ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་ཊཱིཀ་ཉི་མའི་འོད་ཟེར་ལེགས་བཤད་ལུང་རིགས་ཀྱི་རྒྱ་མཚོ་ལས་དགེ་སློང་མའི་རྣམ་འབྱེད་ཞུ་བ་སྤྱིར་བསྟ
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 ཞེས་ལུང་བྲམ་ཟེའི་བུ་མོས་ཞུས་པ་དང་རང་གི་རྣམ་བཤད་དང་ཊཱི་ཀ་དང་གསུམ་ཆར་ལས་བཤད་དོ། །རྙེད་པ་དེ་ཐ་དད་པར་འགྲུབ་ཅེས་ལུང་ཞུ་བ་ལས་བཤད་ཀྱང་། གཞུང་འདིའི་དོན་ནི་སྔ་མ་ལྟར་ཡིན་ནོ། །དབྱར་གནས་པའི་དགེ་འདུན་བྱེ་ནས་གནས་དེ་ན་ཕྱོགས་གཉིས་ཀ་ཡོད་ན་གང་གིས་སྲ་བརྐྱང་གདིང་ཞེ་ན། ཆོས་སྨྲ་བ་དག་ཡོད་པས་དེ་གདིང་ངོ་། །དེའི་ཚེ་ན་གནས་དེར་ཕྱོགས་གཉིས་ཀས་སོ་སོར་སྲ་བརྐྱང་བཏིང་ན་རྙེད་པ་ཇི་ལྟར་རྣམ་པར་བཞག་ཅེ་ན། དབྱར་གནས་པ་རྫོགས་ནས་དགེ་འདུན་གཉིས་སུ་བྱེ་བའི་གནས་དེར་ཆོས་སྨྲ་བ་ལས་གཞན་ཆོས་མ་ཡིན་པ་སྨྲ་བ་དག་གིས་སྲ་བརྐྱང་འདིངས་བ་བྱས་ཀྱང་དབྱར་་་་་་གནས་འདིར་དབྱར་གནས་པ་རྣམས་ལ་རྙེད་པ་འདི་སྦྱིན་པར་བྱའོ་ཞེས་རྣམ་པར་བཞག་པའི་གནས་ཀྱི་རྙེད་པ་་་་་་དགག་དབྱེ་ཚུན་ཆད་དུ་བྱུང་བ་ནི་ཆོས་སྨྲ་བ་དེ་དག་ལ་འོས་པ་ཉིད་ཡིན་ནོ། །་་་་་ཆོས་མ་ཡིན་པར་སྨྲ་བ་དག་ལ་ནི་འོས་པ་མ་ཡིན་ཏེ། ཕྱོགས་གཞན་དུ་གནས་པའི་ཕྱིར་རོ་ཞེས་ཊཱི་ཀས་བཤད་དོ། །གལ་ཏེ་ཕྱོགས་གཉིས་ཀས་སོ་སོར་སྲ་བརྐྱང་བཏིང་ན་སྲ་བརྐྱང་གི་རྙེད་པ་ནི་སོ་སོར་ཕྱོགས་གཉིས་ཀ་ལ་འོས་པ་ཉིད་ཡིན་ཏེ། སྐབས་འདི་ཉིད་ཀྱི་་་་་་ཊཱི་ཀ་ལས་སྲ་བརྐྱང་བཏིང་བའི་རྒྱུ་ལས་བྱུང་བའི་རྙེད་པ་གང་ཡིན་པ་དེ་ནི་་་་་་ཆོས་ཕྱོགས་པ་དང་ཆོས་མིན་ཕྱོགས་པ་ཐམས་ཅད་ལ་འོས་པ་ཉིད་ཡིན་ནོ། །ཞེས་བཤད་དོ། །བསམ་པ་གནས་པ་ནི་ཞེས་པ་་་་་་སྲ་བརྐྱང་འདིངས་བའི་བསམ་པ་ཡོད་ཅིང་དེ་ལ་འདུན་པ་མ་ལོག་པར་གནས་པས་སྲ་བརྐྱང་བཏིང་བ་ནི་སྲ་བརྐྱང་བཏིང་བ་ཡིན་ནོ། །དེའང་རྒྱུ་རྐྱེན་གཞན་ཚང་ནའོ། །་་་་་དེ་དང་བྲལ་བ་ནི་ཞེས་པ་བསམ་པ་གནས་པ་དེ་དང་བྲལ་བ་ནི་སྲ་བརྐྱང་མ་ཆགས་པའི་ཚུལ་གྱིས་ཕྱུང་བ་ཉིད་ཡིན་ཏེ། སྲ་བརྐྱང་མི་ཆགས་པ་ཡིན་ནོ། །གཙུག་ལག་ཁང་ཐ་དད་པ་གཉིས་སམ་གསུམ་ལྟ་བུ་མཚམས་པོ་ཆེ་བཅད་པས་མཚམས་གཅིག་པ་ཉིད་ཡིན་ན་མཚམས་གཅིག་གི་ནང་ན་གནས་དུ་མ་ཡོད་པ་དེར་གནས་ཐ་དད་གཞན་དུ་དབྱར་གནས་པ་རྣམས་ཀྱང་སྲ་བརྐྱང་བཏིང་བའི་ཕྱིར་དབྱར་གནས་པ་ཉིད་ཡིན་པས། དབྱར་གནས་གཞན་དུ་གནས་པ་རྣམས་ཀྱིས་ཀྱང་སྲ་བརྐྱང་གདིང་དུ་རུང་སྟེ་གནས་ཀྱི་ངོ་བོ་ཐ་དད་ཀྱང་མཚམས་པོ་ཆེ་གཅིག་ཏུ་གཏོགས་པས། མཚམས་དེ་ཉིད་དུ་དབྱར་གནས་ཤིང་མཚམས་དེ་ཉིད་དུ་སྲ་བརྐྱང་བཏིང་བའི་ཕྱིར་རོ། །འདི་ནི་དབྱར་གནས་ཁས་ལེན་པའི་སྔ་རོལ་ནས་མཚམས་པོ་ཆེ་བཅད་པའི་དབང་དུ་བྱས་སོ། །གཙུག་ལག་ཁང་ཐ་དད་པ་གཉིས་སམ་གསུམ་ལྟ་བུ་ལ་ནི་ཊཱི་ཀ་ལས་གནས་གཞན་དེ་ནི་བཏིང་བའི་ཚེ་ཞེས་གསུངས་ཀྱང་། འདིངས་བའི་ཚེ་ཞེས་འགྲེལ་ཆུང་གིས་བཤད་པ་དེ་ལེགས་པས། སྲ་བརྐྱང་འདིངས་བའི་ཚེ་ན་མཚམས་པོ་ཆེ་བཅད་པས་མཚམས་གཅིག་པ་དེ་ཡིན་ན་གནས་གཅིག་པ་དེ་ཉིད་ཡིན་པས། གནས་གཞན་དུ་དབྱར་གནས་པ་རྣམས་ཀྱིས་ཀྱང་སྲ་བརྐྱང་གདིང་བ་འཆགས་ཏེ། དབྱར་གནས་པའི་དུས་ན་མཚམས་ཐ་དད་ཀྱང་། ཊཱི་ཀ་ལས་སྲ་བརྐྱང་འདིངས་བའི་དུས་ན་མཚམས་གཅིག་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །མཚམས་པོ་ཆེ་གཅིག་གི་ནང་ན་གནས་དུ་མ་ཡོད་པའི་གནས་གང་རུང་གཅིག་ཏུ་སྲ་བརྐྱང་བཏིང་ནས་ཕྱིས་མཚམས་པོ་ཆེ་བཀྲོལ་ཏེ་མཚམས་ཐ་དད་པར་བྱས་ན་སྲ་བརྐྱང་བཏིང་བའི་གནས་དུ་མ་དེ་ལས། གནས་གང་ཡང་རུང་བ། ཆོས་གོས་སྲ་བརྐྱང་དེའི་གནས་ཡིན་པས་གནས་དེ་དག་ཏུ་བཞག་ཀྱང་རུང་བ་ཡིན་ནོ། །དེ་ལས་་་་་་གང་ཡང་རུང་བ་དེ་ལ་ནི་ཞེས་པ། གང་ཡང་རུང་བ་ཞེས་རིམ་པ་བསྒྱུར་རོ། །བཏིང་ནས་མཚམས་པོ་ཆེ་ཐ་དད་པར་བྱས་པ་འདི་ལ། གནས་དེ་དག་གང་དུ་བརྐྱང་ཡང་ཉེས་པ་མེད་ལ། གནས་དེ་དག་གཞན་དུ་ཁྱེར་ཡང་མཚམས་གཞན་དུ་ཁྱེར་བའི་ཉེས་པ་མི་འབྱུང་བའོ། །ཐ་དད་པ་ཉིད་ཡིན་ན་ཞེས་པ་ནི། གནས་ཐ་དད་མང་པོ་རྣམས་མཚམས་པོ་ཆེ་གཅིག་ཏུ་གྱུར་པའི་ནང་དུ་ཆོས་གོས་གསུམ་ཕྲུགས་གཅིག་ཉིད་སྲ་བརྐྱང་དུ་བཏིང་ནས། མཚམས་པོ་ཆེ་བཀྲོལ་ཏེ་གནས་མང་པོ་དེ་དག་མཚམས་ཐ་དད་པ་ཉིད་ཡིན་ན་གནས་སོ་སོར་སྲ་བརྐྱང་དེ་དབྱུང་གི ཐམས་ཅད་ཀྱིས་གནས་གཅིག་ཏུ་དབྱུང་དུ་མི་རུང་ངོ་། །སྲ་བརྐྱང་གཅིག་ཀྱང་མཚམས་དེ་ན་གནས་པ་རྣམས་ཀྱིས་སྲ་བརྐྱང་ཕྱུང་བས་མཚམས་གཞན་གྱི་སྲ་བརྐྱང་ཕྱུང་བར་མི་འགྱུར་ཏེ། རང་གི་གནས་སུ་བླངས་ཏེ་སྲ་བརྐྱང་དེ་ཕྱུང་བར་བྱའོ། །ཡང་ན་སྲ་བརྐྱང་དེ་མ་ཕྱུང་བའི་དགེ་སློང་འགའ་ཞིག་སྲ་བརྐྱང་གི་གནས་སུ་བཞག་པར་བྱའོ། །ཊཱི་ཀ་ལས་གཞན་དུ་ན་སྐྱ་རེངས་འཆར་བའི་དུས་སུ་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བར་འགྱུར་ཞིང་། འབྲལ་བའི་ཉེས་པར་ཡང་འགྱུར་རོ། །ཞེས་སོ། །འོ་ན་སྦྱོར་བས་འགྲོ་བའམ་ཐོས་བྱུང་གི་སྐབས་སུ་སྲ་བརྐྱང་ཕྱུང་བའི་དགེ་སློང་དེ་རྣམས་ཀྱིས་མཚམས་གཞན་ན་གནས་པའི་དགེ་སློང་གི་སྲ་བརྐྱང་མི་འཇིག་པར་རྐྱོང་ནུས་པ་དང་འགལ་ལོ་ཞེ་ན། དེ་ནི་མཚམས་པོ་ཆེའི་ཚད་ཀྱིས་བསྡུས་པར་མ་ངེས་པས། རང་རང་གིས་རྐྱོང་བ་སྒྲུབ་པར་མི་ནུས་ལ། འདིར་ནི་མཚམས་པོ་ཆེ་གཅིག་གི་ས་ཁོངས་ན་གནས་པས་རང་གིས་རྐྱོང་བ་སྒྲུབ་པར་ནུས་པས་སོ། །བྱེ་བ་ཉིད་ན་ཞེས་པ་ནི་གནས་གཅིག་ཏུ་སྲ་བརྐྱང་གདིང་བའི་དགེ་འདུན་རྣམས་ཆོས་ཕྱོགས་དང་ཆོས་མིན་ཕྱོགས་གཉིས་སུ་བྱེ་བ་ཉིད་ན་ཕྱོགས་དེ་གཉིས་སོ་སོ་ཉིད་དུ་སྲ་བརྐྱང་དབྱུང་བར་བྱའོ། །བཏིང་ནས་བྱེ་ན་ཆོས་ཀྱི་ཕྱོགས་པས་ཀྱང་གཉིས་ཀའི་ཕྱུང་བར་མི་འགྱུར་ལ། ཆོས་མིན་ཕྱོགས་པས་ཀྱང་ངོ་། །འོ་ན་འདི་སྨོས་པར་མི་རིགས་ཏེ་ཆོས་ཀྱི་ཕྱོགས་སུ་གཅིག་ཀྱང་མཚམས་ཐ་དད་པས་གཉིས་ཀ་ཕྱུང་བར་མི་འགྱུར་བར་གསུངས་པས་སོ། །ཞེ་ན། སྔ་མ་ལ་ནི་གང་གིས་འབྱིན་པ་དེ་ལ་འདུན་པ་ཕུལ་ན་གཉིས་ཀའི་དབྱུང་བར་འགྱུར་ལ། བཏིང་ནས་བྱེ་བ་འདི་ལ་ནི་འདི་ལྟར་མ་ཡིན་ཏེ། ལྟ་བ་ཐ་དད་པས་འདུན་པ་ཉིད་མི་འཆགས་པའི་ཕྱིར་རོ། །དགེ་སློང་སྲ་བརྐྱང་མ་བཏིང་བས། སྲ་བརྐྱང་འབྱིན་པའི་ཁ་སྐོང་བྱེད་དམ་སྲ་བརྐྱང་མ་བཏིང་བ་ཁོ་ན་བཞི་ཡན་ཆད་དགེ་འདུན་གྱི་གྲངས་ཚང་བས་སྲ་བརྐྱང་ཕྱུང་བ་ནི་མ་ཕྱུང་བ་ཉིད་མ་ཡིན་ནོ། །མ་བཏིང་བ་ཉི་ཚེས་ཕྱུང་བར་འགྱུར་བ་ནི་འདུན་པ་ཕུལ་བ་ལས་ཡིན་གྱི། གཞན་དུ་ན་སྒྲུབ་པར་མི་ནུས་པར་འགྱུར་རོ། །མ་བཏིང་བའི་ཕྱུང་བ་ནི། ཞེས་པ་དང་། མ་བཏིང་བ་ཉིད་ཀྱིས་དབྱུང་བར་ཞེས་པ་ནི་དབྱུང་བའི་ལས་འཆགས་པ་ཙམ་དང་ཉེས་པ་མེད་པར་འགྱུར་བ་གོ་རིམ་བཞིན་ནོ། །རྣམ་བཤད་ཉི་མའི་འོད་ཟེར་ལས། སྲ་བརྐྱང་གི་གཞིའི་རྣམ་པར་བཤད་པ་རྫོགས་སོ།།    །།ད་ནི་གོས་ཀྱི་གཞི་འཆད་དེ། མཚོན་གྱིས་མ་དྲས་པའི་གོས་སྤྱད་པར་མི་བྱ་ཞེས་སོ། །དྲས་ཤིང་དྲུབས་པ་ཞེས་པ་ནི་ལུང་གཞི་ལས་སྨན་པ་འཚོ་བྱེད་ཀྱིས་ལུས་འཕགས་ཀྱི་རྒྱལ་པོ་ན་བ་ལ་དཔྱད་བྱས་པ་ལས། དེས་ནི་དེ་ལ་བརྒྱ་སྟོང་རི་བའི་གོས་བེའུ་རས་ཡུག་པོ་ཆེ་བྱིན་པ་དེ་བླངས་ནས། བཅོམ་ལྡན་འདས་ལ་ཕུལ་བ་ན། ཀུན་དགའ་བོ་བརྒྱ་སྟོང་རི་བའི་གོས་བེའུ་རས་ཡུག་པོ་ཆེ་ལོང་ལ་ངའི་ཆེད་དུ་གྲིས་དྲོས་ཤིག་ཅེས་གསུངས་ནས། དེས་དེ་ལ་བཅོམ་ལྡན་འདས་ཀྱི་ཆོས་གོས་གསུམ་དང་། ཀུན་དགའ་བོའི་བླ་གོས་མཐང་གོས་དང་། སྒྲ་གཅན་ཟིན་གྱི་རལ་ཆུང་དཔུང་ཚད་གཅིག་བྱས་སོ། །ཞེས་གསུངས་པ་དང་། ལུང་ཕྲན་ཚེགས་ལས་ནི། ཡུལ་འཕགས་རྒྱལ་གྱི་རྒྱལ་པོ་གཏུམ་པོ་རབ་སྣང་ལ་གཉིད་མེད་ཀྱི་ནད་བྱུང་བ་ལ་སྨན་པ་འཚོ་བྱེད་ཀྱིས་དཔྱད་བྱས་པ་ལས། དེས་དེ་ལ་བརྒྱ་སྟོང