆགས་པའི་རྟེན་མེད་པའི་ཕྱིར་རོ། །་་་་་ས་གཞི་མཚམས་གཏན་ནས་མ་བཅད་ཀྱང་རྒན་པོ་དང་ནད་པ་ལ་མི་འབྲལ་བའི་གནང་བ་ནི་མི་འཆགས་པ་མ་ཡིན་ཏེ། འདི་ནི་ས་གཞི་མཚམས་བཅད་པ་ལ་མི་ལྟོས་པའི་ཕྱིར་རོ།
དད་པ་ཅན་དང་གཙོ་བོ་ཞེས་པ་དང་དྲུང་དུ་གསོ་སྦྱོང་ཞེས་པ་གཉིས་ནི་དགའ་ཞིང་དད་པར་འགྱུར་བའི་དབང་གི་ནི་གནང་བ་གཉིས་སོ། །དེའི་འོག་མ་གསུམ་ནི་ཕོངས་པའི་ཚེ་ན་གནང་བ་གསུམ་སྟེ། ཕོངས་པའི་ཚེ་ན་ཁྱིམ་པའི་དྲུང་དུ་བཤགས་པར་བྱའོ། །ཕོངས་པའི་ཚེ་དེ་ལ་ཆོ་ག་རྗེས་སུ་བསྒྲགས་པ་ལ་ཡང་ངོ་། །ཕོངས་པའི་ཚེ་རྒྱལ་པོ་ལ་གོ་བར་བྱ་བ་ལ་ཡང་ངོ་ཞེས་སྦྱར་ཏེ། འདི་གསུམ་ནི་ལུང་སིལ་བུ་ལས་དགེ་སློང་ཆོམ་རྐུན་པས་བཅོམ་པའི་གླེང་གཞི་ལས་སོ། །གཞན་ཕམ་པ་བར་ལྷག་མ་རྣམས་གདོན་པར་བརྩམས་ནས་མ་རྫོགས་པ་ལ་་་་་་གསོ་སྦྱོང་མི་འཆགས་པ་མེད་དོ་ཞེས་སོ། །འོ་ན་ཀརྨ་ཤ་ཏཾ་ལས་འགོ་བརྩམས་པའི་སྡེ་ཚན་རྫོགས་པར་བྱ་དགོས་པ་དེ་དག་མ་རྫོགས་ན་མི་འཆགས་སོ་ཞེས་གསུངས་པ་དང་འགལ་སྙམ་ན་ཉེས་པ་དང་བཅས་པ་འཆགས་ཀྱང་། དེ་ནི་གླེང་གཞི་གདོན་པ་དང་གསོལ་བ་ལ་ཉེས་མེད་མི་འཆགས་པ་ལ་དགོངས་སོ་ཞེས་རིགས་སོ། །རྣམ་བཤད་ཉི་མའི་འོད་ཟེར་ལས་གསོ་སྦྱོང་གི་གཞིའི་རྣམ་པར་བཤད་པའོ།།    །།ད་ནི་དབྱར་གྱི་གཞི་འཆད་དེ། དབྱར་གནས་པར་ཁས་བླང་ཞེས་པ་ནས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི་དབྱར་གནས་ཀྱི་དགོས་པ་དགུ་སྟེ། དངོས་ཀྱི་དགོས་པ་གཅིག་དང་། བརྒྱུད་པའི་དགོས་པ་བརྒྱད་དོ། །དང་པོ་ནི་དབྱར་གནས་མ་བྱས་པའི་ཉེས་པ་ཁེགས་པའོ། །གཉིས་པ་ནི་་་་་་དབྱར་ས་གཞི་ལ་སྲོག་ཆགས་མང་དུ་རྒྱུ་བའི་དུས་སུ་འགྲོ་འདུག་མང་དུ་བྱས་ན་སྲོག་ཆགས་ལ་གནོད་པས་སྲོག་ཆགས་ལ་གནོད་པ་སྤོང་བ་དང་། གཞན་་་་་་ལུང་ལས་མུ་སྟེགས་འཕྱ་བར་གསུངས་པ་བཞིན་དུ་དག་མ་དད་པ་སྤོང་བ་དང་། ལུས་་་་་་དབྱར་ཆར་སྒང་གི་དུས་སུ་རྒྱུ་འགྲུལ་མང་པོ་བྱས་ན་རང་གི་ལུས་སྲོག་ལ་གནོད་པ་ལས་སྲོག་ལ་གནོད་པ་སྤོང་བ་དང་། དོན་དང་བྱ་བ་ཉུང་བར་འགྱུར་བ་དང་། དེ་ལ་བརྟེན་ནས་ཤེས་རབ་གསུམ་འཕེལ་བར་འགྱུར་བ་དང་། གནས་རལ་བ་དང་གྲུམས་པ་འཆོས་པར་འགྱུར་བ་དང་། དགག་དབྱེ་འབྱུང་བ་དང་། སྲ་བརྐྱང་འབྱུང་བ་སྟེ་བརྒྱད་དོ། །གཉིས་པ་བསྡུས་པའི་དོན་ལ་བདུན་ལས་དང་པོ་གནས་གང་དུ་དབྱར་གནས་པར་ཁས་བླང་བ་ལ་དྲུག་ལས། ཕན་པ་དང་བདེ་བའི་རྐྱེན་ཉེ་བར་གནས་ཤིང་གནོད་པ་དང་མི་ཕན་པའི་རྐྱེན་ཉེ་བར་མི་གནས་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་མི་སྐྱེད་པ་ཉིད་དང་སེལ་བ་ཉིད་དག་དང་བདེ་བ་དང་ཡིད་བདེ་བསྐྱེད་པ་ཉིད་དང་ཞེས་གསུངས་པ་དང་། གཞན་དུ་ན་ཕན་པ་དང་བདེ་བའི་མཐུན་རྐྱེན་མ་ཚང་བས་དབྱར་གནས་པའི་དགོས་པ་མི་འགྲུབ་པའི་ཕྱིར་རོ། །སྟེང་གཡོགས་དང་བཅས་པ་ཡིན་པ་སྟེ། གཡོགས་པར་དགེ་སློང་གི་མདུན་དུའོ་ཞེས་གསུངས་པ་དང་། གཞན་དུ་ན་གནས་པར་མི་ནུས་པའི་ཕྱིར་རོ། །གནས་གཅིག་ཡིན་པ་སྟེ། གཙུག་ལག་ཁང་དུ་མར་མི་བྱའོ་ཞེས་གསུངས་པ་དང་། གཞན་དུ་ན་་་་་་གནས་ཐ་དད་དུ་མར་ཕར་འགྲོ་ཚུར་འགྲོ་བྱེད་ཅིང་དོན་བྱ་བ་ཉུང་བའི་དགོས་པ་མི་འགྲུབ་པའི་ཕྱིར་རོ། །དགེ་སློང་དང་བཅས་ཤིང་སྒོ་གླེགས་དང་བཅས་པ་ཡིན་པ་སྟེ་གང་ན་དགེ་སློང་མེད་པ་ཉིད་དང་སྒོ་གླེགས་མེད་པ་ཉིད་དང་བཅས་པར་ཡང་མི་བྱའོ། །ཞེས་གསུངས་པ་དང་གཞན་དུ་ན་ལོངས་སྤྱོད་ལ་སོགས་པའི་བར་ཆད་དུ་འགྱུར་བའི་ཕྱིར་རོ། །རང་གཞན་ལ་ཐུན་མོང་དུ་མཁོ་བའི་གནས་མ་ཡིན་པ་སྟེ། སྒོ་ཁང་དང་ཐེམ་སྐས་ཀྱི་ལྐོག་དང་ཁྱམས་དང་ཞེས་གསུངས་པ་དང་། གཞན་དུ་གཞན་ལ་གནོད་པའི་ཕྱིར་རོ། །ནམ་མཁའ་ལ་སོགས་མཚམས་གཞན་མ་ཡིན་པ་སྟེ། ནམ་མཁའ་ལ་གནས་པར་ཁས་བླངས་པ་མི་འཆགས་སོ་ཞེས་པ་དང་གྲུ་ལ་ནང་དུ་འབྱམས་པ་ཉིད་དུ་ཤེས་ན་མི་འཆགས་ཏེ། ཞེས་པ་དང་། གཞན་དུ་ན་ཐ་དད་པ་ཉིད་དུ་ཡིད་ལ་སྣང་བའི་ཕྱིར་རོ། །གཉིས་པ་ཡུལ་གང་གི་མདུན་དུ་དབྱར་གནས་པར་ཁས་བླང་བ་ནི་དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །གསུམ་པ་རྟེན་གང་གིས་དབྱར་གནས་པར་ཁས་བླང་བ་ནི་ཆོས་ལྔ་ལྡན་ལས། ཆོས་འདི་པའི་རབ་བྱུང་ཡིན་པ་སྟེ། སྡེ་པ་ལྔ་ཆར་གྱིས་ཀྱང་གནས་པར་ཁས་བླངས་ཞེས་པ་དང་། སྡོམ་པ་བླངས་ཀྱང་མ་སྐྱེས་པ་སྡེ་ལྔའི་སྡོམ་པ་གང་དང་ཡང་མི་ལྡན་ཡང་རབ་ཏུ་བྱུང་བ་བར་མའི་དགེ་བ་དང་ལྡན་པས་ཀྱང་། དབྱར་གནས་པར་ཁས་བླང་དགོས་ཏེ། སྡོམ་པ་མ་སྐྱེས་པ་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སུ་འགྱུར་བས་དེ་དགག་དགོས་པའི་ཕྱིར་རོ། །མཁན་པོས་རབ་ཏུ་ཕྱུང་ཟིན་ཡང་སློབ་དཔོན་གྱིས་དགེ་ཚུལ་གྱིས་སྡོམ་པ་མ་ཕོག་པར་ཡུན་རིང་དུ་གནས་པ་སྲིད་དེ་དེས་ཀྱང་དབྱར་གནས་པར་ཁས་བླང་བར་རིགས་སོ། །དབྱར་གནས་པའི་མཐུན་རྐྱེན་དང་ལྡན་པ་སྟེ། བསོད་སྙོམས་དང་སྨན་སྦྱིན་པར་བྱེད་པ་ལ་རྣམ་པར་བལྟས་ཏེ་ཞེས་གསུངས་པ་དང་། གཞན་དུ་ན་གནས་པར་མི་ནུས་པའི་ཕྱིར་རོ། །ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་བར་གནས་པ་དང་། གནས་ནས་མ་བྱུང་བ་སྟེ། གཞན་དུ་ན་དབྱར་གནས་པར་ཁས་ལེན་པའི་ཆོ་གའི་རྟེན་མ་ཡིན་པའི་ཕྱིར་རོ། །བཞི་པ་དུས་གང་གི་ཚེ་དབྱར་གནས་པར་ཁས་བླང་བ་ནི་དབྱར་སྔ་ཕྱིའི་བྱེ་བྲག་གིས་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གམ། དབྱར་ཐ་ཆུང་གི་ཚེས་བཅུ་དྲུག་ལ་སྟེ་ཚེས་བཅུ་དྲུག་་་་་་དབྱར་ཟླ་འབྲིང་པོ་ཉ་བའི་ཕྱི་ཉིན་ལའོ། །ཞེས་པ་ལ་སོགས་པ་གསུངས་སོ། །ལྔ་པ་ཡུན་ཇི་སྲིད་དུ་དབྱར་གནས་པར་ཁས་བླང་བ་ནི་ཟླ་བ་གསུམ་དུའོ་ཞེས་གསུངས་སོ། །དྲུག་པ་ཆོ་ག་གང་གིས་དབྱར་གནས་པར་ཁས་བླང་བ་ནི་སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བའི་ཆོ་ག་ལ་གསུམ་སྟེ། ཞག་བཅུའམ་ཟླ་བ་ཕྱེད་ལ་སོགས་པ་ནས་ཇི་ལྟར་སྒྲུབ་པ་དང་། ཉི་མ་སྔ་མ་ལ་ཇི་ལྟར་སྒྲུབ་པ་དང་། ཚེས་བཅུ་དྲུག་ལ་ཇི་ལྟར་སྒྲུབ་པའོ། །དང་པོ་ནི་གཙུག་ལག་ཁང་བྱི་དོར་བྱ་བ་སྟེ་གཞུང་ན་གསལ་ལོ། །གཉིས་པ་ལ་ལྔ་སྟེ། གནས་མལ་དང་། གང་ཟག་སྟ་གོན་བྱ་བ་དང་། དེས་ཚུལ་ཤིང་གི་བམ་པོ་རྒན་རིམ་དུ་བཞག་སྟེ་ཁྲིམས་སུ་བཅའ་བ་བརྗོད་པ་དང་། གཞན་གྱིས་གསོལ་བ་བྱ་ཞིང་ཚུལ་ཤིང་བྲིམ་པའི་སྐབས་ཀྱི་བྱ་བ་བསྒྲུབ་པ་དང་། དགེ་འདུན་ལ་གནས་དང་མལ་ཆ་བསྟབ་པ་དང་། གནས་བར་ཞལ་གྱིས་བཞེས་པར་གྱུར་པ་གོ་བར་བྱ་བའོ། །གསུམ་པ་ཚེས་བཅུ་དྲུག་ལ་ཇི་ལྟར་སྒྲུབ་པ་ནི་གསུམ་ལས། སྦྱོར་བ་ནི་ཡུལ་དེ་བསླབ་པ་རྒན་ན་ཕྱག་འཚལ་བ་དང་། འདུག་ཅིང་ཐལ་མོ་སྦྱར་བའི་སྤྱོད་ལམ་བསྟེན་པའོ། །དངོས་གཞི་ནི་སྔགས་ལན་གསུམ་བརྗོད་པ་སྟེ། མཇུག་ཐབས་ཡིན་ནོ་ལེགས་སོ་ཞེས་སོ། །བདུན་པ་དབྱར་གྱི་དམ་ཚིག་ཇི་ལྟར་བསྲུང་བ་ལ་དྲུག་སྟེ། དམ་བཅའ་དང་གནས་སུ་འབྲེལ་བར་བྱ་བ་དང་། དབྱར་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱ་བ་དང་། ཚུལ་ནང་དུ་་་་་་དབྱར་གྱི་ཁྲིམས་སུ་བྱ་བ་བརྗོད་པ་ལས་གསུངས་པ་ཐོས་བསམ་ལ་སོགས་པ་བརྩོན་པར་བྱ་བ་སྟེ་འདི་ནི་དོན་གྱི་བསྲུང་བའོ། །གནས་རལ་བ་དང་འདྲུམ་པ་བཅོས་པར་བྱ་བ་དང་།་་་་་ཚུལ་བྱིན་གྱིས་བརླབས་ན་ཡང་མཚམས་ཀྱི་ཕྱི་རོལ་ཏུ་ཞག་བཞི་བཅུ་ལས་ལྷག་པར་གནས་པར་མི་བྱ་བར་གནས་དེར་ཡུན་ནི་རིང་དུ་གནས་པར་བྱ་བ་དང་། དབྱར་གྱི་ཚུལ་འདྲལ་བ་སྤང་བའོ། །འདི་ལ་གཉིས་ཏེ། འདྲལ་བ་དངོས་སྤང་བ་དང་། འདྲལ་བའི་རྒྱུ་སྤང་བའོ། །དང་པོ་ནི་བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་ཆུ་སྐྱ་རེངས་འཆར་བར་མི་བྱའོ་ཞེས་གསུངས་སོ། །གཉིས་པ་ལ་གསུམ་ལས་ཚུལ་ནང་དུ་རྙེད་པ་བགོད་པ་སྤོང་བ་ནི། བརྟད་པ་ལས་བྱུང་བའི་སྤང་བའི་སྐབས་སུ་བསྟན་ནོ། །ཚུལ་ནང་དུ་གླེང་དྲན་བྱེད་པ་སྤང་བ་ནི། ལུང་གཞི་ལས་སུས་ཀྱང་དབྱར་གྱི་ནང་དུ་གླེང་དྲན་མི་བྱའོ་ཞེས་གསུངས་སོ། །ཚུལ་ནང་དུ་ནན་ཏུར་བྱེད་པ་སྤང་བ་ནི། གནས་པར་ཁས་བླངས་པ་ཉིད་ལ་གནས་པ་སྤང་བར་མི་བྱ་བ་ཉིད་དོ། །ཞེས་གསུངས་སོ། །ཡན་ལག་གི་དོན་ནི་མུ་སྟེགས་ཅན་འཕྱ་བའི་བྱུང་བ་ལ་བརྟེན་ནས་དབྱར་གནས་པར་ཁས་བླང་བར་བྱ་ཞེས་སོ། །དེ་སྟོབས་པ་བསྐོ་བར་བྱ་ཞེས་པས་གནས་མལ་སྟོབས་པ་པོ་བསྐོ་བ་བསྟན་ཏོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་གནས་མལ་སྟོབས་པ་པོ་བསྐོས་པའི་དགོས་པ་ནི། མ་བསྐོས་པར་སྟོབས་པའི་ཉེས་པ་ཁེགས་པ་དང་། ལས་ཀྱིས་བསྐོས་པས་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས་དང་པོ་ཡུལ་གང་བསྐོ་བ་ནི། ཚེས་བཅུ་བཞི་དང་ལྡན་པ་བསྐོ་སྟེ། སྤོང་བ་པའི་ཞལ་ཏ་བ་བསྐོ་བའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །གཉིས་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་བསྐོ་བ་ནི། སྦྱོར་དངོས་མཇུག་གསུམ་གྱིས་ཏེ། སྦྱོར་བ་སྤྲོ་བ་འདྲི་བ་དང་། དངོས་གཞི་གསོལ་གཉིས་ཀྱི་ལས་དང་། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །བཞི་པ་བསྐོས་པའི་བསླབ་བྱ་ནི་གཞུང་དུ་ཤེས་པར་འགྱུར་རོ། །ཡན་ལག་གི་དོན་ནི། དེ་སྟོབས་པ་བསྐོ་ཞེས་སོ། །དང་པོར་སྟོན་པའི་བླང་ཞེས་པ་ནི། ཊཱི་ཀ་ལས་གནས་ཀྱི་གཞི་སྟོབས་པར་བྱ་ཞེས་པ་ལ་སོགས་པས་གནས་དང་མལ་ཆ་ལ་སོགས་པ་བསྟབ་པ་བསྟན་ཏོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པ་ནི། དགེ་འདུན་བདེ་བ་ལ་རེག་པར་གནས་པའོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་ཡུལ་གང་ལ་བསྟབ་པ་ནི། ཆོས་འདི་པའི་རབ་བྱུང་ཡིན་པ་་་་་་སྟེ་སྐབས་ཀྱི་གྲུབ་ཅིང་ཁྱིམ་པ་དང་མུ་སྟེགས་པ་ལ་དགེ་སློང་ཀུན་གྱི་གནས་མལ་སྦྱིན་པར་མི་རིགས་པའི་ཕྱིར་དང་། རྩ་ལྟུང་འཆབ་བཅས་བྱུང་བ་མ་ཡིན་པ་་་་་་རྩ་ལྟུང་འཆབ་བཅས་ཀྱིས་གོས་པ་དེ་དགེ་འདུན་གྱི་རྙེད་པ་མི་དབང་བའི་ཕྱིར་རོ། །དང་། གནས་ནས་མ་ཕྱུང་བ་་་་་་སྟེ་གནས་ནས་ཕྱུང་ན་ཆོས་ཟང་ཟིང་མཐའ་དག་གིས་སྤང་པའི་ཕྱིར་རོ། །དང་། ལྟ་བ་དང་སྤྱོད་པའི་སྒོ་ནས་ཆོས་གཞན་པའི་ཕྱོགས་སུ་མ་གྱུར་པ་་་་་་སྟེ་བྱེ་བ་དག་ནི་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་ཡང་གནས་ནས་ཕྱུང་བ་དེ་དང་འདྲའོ་ཞེས་གསུངས་པ་དང་། འཐབ་ཀྲོལ་ཅན་མ་ཡིན་པ་་་་་་སྟེ་འཐབ་ཀྲོལ་ཅན་གྱིས་གནས་མི་ཐོབ་པར་བྱ་བའི་ཕྱིར་ཞེས་གསུངས་པ་དང་། ཕྱིས་འབྱུང་བའི་གང་ཟག་མ་ཡིན་པ་་་་་་སྟེ་ཕྱིས་འབྱུང་བའི་དོན་དུ་མི་བསྐོ་ཞེས་གསུངས་པ་དང་། དབྱར་གནས་པར་ཁས་ལེན་པ་་་་་་ཊཱིཀ་ལས་དབྱར་གནས་པར་ཁས་བླང་ན་གནས་མལ་ནོད་པར་བྱ་ཞེས་སྣང་སྟེ་ཁས་ལེན་ན་ཞེས་སམ་དགོངས་སོ། །དང་། མཚན་མཐུན་པ་སྟེ་་་་་་མཚན་མི་མཐུན་པ་རྣམས་གནས་གཅིག་ཏུ་དབྱར་ཚུལ་དུ་འཇུག་པ་མི་རིགས་པའི་ཕྱིར་རོ། །དམིགས་བསལ་ནི་དེ་ལའང་རབ་ཏུ་གཙུག་ལག་ཁང་སྦྱིན་ནོ། །གནས་མལ་ལྷག་པ་བཟང་པོ་མ་ཡིན་པ་ཡང་ངོ་ཞེས་དེ་ལྟར་ན་ཆོས་བརྒྱད་དང་ལྡན་པ་གནས་བསྟབ་པའི་ཡུལ་ལོ། །མལ་ཆ་བསྟབ་པའི་ཡུལ་ནི་བརྒྱད་པོ་དེ་དག་གི་སྟེང་དུ་མཛེ་ཅན་མ་ཡིན་་་་་་སྟེ་མཛེ་ཅན་གྱིས་དགེ་འདུན་གྱི་གནས་མལ་ལ་སྤྱད་པར་མི་བྱའོ་ཞེས་གསུངས་སོ། །པ་དང་། གནས་མལ་ཉམས་པར་བྱེད་པའི་ཆོས་ཅན་མ་ཡིན་པ་སྟེ་དགེ་འདུན་གྱི་གནས་མལ་མི་གཙང་བས་ཉམས་པར་བྱེད་པའི་ཆོས་ཅན་ལ་མི་སྦྱིན་ནོ་ཞེས་གསུང་ངོ་དེ་ལྟར་ན། །ཆོས་བཅུ་ལྡན་ནོ། །གཉིས་པ་རྟེན་གང་གིས་བསྟབ་པ་ནི། བསྐོས་པ་དང་འབྲེལ་བ་སྟེ་མ་བསྐོས་པར་མི་བྱའོ་ཞེས་གསུངས་པས་སོ། །གསུམ་པ་དངོས་པོ་གང་སྟོབས་པ་ནི།་་་་་ཆོ་ག་ལས་དགེ་འདུན་ལ་གནས་མལ་སྟོབས་ཞེས་གསུངས་པས། གནས་དང་མལ་ཆ་ལ་སོགས་པ་ཡིན་པ་དང་། བདག་པོ་དགེ་འདུན་དབང་བ་ཡིན་པ་་་་་་སྟེ་སྐབས་ཀྱིས་གྲུབ་ཅིང་གནས་མལ་བསྟབ་ནས་ཁྲིམས་སུ་བཅའ་བ་བརྗོད་པ་ལས་དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱོད་པར་མི་བྱ་ཞེས་གསུངས་སོ། །དང་། རང་གཞན་ལ་ཐུན་མོང་དུ་མཁོ་བའི་གནས་མལ་ཡིན་་་་་་སྟེ་སྒོ་ཁང་དང་ཐེམས་སྐས་ཀྱི་ལྐོག་དང་ཁྱམས་མི་འགོད་ཅེས་གསུངས་པ་དང་། ནད་པ་ལ་བསྔོས་པ་མ་ཡིན་་་་་་སྟེ་ནད་པ་འདུག་པའི་གནས་ཁང་གཞན་ལ་མི་སྦྱིན་ཞེས་པ་དང་། སྔར་བསྟབ་ཟིན་པ་དང་མ་འབྲེལ་བའོ། །བཞི་པ་དུས་གང་གི་ཚེ་བསྟབ་པ་ནི། རྒྱུ་སྐར་མ་ཤར་བ་སྟེ། ལུང་སིལ་བུ་ནས་སྐར་མ་ཤར་ཕན་ཆད་མལ་སྟན་མ་བསྒོ་ཞིག་ཅེས་གསུངས་སོ། །དབྱར་གནས་པར་ཁས་མི་ལེན་པས་ཀྱང་གནས་མལ་ལེན་པ་སྤང་བའི་ཕྱིར་རོ། །ལྔ་པ་ཚུལ་ཇི་ལྟར་བསྟབ་པ་ནི། ལྡེ་མིག་ཐོགས་ཏེ་མདུན་དུ་འདུག་ནས་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད་ཅིང་བསྟབ་པའོ། །ཡན་ལག་གི་དོན་ནི་གནས་ཀྱི་གཞི་ཞེས་པ་ནས་སོ། །འདོད་ན་བསླང་བ་་་་་་བར་བྱའོ་བར་དུ་ཆོད་པས་བསླང་བ་མི་བྱིན་པ་དང་ཚིག་གཉིས་ལ་ནི་མི་སྦྱིན་ཞིང་འོག་མ་ལ་སྦྱིན་པ་སྟེ་འདོད་ན་བསླང་ལ་སོགས་པ་བཞི་ནི་བསླང་བ་དང་མི་བསླང་བ་གཉིས་དང་མི་སྦྱིན་པ་དང་སྦྱིན་པ་གཉིས་ཏེ། བསླབ་བྱ་བཞི་ནི་སྔར་ལྷུང་བཟེད་འབྲེལ་མེད་ཀྱི་སྐབས་དང་འདྲའོ། །མཚན་མོ་་་་་་གནས་ཁང་དང་ཁྲི་ལ་སོགས་པ་གནས་མལ་མི་བསྐོའོ་ཞེས་པ་ནི་ལུང་སིལ་བུ་ལས་སྐར་མ་ཤར་ཕན་ཆད་མལ་སྟན་མ་བསྐོ་ཞིག་ཅེས་གསུངས་སོ། །འོན་ཀྱང་ལུང་གཞི་ལས་ནི། མཚན་མོ་སྲོད་འཁོར་ཕན་ཆད་མལ་སྟན་མ་བསྐོ་ཞིག་ཅེས་གསུངས་ཏེ། སྲོད་འཁོར་བ་ནི་མཚོན་པ་ཙམ་མོ། །ཆོས་དང་མཐུན་པའི་དོན་དུ་ཞག་བདུན་བྱིན་གྱིས་བརླབ་པར་བྱ་ཞེས་པ་ལ་སོགས་པས་དབྱར་གྱི་ཚུལ་བྱིན་གྱིས་བརླབ་པ་བསྟན་ཏོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི་དབྱར་འདྲལ་བའི་ཉེས་པ་མི་འབྱུང་བ་དང་། ཚོགས་བྱིན་གྱིས་བརླབས་པས་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་བརྒྱད་ལས། དང་པོ་རྟེན་གང་གིས་བྱིན་གྱིས་བརླབ་པ་ནི། ཆོས་ལྔ་ལྡན་གྱིས་ཏེ། ཆོས་འདི་པའི་རབ་བྱུང་ཡིན་པ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པ་དང་། གནས་ནས་མ་བྱུང་བ་དང་། དབྱར་གནས་པར་དམ་བཅས་པ་དང་འབྲེལ་བའོ། །དབྱར་གནས་པར་ཁས་བླངས་པའམ་ཁས་མ་བླངས་ཀྱང་དབྱར་གནས་པར་དམ་བཅས་ཏེ་གནས་ན་དེས་ཀྱང་བྱིན་གྱིས་བརླབ་དགོས་ཏེ། ཊཱི་ཀ་ལས་བཤད་དོ། །གཉིས་པ་ཡུལ་གང་གི་མདུན་དུ་བྱིན་གྱིས་བརླབ་པ་ནི། དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །གསུམ་པ་གནས་གང་དུ་བྱིན་གྱིས་བརླབ་པ་ནི། གང་དུ་དབྱར་གནས་པའི་མཚམས་ཀྱི་ནང་ཡིན་པ་སྟེ། དེ་ནི་མཚམས་ཀྱི་ནང་དུ་འཆགས་སོ་ཞེས་གསུངས་སོ། །གཞན་དུ་ན་དབྱར་གྱི་མཚམས་དང་མ་འབྲེལ་བའི་ཕྱིར་དེ་ལ་ལྟོས་པའི་ཆོ་ག་མི་འཆགས་སོ། །བཞི་པ་དུས་གང་གི་ཚེ་བྱིན་གྱིས་བརླབ་པ་ནི། མཐའི་ཞག་དྲུག་གི་གོང་ཡན་ཆད་དེ། མཐའི་ཞག་དྲུག་ལ་ནི་བྱིན་གྱིས་བརླབ་པ་མི་འཆགས་སོ་ཞེས་གསུངས་ཏེ། ཡུན་ཐུང་ངུ་ཉིད་ལས་མ་ལུས་པས་བྱིན་རླབས་མི་འཆགས་པར་བཅས་པའི་དབང་གིས་སོ། །ལྔ་པ་ཡུན་ཇི་སྲིད་དུ་བྱིན་གྱིས་བརླབ་པ་ནི། གནང་བ་མ་ཐོབ་པས་་་་་་ལུང་སིལ་བུ་ལས་བཙུན་པ་ཞག་གཅིག་ཏུ་བྱིན་གྱིས་བརླབས་པ་ལ་མཚམས་ཀྱི་སླད་རོལ་ཏུ་མཆི་བར་རུང་ངམ། ཨུ་པ་ལི་རུང་ངོ་ཞེས་གསུངས་པ་ནས་ཡོད་བཞིན་དུ་ཞག་གཉིས་སམ་གསུམ་མམཞག་བདུན་ཚུན་ཆད་དང་། གནང་བ་ཐོབ་ན་ཞག་བཞི་བཅུ་ཚུན་ཆད་བྱིན་གྱིས་བརླབས་ཏེ། འདི་མཐར་ཐུག་པའི་མཐའ་ནི་ཞག་བདུན་ཚུན་ཆད་ཉིད་དོ་ཞེས་པ་དང་། གཞན་གྱིས་ནི་ཞག་བཞི་བཅུའོ་ཞེས་གསུངས་སོ། །དྲུག་པ་ཆེད་དུ་བྱ་བ་གང་གི་ཆེད་དུ་བྱིན་གྱིས་བརླབ་པ་ནི། འདི་ཉིད་ལས་ཆོས་དང་ལྡན་པའི་དོན་དུ་ཞེས་སོ། །གཞན་དུ་ན་མི་འཆགས་སོ། །བདུན་པ་ཆོ་ག་གང་གིས་བྱིན་གྱིས་བརླབ་པ་ནི། སྦྱོར་དངོས་མཇུག་གསུམ་གྱིས་ཏེ། སྦྱོར་བ་ནི། ཡུལ་དེ་བསླབ་པ་རྒན་ན་ཕྱག་འཚལ་བ་དང་། འདུག་ཅིང་ཐལ་མོ་སྦྱར་བའི་སྤྱོད་ལམ་བསྟེན་པའོ། །དངོས་གཞི་ནི་སྔགས་ལན་གསུམ་བརྗོད་པ་སྟེ། མཇུག་ཐབས་ཡིན་ནོ་ལེགས་སོ་ཞེས་སོ། །བརྒྱད་པ་བྱིན་གྱིས་བརླབ་པ་འཇིག་པའི་རྒྱུ་ནི། ཞག་གྲངས་ཀྱི་འཕེན་པ་ཟད་པ་དང་བྱ་བ་མེད་པར་ཤེས་པ་དང་། བྱ་བ་ཆོས་མི་ལྡན་དུ་ཤེས་པ་དང་ཁྱིམ་པར་བབས་པ་ལ་སོགས་པ། རྟེན་ཞིང་མ་ཡིན་པར་གྱུར་་་་་་རྣམས་བྱིན་རླབས་འཆགས་པའི་གནས་སྐབས་མ་ཡིན་པར་གྱུར་པའི་ཕྱིར་བྱ་བ་མེད་པར་ཤེས་ནས་ཕྱིར་མི་ལྡོག་པ་དང་ཞེས་སོ། །པའོ། །ཡན་ལག་གི་དོན་ནི། ཆོས་དང་ལྡན་པ་ཞེས་པ་ནས་སོ། །གནས་འདིར་དབྱར་གནས་པར་བྱའོ་སྙམ་དུ་དབྱར་གནས་པར་ཁས་ལེན་པའི་སྔ་རོལ་ཏུ་་་་་་སོས་ཀའི་ཚེ་ན་དམ་བཅའ་འོ། །དམ་བཅས་ན། དེའི་འོག་ཏུ་ཕྱིས་དབྱར་གནས་པར་ཁས་ལེན་ཞིང་གནས་པ་དང་སྔར་དམ་བཅས་པའི་གནས་སུ་མི་འབྲེལ་བར་མི་བྱའོ། །དེ་ཡང་དབྱར་གནས་པར་བྱའོ་སྙམ་དུ་དབྱར་གནས་པར་ཁས་ལེན་པའི་སྔ་རོལ་ཏུ་དམ་བཅས་ནས། དེའི་འོག་ཏུ་ཕྱིས་གནས་གཞན་དུ་དབྱར་གནས་པར་ཁས་ལེན་ན་ཉེས་བྱས་སུ་འགྱུར་བ་དེ་ལུང་གཞི་དང་མདོ་འོག་མའི་་་་་་གསོ་སྦྱོང་གཅིག་པ་ཉིད་ཀྱི་གནས་གཉིས་སུ་ནི་ཞེས་པ་ཊཱི་ཀ་ལས་དེ་ལྟར་གསུངས་སོ། །་་་་་སྡེ་པ་ལྔ་ཆར་གྱིས་ཀྱང་ཞེས་པ་ནི་དགེ་སློང་ལ་སོགས་པ་སྡེ་ལྔ་པོར་མ་ཟད་ཀྱི་རབ་ཏུ་བྱུང་ཟིན་པ་དགེ་ཚུལ་ནི་མ་བྱས་པའི་གང་ཟག་དང་། སྡོམ་པ་གཏན་ནས་མ་སྐྱེས་ཀྱང་། ངོ་བོ་ཉིད་ཀྱི་རབ་ཏུ་བྱུང་བ་ཡོད་པ་དེས་ཀྱང་དབྱར་གནས་པར་ཁས་བླང་བར་བྱ་སྟེ། མ་སྐྱེས་པ་ལྟུང་བ་ལ་སྦྱོར་བའི་ཉེས་བྱས་དགག་དགོས་པའི་ཕྱིར་རོ། །ལོ་་་་་་ཊཱི་ཀ་ལས་མི་གནས་པར་འདུག་པའི་མ་ཚང་བ་དག་ནི་མི་གནས་པར་འདུག་པའི་ལོ་གྲངས་མ་ཚང་བ་སྟེ། དགེ་སློང་ཕ་བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པ་དང་། དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་མ་ལོན་པ་དག་གོ །སྡེ་སྣོད་འཛིན་པ་ཡོད་པ་འཐབ་ཀྲོལ་བྱེད་པ་མེད་པ་དག་ཅེས་སྦྱར་ཏེ། སྐབས་འདིར་རྣམ་པར་ཕྱེ་སྟེ་གསུངས་པ་ནི། ལུང་་་་་་སྡེ་སྣོད་གསུམ་འཛིན་པ་མེད་ན་ཞུ་བ་ལས་བཙུན་པ་མདོ་སྡེ་འཛིན་པ་དང་མ་མོ་ལྟ་བུ་འཛིན་པ་མ་མཆིས་པར་དབྱར་ཚུལ་དུ་འཇུག་པར་རུང་ངམ། ཨུ་པ་ལི་རུང་ངོ་། །བཙུན་པ་འདུལ་བ་འཛིན་པ་མ་མཆིས་པར་དབྱར་ཚུལ་དུ་འཇུག་ཏུ་རུང་ངམ། ཨུ་པ་ལི་མི་རུང་ངོ་། །དེ་སྟེ་འདུལ་བ་འཛིན་པ་མ་མཆིས་ན་སོ་སོ་ཐར་པའི་མདོ་འདོན་པའི་དགེ་སློང་བཙལ་འཚལ་ལམ། སོ་སོ་ཐར་པ་འདོན་པ་མེད་ན་དབྱར་ཚུལ་དུ་འཇུག་ཏུ་མི་གནང་ངོ་ཞེས་གསུངས་སོ། །ནམ་མཁའ་ལ་གནས་པར་ཁས་བླང་བ་ལ་མི་འཆགས་ཞེས་པ་ལ། ལུང་ཞུ་བ་ལས་དགེ་སློང་གིས་སྟེང་གི་ནམ་མཁའ་ལ་དབྱར་ཚུལ་དུ་ཞུགས་ན་ཚུལ་དུ་ཞུགས་པ་ཞེས་བགྱི་འམ། ཨུ་པ་ལི་མ་ཡིན་ནོ། །དགེ་སློང་གིས་སྟེང་གི་ནམ་མཁའ་ལ་གཞལ་མེད་ཁང་དུ་དབྱར་ཚུལ་དུ་ཞུགས་ན་དབྱར་ཚུལ་དུ་ཞུགས་ཞེས་བགྱིའམ། ཨུ་པ་ལི་ཚུལ་དུ་ཞུགས་པ་ཞེས་གསུངས་སོ། །དེའི་ལྟ་བ་ལ་མངོན་པར་ཞེན་་་་་་ཆོས་མིན་ཕྱོགས་ཀྱི་གནས་སུ་སོང་སྟེ་སྐྱ་རེངས་ཤར་ན་བྱིན་གྱིས་བརླབས་ཀྱང་འཇིག་ཅེས་དོགས་པ་བཅད་པའོ། །ཞག་བཞི་བཅུ་བྱིན་གྱིས་བརླབ་པའི་གནང་བ་དེ་སྦྱིན་ནོ་ཞེས་པ་འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི་དབྱར་བྱིན་གྱིས་བརླབས་པ་འཆགས་པ་དང་། བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་ཡུལ་གང་ལ་གནང་བ་སྦྱིན་པ་ནི། ཆོས་བཅུ་ལྡན་ཏེ། གཞན་ནི་ལས་གཞིར་འཆད་ལ་་་་་་ཞག་བཞི་བཅུའི་གནང་བ་སྦྱིན་པའི་སྐབས་སུ། སྔར་གནང་བ་བྱིན་པ་དང་མ་འབྲེལ་བ་དང་། དབྱར་དམ་བཅས་པ་དང་འབྲེལ་བ་སྟེ། གཞན་དུ་ན་དོན་མེད་པའི་ཕྱིར་རོ། །གཉིས་པ་རྟེན་གང་གིས་གནང་བ་སྦྱིན་པ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཡུན་ཇི་སྲིད་དུ་གནང་བ་སྦྱིན་པ་ནི། ཞག་བཞི་བཅུའོ་ཞེས་སོ། །དེ་ཡང་ཡ་མཐའི་ཚད་མཚོན་པ་ཙམ་སྟེ། ལུང་ཞུ་བ་ལས། ཞག་བཞི་བཅུར་བསྐོ་བར་བྱའོ་ཞེས་གསུངས་ན། ཞག་སུམ་ཅུ་རྩ་དགུའམ་ཞག་སུམ་ཅུའམ་ཞག་ཉི་ཤུར་བསྐོ་བར་རུང་ངམ། ཨུ་པ་ལི་རུང་ངོ་ཞེས་གསུངས་སོ། །བཞི་པ་དོན་གང་གི་ཆེད་དུ་གནང་བ་སྦྱིན་པ་་་་་་ཞག་བཞི་བཅུའི་གནང་བ་འདི་ཉིད་ལས་ཀྱི་ནི། ཆོ་ག་ལས་དགེ་འདུན་གྱི་ཆེད་ལ་ཞེས་གསུངས་པ་ནི་གླེང་གཞིའི་དབང་གིས་མཚོན་པ་ཙམ་སྟེ། ལུང་་་་་་དཔེར་ན་སྤོ་མགུ་སྤྱོད་པའི་ལས་ཀྱི་ཆོ་ག་ལས། དགེ་སློང་འཆར་ཀ་འདི་ལ་ཞེས་གསུངས་པ་བཞིན་དུ་དེང་སང་འདི་ལ་དགེ་འདུན་གྱི་ཆེད་ངོས་གཟུང་དུ་དགོས་པར་འཆད་པ་ཤིན་ཏུ་ཡང་འཁྲུལ་བ་སྟེ་སིལ་བུ་ལས་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཕྱིར་ཞག་བཞི་བཅུར་བྱིན་གྱིས་བརླབས་ལ་ཞེས་གསུངས་ཤིང་། ལུང་ཞུ་བ་ལས་དགེ་འདུན་གྱི་དོན་གྱི་སླད་དུ་ནི་ཞག་བཞི་བཅུའི་གནང་བ་བྱིན་ཅིག་ཅེས་གསུངས་ན། དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་དང་ཉེ་དུ་དང་མུ་སྟེགས་ཅན་སྤྱོད་པ་བ་དང་ཀུན་ཏུ་རྒྱུ་བ་རྣམས་ཀྱི་དོན་གྱི་སླད་དུ་ཞག་བཞི་བཅུའི་གནང་བ་བསྩལ་བར་བགྱིའམ། ཨུ་པ་ལི་རུང་ངོ་ཞེས་གསུངས་ལ་ལུང་མ་མོ་ལས་ཀྱང་དགེ་སློང་གི་དོན་ནམ་དགེ་སློང་མའི་དོན་ནམ་དགེ་བསྙེན་ནམ་དགེ་བསྙེན་མའི་དོན་ཀྱང་རུང་ཉེ་དུའི་དོན་ཀྱང་རུང་མུ་སྟེགས་ཀུན་ཏུ་རྒྱུ་བ་གཞན་དག་གི་དོན་ལ་ཡང་རུང་ཞག་བདུན་ནམ་ཞག་བཞི་བཅུར་བྱིན་གྱིས་བརླབས་ལ་འགྲོ་བར་བྱ་ཞེས་གསུངས་སོ། །མེ་ཏོག་ཕྲེང་རྒྱུད་ལས་ཀྱང་། ལྷག་པར་བུ་དང་བུ་མོ་རྣམས། །བག་མར་གཏོང་ལེན་ལ་སོགས་དང་། །ཕ་མ་དཀོན་མཆོག་གསུམ་དང་ནི། །སློབ་དཔོན་ལ་སོགས་དགོས་སྒྲུབ་ལ། །ཞག་བདུན་བསླབས་་་་་་ཞག་བདུན་ལས་སམ་ལྷག་ཀྱང་རུང་། །མཚན་་་་་་ལྷག་པ་དེ་ཡང་མོ་ཉི་ཤུ་སུམ་ཅུ་འམ། །ཉིན་ཞག་བཞི་བཅུ་ཡང་ནི་རུང་ཞེས་བཤད་ཅིང་། མདོ་རྩ་བ་ལས་ཀྱང་དེ་སྦྱིན་ནོ་ཞེས་སྤྱིར་གསུངས་ཀྱི། དགེ་འདུན་གྱི་ཆེད་དུ་ཞེས་ནི་མ་གསུངས་སོ། །ལྔ་པ་ཆོ་ག་གང་གིས་གནང་བ་སྦྱིན་པ་ནི། སྦྱོར་དངོས་མཇུག་གསུམ་ལས། སྦྱོར་བ་ནི་འདུ་བའི་སྐབས་རྗེས་སུ་སྒྲུབ་པ་དང་། ཕྱག་འཚལ་ཞིང་འདུག་པའི་སྤྱོད་ལམ་བསྟེན་པ་དང་། ལས་བྱེད་པས་སྤྲོ་བ་འདྲི་བ་དང་། རང་གིས་ལན་གསུམ་གསོལ་བ་གདབ་པའོ། །དེ་ཡང་དགེ་འདུན་གྱི་ཆེད་ལ་འགྲོ་བ་དང་རང་རང་གི་དབྱར་འདྲལ་བ་སྤོང་བ་ཡིན་པས། ཀརྨ་ཤ་ཏཾ་ལས། སྤྲོ་བ་འདྲི་བ་དང་གསོལ་བ་འདེབས་པ་གཉིས་ཀ་དགོས་པར་གསུངས་སོ། །འོན་ཀྱང་གང་ཟག་རང་དོན་དུ་ཞག་བཞི་བཅུའི་གནང་བ་ཞུ་བ་ན་ནི་སྤྲོ་བ་འདྲི་མི་དགོས་པར་དོན་གྱིས་གོའོ། །དངོས་གཞི་གསོལ་གཉིས་ཀྱི་ལས་དང་། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །དེ་ལྟར་ཞག་བཞི་བཅུ་་་་་་བྱིན་གྱིས་བརླབ་པའི་གནང་བ་དགེ་འདུན་གྱི་ལས་ཀྱིས་བྱིན་ནས། དེའི་འོག་ཏུ་དགེ་སློང་གཅིག་གི་མདུན་དུ་ཞག་བཞི་བཅུར་དབྱར་བྱིན་གྱིས་རློབ་པའི་སྔགས་ལན་གསུམ་བརྗོད་པར་བྱའོ། །ཡན་ལག་གི་དོན་ནི་དེ་སྦྱིན་ནོ་ཞེས་སོ། །ཊཱི་ཀ་ལས་་་་་་ཞག་ཉུང་ངུ་ཉུང་ངུ་ཚེ་གུར་བྱིན་གྱིས་བརླབས་ཀྱང་རུང་གཅིག་ཅར་གྱིས་བརླབས་ཀྱང་རུང་སྟེ་ཞེས་སོ། །ཚེ་གུར་བྱིན་གྱིས་བརླབས་པ་ནི་ཞག་བདུན་བྱིན་གྱིས་རློབ་པ་ལན་ལྔ་བྱས་ཏེ་ཞག་སུམ་ཅུ་རྩ་ལྔ་སོང་ན། དེའི་འོག་ཏུ་ཞག་ལྔ་ལས་མང་བ་བྱིན་གྱིས་བརླབ་ཏུ་མི་གནང་ལ་དེའི་ཚེ་ན་ཡང་ཞག་བཞི་བཅུ་ལས་ལྷག་པར་ཕྱི་རོལ་ཏུ་གནས་པར་བཀག་པའོ། །དེ་ཡང་ལུང་ཞུ་བ་ལས་ཞག་བཞི་བཅུའི་སྟེང་དུ་ཞག་བདུན་དུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི་མི་རུང་ངོ་། །དེའི་ཅིའི་ཕྱིར་ཞེ་ན། མཚམས་ཀྱི་ནང་དུ་ནི་ཞག་མང་དུ་གནས་པར་བྱའོ། །མཚམས་ཀྱི་ཕྱི་རོལ་ཏུ་ནི་ཞག་ཉུང་ངུ་གནས་པར་བྱའོ། །ཞག་སུམ་ཅུ་རྩ་དགུའི་སྟེང་དུ་ཞག་བདུན་དུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི་མི་རུང་ངོ་ཞེས་གསུངས་ཏེ། ཞག་བཞི་བཅུ་བས་ལྷག་པ་མི་རུང་བའོ། །དམ་བཅས་ནས་དབྱར་་་་་་གནས་པ་་་་་་དང་གནས་སུ་མི་འབྲེལ་བར་མི་བྱའོ་ཞེས་སྨོས་སོ། །ནི་དཔེའམ་མཚོན་པ་ཙམ་ཡིན་ཏེ། ཆོས་ལྡན་གྱིས་དམ་བཅས་པ་གཞན་དག་ལ་ཡང་རྐྱེན་འཛོམ་བཞིན་དུ་མི་སྒྲུབ་ན་ཉེས་བྱས་སུ་འགྱུར་བ་ཡིན་ནོ། །འདིའི་ལུང་ནི་དམ་བཅས་པར་སྒྲུབ་པར་མ་བགྱིད་པ་ལ་ཉེས་བྱས་སུ་གསུངས་ན་དམ་བཅའ་བ་དུ་མཆིས། ཉེ་བ་འཁོར་ལྔ་སྟེ། དབྱར་དམ་འཆའ་བ་དང་། ལྷུང་བཟེད་དམ་འཆའ་བ་དང་། ཆོས་གོས་དམ་འཆའ་བ་དང་། བསོད་སྙོམས་དམ་འཆའ་བ་དང་། ནད་པའི་སྨན་དམ་འཆའ་བ་སྟེ་ཞེས་གསུངས་ཏེ། འགྲེལ་ཆུང་ལས་ལྷུང་བཟེད་སྦྱིན་ནོ་ཞེས་བྱས་པ་ལས་མ་བྱིན་པ་དང་། ཆོས་གོས་སྦྱིན་ནོ་ཞེས་དམ་བཅས་པ་ལས་མ་བྱིན་ན་ཉེས་བྱས་སོ་ཞེས་བཤད་པས། བསོད་སྙོམས་དང་སྨན་ལ་ཡང་དེ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་ཆོས་གོས་དང་བསོད་སྙོམས་དང་སྨན་དམ་བཅའ་བ་ནི། ཆོས་གོས་གསུམ་པའི་ཡི་དམ་དང་། ཟས་བསོད་སྙོམས་པ་དང་། སྨན་བཀུས་ཏེ་བོར་བར་དམ་བཅའ་བའོ་ཞེས་པས་འཆད་དོ། །རྣམ་བཤད་ཉི་མའི་འོད་ཟེར་ལས་དབྱར་གྱི་གཞིའི་རྣམ་པར་བཤད་པའོ། །དགག་དབྱེའི་གཞི་ལ་སྐབས་སྒྲུབ་པ་དང་། དངོས་ཀྱི་དོན་གཉིས་ལས་དང་པོ་ནི། ལུང་ལས་དགག་དབྱེ་དང་དབྱར་་་་་་ཀོ་ལྤགས་གཞི་དང་ཞེས་གོ་རིམ་དེ་ལྟར་གསུངས་ཀྱང་། འདིར་ནི་དབྱར་གྱི་གཞིའི་སྐབས་ཀྱི་འོག་ཏུ་དགག་དབྱེའི་གཞི་བསྟན་ཏེ། དབྱར་གནས་པའི་མཐར་དགག་དབྱེ་བྱེད་པ་ཡིན་པས། བྱ་བ་ལ་འཇུག་པའི་གོ་རིམ་དང་མཐུན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ལས། ལུང་གཞི་ལས་བརྗོད་པའོ། །དེ་ལ་གཉིས་ལས། སྐབས་སུ་ཡིད་དམ་ངན་པ་སྤང་བ་ནི། མི་སྨྲ་བའི་ཡིད་དམ་མི་བཅའ་བ་སྟེ། ལུང་གཞི་ལས་དགེ་སློང་གིས་མི་སྨྲ་བའི་ཡིད་དམ་བཅའ་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་སོ། །འོན་ཀྱང་ངག་གི་ཉེས་པ་ཚར་བཅད་པའི་ཕྱིར་ནི་མི་སྨྲ་བར་འདུག་ཀྱང་ཉེས་པ་མེད་དེ། ལུང་གཞི་ལས་དགེ་སློང་ཆུ་སྟོད་ཀྱི་གླེང་གཞིས་ཤེས་སོ། །དགག་དབྱེ་བྱ་བའི་ཚུལ་ལུགས་ནི་དབྱར་གནས་པའི་དགེ་འདུན་ལ་ཞེས་པ་ནས་སོ། །འདིའི་སྤྱི་དོན་ལ་གཉིས་ཏེ། དགོས་པའི་དོན་དང་། བསྡུས་པའི་དོན་ཏོ། །དང་པོ་ནི་དགག་དབྱེ་བྱས་པའི་དགོས་པ་གསུམ་སྟེ། ཆོས་དག་པར་འགྱུར་བ་དང་། ཚུལ་ཁྲིམས་དག་པར་འགྱུར་བ་དང་། དགག་དབྱེ་མ་བྱས་པའི་ཉེས་པ་ཁེགས་པའོ། །དང་པོ་ནི་ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་དགག་དབྱེ་གསུངས་ཞེས་བཤད་དེ། དེ་ཡང་ཉོན་མོངས་པ་མངོན་དུ་རྒྱུ་བའི་ཆོས་དག་པར་འགྱུར་བ་སྟེ། དགེ་བའི་བསམ་པ་མངོན་འགྱུར་དང་བཅས་ཏེ་དགག་དབྱེ་བྱེད་པའི་ཕྱིར་རོ། །གཉིས་པ་ནི་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་གསོ་སྦྱོང་གསུངས་ལ་ཞེས་བཤད་ཅིང་འོད་ལྡན་ལས་གསོ་སྦྱོང་དང་དགག་དབྱེ་གཉིས་ཀྱི་དོན་ནི་གཅིག་པ་ཉིད་ཡིན་ནོ་ཞེས་་་་་་དགོས་པ་གཅིག་ཡིན་པར་བཤད་པས་ཚུལ་ཁྲིམས་དག་པ་དེ། དགག་དབྱེའི་ཡང་དགོས་པ་ཡིན་པར་གྲུབ་བོ། །དེ་ཡང་དགག་དབྱེའི་གནས་སུ་འཇུག་པ་ན་དགེ་སློང་རྣམས་ལྟུང་བ་བཤགས་པ་དང་བསྡམ་པ་དང་ལྟུང་བ་བྱིན་གྱིས་བརླབ་པ་བྱས་ནས་དགག་དབྱེ་བྱེད་པ་ཡིན་པས་ཚུལ་ཁྲིམས་དག་པར་འགྱུར་བའོ། །གཉིས་པ་བསྡུས་པའི་དོན་ལ་དགུ་ལས། དང་པོ་ཡུལ་གང་ལ་དགག་དབྱེ་བྱ་བ་ནི་་་་་་ཁྱེད་ཅག་ལས་གང་སུས་ལྟུང་བ་གླེང་ན་གླེངས་ཤིག་ཕྱོགས་བཅུ་ན་གནས་པའི་དགེ་འདུན་མཐའ་དག་ལ་སྟེ། གང་་་་་་ང་ལ་གཞན་གྱིས་ལྟུང་བ་གང་ཡང་གང་ཟག་ཤཱ་རིའི་བུས་ནི་མ་གླེང་ཞེས་ཟེར་བ་ལྟ་བུའོ། །ཟག་འཇོག་པ་དམིགས་བསལ་དུ་གསུངས་པ་དང་། མཐའ་དག་ལས་གཞན་དུ་ན་དགོས་པ་རྫོགས་པར་མི་འགྲུབ་པའི་ཕྱིར་རོ། །གཉིས་པ། རྟེན་གང་གིས་དགག་དབྱེ་བྱ་བ་ནི། ཆོས་དྲུག་ལྡན་ཏེ་རབ་ཏུ་བྱུང་བ་སྡེ་ལྔའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པ་དང་། གནས་ནས་མ་ཕྱུང་བ་དང་། དགག་དབྱེ་བཞག་པ་མ་ཡིན་པ་དང་། དབྱར་གནས་པར་ཁས་བླངས་པ་ཡིན་པའོ། །ཐ་མ་གཉིས་ནི་དགག་དབྱེ་བཞག་ན་དགག་དབྱེ་བཀག་པ་ཆད་ལས་དང་འབྲེལ་བའི་ཕྱིར་དང་། འདི་ཉིད་ལས་དབྱར་གནས་བྱས་ཞེས་གསུངས་ལ། གཞན་དུ་ན་དབྱར་གནས་ཁས་བླང་སྟོབས་ཀྱིས་བཀག་པ་མེད་པས་ན། བཀག་པ་ལས་ཕྱེ་བ་མི་འབྱུང་བའི་ཕྱིར་རོ། །དབྱར་གནས་ན་དབྱར་རལ་སྤང་སྟེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་དབྱར་རལ་བས་ཀྱང་དགག་དབྱེ་བྱ་དགོས་སོ་ཞེས་གསུངས་སོ། །དེས་དགག་དབྱེ་བྱས་ན་ལྟུང་བའི་དགག་དབྱེ་དང་རྫས་ཀྱི་དགག་དབྱེ་མཚན་ཉིད་པའོ། །གསུམ་པ་བྱེད་པ་པོ་གང་ལ་གོ་བར་བྱ་བ་ནི། དགག་དབྱེ་བྱེད་པ་པོར་བསྐོས་པ་དང་འབྲེལ་བ་སྟེ། མེད་ན་གཞན་ལའོ་ཞེས་དམིགས་བསལ་དུ་གསུངས་པས་སོ། །བཞི་པ་གང་ལ་དགག་དབྱེ་བྱ་བའི་དངོས་པོ་ནི། ལྟུང་བའི་དགག་དབྱེ་ནི་རང་་་་་་ང་ལ་ལྟུང་བ་སྡེ་ལྔ་པོ་གང་གིས་གླེང་ན་ཡང་གླེངས་ཤིག་ཅེས། གི་བསླབ་པའི་གཞི་མཐའ་དག་ལ་སྟེ། ང་ལ་ལྟུང་བ་གཞན་གླེང་ཡང་སྤང་ལྟུང་གིས་ནི་མ་གླེང་ཞིག་ཅེས་ཟེར་བ་ལྟ་བུ་་་་་་གཞི་འཇོག་པ་དམིགས་བསལ་དུ་གསུངས་པ་དང་། ཕྱོགས་འགའ་ལ་དགག་དབྱེ་བྱས་པས་དགོས་པ་རྫོགས་པར་མི་འགྲུབ་པའི་ཕྱིར་རོ། །རྫས་ཀྱི་དགག་དབྱེ་བྱ་བའི་དངོས་པོ་ནི། ཁབ་ལ་སོགས་པ་རང་གི་རྫས་གང་ཡང་རུང་བའོ། །ལྔ་པ་གང་དུ་དགག་དབྱེ་བྱ་བའི་གནས་ནི་མཚམས་པོ་ཆེའི་ནང་ཡིན་པ་སྟེ། ལུང་གཞི་ལས་མཚམས་ཆེན་པོ་བཅད་པ་དེར་དགེ་སློང་རྣམས་ཀྱིས་འདུག་སྟེ། གསོ་སྦྱོང་དང་དགག་དབྱེ་བྱའོ་ཞེས་གསུངས་ལ། དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ཀྱི་དགེ་སློང་རྣམས་དགག་དབྱེ་ལ་འདུས་པས་མཚམས་དེའི་དགེ་སློང་ཀུན་དག་པར་འགྱུར་བའི་དགོས་པ་ཡོད་པའི་ཕྱིར་རོ། །གནས་ལ་བློ་མཐུན་བྱས་པ་དང་འབྲེལ་བ་སྟེ། ལས་གཞན་གྱི་གནས་ཀྱང་དེ་ཡིན་ནོ་ཞེས་གསུངས་པས་སོ། །གཙང་ཞིང་ཡངས་པ་ཡིན་པ་དང་། འཇིག་པའི་ཉེན་ཅན་མ་ཡིན་པ་སྟེ། གསོ་སྦྱོང་ལ་བཤད་པའི་གནད་ཀྱིས་སོ། །དྲུག་པ་གང་གི་ཚེ་དགག་དབྱེ་བྱ་བའི་དུས་ནི་དབྱར་གནས་སྔ་ཕྱིའི་བྱེ་བྲག་གིས་སྟོན་ཟླ་འབྲིང་པོའི་ཉའམ་ཐ་ཆུང་གི་ཉ་ལ་སྟེ། དབྱར་རྣམས་ཀྱི་ཐ་མའི་ཉ་ལའོ་ཞེས་གསུངས་པས་སོ། །དུས་ཀྱི་སྔ་རོལ་ཏུ་བྱ་བ་དང་འོག་རོལ་དུ་བྱ་བ་ནི་དམིགས་བསལ་ཡིན་ནོ། །བདུན་པ་ཚུལ་ཇི་ལྟར་དགག་དབྱེ་བྱ་བ་ནི། སྦྱོར་དངོས་མཇུག་གསུམ་ལས། སྔོན་འགྲོ་སྦྱོར་བ་ལ་གསུམ་སྟེ་ཞག་བཅུའམ་ཟླ་བ་ཕྱེད་ན་ཇི་ལྟར་བསྒྲུབ་པ་དང་། ཚེས་བཅུ་བཞི་ལ་ཇི་ལྟར་བསྒྲུབ་པ་དང་། ཚེས་བཅོ་ལྔའི་ལས་ཀྱི་མདུན་རོལ་དུ་ཇི་ལྟར་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། སྤྱོད་ཡུལ་དུ་བརྗོད་པ་དང་། གནས་དང་མཆོད་རྟེན་གྱི་བྱ་བ་བསྒྲུབ་པ་དང་། འཁོན་ཡོད་ན་བཟོད་པར་གསོལ་བ་སྟེ། སྤྱོད་ཡུལ་དུ་བརྗོད་པར་བྱའོ་ཞེས་པ་དང་། གཙུག་ལག་ཁང་བརྒྱན་ཞེས་པ་ལ་སོགས་པ་དང་། ནང་དང་བཅས་པས་བཟོད་པ་ཞེས་གོ་རིམ་བཞིན་ནོ། །གཉིས་པ་ཚེས་བཅུ་བཞི་ལ་ཇི་ལྟར་བསྒྲུབ་པ་ལ་གསུམ་སྟེ། སེང་གེའི་ཁྲི་བརྒྱན་པ་དང་། ཆོས་བཤད་ཉན་འབྱུང་བ་སྤྱོད་ཡུལ་དུ་བརྗོད་པ་དང་། མཚན་ཐོག་ཐག་ཉན་བཤད་བྱ་བ་སྟེ། གཞུང་འདི་ཉིད་ལས་་་་་་སེང་གེའི་ཁྲི་བརྒྱན་ཞེས་པ་དང་། དོ་མོད་མཚན་ཐོག་ཐག་ཅེས་པ་དང་། མདོ་སྡེ་དང་འདུལ་བ་ཞེས་གོ་རིམ་བཞིན་དུ་བསྟན་ཏོ། །གསུམ་པ་ཚེས་བཅོ་ལྔར་ལས་ཀྱི་མདུན་དུ་ཇི་ལྟར་བསྒྲུབ་པ་ལ་ལྔ་སྟེ། འདུས་པ་ཐམས་ཅད་ཀྱིས་ཕན་ཚུན་ཀུན་དགའ་བར་བྱེད་པ་དང་། ཆོས་རྣམ་པར་གཏན་ལ་དབབ་པས་མཚན་འདའ་བར་བྱ་བ་དང་། དགག་དབྱེ་བྱེད་པ་པོའི་དགེ་སློང་བསྐོ་བ་དང་། དེས་རྩྭ་དར་བྷ་དགེ་འདུན་ལ་བྲིམ་པ་དང་། གཞན་གྱིས་གསོལ་བ་་་་་་དེ་ལྟར་ན་གསུམ་དང་གསུམ་དང་ལྔ་སྟེ་ཡོངས་བགྲངས་ན་དགག་དབྱེའི་སྔོན་འགྲོའི་བྱ་བ་བཅུ་གཅིག་ཡོད་དོ། །འབའ་ཞིག་པའི་ལས་བྱ་བ་སྟེ། དེའི་ཚེ་འདུས་པ་ཐམས་ཅད་ཀྱིས་ཕན་ཚུན་ཞེས་པ་དང་། གཞན་ལ་ནི་དེ་དེ་དག་གིས་ཞེས་པ་དང་། དགེ་སློང་དགག་དབྱེ་བྱེད་པ་བསྐོ་ཞེས་པ་དང་། དེས་རྩྭ་དར་བྷ་བྲིམ་ཞེས་པ་དང་། དགག་དབྱེ་བའི་ཕྱིར་གཞན་གྱིས་སོ་ཞེས་སོ། །གཉིས་པ་དགག་དབྱེ་དངོས་གཞིའི་ཆོ་ག་ནི་སྔགས་ལན་གསུམ་གྱིས་སོ། །གསུམ་པ་མཇུག་གི་ཆོ་ག་ནི་ཐབས་ཡིན་ནོ་ལེགས་སོ་ཞེས་བརྗོད་པ་དང་། དགག་དབྱེ་བྱས་པ་དགེ་འདུན་ལ་གོ་བར་བྱ་བའོ། །དེ་ལྟར་ལྟུང་བའི་དགག་དབྱེ་བྱས་ནས་རྫས་ཀྱི་དགག་དབྱེ་ནི་གཞུང་འདི་ཉིད་ན་གསལ་ལོ། །བརྒྱད་པ་དམིགས་ཀྱིས་བསལ་བའི་དོན་ལ་དྲུག་ལས། ཡུལ་གྱི་དམིགས་བསལ་ནི་གང་ཟག་འཇོག་པའི་དགག་དབྱེ་བྱ་བའོ། །བྱེད་པ་པོའི་དམིགས་བསལ་ནི་མེད་ན་གཞན་ལའོ་ཞེས་སོ། །དངོས་པོའི་དམིགས་བསལ་ནི་གཞི་འཇོག་པའི་དགག་དབྱེ་བྱ་བའོ། །གནས་ཀྱི་དམིགས་བསལ་ནི། དཀྱིལ་འཁོར་བར་བྱ་བའོ། །དུས་ཀྱི་དམིགས་བསལ་ནི། ལས་ལ་ནི་འདས་ན་ཉི་མ་ཤར་བའི་འོ་ཞེས་པ་དང་། འཐབ་ཀྲོལ་ཅན་ལ་སོགས་པའི་རྐྱེན་གྱིས་དུས་ཀྱི་སྔ་རོལ་ལམ་འོག་རོལ་ཏུ་དགག་དབྱེ་བྱ་བའོ། །ཆོ་གའི་དམིགས་བསལ་ནི། རྐྱེན་དབང་གིས་ལན་གཉིས་སམ་ལན་ཅིག་བརྗོད་པ་དང་། ཡོངས་དག་འབུལ་བ་དང་དགག་དབྱེ་བྱིན་གྱིས་བརླབ་པའོ། །བྱིན་གྱིས་བརླབ་པའི་ཚུལ་ནི་སྔར་གསོ་སྦྱོང་བྱིན་གྱིས་བརླབ་པ་བཞིན་ཅི་རིགས་པར་སྦྱར་ཏེ། ཁྱད་པར་ནི་དགེ་སློང་བཞིས་གསོ་སྦྱོར་བྱིན་གྱིས་མི་རློབ་པར་གསོ་སྦྱོང་དངོས་སུ་བྱེད་ཀྱང་། ཊཱི་ཀ་ལས་དགེ་སློང་བཞིས་ཀྱང་དགག་དབྱེ་བྱིན་གྱིས་རླབས་པར་གསུངས་སོ། །དགུ་པ་དགག་དབྱེའི་སྒྲ་བཤད་པ་ནི་དབྱར་གྱི་ཚུལ་ནང་དུ་ལྟུང་བ་གླེང་དྲན་བྱེད་པ་དང་། ནན་ཏུར་བྱེད་པ་དང་། དབྱར་གྱི་རྙེད་པ་བགོ་བ་དང་། མཚམས་ཀྱི་ཕྱི་རོལ་ཏུ་མཚན་མོ་འདའ་བ་སྟེ་བཞི་པོ་དེ་རྣམས་བཀག་པ་འབྱེད་པར་བྱེད་པས་ན་དགག་དབྱེ་ཞེས་བྱའོ། །ཡན་ལག་གི་དོན་ནི། དབྱར་གནས་པས་ཞེས་པ་ནས་སོ། །ཐ་མའི་ཉི་མ་ལའོ་ཞེས་པ་ནི། ཐ་མའི་ཉིན་མཚན་ལའོ་ཞེས་པའོ། །དགག་དབྱེ་དངོས་གཞིའི་ཆོ་ག་ནི་དུས་མཚན་མོ་བྱ་བ་ཡིན་ཏེ། དགག་དབྱེའི་སྔོན་འགྲོའི་བྱ་བ་ཚེས་བཅོ་ལྔའི་ནུབ་མོ་ཆོས་རྣམ་པར་གཏན་ལ་དབབ་པས་ལས་ཀྱི་མདུན་རོལ་ཚུན་ཆད་ཀྱི་མཚན་མོ་འདའ་བ་སྔོན་དུ་འགྲོ་བ་བྱས་ནས། དགག་དབྱེའི་ལས་ནི་སྐྱ་རེངས་འཆར་བའི་མདུན་རོལ་ཏུའོ་ཞེས་གསུངས་པའི་ཕྱིར་རོ། །དགེ་སློང་དགག་དབྱེ་བྱེད་པ་བསྐོ་བ་འདིའི་སྤྱི་དོན་ལ་གཉིས་ལས། དགོས་པའི་དོན་ནི་མ་བསྐོས་པ་ལ་དགག་དབྱེ་གོ་བར་བྱེད་པའི་ལྟུང་བ་མི་འབྱུང་བའོ། །བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་བསྐོ་བ་ནི་ཆོས་བཅོ་ལྔ་དང་ལྡན་པ་བསྐོ་སྟེ། བསྐོ་ཡུལ་ཐུན་མོང་བ་ཆོས་བཅུ་བཞི་་་་་་སྤོང་པ་བའི་ཞལ་ཏ་པ་བསྐོ་བའི་སྐབས་སུ་སྔར་བཤད་པའི་སྟེང་དུ། སྐྱེས་པ་ཡིན་པ་སྟེ། བུད་མེད་ལ་ནི་མ་ཡིན། ཞེས་གསུངས་པ་དང་། གཞན་དུ་རྟེན་དམན་པས་དགོས་པ་རྫོགས་པར་མི་འགྲུབ་པའི་ཕྱིར་རོ། །གཉིས་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་བསྐོ་བ་ནི། གསོལ་གཉིས་ཀྱི་ལས་ཀྱིས་སོ། །བཞི་པ་བསྐོས་པའི་བྱ་བ་ནི་རྩྭ་དར་བྷ་བྲིམ་པ་ལ་སོགས་པའོ། །དེས་རྩྭ་དང་བྷ་བྲིམ་ཞེས་པ་ནི་ལུང་ལས་འཇག་མ་བྲིམ་ཞེས་གསུངས། གཞི་འགྲེལ་ལས་རྩྭ་ཀུ་ཤ་བྲིམ་ཞེས་བཤད་ཅིང་་་་་་གཞི་འགྲེལ་ལས་ཀུ་ཤ་ཞེས་བྱ་བ་ནི་རྩྭའི་རྣམ་པ་རྣོན་པོ་སྟེ་དར་བྷ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བཤད་ཁ་ཆེ་ཛྙཱ་ན་ཤྲཱིའི་ཞལ་ནས་རམ་པའི་ལྗང་པ་ཡིན་གསུངས་སོ། །འདིར་་་་་་དགག་དབྱེ་བྱེད་པ་ན་རྩྭ་དར་བྷ་ལག་པས་བཟུང་དགོས་པ་འདི་གཞུང་གང་ནས་བཤད་ཅེས་འདྲི་ན། ཊཱི་ཀ་ལས་དགག་དབྱེ་བྱ་བ་དང་། དགག་དབྱེ་བྱེད་པ་གཉིས་ཀའི་ལག་པས་བཟུང་བར་བྱའོ་ཞེས་བཤད་ཅིང་། ཚན་པ་གཉིས་དགོས་པ་འདི་གཞུང་གང་ནས་བཤད། རྩྭ་རྐང་པས་མནན་ཏེ་བྱ་བ་འདི་གཞུང་གང་ནས་བཤད་ཅེས་འདྲི་ན་་་་་་བསྡུས་པ་ལས་རྩྭ་ཀུ་ཤ་ཅུང་ཟད་ལག་པས་བཟུང་བར་བྱའོ། །རྩྭ་གཏིང་བ་རྐང་པས་མནན་ཏེ་དགག་དབྱེ་བྱའོ་ཞེས་བཤད་དོ། །རྫས་ཀྱི་དགག་དབྱེ་བྱ་བ་ནི་ཊཱི་ཀ་ལས་སྦྱིན་པར་བྱེད་པ་རྣམས་ཀྱི་བསོད་ནམས་ཀྱིས་རྩྭ་འདུ་བའི་སྒོའི་བྱེ་བྲག་བསྟན་པའི་ཕྱིར་བཅས་ཏེ་ཞེས་བཤད་དོ། །དེའི་རྒྱུ་མཚན་ནི་ཊཱི་ཀ་ལས་དགག་དབྱེ་བྱས་པའི་དགེ་སློང་གིས་དགེ་འདུན་ནི་དགེ་ལེགས་ཀྱི་བསམ་པ་ཅན་ཡིན་པའི་ཕྱིར་དང་བྱམས་པའི་སེམས་དང་ལྡན་པ་ཡིན་པའི་ཕྱིར་བསོད་ནམས་ཀྱི་ཞིང་ཆེས་ཁྱད་པར་དུ་འཕགས་པ་ཡིན་པས། དེ་ལ་སྦྱིན་པ་བྱིན་ན་འབྲས་བུ་ཆེས་མང་པོར་འགྱུར་རོ། །ཞེས་སོ། །དེའི་འོག་ཏུ་དགེ་ཚུལ་རྣམས་ལ་ཞེས་པའི་སྐབས་སུ་ལུང་གཞི་ལས།་་་་་དགེ་སློང་རྣམས་ཀྱིས་དགག་དབྱེ་བྱས་པ། དེའི་འོག་ཏུ་དགེ་སློང་མ་རྣམས་དང་དགེ་སློབ་མ་རྣམས་དང་དགེ་ཚུལ་ཕ་དང་དགེ་ཚུལ་མ་རྣམས་དགག་དབྱེ་བྱེད་དུ་གཞུག་གོ་ཞེས་གསུངས་ཀྱང་གཞུང་དུ་བཀོད་པའི་གོ་རིམ་ཙམ་ཡིན་གྱི། ལག་ལེན་གྱི་གོ་རིམ་ནི་མདོ་རྩ་བར་དགེ་སློང་མའི་དགག་དབྱེའི་སྔོན་དུ་དགེ་ཚུལ་གྱི་དགག་དབྱེ་བྱ་བར་གསུངས་ཏེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་རང་གི་ཕྱོགས་མ་རྫོགས་པར་ཕྱོགས་གཞན་ལ་འཇུག་པ་མི་རིགས་པས་ཞེས་སོ། །གཉིས་སམ་གསུམ་་་་་་ཚོགས་ཀྱི་དགག་དབྱེ་ནི་ལུང་གཞི་ལས་དགོན་པ་འཁྲུག་པའི་དམག་གི་འཇིགས་པ་བྱུང་ནས་ཡུལ་མི་རྣམས་ཀྱང་དེ་དང་དེ་དག་ཏུ་བྲོས་སོ། །དགེ་སློང་རྣམས་ཀྱང་གཏུར་བུ་དག་ཏུ་ཆོས་གོས་རྣམས་ཐུམ་པོ་བྱས་ཏེ། ཚེ་དང་ལྡན་པ་དག་དང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ཡིན་མོད་ཀྱི་གང་གི་ཚེ་དགེ་འདུན་མཐུན་པ་རྙེད་པ་དེའི་ཚེ་དགག་དབྱེ་བྱའོ་ཞེས་བརྗོད་ནས་འདོང་བར་བྱའོ་ཞེས་གསུངས་སོ། །ཆོ་ག་དེ་བས་ཚིག་མང་བ་ཞིག་ཊཱི་ཀ་ལས་བཤད་དེ། ལུང་ལས་གསུངས་པའི་ཆོ་ག་དེ་དང་ཊཱི་ཀ་ནས་བཤད་པའི་་་་་་ཆོ་ག་དེ་གཉིས་གང་གིས་ཀྱང་རུང་་་་་་ཚོགས་ཀྱི་དགག་དབྱེ་འདི་ལ་ནི། ཚེས་གྲངས་བཅོ་ལྔ་པ་ངེས་གཟུང་དུ་མི་དགོས། དགེ་འདུན་འདུ་མི་དགོས་གསོལ་བ་འབའ་ཞིག་པའི་ཆོ་ག་མི་དགོས། དགག་དབྱེ་བྱེད་པ་པོ་བསྐོ་མི་དགོས། རྩྭ་དར་བྷ་བྲིམ་མི་དགོས་སོ། །ངོ་། །གང་ཟག་འཇོག་པ་ནི། ཊཱི་ཀ་ལས་གང་ཟག་ཅེས་བྱ་བ་ནི་གང་ཟག་གང་ལས་རེག་པ་ལ་སོགས་པའི་ལྟུང་བ་བྱུང་བར་གྱུར་པའི་གང་ཟག་དེ་ལ་བྱའི། གླེང་བ་པོ་དང་གླེང་བར་བྱ་བ་ནི་མ་ཡིན་ནོ་ཞེས་བཤད་ཀྱང་། བླ་མ་རྣམས་ཀྱི་གླེང་བྱེད་ཀྱི་གང་ཟག་ཤཱ་རིའི་བུས་ནི་བདག་ལ་མ་གླེངས་ཤིག་ཅེས་གང་ཟག་འཇོག་པའོ་ཞེས་གསུངས་སོ། །ཊཱི་ཀ་ལས་དཀྱིལ་འཁོར་བ་ལྔའམ་དྲུག་ཏུ་བློ་མཐུན་པར་བྱ་ཞིང་དགག་དབྱེ་སོ་སོར་བྱའོ་ཞེས་སོ། །་་་་་སོ་སོར་དགག་དབྱེ་བྱས་ཟིན་ན། འོ་ན་དོང་བ་དག་ན་དགག་དབྱེ་བྱ་ཞེས་འབྱུང་བ་དང་འགལ་སྙམ་ན། དཀྱིལ་འཁོར་བ་ལྔའམ་དྲུག་ཏུ་བློ་མཐུན་པར་བྱས་ཟིན་ཀྱང་། དགག་དབྱེ་མ་བྱས་པའི་སྐབས་དེར་འཐབ་ཀྲོལ་ཅན་དག་འོངས་པའི་དབང་དུ་བྱས་ནས། ངག་གིས་བཤེས་པའི་ཚིག་གིས་བསུ་ནས་ཞེས་པ་མན་ཆད་གསུངས་ཏེ། ཊཱི་ཀ་ལས་དགག་དབྱེ་མ་བྱས་པའི་སྐབས་དེར་ཞེས་སོ། །འདིར་ཕྲན་ཚེགས་ཀྱི་སྐབས་ཀྱི་མདོ་དང་པོ་དང་ལྔ་པའི་ཁྱད་པར་ཅི་ཞེ་ན། ནང་་་་་་ཊཱི་ཀ་ནས་མི་གསལ་ཡང་འགྲེལ་ཆུང་ལ་དང་བཅས་པས་བཟོད་པར་གསོལ་བ་མ་བྱས་པར་དགག་དབྱེ་མི་བྱའོ། །ནང་དང་བཅས་པ་དེས་བཟོད་པ་བླང་བ་མ་བྱས་པར་དགག་དབྱེ་མི་བྱའོ་ཞེས་འགྲེལ་ཆུང་ལས་དོན་དེ་ལྟར་བཤད་དོ། །རྣམ་བཤད་ཉི་མའི་འོད་ཟེར་ལས་དགག་དབྱེའི་གཞིའི་རྣམ་པར་བཤད་པ་རྫོགས་སོ། །ད་ནི་སྲ་བརྐྱང་གི་གཞི་འཆད་དེ། འདིའི་སྤྱི་དོན་ལ་གཉིས་ཏེ། དགོས་པའི་དོན་དང་། བསྡུས་པའི་དོན་ཏོ། །དང་པོ་ནི་སྲ་བརྐྱང་གི་དགོས་པ་ནི་གསུམ་སྟེ། ཀརྨ་ཤ་ཏཾ་དང་ཊཱི་ཀ་ལས་གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བར་གནས་པར་བགྱི་བ་དང་། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་སྤྱད་པའི་སླད་དུ་ཞེས་གསུངས་ཏེ། དང་པོ་ནི་དབྱར་གནས་དང་སྲ་བརྐྱང་འགྲོ་ལྡོག་ངེས་ཤིང་སྲ་བརྐྱང་གི་ཕན་ཡོན་ལ་དམིགས་ནས་དབྱར་གནས་པར་ཁས་ལེན་ལ་འཇུག་པ་སྟེ། ཊཱི་ཀ་ལས་དབྱར་གནས་པའི་དགེ་འདུན་གྱི་གནས་བསྡུ་བ་དང་ཞེས་གསུངས་སོ། །འདི་ལ་ཁ་ཅིག་ན་རེ་ཕན་ཡོན་ནི་འབྲས་བུ་ཡིན་ལ། ཕན་ཡོན་དེ་སྲ་བརྐྱང་གི་སྔོན་དུ་འབྱུང་བར་མི་རིགས་ཏེ། རྟོག་གེའི་བསྟན་བཅོས་ལས། ཕྱིས་འབྱུང་ཕྱིར་ན་རྒྱུ་ཉིད་མིན་ཞེས་རྒྱུ་སྔར་ཡོད་ཡིན་ལ། འབྲས་བུ་ཕྱིས་འབྱུང་ཡིན་པ་དང་འགལ་ལོ་ཞེ་ན། ས་བོན་དང་མྱུ་གུ་ལ་ལྟོས་པའི་རྒྱུ་འབྲས་ལ་སྔ་ཕྱི་དེ་ལྟར་ཡིན་ཡང་། རྣམ་འཇོག་ལ་ལྟོས་པའི་རྒྱུ་འབྲས་འགའ་ཞིག་ལ་སྔ་ཕྱི་འདི་ལྟར་འབྱུང་བ་མི་འགལ་ཏེ། སྟོན་ཐོག་འབྱུང་བ་ལ་དམིགས་ནས་དཔྱིད་བརྙ་སྐྱི་ཁུགས་པ་བཞིན་ནོ་ཞེས་གསུངས་སོ། །གཉིས་པ་ནི། འཆང་འབྲལ་འཇོག་པ་ལ་སོགས་པའི་ལྟུང་བ་བྱུང་གིས་དོགས་པའི་བག་འཁུམས་པ་མེད་པར་དགེ་སློང་རྣམས་བདེ་བར་གནས་པ་སྟེ། ཊཱི་ཀ་ལས་བག་ཡངས་ཀྱི་བདེ་བའི་ཕན་ཡོན་བསྟན་པའི་ཕྱིར་རོ་ཞེས་སོ། །གསུམ་པ་ནི་ཆོས་གོས་གསུམ་ཕྲུགས་གཅིག་ལ་དགེ་སློང་དགེ་འདུན་དུ་ལོངས་པས་བྱིན་གྱིས་བརླབས་པས་སྦྱིན་འབྱུང་གི་བསོད་ནམས་ཆེ་བ་སྟེ། རང་གི་རྣམ་བཤད་ལས་་་་་་ཆོས་གོས་གསུམ་གྱི་སྣམ་ཕྲན་གླེགས་བུ་ལྟ་བུ་ངོ་བོ་གཅིག་པའི་གདིང་བར་གྱུར་པ་དགེ་་་་་་འདིར་གཏོགས་པའི་འདུན་མཐའ་དག་ལ་ཁྱབ་པར་བྱེད་པས་ཞེས་བཤད་དོ། །གཉིས་པ་བསྡུས་པའི་དོན་ལ་དགུ་ལས། དང་པོ་སྲ་བརྐྱང་གི་སྒྲ་བཤད་པ་ནི། ཆོས་གོས་ཞིག་པ་མ་ཡིན་པས་སྲ་བ་དེ་གཟེབ་ཀྱི་སྤྲོག་མའི་ནང་དུ་བརྐྱང་བ་ཡིན་པས་ན། སྲ་བརྐྱང་ཞེས་བྱ་སྟེ། དགེ་སློང་བྲམ་ཟེའི་བུ་མོ་ལྟ་བུས་ཞུས་པ་ལས་གོས་ཞིག་པ་གཏན་པར་བཏིང་ན་གཏན་པར་བཏིང་བ་མ་ཡིན་ནོ་ཞེས་གསུངས་ན། གོས་ཞིག་པ་གང་ལགས། གོས་གང་དགེ་སློང་གིས་ལུས་ལས་དེངས་པའོ་ཞེས་གསུངས་པས་ཆོས་གོས་ཞིག་པ་མ་ཡིན་པས་ན་་་་་་སྲ་བའོ་ཞེས་པ་དང་། ཊཱི་ཀ་ལས་གཟེབ་ཀྱི་སྤྲོག་མའི་ནང་དུ་བརྐྱང་བ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་སོ། །འདི་ལ་མིང་གཉིས་པ་གཏན་པ་ཞེས་ཀྱང་བྱ་སྟེ། འདྲ་ཆོས་གཉིས་ཀྱི་སྒོ་ནས་གཏན་པ་དང་འདྲ་བས་གཏན་པ་ཞེས་བྱ་སྟེ། དཔེར་ན་པང་ལེབ་གཏན་པ་དེའི་སྟེང་དུ་སྣམ་ཕྲན་དང་གླེགས་བུ་ལ་སོགས་པ་ཐ་དད་མང་པོ་དག་གོས་གཅིག་གི་ངོ་བོར་བསྡུས་པ་དང་གོས་མི་འཁུམ་ཞིང་རྐྱོང་བར་བྱེད་པ་དེ་བཞིན་དུ། ཆོས་གོས་སྲ་བརྐྱང་འདིས་ཀྱང་། དགེ་སློང་མང་པོ་དག་སྲ་བརྐྱང་ལ་གཏོགས་པའི་ཚོགས་པ་གཅིག་ཏུ་བསྡུས་པ་དང་། དགེ་སློང་དག་ལྟུང་བ་འབྱུང་བའི་བག་འཁུམས་མེད་པར་བག་རྐྱོང་བར་བྱེད་པའི་ཕྱིར་ན་གཏན་པ་དང་འདྲ་བས་གཏན་པ་ཞེས་བྱ་སྟེ། དོན་དེ་ལྟར་ཊཱི་ཀ་ལས་བཤད་དོ། །གཉིས་པ་རྟེན་གང་གིས་སྲ་བརྐྱང་གདིང་བ་ནི། ཆོས་བཅུ་གཅིག་དང་ལྡན་པས་གདིང་སྟེ། དབྱར་གནས་པར་ཁས་བླངས་པ་དང་། དབྱར་མ་རལ་བ་དང་། དབྱར་སྔ་མ་གནས་པར་ཁས་བླངས་པ་དང་། གནས་དེ་ཉིད་དུ་གནས་པར་ཁས་བླངས་པ་སྟེ། དབྱར་གནས་པར་ཁས་མ་བླངས་པ་དང་དབྱར་རལ་བ་དང་ཞེས་པ་ལ་སོགས་པ་གསུངས་པའོ། །ས་གཞན་ན་གནས་པ་མ་ཡིན་པ་དང་། དེ་་་་་་ས་གཞན་ན་གནས་པ་ལ་དག་ཉིད་འཐོབ་པ་མ་ཡིན་པ་སྟེ། ས་གཞན་ན་གནས་པ་དག་ལ་ཡང་ངོ་། །དེ་དག་ཉིད་འཐོབ་པ་ཡིན་ན་མི་འབྱུང་ངོ་ཞེས་གསུངས་པས་སོ། །བསྙེན་པར་རྫོགས་པ་ཡིན་པ་དང་། ཆོས་གཞན་པའི་ཕྱོགས་སུ་སོང་བ་མ་ཡིན་པ་སྟེ། དགེ་ཚུལ་ནི་རྙེད་པ་དབང་ངོ་ཞེས་པའི་ཤུགས་ཀྱིས་དང་། བྱེ་བ་དག་ན་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་ཞེས་གསུངས་པས་སོ། །མཚན་མཐུན་པ་དང་། ཐ་སྙད་