་རི་བའི་རས་ཡུག་ཆེན་བསྐུར་བྱུང་བ་དེ། འཚོ་བྱེད་ཀྱིས་བཅོམ་ལྡན་འདས་ལ་ཕུལ་བ་ན། དེ་ཀུན་དགའ་བོས་དྲས་ཤིང་དྲུབས་ཏེ་བཅོམ་ལྡན་འདས་ཀྱི་ཆོས་གོས་གསུམ་དང་། ཀུན་དགའ་བོའི་སྟོད་གཡོགས་སྨད་གཡོགས་དང་སྒྲ་གཅན་ཟིན་གྱི་རྔུལ་གཟན་ཡང་ལྡང་ངོ་ཞེས་གསུངས་པའོ། །སྣམ་ཕྲན་སྣྲེལ་ཞི་ཉིད་ཅེས་པ་་་་་་གླེང་གཞི་འདི་དང་གླེང་གཞི་སྔ་མ་གཉིས་པོ་བསྲེས་ནས་འཆད་པ་ཤིན་ཏུ་མང་སྟེ། ལུང་ལ་ལེགས་པར་མ་བརྟགས་པ་སྟེ་འཁྲུལ་བཤད་ཉིད་དོ། །ནི་ལུང་གཞི་ལས། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ནས་ལུས་འཕགས་ཀྱི་རི་བོ་ལ་བཞུགས་་་་་་གླེང་གཞི་དེ་ནི་དྲས་ཤིང་དྲུབས་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱ་ཞེས་པ་འདིའི་གླེང་གཞི་ཡིན་ནོ། །དེང་སང་བོད་ཀྱི་འདུལ་འཛིན་པ་ཕལ་ཆེར་རྣམས་ན་རེ། གླེང་གཞི་དེ་གཉིས་ནི་གཞུང་འོག་མའི་སྣམ་ཕྲན་སྣྲེལ་ཞི་ཉིད་དང་ཞེས་པའི་གླེང་གཞི་ཡིན་པར་འཆད་དེ། ལུང་ལ་ལེགས་པར་མ་བརྟགས་པ་སྟེ། འཁྲུལ་བཤད་ཉིད་དོ། །ཏེ། མ་ག་དྷའི་ཞིང་མཉམ་ཞིང་ཉེ་འཁོར་མཉམ་ལ་སྣང་གི་ཁྱད་པར་སྣ་ཚོགས་དག་སྣང་སྒལ་གྱིས་འབྲེལ་ཞིང་མཛེས་པ་གཟིགས་ནས། འདི་ལྟ་བུར་ཆོས་གོས་རྣམས་དྲས་ཏེ་དྲུབ་པར་བྱའོ་ཞེས་གསུངས་པ་སྟེ། དགེ་སློང་གི་ཆོས་གོས་དྲ་ཞིང་དྲུབ་པའི་ཚུལ་ལ་རྣམ་པ་བཞི་ལས་དང་པོ་ནི་སྣམ་ཕྲན་སྣྲེལ་ཞི་ཉིད་དང་ཞེས་གསུངས་ཏེ། ཊཱི་ཀ་ལས་སྲིད་དུ་བཏང་བའི་ཚལ་བུ་རྣམས་ཀྱི་སྣ་མཐོན་དམན་དུ་འདུག་པས། སྣམ་ཕྲན་སྣྲེལ་ཞི་ཉིད་དུ་འགྱུར་བ་དེ་ལྟར་ཆོས་གོས་དེ་དྲུབས་པར་བྱའོ་ཞེས་སོ། །གཉིས་པ་ནི་ལྷག་མ་མཉམ་པ་ཉིད་དང་ཞེས་གསུངས་ཏེ་ཊཱི་ཀ་ལས་སྣམ་བུ་གཅིག་ལ་་་་་་ཚལ་བུ་དག་ཀྱང་ངོ་ཞེས་པ་ལ་ཚལ་བུ་ནི་སྲིད་དུ་བཏང་བའི་ཚལ་བུ་དང་བྲེད་ཚོད་ཁོ་ནར་མ་ཟད་ཀྱི་མཐའ་སྐོར་གྱི་ཚལ་བུ་ཡིན་པར་འགྲེལ་