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་སྟེ། གཞན་དུ་ན་་་་་་དགེ་སློང་གསུམ་དང་དགེ་སློང་མ་གཅིག་དང་བཞིས་སྲ་བརྐྱང་བཏིང་ན་མཚན་གྱི་སྒོ་ནས་སྡེ་པ་ཐ་དད་པའི་ཕྱིར་དང་། སྨྱོ་བ་ལྟ་བུ་ཐ་སྙད་དང་མི་ལྡན་པ་དང་། སྤྲུལ་སྟག་ཏུ་བསྒྱུར་བ་ལྟ་བུ་ལུས་ཐ་མལ་པར་མི་གནས་ན་ཆོ་ག་འཆགས་པའི་རྟེན་མ་ཡིན་པའི་ཕྱིར་རོ། །གསུམ་པ་དངོས་པོ་གང་སྲ་བརྐྱང་དུ་གཏིང་བ་ནི། དངོས་པོ་ཆོས་བཞི་ལྡན་ཏེ། རྒྱུས་བྱེ་བྲག་ཏུ་བྱས་པ་དང་། ངོ་བོ་དང་། གྲངས་དང་། བདག་པོས་བྱེ་བྲག་ཏུ་བྱས་པའོ། །དང་པོ་ལ་གསུམ་སྟེ་དབྱར་གྱི་རྒྱུ་ལས་བྱུང་བ། གདིང་བའི་ཉི་མ་ཡན་ཆད་དུ་གྲུབ་པ། གོས་ཀྱི་རྙེད་པར་བགྲང་བའོ། །དེ་ཡང་དབྱར་གྱི་རྒྱུ་ལས་བྱུང་བ། གདིང་བའི་ཉི་མའི་མཐར་གྲུབ་པ། གོས་ཀྱི་རྙེད་པར་བགྲང་བ་ཞེས་གསུངས་པས་སོ། །གཉིས་པ་ངོ་བོས་བྱེ་བྲག་ཏུ་བྱས་པ་ལ་གཉིས་ལས། རུང་བ་དང་། ཚད་ལྡན་ཡན་ཆད་ཡིན་པའོ། །རུང་བ་ལ་བཞི་ལས་རྒྱུ་རུང་བ་དང་། དབྱིབས་དང་། ཁ་དོག་དང་། གནས་སྐབས་རུང་བ་སྟེ། རྒྱུ་མ་བཏགས་པ་དང་ཞེས་པ་དང་། ཡ་ཡོར་མ་གྱུར་པ་དང་ཞེས་པ་དང་། ཁ་བསྒྱུར་བའོ་ཞེས་པ་དང་། མ་རྨུགས་པ་དང་ཞེས་གསུངས་པས་སོ། །ཚད་ལྡན་ཡན་ཆད་ཡིན་པ་ནི། ཆོས་གོས་ཆེ་ཚད་དང་། ཚད་དེ་ལས་ལྷག་པ་ལ་ཡང་སྲ་བརྐྱང་གི་བྱིན་རླབས་འཆགས་ཏེ། ལྔ་པའོ། །ལྷག་པ་ཡང་ངོ་ཞེས་གསུངས་པས་ཚད་ལས་ལྷག་ཀྱང་རུང་སྟེ་བག་ཡངས་ཀྱི་གོས་ཡིན་པའི་ཕྱིར་རོ། །གསུམ་པ་གྲངས་ཀྱིས་བྱེ་བྲག་ཏུ་བྱས་པ་ནི་གསུམ་ཕྲུགས་གཅིག་གམ་དུ་མ་ཡང་རུང་སྟེ། ཆོས་གོས་གསུམ་མོ་ཞེས་གསུངས་ལ། དེའི་གནད་ཀྱིས་སྦྱར་བ་ནི། རང་གི་རྣམ་བཤད་ལས་དགེ་སློང་མ་རྣམས་ཀྱིས་ཆོས་གོས་ལྔ་ཆར་གཏན་པ་ཉིད་དུ་གདིང་ཞེས་བཤད་ཅིང་། ཊཱི་ཀ་ལས་ཀྱང་ངོ་། །དུ་མ་ཡང་ངོ་ཞེས་གསུམ་ཕྲུགས་དུ་མ་རུང་བར་གསུངས་པས་དགེ་སློང་མ་རྣམས་ཀྱིས་ལྔ་ཕྲུགས་དུ་མ་རུང་བ་གནད་ཀྱིས་སྦྱར་རོ། །དེ་ལྟར་ཆོས་གོས་གསུམ་ཕྲུགས་དུ་མ་སྲ་བརྐྱང་དུ་བཏིང་བའི་ཚེ་ན། སྣམ་སྦྱར་དུ་མ་ལ་བྱིན་རླབས་གཅིག་འཆགས་སམ། བྱིན་རླབས་དུ་མ་འཆགས། དང་པོ་ལྟར་ན། བཅས་པའི་རྒྱུ་ཚོགས་སྤྱིའི་ཚུལ་དང་འགལ་ཞིང་། སྣམ་སྦྱར་དུ་མ་ལ་བྱིན་རླབས་གཅིག་ཏུ་མི་ཆགས་པའི་རྒྱུ་མཚན་གཞན་ཡང་བྱ་བ་དུ་མའི་འབྲས་བུས་ལྟུང་བ་གཅིག་ཏུ་རྣམ་པར་མི་གཞག་གོ་ཞེས་གསུངས་པའི་གནད་ཀྱིས། ཆོས་གོས་དུ་མའི་འབྲས་བུ་བྱིན་རླབས་གཅིག་ཏུ་མི་བཞག་གོ་ཞེས་རྒྱུ་མཚན་མཚུངས་པས་སོ། །གཉིས་པ་ལྟར་ན། འཚོ་བའི་ཡོ་བྱད་རེ་རེ་བར་གསུངས་པ་དང་འགལ་ལོ་ཞེ་ན། སྤྱིར་བཏང་ལ་འཚོ་བའི་ཡོ་བྱད་རེ་རེ་བ་ཡིན་ཡང་། འདིར་བག་ཡངས་དང་འབྲེལ་བ་ཡིན་པས་གསུམ་ཕྲུགས་དུ་མའི་སྣམ་སྦྱར་དུ་མ་ལ་བྱིན་རླབས་དུ་མ་འཆགས་པ་ལ་འགལ་བ་མེད་དེ། དེ་ལྟར་མ་ཡིན་ན་ཆོས་གོས་གསུམ་ཕྲུགས་ཀྱི་ནང་ནས་སྣམ་སྦྱར་ལྟ་བུ་གོས་གཅིག་ལ་དགེ་སློང་དུ་མའི་སྲ་བརྐྱང་གི་བྱིན་རླབས་འཆགས་པའང་མི་རིགས་པར་འགྱུར་རོ། །འོ་ན་གསུམ་ཕྲུགས་མ་ཚང་བར་ཆོས་གོས་གཅིག་ཉིད་སྲ་བརྐྱང་དུ་བཏིང་ན་སྲ་བརྐྱང་གི་བྱིན་རླབས་འཆགས་སམ་མི་འཆགས་ཞེ་ན། ཆོས་གོས་གང་ཡོད་དེའི་སྲ་བརྐྱང་གི་བྱིན་རླབས་འཆགས་ཏེ། ཆོས་གོས་གསུམ་པོ་་་་་་སྤྱིར་ཆོས་གོས་སོ་སོ་ལ་སྲ་བརྐྱང་གི་བྱིན་རླབས་སོ་སོར་འཆགས་ཤིང་། སྣམ་སྦྱར་ལྟ་བུ་་་་་་ཆོས་གོས་གང་ཡོད་དེ་ལ་སྲ་བརྐྱང་གི་བྱིན་རླབས་མི་འཆགས་པའི་རྒྱུ་མ་དམིགས་པའི་ཕྱིར་རོ། །མཐང་གོས་ལྟ་བུ་་་་་་ཆོས་གོས་གང་མེད་པ་་་་་་འཆང་འབྲལ་མི་འབྱུང་བ་ལ་སོགས་པ་དེའི་ཐུན་མོང་མ་ཡིན་པའི་ཕན་ཡོན་ལྡོག་སྟེ། ཕན་ཡོན་དེའི་རྒྱུ་ལྡོག་པའི་ཕྱིར་རོ། །སྣམ་སྦྱར་ལྟ་བུ་་་་་་ཆོས་གོས་གང་ཡོད་དེའི་་་་་་འཆང་འབྲལ་མི་འབྱུང་བ་ལ་སོགས་པ་སྲ་བརྐྱང་གི་ཕན་ཡོན་མི་ལྡོག་སྟེ། ཕན་ཡོན་དེ་ལྡོག་པའི་རྒྱུ་མེད་པའི་ཕྱིར་རོ། །བཞི་པ་བདག་པོས་བྱེ་བྲག་ཏུ་བྱས་པ་ནི། དགེ་འདུན་སྤྱིར་དབང་བ་སྟེ་དགེ་འདུན་གྱིའོ། །ཞེས་གསུངས་་་་་་ལ་ཊཱི་ཀ་ལས་དགེ་འདུན་གྱིས་བྱིན་གྱིས་བརླབས་པར་བྱ་བ་དག་ཡིན་པའི་ཕྱིར་རོ་ཞེས་བཤད་པ་དང་། ལུང་གཞི་ལས་གང་ཟག་གི་ཆོས་གོས་སྲ་བརྐྱང་དུ་གདིང་དུ་མི་རུང་བར་གསུངས་་་་་་འདིའི་ལུང་འདྲེན་ནི་ཆོས་གོས་གསུམ་མོ་ཞེས་པའི་སྐབས་སུ་སྟོན་ཏོ། །སོ། །བཞི་པ་གནས་གང་དུ་སྲ་བརྐྱང་གདིང་བ་ནི་གང་དུ་དབྱར་གནས་པ་དེའི་མཚམས་ཀྱི་ནང་ཡིན་པ་སྟེ། མཚམས་ཀྱི་ནང་དུ་བློ་མཐུན་པར་བྱ་ཞེས་པ་དང་། དབྱར་གནས་གཞན་དུ་གནས་པ་ལ་དེ་མི་འབྱུང་ཞེས་པ་དང་མཚམས་གཅིག་ཉིད་ཡིན་ན་དེར་གནས་གཞན་དུ་གནས་པ་རྣམས་ཀྱང་ཞེས་གསུངས་པས་སོ། །ལྔ་པ་དུས་གང་གི་ཚེ་སྲ་བརྐྱང་གདིང་བ་ནི། དབྱར་སྔ་ཕྱིའི་བྱེ་བྲག་གིས་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གམ་ཐ་ཆུང་གི་ཚེས་བཅུ་དྲུག་ལ་སྟེ། ཚེས་བཅུ་དྲུག་ལའོ། །སྟོན་ཟླ་འབྲིང་པོའི་འོ། །ཞེས་པ་དང་། ཊཱི་ཀ་ལས་དགེ་འདུན་ཐམས་ཅད་དབྱར་ཕྱི་མར་གནས་པར་ཁས་བླངས་ན་སྲ་བརྐྱང་གདིང་བའི་དུས་ནི་སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་གོ་ཞེས་བཤད་དོ། །དྲུག་པ་ཡུན་ཇི་སྲིད་དུ་སྲ་བརྐྱང་གདིང་བ་ནི་ཟླ་བ་ལྔར་ཏེ་ལུང་ཞུ་བ་ལས་ཇི་སྲིད་དུ་གཏན་པ་གདིང་བར་བགྱི། ཟླ་བ་ལྔར་རོ་ཞེས་གསུངས་ཤིང་། དཔྱིད་ཟླ་ར་བའི་ཉ་ལ་དབྱུང་ཞེས་བཤད་པས་ཀྱང་གྲུབ་བོ། །བདུན་པ་ཆོ་ག་གང་གིས་སྲ་བརྐྱང་གདིང་བ་ནི། སྦྱོར་དངོས་མཇུག་གསུམ་ལས་དང་པོ་སྦྱོར་བའི་ཆོ་ག་ལ་གསུམ་སྟེ། གང་ཟག་སོ་སོས་བྱ་བའི་ཆོ་ག་དང་། དགེ་འདུན་ཚོགས་པས་བྱ་བའི་ཆོ་ག་དང་། འདིངས་པར་བསྐོས་པས་བྱ་བའི་ཆོ་གའོ། །དང་པོ་ནི་དགེ་སློང་རྣམས་རང་རང་གི་ཆོས་གོས་རྣམས་བྱིན་རླབས་དབྱུང་བ་སྟེ། དེ་ནི་ཆོས་གོས་གཞན་བྱིན་གྱིས་བརླབ་པ་ཡིན་པས་ཞེས་སོ། །གཉིས་པ་ལ་བཞི་སྟེ། ཞག་མ་ལོན་པར་ཚོགས་པས་མོས་པར་བྱ་བ་དང་། མཚམས་ཀྱི་ནང་དུ་བློ་མཐུན་པར་བྱ་བ་དང་། འདིངས་པ་པོའི་དགེ་སློང་བསྐོ་བ་དང་། དེ་ལས་གསོལ་བ་བྱས་ཏེ་གཏད་པའོ། །དང་པོ་ནི་དབྱར་གྱི་ཚུལ་ནང་གི་ཉི་མ་གང་ལ་ཆོས་གོས་དེ་དགེ་འདུན་གྱི་ལག་ཏུ་གྲུབ་ནས་ཞག་མ་ལོན་པར་སྲ་བརྐྱང་འདིངས་པར་གྱུར་པ་དེ་ལ་གཏོགས་པར་འགྱུར་ཚད་ཀྱི་དགེ་འདུན་རྣམས་ཚོགས་པས་བསམ་པས་མོས་པ་བསྐྱེད་པར་བྱ་སྟེ། ཆོས་གོས་འདི་ནི་དབྱར་གནས་པའི་དགེ་འདུན་གྱི་ཆོས་གོས་ཀྱི་རྙེད་པ་གྲུབ་པ་ལགས་ཏེ། གལ་ཏེ་དགེ་འདུན་བཞེད་ན་ཆོས་གོས་འདི་དགེ་འདུན་གྱི་སྲ་བརྐྱང་དུ་འདིངས་པར་འགྱུར་རོ་ཞེས་སེམས་བསྐྱེད་ཅིང་ངག་ཏུ་ལན་ཅིག་བརྗོད་པའོ། །གཉིས་པ་ནི་མཚམས་ཀྱི་ནང་དུ་བློ་མཐུན་པར་བྱའོ་ཞེས་གསུངས་ཏེ། གནས་གང་དུ་དབྱར་གནས་པ་དེའི་མཚམས་ཀྱི་ནང་དུ་དངོས་པོ་སྲ་བརྐྱང་དུ་གདིང་བར་འོས་པའི་ཆོས་གོས་གསུམ་ལ། ཆོས་གོས་འདི་དག་སྲ་བརྐྱང་དུ་གདིང་བར་བྱའོ་ཞེས་དགེ་འདུན་རྣམས་བློ་མཐུན་པར་བྱ་སྟེ། ཆོ་ག་གསོལ་གཉིས་ཀྱི་ལས་ཀྱིས་སོ། །་་་་་ཊཱི་ཀ་ལས་ཚོགས་པས་མོས་པར་བྱས་པའི་ཉི་མ་དེ་ཉིད་དམ་ཉི་མ་གཉིས་པ་ལ་བློ་མཐུན་བྱས་པ་ཁོ་ནར་ངེས་པ་མེད་དེ་གདིང་བའི་ཉི་མ་ལ་མ་བབ་པ་ཕན་ཆད་ནས་ནམ་དགའ་བར་བྱར་རུང་ཞེས་སོ། །གསུམ་པ་ནི་སྲ་བརྐྱང་འདིངས་པ་པོའི་དགེ་སློང་གསོལ་གཉིས་ཀྱིས་བསྐོ་བ་སྟེ། འདིངས་པ་ཡང་ཞེས་གསུངས་སོ། །བཞི་པ་ནི་་་་་་སྲ་བརྐྱང་འདིངས་པར་བསྐོས་པའི་དགེ་སློང་དེ་ལ་གཏད་པར་བྱའོ། །གསོལ་བ་་་་་་འབའ་ཞིག་གི་ལས་བྱས་ཏེ་འོ་གསུངས་་་་་་བློ་མཐུན་བྱས་པ་དེ་ཉིད་ཀྱི་ཉིན་མོ་གཏད་པར་བྱས་པ་སྟེ། ཆོས་གོས་བློ་མཐུན་བྱས་པའི་ཉི་མ་གཞན་དུ་བཞག་པར་མི་རིགས་པའི་ཕྱིར་རོ་ཞེས་ཊཱི་ཀ་ལས་བཤད་དོ། །པའོ། །གསུམ་པ་འདིངས་པར་བསྐོས་པས་བྱ་བའི་ཆོ་ག་ལ་བཞི་ལས། དང་པོ་ལས་གསུམ་བསྒྲུབ་པ་ནི། ཆོས་གོས་དེ་བཀྲུ་བ་དང་དྲུབས་པ་དང་། ཁ་བསྒྱུར་བ་དག་ལ་དེས་སྔོན་དུ་འགྲོ་བར་བྱའོ་ཞེས་གསུངས་སོ། །གཉིས་པ་སེམས་གསུམ་བསྐྱེད་པ་ནི། གདིང་བར་འགྱུར་རོ་གདིང་ངོ་བཏིང་ངོ་སྙམ་དུ་སེམས་བསྐྱེད་པར་བྱའོ་ཞེས་གསུངས་སོ། །གསུམ་པ་ཚོགས་པ་ལ་བརྗོད་པ་ནི། ཚེ་དང་ལྡན་པ་དག་བདག་སང་སྲ་བརྐྱང་གདིང་བར་འགྱུར་གྱིས་ཞེས་པ་ལ་སོགས་པ་བརྗོད་པའོ། །བཞི་པ་འདུ་བའི་སྐབས་རྗེས་སུ་སྒྲུབ་པ་ནི་གནས་དེར་དགེ་འདུན་རྣམས་འདུ་བའི་སྐབས་ཀྱི་བྱ་་་་་་གདན་ཆ་བཤམས་པ་ལ་སོགས་པ་བ་རྣམས་སྒྲུབ་པ་སྟེ། འདུ་བའི་སྐབས་རྗེས་སུ་སྒྲུབ་པར་བྱ་ཞེས་སོ། །གཉིས་པ་དངོས་གཞིའི་ཆོ་ག་ནི། སྲ་བརྐྱང་འདིངས་བ་པོར་བསྐོས་པའི་དགེ་སློང་དེས་སྲ་བརྐྱང་འདིངས་པའི་སྔགས་ལན་གསུམ་བརྗོད་པར་བྱའོ། །གསུམ་པ་མཇུག་གི་ཆོ་ག་ནི་དགེ་སློང་རེ་རེའི་མདུན་དུ་འདུག་སྟེ་བཏིང་ངོ་། །ཞེས་རེ་རེ་ལ་ལན་གསུམ་གསུམ་གོ་བར་བྱའོ། །བརྒྱད་པ་དང་དགུ་པ་བཏིང་ནས་བརྐྱང་བ་དང་བརྐྱང་ནས་དབྱུང་བ་ནི་འོག་ཏུ་རང་རང་གི་སྐབས་སུ་འཆད་པར་འགྱུར་རོ། །ཡན་ལག་གི་དོན་ནི། སྲ་བརྐྱང་གདིང་བར་བྱའོ་ཞེས་གསུངས་ན། འདི་སྒྲུབ་པ་ཡིན་ནམ་གནང་བ་ཡིན་ཞེ་ན། ཅི་དགར་འཇུག་པ་གནང་བའི་བསླབ་པ་ཡིན་ཏེ། ལུང་གཞི་ལས། དགེ་སློང་རྣམས་ལ་སྲ་བརྐྱང་གནང་བར་བྱའོ་ཞེས་གསུངས་སོ། །མ་སྨྲས་པར་གྲོང་དུ་འགྲོ་བ་དང་ཞེས་པ་འདི་་་་་་མྱང་མཚམས་པ་ལ་ཁ་ཅིག་ན་རེ་ཁོ་བོ་མ་འོངས་པའི་དབང་གིས་བྲིམ་པ་ཡོལ་བར་མ་བྱ་ཞིག་ཅེས་མ་སྨྲས་པར་སྔ་དྲོ་གྲོང་དུ་རྒྱུ་བ་ཡིན་ཏེ། མདོ་རྩ་ཞུ་བའི་སྐབས་སུ། ཊཱི་ཀ་ལས་ཁུངས་སུ་དྲངས་པའི་ལུང་ཞུ་བ་ལས། མ་སྨྲས་པར་གྲོང་དུ་རྒྱུ་བ་དང་ཞེས་གསུངས་པས། གྲོང་རྒྱུ་བ་ཡིན་ཏེ་དུས་མ་ཡིན་པར་གྲོང་དུ་འགྲོ་བ་ནི་མ་ཡིན་ནོ་ཞེས་འཆད་དོ། །འོན་ཀྱང་མདོ་རྩ་བ་ཉིད་ལས་མ་སྨྲས་པར་གྲོང་དུ་འགྲོ་བ་དང་ཞེས་གསུངས་ལ། འདུལ་བ་བསྡུས་པ་འགྱུར་སྔ་མ་ལས་དུས་མ་ཡིན་པར་གྲོང་དུ་འགྲོ་བའི་ཉེས་པ་མེད་དོ་ཞེས་བཤད་དོ། །མ་སྨྲས་པར་གྲོང་དུ་རྒྱུ་བ་དང་ཞེས་ལུང་དྲངས་པ་དེ་ནི་དུས་མ་ཡིན་པར་གྲོང་དུ་འགྲོ་བ་ལ་གྲོང་དུ་རྒྱུ་བ་ཞེས་བརྗོད་པའོ། །མ་སྨྲས་པར་གྲོང་དུ་འགྲོ་བ་དང་ཞེས་པ་འདི་ལ་རྣམ་གྲངས་གཞན་ཡང་ལུང་གཞི་ལས་ཁྱིམ་རྣམས་སུ་མགྲོན་དུ་མ་བོས་པར་འགྲོ་ན་་་་་་ཉེས་པ་འབྱུང་བ་མ་ཡིན་པ་དང་ཞེས་ཀྱང་བཤད་དོ། །གོས་སློང་བ་ལ་ཡང་ཉེས་པ་མེད་ལ་ཞེས་པ་ཡན་ཆད་དེ་རྣམས་ཀྱི་ཉེས་པ་མི་འབྱུང་བ་ནི། རང་རང་གི་བཅས་པ་བག་ཡངས་དང་འབྲེལ་བའི་ཕྱིར་རོ། །དེ་ལྷག་མ་དག་དང་རྙེད་པ་ཐུན་མོང་དུ་འགྱུར་བ་ནི་སྲ་བརྐྱང་ལས་བྱུང་བའི་ནོར་གཅིག་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟར་སྲ་བརྐྱང་གི་ཕན་ཡོན་བརྒྱད་གཞུང་འདིར་དངོས་སུ་བསྟན་ཏོ། །འོ་ན་སྲ་བརྐྱང་གི་གཞི་ལས་བརྒྱད་པོ་དེ་དག་གི་སྟེང་དུ། རུང་བ་མ་བྱས་པའི་གོས་འཆང་བ་དང་སྣམ་སྦྱར་མ་ཁྱེར་བར་བླ་གོས་མཐང་གོས་དང་བཅས་ཏེ་ལྗོངས་རྒྱུ་ཞིང་འགྲོ་བ་ལ་ཉེས་པ་མེད་པ་སྟེ་སྲ་བརྐྱང་གི་ཕན་ཡོན་བཅུ་གསུངས་པ་ལས། ཕན་ཡོན་བརྒྱད་གཞུང་འདིར་དངོས་སུ་བསྡུས་ཀྱང་། གཉིས་པོ་དེ་འདིར་མ་བསྡུས་པའི་རྒྱུ་མཚན་གང་ཞེ་ན། ཊཱི་ཀ་ལས་འཆང་འབྲལ་འཇོག་པའི་ལྟུང་བ་མི་འབྱུང་བར་བསྟན་པ་ཉིད་ཀྱིས་བསྡུས་ཟིན་པའི་ཕྱིར་རོ་ཞེས་གསུངས་ཏེ། འཆང་འཇོག་གི་ཉེས་པ་མི་འབྱུང་བར་དངོས་སུ་བསྟན་པས་རུང་བ་མ་བྱས་པའི་གོས་འཆང་བ་ལ་ཉེས་པ་མེད་པར་ཤུགས་ཀྱིས་བསྟན་ཅིང་། འབྲལ་བའི་ཉེས་པ་མི་འབྱུང་བར་དངོས་སུ་བསྟན་པས། སྣམ་སྦྱར་མ་ཁྱེར་བར་ལྗོངས་རྒྱུ་ཞིང་འགྲོ་བ་ལ་ཉེས་པ་མེད་པར་ཤུགས་ཀྱིས་བསྟན་པའོ། །ལུང་ལས་དེ་གཉིས་ཕན་ཡོན་ལོགས་ཤིག་ཏུ་བགྲངས་པ་ནི། བྱིན་གྱིས་རློབ་པའི་འབད་རྩོལ་ལས་ཐར་བ་དང་། སྣམ་སྦྱར་ཁྱེར་བའི་ཁུར་ལས་ཐར་བའི་ཆ་ནས་ཕན་ཡོན་དུ་བགྲངས་པའོ། །དབྱར་གནས་པ་ཁས་མ་བླངས་པ་ལ་སོགས་པ་བཞི་ལ་ལུང་ཞུ་བ་ལས་སྲ་བརྐྱང་གདིང་བ་འབྱུང་བར་གསུངས་པ་དང་འགལ་ལོ་ཞེ་ན། རང་གི་བསླབ་པའི་ཚིགས་སྔ་ཕྱི་གང་དུ་ཡང་དབྱར་གནས་པར་ཁས་མ་བླངས་པ་ལ་སྲ་བརྐྱང་གདིང་བར་མི་འབྱུང་ངོ་། །འོན་ཀྱང་དགེ་སློང་གིས་དབྱར་གནས་པར་ཁས་མ་བླངས་ཀྱང་དགེ་སློང་དེས་སྲ་བརྐྱང་གདིང་བ་འབྱུང་བ་ཡོད་དེ། ཞུ་བ་ལས་དགེ་ཚུལ་ཕ་དབྱར་ཚུལ་དུ་ཞུགས་ལ་བསྙེན་པར་རྫོགས་ཏེ་ཟླ་བ་གསུམ་འདས་པས་གཏན་པ་བཏིང་ན་བཏིང་བ་ཞེས་གསུངས་སོ། །དབྱར་ཕལ་ཆེར་མ་གནས་པར་དབྱར་རལ་བ་ལ་སྲ་བརྐྱང་གདིང་བ་དེ་མི་འབྱུང་ངོ་། །འོན་ཀྱང་་་་་་ལུང་ཞུ་བ་ལས་དབྱར་རལ་བས་ཀྱང་སྲ་བརྐྱང་གདིང་བ་འབྱུང་བར་གསུངས་ཏེ། དབྱར་ཕལ་ཆེར་གནས་ནས་རལ་བ་ལ་དགོངས་པའོ། །གནས་དེར་དགེ་སློང་ཁ་ཅིག་གིས་དབྱར་སྔ་མ་ཁས་བླངས་པ་ཉིད་ན་ཁ་ཅིག་གིས་གནས་དེར་དབྱར་ཕྱི་མར་གནས་པར་ཁས་བླངས་པ་ལ་སྲ་བརྐྱང་གདིང་བ་དེ་མི་འབྱུང་ངོ་། །འོན་ཀྱང་ཞུ་བ་ལས་དགེ་འདུན་ཐམས་ཅད་དབྱར་ཕྱི་མར་ཚུལ་དུ་ཞུགས་ལ་ཟླ་བ་གསུམ་དུ་གནས་ནས་གཏན་པ་བཏིང་ན་དེ་དག་གི་གཏན་པ་བཏིང་བ་ཞེས་བྱའོ་ཞེས་གསུངས་སོ། །རྒྱ་ཆེར་འགྲེལ་ལས་ཀྱང་དགེ་འདུན་ཐམས་ཅད་དབྱར་ཕྱི་མར་གནས་པར་ཁས་བླངས་པ་དག་ལ་ཡང་སྲ་བརྐྱང་གདིང་བ་འཆགས་སོ་ཞེས་བཤད་དོ། །དབྱར་གནས་པར་ཁས་ལེན་པ་ནས་སྲ་བརྐྱང་འདིངས་པ་ཡན་ཆད་ན་མཚམས་ཐ་དད་དུ་ངེས་པའི་དབང་དུ་བྱས་ནས་དབྱར་གནས་གཞན་དུ་གནས་པར་ཁས་བླངས་པ་དག་ལ་སྲ་བརྐྱང་གདིང་བ་དེ་མི་འབྱུང་ངོ་། །འོན་ཀྱང་ཞུ་བ་ལས་དབྱར་གནས་གཞན་དུ་གནས་པར་ཁས་བླངས་ཏེ་ཟླ་བ་གསུམ་དུ་གནས་ནས་གནས་དེ་དག་མཚམས་པོ་ཆེ་གཅིག་ཏུ་བྱས་ནས་གཏན་པ་བཏིང་ན་བཏིང་བ་ཉིད་དུ་གསུངས་སོ། །མདོ་རྩ་བ་འདི་ཉིད་ལས་ཀྱང་མཚམས་གཅིག་པ་ཉིད་ཡིན་ན་དེར་གནས་གཞན་དུ་གནས་པ་རྣམས་ཀྱང་བཏིང་བའི་ཕྱིར་གནས་པ་ཉིད་ཡིན་ནོ་ཞེས་གསུངས་སོ། །སྤོ་བ་སྤྱོད་པ་ལ་སོགས་པས་གཞན་ན་གནས་པ་དག་ལ་ཡང་སྲ་བརྐྱང་གདིང་བ་དེ་མི་འབྱུང་ངོ་ཞེས་པ་ནི་ས་རང་བཞིན་དུ་གནས་པ་རྣམས་ཀྱི་ནང་དུ་དེ་དག་གིས་སྲ་བརྐྱང་གདིང་བ་མི་འཆགས་པའོ། །ས་གཞན་ན་གནས་པ་འབའ་ཞིག་གིས་བཏིང་ན་ནི། ཞུ་བ་ལས་སྤོ་བའི་ཆད་པ་སྤྱོད་པ་དང་སྤོ་བའི་ཆད་པ་བོར་བ་དང་མགུ་བ་སྤྱོད་པ་དང་མགུ་བ་སྤྱད་ལགས་པ་དང་བསླབ་པ་སྩལ་བ་རྣམས་ཀྱི་གཏན་པ་བཏིང་ན་བཏིང་བ་ཞེས་བགྱི་འམ། ཨུ་པ་ལི་བཏིང་བ་ཞེས་བྱ་སྟེ་དགེ་འདུན་ནི་འདས་པ་དང་བཅས་པའོ་ཞེས་གསུངས་སོ། །བསླབ་པ་བྱིན་ནི་མ་ཟིན་ལ། བསླབ་པ་སྦྱིན་པར་འོས་པ་ལྟ་བུ་སྟེ། ས་གཞན་ན་གནས་པ་དེ་དག་ཉིད་འཐོབ་པ་ཡིན་ན། མི་འབྱུང་ཡང་། དེ་དག་འབའ་ཞིག་གིས་བཏིང་ན་ནི་འབྱུང་བར་རིགས་ཏེ། སྔ་མ་དང་མཚུངས་སོ། །སྲ་བརྐྱང་བཏིང་ཟིན་ནས་དགེ་འདུན་དེ་རྣམས་ཆོས་དང་ཆོས་མ་ཡིན་པ་གཉིས་སུ་བྱེ་བ་དག་ན་ཆོས་མིན་ཕྱོགས་སུ་སོང་བ་ནི། སྔར་དགེ་འདུན་མ་བྱེ་བས་བཏིང་བའི་སྲ་བརྐྱང་གི་རྙེད་པ་མི་དབང་སྟེ། དཔེར་ན་གནས་ནས་ཕྱུང་བ་དེ་ཉིད་ཀྱི་རྙེད་པ་མི་དབང་བའི་ཆད་ལས་འཐོབ་པ་དང་འདྲའོ། །འོ་ན་ལུང་ཞུ་བ་ལས་བཙུན་པ་གཏན་པ་བཏིང་བའི་གནས་སུ་དགེ་འདུན་བྱེ་ན་དབྱར་གྱི་རྙེད་པ་སུས་འཐོབ། ཕྱོགས་གཉིས་ཀས་སོ་ཞེས་གསུངས་ཏེ་དགོངས་པ་བཙལ་དགོས་ཡོད།་་་་་འོན་ཀྱང་དབྱར་གནས་ཟིན་པའི་དགེ་འདུན་ཆོས་དང་ཆོས་མིན་གཉིས་སུ་བྱེ་ནས། ཕྱོགས་གཉིས་ཀས་སྲ་བརྐྱང་བཏིང་ན་ནི་ཆོས་མིན་ཕྱོགས་སུ་སོང་བ་ཡང་རང་གི་སྲ་བརྐྱང་གི་རྙེད་པ་དབང་སྟེ། ཕྱོགས་གཉིས་ཀས་རང་རང་གི་སྲ་བརྐྱང་གི་རྙེད་པ་དབང་བར་ཊཱི་ཀ་ལས་སྲ་བརྐྱང་བཏིང་བའི་རྒྱུ་ལས་བྱུང་བའི་རྙེད་པ་གང་ཡིན་པ་དེ་ནི་་་་་་ཆོས་ཕྱོགས་པ་དང་། ཆོས་མིན་ཕྱོགས་པ་ཐམས་ཅད་ལ་འོས་པ་ཉིད་ཡིན་ནོ་ཞེས་བཤད་དོ། །ཆོས་གོས་གསུམ་མོ་ཞེས་ལུང་ལས་གསུམ་གྱི་གྲངས་དངོས་སུ་མ་གསུངས་ཀྱང་། ལུང་གཞི་ལས་ཁྱེད་ཅག་རང་རང་གི་ཆོས་གོས་རྣམས་དབྱུང་བར་བྱའོ་ཞེས་གསུངས་པས་ཆོས་གོས་གསུམ་ཡིན་པར་མངོན་ལ། ལུང་གཞི་ལས་བཙུན་པ་གང་ཟག་གི་སྣམ་སྦྱར་སྲ་བརྐྱང་དུ་གདིང་དུ་རུང་ངམ། ཉེ་བར་འཁོར་མི་རུང་སྟེ་དགེ་འདུན་ལ་ཕུལ་ན་ནི་རུང་ངོ་། །བླ་གོས་དང་མཐང་གོས་ཀྱང་དེ་བཞིན་ནོ་ཞེས་གསུངས་པས་ཆོས་གོས་གསུམ་ཆར་གདིང་ངོ་། །རང་གི་རྣམ་བཤད་དང་ཊཱི་ཀ་ལས་དགེ་སློང་མ་རྣམས་ཀྱིས་ཆོས་གོས་ལྔ་སྲ་བརྐྱང་དུ་གདིང་བར་གསུངས་སོ། །དགེ་འདུན་གྱིའོ་ཞེས་པ་ནི་དགེ་འདུན་གྱི་ཆེད་དུ་འདིངས་བའི་དབང་དུ་བྱས་པ་སྟེ། གང་ཟག་གྲངས་ཀྱི་ཁ་སྐོང་བཙལ་ནས་འདིངས་ན་ནི་གང་ཟག་གི་ཆོས་གོས་ལ་ཡང་སྲ་བརྐྱང་གི་བྱིན་རླབས་འཆགས་་་་་་སྔ་མ་རྣམས་ཞེས་འཆད་དོ། །རུང་བའི་ཚོན་གྱིས་ཁ་བསྒྱུར་བ་སྲ་བརྐྱང་དུ་གདིང་བའོ། །མི་རུང་བའི་ཚོན་གྱིས་ཁ་བསྒྱུར་བ་དང་དཀར་པོ་ལྟ་བུ་ཁ་མ་བསྒྱུར་བ་ལ་ནི་སྲ་བརྐྱང་གདིང་བ་མི་འཆགས་སོ། །ངུར་སྨྲིག་ལྟ་བུ་རང་བཞིན་གྱི་ཁ་དོག་ཅན་ལ་ནི་ཁ་མ་བསྒྱུར་ཡང་སྲ་བརྐྱང་གདིང་བ་འཆགས་པར་རིགས་ཏེ། ལུང་ཞུ་བ་ལས་རང་བཞིན་གྱི་ཁ་དོག་ཅན་གྱོན་པ་ལ་ཁ་མ་བསྒྱུར་བ་གྱོན་པའི་ལྟུང་བ་མི་འབྱུང་བར་་་་་་ལུང་ཞུ་བ་ལས་དགེ་སློང་གིས་ཁ་དོག་བསྒྱུར་བ་རྣམ་པ་གསུམ་པས་གང་ཡང་རུང་བ་གཅིག་གིས་ཁ་དོག་མ་བསྒྱུར་བར་སྤྱད་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ་ཨུ་པ་ལི་ཡོད་དེ། དགེ་སློང་གིས་རང་བཞིན་གྱིས་ཁ་དོག་ཅན་གྱི་གོས་བགོས་ནའོ་ཞེས་གསུངས་པའི་གནད་ཀྱིས་ཤེས་སོ། །འདིངས་བ་པོའི་དགེ་སློང་བསྐོ་བ་ནི། འདིངས་པ་ཡང་ངོ་ཞེས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་སྲ་བརྐྱང་འདིངས་པ་པོ་བསྐོས་པའི་དགོས་པ་ནི། མ་བསྐོས་པར་འདིངས་པའི་ལྟུང་བ་མི་འབྱུང་བའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་བསྐོ་བ་ནི། ཆོས་བཅོ་བརྒྱད་དང་ལྡན་པ་བསྐོ་སྟེ། དེ་ཡང་དབྱར་གནས་པར་ཁས་བླངས་པ་ལ་སོགས་པ་ཆོས་བཅུ་གཅིག་དང་ལྡན་པ་སྟེ། གང་ལ་དེ་འབྱུང་བའོ་ཞེས་གསུངས་པས་སོ། །འགྲོ་བ་བཞི་དང་བྲལ་བ་དང་། སྤྲོ་བ་དྲིས་ན་སྤྲོ་བ་ཡིན་པ་སྟེ། འདུན་པ་དང་ཞེ་སྡང་དང་གཏི་མུག་དང་འཇིགས་པས་འགྲོ་བ་དང་བྲལ་བ་ཞེས་པ་དང་། སྤྲོ་བར་བྱ་སྟེ་བསྐོའོ་ཞེས་གསུངས་པས་སོ། །ཚོགས་སུ་མ་ཚང་བ་སྟེ། ཚོགས་ཀྱིས་ལས་མི་བྱའོ་ཞེས་གསུངས་པས་སོ། །སྔར་བསྐོས་པ་དང་མ་འབྲེལ་བ་སྟེ། སྔར་བསྐོས་པ་ནི་མ་བསྐོས་པ་ཉིད་མ་ཡིན་ཞེས་གསུངས་པའི་གནད་ཀྱིས་སོ། །གཉིས་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་བསྐོ་བ་ནི། སྦྱོར་དངོས་མཇུག་གསུམ་ལས། སྦྱོར་བ་འདུ་བའི་སྐབས་རྗེས་སུ་སྒྲུབ་པ་དང་། ལས་བྱེད་པས་སྤྲོ་བ་འདྲི་བའོ། །དངོས་གཞི་གསོལ་གཉིས་ཀྱི་ལས་དང་། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །བཞི་པ་བསྐོས་པའི་བསླབ་བྱ་ནི། ལས་གསུམ་བསྒྲུབ་པ་དང་། སེམས་གསུམ་བསྐྱེད་པ་ལ་སོགས་པའོ། །ཡན་ལག་གི་དོན་ནི། གདིང་བ་ཡང་ངོ་ཞེས་སོ། །སེམས་གསུམ་བསྐྱེད་པ་ལས་གདིང་ངོ་སྙམ་པ་མེད་ན་མི་འཆགས་ཏེ་ཀུན་སློང་མེད་པའི་ཕྱིར་དང་། དེ་དང་བྲལ་བ་ནི་ཕྱུང་བ་ཡིན་ནོ་ཞེས་གསུངས་པས་སོ། །སེམས་གསུམ་བསྐྱེད་པའི་དང་པོ་ཉམས་ན་མི་འབྱུང་བ་མ་ཡིན་ནོ་ཞེས་སོ།་་་་་།སེམས་གསུམ་བསྐྱེད་པའི་ཐ་མ་ཉམས་ཏེ་བཏིང་ངོ་སྙམ་དུ་སེམས་བསྐྱེད་པ་དེ་མ་བྱས་ན་ཡང་སྲ་བརྐྱང་བཏིང་བ་མི་འབྱུང་བ་ཉིད་མ་ཡིན་ཏེ་སྲ་བརྐྱང་བཏིང་ཟིན་པའི་ཕྱིར་རོ། །བཏིང་ནས་བརྐྱང་བ་ནི། དུས་དུས་སུ་བསང་བར་བྱ་ཞེས་པ་ནས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་སྲ་བརྐྱང་བརྐྱང་བའི་དགོས་པ་ནི། མ་བརྐྱང་བའི་ཉེས་པ་ཁེགས་པ་དང་། ཆུད་ཟ་བ་སྤོང་བའོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་གང་བརྐྱང་བའི་དངོས་པོ་ནི་སྲ་བརྐྱང་བཏིང་ལ་ཞིག་པར་མ་གྱུར་པ་སྟེ་སྐབས་ཀྱིས་གྲུབ་བོ། །གཉིས་པ་རྟེན་གང་གིས་བརྐྱང་བ་ནི། འདིངས་བ་པོར་བསྐོས་པ་དེས་བརྐྱང་བ་དེ་སྐབས་ཀྱིས་གྲུབ་ཅིང་། དེ་ཤི་འམ་བབས་སམ་མཚན་གྱུར་ན་སྲ་བརྐྱང་སྦེད་པ་པོ་བསྐོས་ནས་དེས་བརྐྱང་བ་སྟེ། ཊཱི་ཀ་ལས་སྲ་བརྐྱང་འདིངས་པའི་དགེ་སློང་གཞན་དུ་གྱུར་ན་དེ་སྦེད་པ་བསྐོ་བར་བྱའོ། །ཞེས་སོ། །གསུམ་པ་གནས་གང་དུ་བརྐྱང་བ་ནི། གང་དུ་སྲ་བརྐྱང་བཏིང་བའི་མཚམས་དེ་ཉིད་དུ་བརྐྱང་སྟེ། མཚམས་གཞན་དུ་ནི་སྲ་བརྐྱང་རང་འཇུག་བྲལ་དུ་འགྱུར་བའི་ཕྱིར་རོ། །བཞི་པ་ཡུན་ཇི་སྲིད་དུ་བརྐྱང་བ་ནི། ཟླ་བ་ལྔར་བརྐྱང་སྟེ། ལུང་ཞུ་བ་ལས། བཙུན་པ་ཡུན་ཇི་སྲིད་དུ་གཏན་པ་བརྐྱང་བར་བགྱི་ཟླ་བ་ལྔའོ་ཞེས་གསུངས་ཤིང་། དཔྱིད་ཟླ་ར་བའི་ཉ་ལ་དབྱུང་ཞེས་བཤད་པས་ཀྱང་གྲུབ་བོ། །ལྔ་པ་ཚུལ་ཇི་ལྟར་བརྐྱང་བ་ལ་གསུམ་ལས། ཆུད་ཟ་བ་སྤང་བ་ནི། དུས་དུས་སུ་བསང་བར་བྱ་ཞེས་པ་ལ་སོགས་པས་བསྟན་ཏོ། །འབྲལ་བ་སྤང་བ་ནི་དེ་དང་འབྲལ་བར་མི་བྱ་ཞེས་པ་ལ་སོགས་པས་བསྟན་ཏོ། །མ་གུས་པ་སྤང་བ་ནི་མི་གཙང་བའི་སྐྱབས་སུ་འཇུག་པར་མི་བྱའོ་ཞེས་པ་ལ་སོགས་པས་བསྟན་ཏོ། །ད་ནི་སྲ་བརྐྱང་གི་དབྱུང་བ་འཆད་དེ། དབྱུང་བ་ནི་རྣམ་པ་གཉིས་ཏེ། རང་འཇུག་པ་དང་བྲལ་བ་དང་། བཅོས་མའོ། །ཞེས་གསུངས་ཏེ། དབྱུང་བའི་བློ་སྔོན་དུ་མ་བཏང་ཡང་སྲ་བརྐྱང་གི་བྱིན་རླབས་རང་ཞིག་ཏུ་གྱུར་པ་དང་། བློ་སྔོན་དུ་བཏང་ནས་ཆོ་གས་དབྱུང་བ་བྱས་པའོ། །དང་པོ་ལ་གཉིས་ཏེ། འདིར་གཏོགས་དགེ་འདུན་ཐམས་ཅད་ཀྱི་རང་འཇུག་བྲལ་དང་། གང་ཟག་སོ་སོའི་རང་འཇུག་བྲལ་ལོ། །དང་པོ་ལ་བདུན་ལས། སྲ་བརྐྱང་གིས་མཚམས་གཞན་དུ་ཕྱིན་པ་དང་། སྲ་བརྐྱང་བྱིན་གྱིས་རློབ་པར་བྱེད་་་་་་དགེ་སློང་གང་ཡང་མཚམས་ནང་དེ་ན་པ་མེད་པར་་་་་་སྲ་བརྐྱང་མཚམས་ཀྱི་ནང་དུ་སྐྱ་རེངས་ཤར་ན། སྲ་བརྐྱང་གི་བྱིན་རླབས་རང་ཞིག་ཏུ་འགྱུར་བ་སྟེ། རྟེན་མཚམས་གཞན་ན་གནས་པས་ཀྱང་སྲ་བརྐྱང་གདིང་བ་མི་འཆགས་ན་སྲ་བརྐྱང་མཚམས་གཞན་དུ་ཕྱིན་ན་ལྟ་ཅི་སྨོས་པའི་ཕྱིར་དང་། གང་ལས་སྤང་ལྟུང་བྱུང་བའི་གོས་ལ་ཡང་སྲ་བརྐྱང་གདིང་བ་མི་འཆགས་ན། སྲ་བརྐྱང་ལས་བྲལ་བའི་སྤང་ལྟུང་བྱུང་ན་ལྟ་ཅི་སྨོས་པའི་ཕྱིར་རོ། །སྲ་བརྐྱང་བཏིང་ནས་ཟླ་བ་ལྔ་ལས་འདས་ན་ཡང་རང་ཞིག་ཏུ་གྱུར་པ་སྟེ། སྲ་བརྐྱང་འདིངས་བའི་འཕེན་པ་ཟད་པའི་ཕྱིར་དང་། ལས་ལས་གཞན་པའི་བྱ་བ་རྗེས་སུ་བསྒྲུབ་པར་མི་བྱ་ཞེས་གསུངས་པས་སོ། །སྲ་བརྐྱང་གི་དུས་མ་ཡིན་པར་ཤེས་ནས་ཡང་གསོ་སྦྱོང་བྱས་ན་ཡང་། རང་ཞིག་ཏུ་གྱུར་པ་སྟེ། ཡང་གསོ་སྦྱོང་བྱས་ན་ཕྱུང་བ་ཉིད་ཡིན་ཞེས་གསུངས་སོ། །དངོས་པོ་ཞིང་མ་ཡིན་པར་གྱུར་པ་སྟེ། སྲ་བརྐྱང་མེས་འཚིག་སྟེ་ཐལ་བར་གྱུར་པ་ལྟ་བུ་དང་། རྟེན་ཞིང་མ་ཡིན་པར་གྱུར་པ་སྟེ། འདིར་གཏོགས་པའི་དགེ་འདུན་ཐམས་ཅད་ཤིའམ་བབས་ན་ཡང་། རང་ཞིག་ཏུ་གྱུར་པ་སྟེ། ཆོས་གོས་དེ་སྲ་བརྐྱང་གི་བྱིན་རླབས་ཆགས་པའི་ཞིང་མ་ཡིན་པར་གྱུར་པའི་ཕྱིར་དང་། སྲ་བརྐྱང་དེ་དང་ལྡན་པའི་རྟེན་ཐམས་ཅད་སྲ་བརྐྱང་གི་བྱིན་རླབས་དང་ལྡན་པའི་ཞིང་མ་ཡིན་པར་གྱུར་པའི་ཕྱིར་རོ། །འདིར་གཏོགས་དགེ་འདུན་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་ན་ཡང་། འདིར་གཏོགས་དགེ་འདུན་ཐམས་ཅད་ཀྱི་སྲ་བརྐྱང་གི་བྱིན་རླབས་རང་ཞིག་ཏུ་གྱུར་ཏེ། བྱེ་བྲག་ཐམས་ཅད་ཁེགས་པ་ན་སྤྱི་ཁེགས་པའི་གནད་ཀྱིས་ཤེས་སོ། །གཉིས་པ་གང་ཟག་སོ་སོར་རང་འཇུག་བྲལ་ནི་སུམ་ཅུ་རྩ་གཅིག་སྟེ། དེ་ཡང་མ་མ་སུམ་ཅུ་དང་། གང་ཟག་སོ་སོ་ཞིང་མ་ཡིན་པར་གྱུར་པའོ། །དེ་ནི་སྲ་བརྐྱང་དང་ལྡན་པའི་གང་ཟག་གཅིག་གམ་གཉིས་གསུམ་ཤིའམ་བབས་པ་ལ་སོགས་པ་སྟེ། གང་ཟག་སོ་སོའི་རང་འཇུག་བྲལ་ལོ། །མ་མ་སུམ་ཅུ་ནི་འདི་དག་སྟེ། མཚམས་ལ་རེ་བ་མེད་པའི་མ་མ་བརྒྱད་དང་། མཚམས་ལ་ཡིད་གཉིས་ཟ་བའི་མ་མ་བརྒྱད་དང་། མཚམས་ལ་རེ་བ་ཡོད་པའི་མ་མ་བརྒྱད་དང་། རྙེད་པ་ལ་ཡིད་གཉིས་ཟ་བའི་མ་མ་དྲུག་གོ །དེ་ཡང་མ་མ་འདི་རྣམས་ཀྱི་ལུང་ཁུངས་ནི། ལུང་གཞི་ལས་མ་མ་བརྒྱད་ཀྱིས་སྲ་བརྐྱང་ཕྱུང་བར་འགྱུར་ཏེ། སོང་བ་དང་། རྫོགས་པ་དང་། ངེས་པ་དང་། ཉམས་པ་དང་། ཐོས་པ་དང་། མཚམས་ལས་འདས་པ་དང་། རེ་ཐག་ཆད་པ་དང་། སྲ་བརྐྱང་ཕྱུང་བ་ཉིད་དོ་ཞེས་གསུངས་སོ། །་་་་་སོང་བ་ནི་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཕྱིར་མི་འོང་བར་མཚམས་ཀྱི་ཕྱིར་རོལ་ཏུ་སོང་བའོ། །རྫོགས་པ་ནི་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་བདག་སླར་མི་འོང་ངོ་སྙམ་པའོ། །ངེས་པ་ནི་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་མི་འོང་ཞིང་ཆོས་གོས་ཀྱང་མི་བྱའོ་སྙམ་པའོ། །ཉམས་པ་ནི་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་ཆོས་གོས་བྱ་སྙམ་པ་ལས། དེས་དེ་རྩོམ་ཞིང་བརྩམས་པ་དང་ཉམས་པའོ། །ཐོས་པ་ནི་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་དགེ་འདུན་གྱི་སྲ་བརྐྱང་ཕྱུང་བ་ལ་ཕྱུང་ངོ་ཞེས་ཐོས་པའོ། །མཚམས་ལས་འདས་པ་ནི་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཕྱིར་འོང་ངམ་མི་འོང་སྙམ་པའི་ཡིད་གཉིས་ཟ་བས་མཚམས་ཀྱི་ཕྱི་རོལ་ཏུ་སོང་བའོ། །རེ་ཐག་ཆད་པ་ནི་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་དེའི་ཆོས་གོས་ཐམས་ཅད་ཀྱི་ཐམས་ཅད་དུ་རེ་ཐག་ཆད་པའོ། །ཕྱུང་བ་ནི་སྲ་བརྐྱང་ཕྱུང་བ་ཉམས་སུ་མྱོང་བའོ། །ཞེས་དེ་ཐམས་ཅད་ལུང་གཞི་ལས་གསུངས་སོ། །དེ་ཡང་མ་མ་ཞེས་པ་ནི་མ་ལས་བུ་འབྱུང་བའི་ཆོས་ཡོད་པ་བཞིན་དུ་དེ་དག་ལ་ཡང་སྲ་བརྐྱང་ཕྱུང་བ་འབྱུང་བའི་ཆོས་ཡོད་པའི་ཕྱིར་རོ། །དང་པོ་མཚམས་ལ་རེ་བ་མེད་པའི་མ་མ་བརྒྱད་ནི། བཞི་ཚན་གཉིས་ཏེ། སྦྱོར་བས་འགྲོ་བའི་མ་མ་བཞི་དང་། ངེས་པར་འབྱེད་པའི་མ་མ་བཞིའོ། །དང་པོ་བཞི་ནི། འབྲེལ་མེད་གཅིག་དང་། འབྲེལ་བཅས་ལས་གྱུར་པ་གསུམ་མོ། །སྐབས་འདིར་འབྲེལ་མེད་པ་དང་ཡོད་པ་ནི། སྲ་བརྐྱང་གི་རྙེད་པ་བླང་བའི་བསམ་པ་མེད་པ་དང་ཡོད་པ་སྟེ། གཞུང་ལས་ཆོས་གོས་བྱ་བའི་བསམ་པས་རྗེས་སུ་འབྲེལ་བ་མེད་པ་ན་ཞེས་པ་དང་། ཡོད་ན་བྱེད་པར་འགྱུར་བ་ཉིད་ཆད་ནའོ་ཞེས་གསུངས་པས་སོ། །སྐབས་འདིར་ནི་རང་གི་ལུས་དང་སྲ་བརྐྱང་གི་མཚམས་འབྲེལ་མ་འབྲེལ་གྱིས། འབྲེལ་བ་ཡོད་མེད་དུ་བཞག་པ་ནི་མ་ཡིན་ཏེ་ཐོས་བྱུང་གི་སྐབས་སུ་ལུས་དང་མཚམས་འབྲེལ་ཡང་རྙེད་པ་བསམ་པ་མ་འབྲེལ་ན་འབྲེལ་མེད་དུ་རྣམ་པར་བཞག་པའི་ཕྱིར་རོ། །་་་་་སྦྱོར་བས་འགྲོ་བའི་འབྲེལ་མེད་ནི། དགེ་སློང་སྲ་བརྐྱང་བཏིང་བའི་མཚམས་ཀྱི་ནང་ནས་ཡུལ་གཞན་དུ་འགྲོ་བའི་ཚེ་ན། ང་ནི་ཟླ་བ་ལྔའི་ནང་དུ་སྲ་བརྐྱང་གི་མཚམས་ནང་དུ་ཕྱིར་མི་འོང་ངེས་སྙམ་སྟེ། སྲ་བརྐྱང་གི་མཚམས་ལ་རེ་བ་མེད་ཅིང་། སྲ་བརྐྱང་གི་རྙེད་པ་ལའང་རེ་བ་མེད་པ་སྟེ། སྲ་བརྐྱང་གི་རྙེད་པ་མི་བླང་ངེས་སྙམ་པས། སྲ་བརྐྱང་གི་མཚམས་ནང་ནས་མཚམས་དེའི་ཕྱི་རོལ་ཏུ་འགྲོ་ན། སྲ་བརྐྱང་གི་མཚམས་ལས་འདས་པ་ན་དགེ་སློང་དེའི་སྲ་བརྐྱང་གི་བྱིན་རླབས་རང་ཞིག་ཏུ་གྱུར་པ་སྟེ། མཚམས་ལས་འདས་པ་ན་དེ་འགྲུབ་བོ། །ཕྱིར་མི་འོང་བའི་སེམས་ཀྱིས་སོ་ཞེས་གསུངས་སོ། །དངོས་པོ་དང་བསམ་པ་གང་གི་སྒོ་ནས་ཀྱང་སྲ་བརྐྱང་དང་འབྲེལ་བ་མེད་པར་གྱུར་པའི་ཕྱིར་རོ། །འབྲེལ་བཅས་ལས་གྱུར་པ་གསུམ་ནི། སྔར་བཞིན་སྲ་བརྐྱང་གི་མཚམས་ལ་རེ་བ་མེད་ཅིང་། སྲ་བརྐྱང་གི་རྙེད་པ་ལ་ནི་རེ་བ་ཡོད་པའི་བསམ་པ་དང་བཅས་ཏེ་ཡུལ་གཞན་དུ་ཕྱིན་པ་ན། གཞན་གྱི་དུས་ཀྱི་སྔ་རོལ་ཏུ་ཕྱུང་ཡང་། ཡུལ་གཞན་དུ་ཕྱིན་པའི་དགེ་སློང་དེའི་སྲ་བརྐྱང་མི་འཇིག་སྟེ། སྲ་བརྐྱང་གི་རྙེད་པ་ལ་བསམ་པས་འབྲེལ་བ་ཡོད་ཅིང་། འཇིག་པའི་རྒྱུ་མ་དམིགས་པའི་ཕྱིར་རོ། །འོ་ན་གང་གིས་འཇིག་ན། བྱེད་པར་འགྱུར་བ་མཐར་ཐུག་པ་དང་། བརྩམས་པ་ཞིག་པ་དང་། བསམ་པ་རྒྱུན་ཆད་པ་དང་གསུམ་ལ་དེ་གནས་སོ་ཞེས་གསུངས་སོ། །སྲ་བརྐྱང་གི་རྙེད་པའི་སྐལ་བ་ལག་ཏུ་ཐོབ་པ་དང་། སྲ་བརྐྱང་གི་རྙེད་པའི་སྐལ་བ་བརླག་ཅིང་བརླག་པའི་གཏམ་ཐོས་པ་དང་། སྲ་བརྐྱང་གི་རྙེད་པ་ལ་རེ་བའི་བསམ་པ་རྒྱུན་ཆད་པ་དང་གསུམ་པོ་གང་བྱུང་ན་ཡང་གང་ཟག་དེའི་སྲ་བརྐྱང་ཞིག་པར་གྱུར་པ་ཡིན་་་་་་བརྩམས་པ་ཞིག་པ་དང་བསམ་པ་རྒྱུན་ཆད་པ་ཆོས་ཅན། འབྲེལ་བཅས་མ་ཡིན་པར་ཐལ། འབྲེལ་ཆད་ཡིན་པའི་ཕྱིར་ཞེ་ན། ད་ལྟ་འབྲེལ་བ་ཆད་པ་ཡིན་ཡང་སྔར་འབྲེལ་བཅས་གཞིར་བྱས་པ་ལས་གྱུར་པ་ཡིན་པས་འབྲེལ་བཅས་ལས་གྱུར་པ་ཞེས་བྱའོ། །ནོ། །གཉིས་པ་ངེས་པར་འབྱེད་པའི་མ་མ་ནི་འབྲེལ་མེད་གཅིག་དང་འབྲེལ་བཅས་ལས་གྱུར་པ་གསུམ་མོ། །དང་པོ་ནི་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་དོན་གཞན་སྒྲུབ་པའི་བསམ་པས་མཚམས་ཀྱི་ཕྱི་རོལ་ཏུ་བསམ་པ་འདི་སྐྱེས་ཏེ། ང་ནི་ཟླ་བ་ལྔའི་ནང་དུ་སྲ་བརྐྱང་གི་མཚམས་སུ་མི་ལྡོག་ངེས་སྙམ་སྟེ། སྲ་བརྐྱང་གི་མཚམས་ལ་རེ་བ་མེད་ཅིང་། སྲ་བརྐྱང་གི་རྙེད་པ་ལ་ཡང་རེ་བ་མེད་པའི་བསམ་པ་སྐྱེས་ན། གང་ཟག་དེའི་སྲ་བརྐྱང་གི་བྱིན་རླབས་རང་ཞིག་ཏུ་གྱུར་པ་སྟེ། མཚམས་ཀྱི་ཕྱི་རོལ་ཏུ་དེ་སྐྱེས་ན་ཡང་ངོ་། །ཆོས་གོས་བྱ་བའི་བསམ་པས་རྗེས་སུ་འབྲེལ་བ་མེད་ན་དེའི་ཚེ་ཉིད་ནའོ་ཞེས་གསུངས་པས་གྲུབ་བོ། །གཉིས་པ་འབྲེལ་བཅས་ལས་གྱུར་པ་གསུམ་ནི། མཚམས་ཀྱི་ཕྱི་རོལ་ཏུ་བསམ་པ་འདི་སྐྱེས་ཏེ། སྲ་བརྐྱང་གི་མཚམས་ལ་རེ་བ་མེད་ཅིང་། སྲ་བརྐྱང་གི་རྙེད་པ་ལ་ནི་རེ་བ་ཡོད་པའི་བསམ་པ་དང་བཅས་པ་ལས། གཞན་གྱི་དུས་ཀྱི་སྔ་རོལ་ཏུ་ཕྱུང་ཡང་། གང་ཟག་དེའི་སྲ་བརྐྱང་མི་འཇིག་སྟེ། འོ་ན་གང་གིས་འཇིག་ན། བྱེད་པར་འགྱུར་བ་མཐར་ཐུག་པ་ལ་སོགས་པ་གསུམ་གྱིས་ཏེ་སྔར་བཞིན་ནོ། །གཉིས་པ་མཚམས་ལ་ཡིད་གཉིས་ཟ་བའི་མ་མ་བརྒྱད་ནི་ཡིད་གཉིས་ནི་ངེས་པས་འབྱིན་པར་བྱེད་པ་དང་འདྲ་ཞེས་པས་བསྟན་ཏེ། དེ་ཡང་སྔར་མཚམས་ལ་རེ་བ་མེད་པའི་མ་མ་བརྒྱད་ཀྱི་སྐབས་སུ་མཚམས་ལ་རེ་བ་མེད་ཅེས་སྨོས་པའི་སྐབས་སུ་མཚམས་ལ་ཡིད་གཉིས་ཟ་ཞེས་བསྒྱུར་ལ། གཞན་ཐམས་ཅད་སྔར་དང་འདྲའོ། །དེས་ན་འདི་ལ་ཡང་བསམ་པ་མཚམས་ནང་ནས་སྐྱེས་པ་དང་མཚམས་ཀྱི་ཕྱི་རོལ་ཏུ་སྐྱེས་པ་གཉིས་སུ་ཕྱེ་ལ། དེ་གཉིས་རེ་རེ་ལ་ཡང་འབྲེལ་མེད་གཅིག་དང་འབྲེལ་བཅས་ལས་གྱུར་པ་གསུམ་སྟེ། སྔར་དང་འདྲའོ། །གསུམ་པ་མཚམས་ལ་རེ་བ་ཡོད་པའི་མ་མ་བརྒྱད་ནི། འབྲེལ་མེད་གཉིས་དང་། འབྲེལ་བཅས་ལས་གྱུར་པ་དྲུག་གོ །སྲ་བརྐྱང་བཏིང་བའི་དགེ་སློང་སྲ་བརྐྱང་གི་མཚམས་ལ་རེ་བ་ཡོད་ཅིང་། སྲ་བརྐྱང་གི་རྙེད་པ་ལ་ཡང་རེ་བ་ཡོད་པ་དེ། ཡུལ་གཞན་དུ་སོང་བ་ན་དགེ་འདུན་གྱིས་དུས་ཀྱི་སྔ་རོལ་ཏུ་སྲ་བརྐྱང་ཕྱུང་བའི་ཚེ། གང་ཟག་དེའི་སྲ་བརྐྱང་མི་འཇིག་ཅིང་ཕན་ཡོན་རྗེས་སུ་འཇུག་སྟེ། དེར་ཉམས་སུ་མ་མྱོང་བ་དང་ལྡན་པ་ནི་མ་ཐོས་ཀྱི་བར་དུ་ཕན་ཡོན་རྗེས་སུ་འཇུག་གོ་ཞེས་གསུངས་པས་སོ། །འོ་ན་གང་གི་ཚེ་འཇིག་ན། འབྲེལ་མེད་གཉིས་ནི། སྲ་བརྐྱང་གི་མཚམས་ལ་རེ་བ་ཡོད་ཅིང་། སྲ་བརྐྱང་གི་རྙེད་པ་ལ་རེ་བ་མེད་པས་སྲ་བརྐྱང་ཕྱུང་བའི་གཏམ་དེ་སྲ་བརྐྱང་གི་མཚམས་ཀྱི་ཕྱི་རོལ་ཏུ་ཐོས་པ་དང་ནང་དུ་ཐོས་པ་གཉིས་ཀྱིས་གང་ཟག་དེའི་སྲ་བརྐྱང་ཞིང་པར་གྱུར་པ་སྟེ། རྗེས་སུ་འབྲེལ་བ་མེད་ནའོ་ཞེས་གསུངས་ལ། གང་ཟག་དེ་སྲ་བརྐྱང་དང་འབྲེལ་བ་ཆད་པར་གྱུར་པའི་ཕྱིར་རོ། །འབྲེལ་བཅས་ལས་གྱུར་པ་དྲུག་་་་་་ནི་སྲ་བརྐྱང་གི་མཚམས་དང་རྙེད་པ་གཉིས་ཀ་ལ་རེ་བ་ཡོད་པའི་དགེ་སློང་ཡུལ་གཞན་དུ་སོང་པ་དེས་གཞན་གྱིས་དུས་ཀྱི་སྔ་རོལ་ཏུ། སྲ་བརྐྱང་ཕྱུང་བའི་གཏམ་ཐོས་ཀྱང་གང་ཟག་དེའི་སྲ་བརྐྱང་མི་འཇིག་སྟེ། ཡོད་ན་མ་ཆད་ཀྱི་བར་དུའོ་ཞེས་གསུངས། བསམ་པའི་འབྲེལ་བ་མ་ལོག་པ་ཡོད་པའི་ཕྱིར་རོ། །འོ་ན་གང་གི་ཚེ་འཇིག་ན། མཚམས་ཀྱི་ཕྱི་རོལ་ཏུ་བྱེད་པ་མཐར་ཐུག་པ་དང་བརྩམས་པ་ཞིག་པ་དང་། བསམ་པ་རྒྱུན་ཆད་པ་གསུམ་དང་། མཚམས་ཀྱི་ནང་དུ་དེ་གསུམ་སྟེ། དྲུག་པོ་དེ་དག་གང་བྱུང་ན་ཡང་། གང་ཟག་དེའི་སྲ་བརྐྱང་ཞིང་པར་གྱུར་པ་ཡིན་ནོ། །བཞི་པ་རྙེད་པ་ལ་ཡིད་གཉིས་ཟ་བའི་མ་མ་དྲུག་ནི། སྲ་བརྐྱང་གི་མཚམས་དང་རྙེད་པ་གཉིས་ཀ་ལ་ཡིད་གཉིས་ཟ་བ་དེ་མཚམས་ལས་འདས་པ་དང་། མཚམས་ཀྱི་ཕྱི་རོལ་ཏུ་དེ་སྐྱེས་པ་གཉིས་དང་། སྲ་བརྐྱང་གི་མཚམས་ལ་རེ་བ་མེད་ཅིང་རྙེད་པ་ལ་ཡིད་གཉིས་ཟ་བའི་མཚམས་ལས་འདས་པ་དང་། མཚམས་ཀྱི་ཕྱི་རོལ་ཏུ་དེ་སྐྱེས་པ་གཉིས་ཏེ་བཞིས་ཀྱང་དེའི་སྲ་བརྐྱང་ཞིག་པ་ཡིན་ཏེ། ཡིད་གཉིས་ནི་ངེས་པས་འབྱིན་པར་བྱེད་པ་དང་འདྲ་ཞེས་གསུངས་པས་མཚམས་དང་རྙེད་པ་གང་ལ་ཡིད་གཉིས་ཟ་ཡང་མཚམས་དང་རྙེད་པ་ལ་རེ་བ་མེད་པ་དང་འདྲ་བའི་ཕྱིར་རོ། །དེ་ལྟར་ན་མ་མ་ཉི་ཤུ་བརྒྱད་ཡོད་དོ་ཞེས་བླ་མ་་་་་་ཤ་མི་སྦས་ཏི་ལ་སོགས་པ་རྣམས་གསུང་ངོ་། །འོན་ཀྱང་དེ་རྣམས་སུ་མ་འདུས་པའི་མ་མ་གཞན་ཡང་ཡོད་དེ། སྲ་བརྐྱང་གི་མཚམས་ལ་རེ་བ་ཡོད་ཅིང་རྙེད་པ་ལ་ཡིད་གཉིས་ཟ་བའི་གང་ཟག་དེ་ཡུལ་གཞན་དུ་སོང་བ་ན། གཞན་གྱིས་དུས་ཀྱི་སྔ་རོལ་ཏུ་ཕྱུང་ཡང་གང་ཟག་དེའི་སྲ་བརྐྱང་མི་འཇིག་སྟེ། མ་ཐོས་ཀྱི་བར་དུ་ཕན་ཡོན་རྗེས་སུ་འཇུག་གོ་ཞེས་གསུངས་པས་སོ། །འོ་ན་གང་གི་ཚེ་འཇིག་ན། དུས་ཀྱི་སྔ་རོལ་ཏུ་སྲ་བརྐྱང་ཕྱུང་བའི་གཏམ་དེ་སྲ་བརྐྱང་གི་མཚམས་ཀྱི་ཕྱི་རོལ་ཏུ་ཐོས་པ་དང་ནང་དུ་ཐོས་པ་གཉིས་ཀྱི་གང་ཟག་དེའི་སྲ་བརྐྱང་ཞིག་པར་གྱུར་པ་སྟེ། གཏམ་ཐོས་པས་ཞིག་པ་གཉིས་སྔར་བཤད་པ་དང་མཚུངས་སོ། །གཉིས་པ་བཅོས་མའི་དབྱུང་བ་ནི་གསོལ་བཞིའི་ལས་ཀྱིས་དབྱུང་བའོ། །ཡན་ལག་གི་དོན་ནི་དབྱང་བ་ནི་རྣམ་པ་གཉིས་ཏེ་ཞེས་སོ། །སྲ་བརྐྱང་གིས་མཚམས་གཞན་དུ་ཕྱིན་པ་ནི་སྲ་བརྐྱང་གི་གནས་ཀྱི་ཉེ་འཁོར་ལས་འདས་ན་སྟེ། སྔར་ཆོས་གོས་ཀྱི་གནས་ལ་ཉེ་འཁོར་བརྩི་བར་གསུངས་ལ། སྲ་བརྐྱང་གི་གནས་ཀྱང་ཆོས་གོས་ཀྱི་གནས་ཡིན་པའི་ཕྱིར་རོ། །དེ་ལྟར་སྲ་བརྐྱང་གིས་མཚམས་གཞན་དུ་ཕྱིན་པ་འདི་ལ་འགྲེལ་ཆུང་ལས། ཞག་མ་ལོན་ཡང་སྲ་བརྐྱང་ཞིག་ཅེས་བཤད་དོ། །སྲ་བརྐྱང་གི་རྙེད་པའི་སྐལ་བ་ལས་ཆོས་གོས་བྱ་བའི་བསམ་པས་སྲ་བརྐྱང་གི་རྙེད་པ་དང་བསམ་པ་རྗེས་སུ་འབྲེལ་བ་མེད་ན་ཞེས་པའོ། །ཁ་ཅིག་་་་་་སྣང་ཡེ་ཤེས་རྒྱན་ན་རེ། ཕྱིར་འོངས་ན་ཡང་ངོ་ཞེས་པ་འདིས་སྔ་ཕྱིར་མ་བསྟན་པའི་མ་མ་གཉིས་བསྟན་ཏེ། སྲ་བརྐྱང་བཏིང་བའི་དགེ་སློང་ཡུལ་གཞན་དུ་ཕྱིན་ནས་སྲ་བརྐྱང་གི་གནས་སུ་ཕྱིར་འོངས་པ་ན། སྲ་བརྐྱང་གི་གནས་འདིར་བསྡད་ཅིང་སྲ་བརྐྱང་གི་རྙེད་པ་ཡང་མི་བླང་ངོ་སྙམ་པའི་བསམ་པ་མཚམས་ནང་དུ་སྐྱེས་པ་དང་། སྲ་བརྐྱང་གི་གནས་སུ་ཕྱིར་འོངས་པ་ན། སྲ་བརྐྱང་གི་གནས་སུ་མི་འགྲོ་ཞིང་སྲ་བརྐྱང་གི་རྙེད་པ་ཡང་མི་བླང་ངོ་། །སྙམ་པའི་བསམ་པ་མཚམས་ཀྱི་ཕྱི་རོལ་ཏུ་སྐྱེས་པ་སྟེ། དེ་གཉིས་ཀྱིས་ཀྱང་གང་ཟག་དེའི་སྲ་བརྐྱང་འཇིག་སྟེ། ཕྱིར་འོངས་ན་ཡང་ངོ་ཞེས་པ་འདིའི་ཊཱི་ཀ་ལས། འདིས་ཀྱང་སྦྱོར་བས་འགྲོ་བ་དང་ངེས་པར་འབྱེད་པ་གཉིས་ཀྱི་བྱེ་བྲག་གི་གནས་སྐབས་གཞན་བསྟན་ཞེས་བཤད་པས་ཤེས་སོ་ཞེས་ཟེར་རོ། །་་་་་བླ་མ་རྣམས་མཐུན་པར་དེ་ནི་མིན་ཏེ་འོན་ཀྱང་ཊཱི་ཀ་ལས་བཤད་པ་དེ་ནི་སྲ་བརྐྱང་ཞིག་ཟིན་པའི་བྱེ་བྲག་གི་གནས་སྐབས་གཞན་བསྟན་ཞེས་བསྟན་པ་ཡིན་པས་སྒྲུབ་བྱེད་དུ་མི་འགྱུར་ལ། ཁྱེད་ཀྱི་འདོད་ཚུལ་ཕྱི་མ་ནི་ངེས་པར་འབྱེད་པའི་མ་མ་དང་བཟློས་པ་སྔ་མ་ནི་སྦྱོར་བས་འགྲེ་བའི་མ་མ་དང་འགལ་ལོ། །མཚམས་ལས་འདས་པ་ན་དེ་འགྲུབ་བོ་ཞེས་གསུངས་པས། སྦྱོར་བས་འགྲོ་བའི་མ་མ་ལ་ལུས་དང་སྲ་བརྐྱང་གི་མཚམས་སུ་མ་འབྲེལ་བ་དགོས་པར་གསུངས་པ་དང་འགལ་ལོ། །འོ་ན་གང་ཞེ་ན་ཕྱིར་འོངས་ན་ཡང་ངོ་ཞེས་པ་འདི་ནི་སྲ་བརྐྱང་ཞིག་པར་གྱུར་ཀྱང་ཕྱིར་འོངས་ན་སོར་ཆུད་དམ་སྙམ་པའི་དོགས་པ་བསལ་ཕྱིར་ཡིན་ཏེ། ཕྱིར་འོངས་ན་ཡང་ངོ་ཞེས་པ་འདི་ཉིད་ཀྱི་རང་གི་རྣམ་བཤད་ལས་་་་་་སྲ་བརྐྱང་ཞིག་ཅིང་རྣམ་པར་ཆད་པར་གྱུར་པ་དེ་་་་་་དགེ་སློང་སྲ་བརྐྱང་གི་མཚམས་སུ་ཕྱིར་འོངས་ན་རྗེས་སུ་གྲུབ་པར་འགྱུར་རམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་ཕྱིར་འོངས་ན་ཡང་ངོ་ཞེས་སྨོས་ཏེ་ཞེས་སོ། །དེ་ལྟར་་་་་་སྦྱོར་བས་འགྲོ་བ་དང་ངེས་པར་འབྱེད་པའི་མ་མས་སྲ་བརྐྱང་ཞིག་ཟིན་ན་ནི་དགེ་སློང་དེ་སྲ་བརྐྱང་གི་མཚམས་སུ་ཕྱིར་འོངས་ན་ཡང་མི་ཕན་ཏེ་སྲ་བརྐྱང་ཞིག་པའི་གནས་སྐབས་ཉིད་ལ་གནས་སོ་ཞེས་བསྟན་ཏེ། ཕྱིར་འོངས་ན་ཡང་ཞེས་པ་འདི་ཉིད་ཀྱི་འགྲེལ་བ་པྲཛྙཱ་ཀ་ར་ལས་ཕྱིར་འོངས་ཀྱང་མི་ཕན་ཏེ་ཞེས་བཤད་དོ། །་་་་་གང་ཟག་སོ་སོའི་འཇུག་བྲལ་ནི། མཚམས་ལ་རེ་བ་མེད་པའི་མ་མ་བརྒྱད། ཡོད་པའི་བརྒྱད། ཡིད་གཉིས་ཟ་བའི་བརྒྱད། རྙེད་པ་ལ་ཡིད་གཉིས་ཟ་བའི་མ་མ་བཞི་སྟེ། ཉེར་བརྒྱད་དང་། གང་ཟག་སོ་སོ་ཞིང་མ་ཡིན་པར་གྱུར་པ་དང་རྩ་དགུར་ངེས་སོ། །ཞེས་བླ་མ་ཕལ་ཆེ་བས་གསུང་ཞིང་བདག་གི་ཨུ་པ་བྷ་ར་ན་རེ་དེ་རྣམས་སུ་མ་འདུས་པའི་མ་མ་གཉིས་ཡོད་གསུངས་ནས། སྲ་བརྐྱང་གི་མ་མ་སུམ་ཅུའི་ཐ་མ་རྙེད་པ་ལ་ཡིད་གཉིས་ཟ་བའི་མ་མ་གཉིས་བསྣན་ཏེ་གང་ཟག་སོ་སོའི་རང་འཇུག་བྲལ་སོ་གཅིག་ཏུ་ངེས་སོ་གསུངས། སྲ་བརྐྱང་གི་རྙེད་པ་ལས་ཆོས་གོས་བྱེད་པར་འགྱུར་བ་མཐར་ཐུག་པ་སྟེ་ཆོས་གོས་ཟིན་པ་མཐར་ཐུག་པའོ། །་་་་་ཊཱི་ཀ་ལས་ཆོས་གོས་བྱའོ་སྙམ་དུ་བསམ་པ་དེ་མཐར་ཐུག་པར་གྱུར་པ་དང་ཞེས་སོ། །མཐར་ཐུག་པར་གྱུར་པ་ཞེས་བྱ་བ་ནི། ཆོས་གོས་བརྩམས་པ་ཟིན་པར་བྱས་པའོ་ཞེས་ཀྱང་ཊཱི་ཀ་ལས་སོ། །འདི་ནི་མཚོན་པ་སྟེ་སྲ་བརྐྱང་གི་རྙེད་པའི་སྐལ་བ་ལག་ཏུ་ཐོབ་པ་ན་གང་ཟག་དེའི་སྲ་བརྐྱང་ཞིག་པར་གྱུར་པའོ། །ཞེས་གསུངས་སོ། །སྲ་བརྐྱང་གི་རྙེད་པ་ལ་ཆོས་གོས་བྱེད་པར་བརྩམས་པ་མ་ཟིན་པར་ཞིག་པ་སྟེ། མེས་འཚིག་པ་ལ་སོགས་པས་བརྩམས་པ་ཞིག་པའོ། །་་་་་ཞིག་པར་གྱུར་པ་ཞེས་བྱ་བ་ནི། ཆོས་གོས་བརྩམས་པ་མ་ཟིན་པའི་བར་སྐབས་སུ་རྐྱེན་འགའ་ཞིག་གིས་རྒྱུན་ཆད་པར་གྱུར་པའོ་ཞེས་ཊཱི་ཀ་ལས་བཤད་དོ། །འདི་ཡང་མཚོན་པ་སྟེ་སྲ་བརྐྱང་གི་རྙེད་པའི་སྐལ་བ་བརླག་ཅིང་བརླག་པའི་གཏམ་ཐོས་པ་ན་གང་ཟག་དེའི་སྲ་བརྐྱང་ཞིག་པར་གྱུར་པའོ་ཞེས་གསུང་ངོ་། །སྲ་བརྐྱང་གི་རྙེད་པ་ལ་རེ་བའི་བསམ་པ་རྒྱུན་ཆད་པ་རྙེད་པ་དེ་འདོད་པའི་བློ་ལོག་པའོ། །་་་་་ཡིད་གཉིས་ནི་ཞེས་པ་འདིས་ཕྱིར་མི་འོང་གི་ཡིད་གཉིས་ཁོ་ན་བསྟན་པ་ཡིན་གྱི། ཆོས་གོས་བྱའམ་མི་བྱའི་ཡིད་གཉིས་ནི་གཞུང་འདིས་མ་བསྟན་པར་འཆད་པ་དེང་སང་ཤིན་ཏུ་མང་། གཞུང་འདིའི་ཕྱེད་གོ་ཡང་ཕྱེད་ནི་མ་གོ་བར་ཟད་དོ། །ཡིད་གཉིས་ནི་རང་གི་རྣམ་བཤད་ལས་ཕྱིར་འོངས་པར་བྱ་བའམ་འོན་ཏེ་ཕྱིར་འོང་བར་མི་བྱ་སྙམ་པའི་ཡིད་གཉིས་དང་། ཆོས་གོས་བྱའམ་འོན་ཏེ་ཆོས་གོས་མི་བྱ་སྙམ་དུ་དེ་ལྟ་བུའི་ཡིད་གཉིས་ནི་ངེས་པས་སྲ་བརྐྱང་འབྱིན་པར་བྱེད་པ་དང་འདྲ་ཞེས་བཤད་དོ། །སྐབས་འདིར་རང་གི་རྣམ་བཤད་ཀྱི་ལུང་དྲངས་པ་དང་ཊཱི་ཀའི་ལུང་དྲངས་པ་ལས་ཀྱང་ཕྱིར་འོང་བར་བྱ་ཞིང་ཆོས་གོས་བྱའམ་འོན་ཏེ་ཕྱིར་འོང་བར་མི་བྱ་ཞིང་ཆོས་གོས་མི་བྱ་སྙམ་དུ་སེམས་པས་མཚམས་ལས་འདའ་བར་བྱེད་ན་དེའི་སྲ་བརྐྱང་རང་འཇུག་པ་དང་བྲལ་ཞེས་གསུངས་ཤིང་། ཊཱི་ཀ་ལས་ཀྱང་ཆོས་གོས་བྱ་བའི་བསམ་པ་ལ་ཐེ་ཚོམ་ཟ་ཞིང་ཕྱིར་མི་འོང་བའི་སེམས་ཀྱིས་སམ་ཕྱིར་འོང་བ་ལ་ཐེ་ཚོམ་ཟ་བའི་སེམས་ཀྱིས་མཚམས་ལས་འདས་པ་དང་། ཞེས་བཤད་དོ། །སྲ་བརྐྱང་དུས་སུ་དབྱུང་བ་དེའི་དུས་ནི་དཔྱིད་ཟླ་ར་བའི་ཉའོ་ཞེས་སོ། །དེའི་དམིགས་བསལ་གཉིས་ཡོད་དེ། ཊཱི་ཀ་ལས་དགེ་འདུན་ཐམས་ཅད་དབྱར་ཕྱི་མར་ཁས་བླངས་ན་དཔྱིད་ཟླ་འབྲིང་པོའི་ཉ་ལ་དེ་དབྱུང་ངོ་ཞེས་བཤད་དོ། །དུས་སུ་དབྱུང་བ་དེ་དགུན་ཟླ་ཐ་ཆུང་ཉ་ལ་དབྱུང་བ་ཡང་ཡོད་དེ། སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལ་སྲ་བརྐྱང་བཏིང་ཞིང་། ཟླ་བ་བཤོལ་བོར་ཏེ་དགུན་ཟླ་འབྲིང་པོ་གཉིས་བྱུང་བ་ན། དགུན་ཐ་ཆུང་ཉ་ལ་དུས་སུ་དབྱུང་བ་སྟེ། དེ་ཡང་སྲ་བརྐྱང་གི་དུས་ཟླ་བ་ལྔ་ཡིན་ཞིང་དེ་ལས་འདས་ན་སྲ་བརྐྱང་གི་འཕེན་པ་ཟད་པར་འགྱུར་བའི་ཕྱིར་་་་་་གཞན་ཡང་དཔྱིད་ན་ཟླ་ར་བའི་ཚེས་བཅུ་དྲུག་ལ་སྲ་བརྐྱང་དབྱུང་བའི་གཞུང་སྣང་སྟེ། ལུང་གཞི་ལས་སྲ་བརྐྱང་འདིངས་པའི་དགེ་སློང་གིས་དཔྱིད་ཟླ་ར་བའི་ཡར་གྱི་ངོའི་ཚེས་བཅོ་ལྔ་ལ་གོ་བར་བྱ་སྟེ། ཚེ་དང་ལྡན་པ་དག་སང་ཁོ་བོ་སྲ་བརྐྱང་འབྱིན་གྱིས་ཁྱེད་ཅག་སོ་སོའི་ཆོས་གོས་རྣམས་བྱིན་གྱིས་རློབས་ཤིག་ཅེས། བཤད་ཅིང་བསྡུས་པ་ལས་ཀྱང་ཚེས་བཅོ་ལྔའི་ཕྱི་དེ་ཉིན་དགེ་འདུན་ཐམས་ཅད་ཀྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སྲ་བརྐྱང་དབྱུང་བར་བྱའོ་ཞེས་བཤད་དེ། དེ་ལྟར་ན་སྲ་བརྐྱང་གི་བྱིན་རླབས་ཟླ་བ་ལྔ་དང་ཞག་གཅིག་འཆགས་པར་ཐལ་བར་འགྱུར་རོ། །དེས་ན་མདོ་རྩ་འགྲེལ་གཙོ་བོར་གཟུང་ངོ་། །རོ། །ཟླ་བ་ལྔ་ཚུན་ཆད་ནི་སྲ་བརྐྱང་ཕྱུང་བ་དེ་མ་ཐོས་ཀྱི་བར་དུ་ཕན་ཡོན་རྗེས་སུ་འཇུག་གོ་ཞེས་གསུངས་པས། ཐོས་ན་ནི་དེའི་ཕན་ཡོན་ཟློག་ཅིང་མེད་པར་འགྱུར་རོ་ཞེས་རྩ་བར་ཤུགས་ཀྱིས་བསྟན་ཅིང་ཊཱི་ཀ་ལས་དངོས་སུ་ཡང་ངོ་། །ཅི་གནས་སྐབས་ཐམས་ཅད་ལ་མ་ཐོས་ཀྱི་བར་དུ་ཕན་ཡོན་རྗེས་སུ་འཇུག་ཅིང་། ཐོས་ན་ཕན་ཡོན་ཟློག་གམ་ཞེ་ན། རྗེས་སུ་འབྲེལ་བ་མེད་ནའོ་ཞེས་གསུངས་ཏེ། སྲ་བརྐྱང་གི་མཚམས་འདིར་ཕྱིར་འོང་ངེས་པའི་བསམ་པ་ནི་ཡོད་ཅིང་། སྲ་བརྐྱང་གི་རྙེད་པའི་སྐལ་བ་ལས་་་་་་ཆོས་གོས་བྱ་བའི་བསམ་པས་རྗེས་སུ་འབྲེལ་བ་མེད་ན་མ་ཐོས་ཀྱི་བར་དུ་ཕན་ཡོན་རྗེས་སུ་འཇུག་ཅིང་ཐོས་ན་ནི་ཟློག་་་་་་སྲ་བརྐྱང་གི་མཚམས་འདིར་ཕྱིར་མི་འོང་ངེས་སྙམ་སྟེ། སྲ་བརྐྱང་གི་མཚམས་ལ་རེ་བ་མེད་ཅིང་། སྲ་བརྐྱང་གི་རྙེད་པ་ལ་ཡང་རེ་བ་མེད་པའི་བསམ་པ་སྐྱེས་ན་ནི་བསམ་པ་དེ་སྐྱེས་པའི་ཚེ་ཉིད་ན་སྲ་བརྐྱང་འཇིག་སྟེ་གོ །རྗེས་སུ་འབྲེལ་བ་ཡོད་ན་མ་ཐོས་ཀྱི་བར་དུ་ཕན་ཡོན་རྗེས་སུ་འཇུག་ཅིང་ཐོས་ན་ཟློག་པ་་་་་་མ་ཐོས་ཀྱི་བར་དུ་ཕན་ཡོན་རྗེས་སུ་འཇུག་པ་ཡང་མིན་ལ་མ་ཐོས་ཀྱང་ཕན་ཡོན་ཟློག་སྟེ་ཐོས་པ་ནའང་ཟློག་པ་ཡང་ནི་མ་ཡིན་ནོ། །རྗེས་སུ་འབྲེལ་བ་ཡོད་ན་ཇི་སྲིད་དུ་ཕན་ཡོན་རྗེས་སུ་འཇུག་ཅེ་ན། སྲ་བརྐྱང་གི་རྙེད་པའི་སྐལ་བ་ལས་་་་་་ཆོས་གོས་བྱ་བའི་བསམ་པས་རྗེས་སུ་འབྲེལ་བ་ཡོད་ན་ནི་སྲ་བརྐྱང་ཕྱུང་བར་ཐོས་ཀྱང་རྗེས་སུ་འབྲེལ་བ་ཡོད་པ་དེ་ཉིད་རྒྱུན་མ་ཆད་ཀྱི་བར་དུ་དེའི་ཕན་ཡོན་རྗེས་སུ་འཇུག་པའོ། །ཊཱི་ཀ་ལས་རྗེས་སུ་འབྲེལ་བ་ཞེས་བྱ་བ་ནི་་་་་་བྱེད་པར་འགྱུར་བ་མཐར་ཐུག་པ་དང་། བརྩམས་པ་ཞིག་པ་དང་། བསམ་པ་རྒྱུན་ཆད་པ་གསུམ་ལས་བཟློག་སྟེ་མས་རིམ་བཞིན་དུ་སྲ་བརྐྱང་གི་རྙེད་པའི་གོས་ལ་རེ་བ་ཡོད་པ་དང་ཆོས་་་་་་གོས་་་་་་བཟོ་བྱེད་པར་བརྩམས་པ་མ་ཞིག་པ་དང་། ཆོས་་་་་་གོས་་་་་་བྱེད་པར་བརྩམས་པ་་་་་་སྟེ་ཆོས་གོས་བྱེད་པར་འགྱུར་བ་མཐར་ཐུག་པར་མ་གྱུར་པའི་ཤན་ཡོད་པའོ་ཞེས་སོ། །ཞུ་བའི་སྐབས་སུ་གསོ་སྦྱོང་གི་མཐའ་ཞེས་པ་འདི་ལ་བཤད་ལུགས་གཉིས་་་་་་ཏེ་གསོ་སྦྱོང་བཏགས་མིང་དུ་བཤད་པ་དང་། གསོ་སྦྱོང་དངོས་མིང་དུ་བཤད་པའོ། །དེ་ལྟར་ལུགས་གཉིས་ལས་གསོ་སྦྱོང་བཏགས་མིང་དུ་བཤད་པ་ནི། ཊཱི་ཀ་ལས་འདིར་གསོ་སྦྱོང་ཞེས་བྱ་བའི་སྒྲ་ནི་ཚེས་བཅོ་ལྔའི་གསོ་སྦྱོང་གི་དུས་སུ་དགག་དབྱེ་བྱས་པའོ་ཞེས་གསུངས་པས། གསོ་ཡོང་གི་མིང་བཏགས་ཀྱང་དགག་དབྱེ་སྟེ། དངོས་གཞིའི་དུས་ཀྱི་དགག་དབྱེ་བྱས་པའི་མཐའི་ཚེས་བཅུ་དྲུག་མ་ཡིན་པ་ལ་སྲ་བརྐྱང་གདིང་བར་མི་བྱའོ། །གསོ་སྦྱོང་དངོས་མིང་དུ་བཤད་པ་ནི། འགྲེལ་ཆུང་ལས་འཐབ་ཀྲོལ་ཅན་གྱི་རྐྱེན་གྱིས་དུས་ཀྱི་སྔ་རོལ་ཏུ་དགག་དབྱེ་བྱས་ན། དབྱར་རྣམས་ཀྱི་ཐ་མ་ལ་དགག་དབྱེའི་དུས་སུ་གསོ་སྦྱོང་བྱ་དགོས་པས། དེའི་ཚེ་ན་གསོ་སྦྱོང་གི་མཐའ་མ་ཡིན་པ་ལ་སྲ་བརྐྱང་གདིང་པར་མི་བྱའོ། །ཞེས་བསྟན་ཏོ། །སྲ་བརྐྱང་བཏིང་ནས་བྱེ་བ་དག་ལ་ནི་དབྱུང་བ་དེ་ཐ་དད་པར་འགྲུབ་བོ་་་་་་ཕྱོགས་གཅིག་གིས་ཕྱུང་ཟིན་ནས་ཕྱོགས་གཅིག་ཤོས་ཀྱིས་ཀྱང་དབྱུང་དགོས་སོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号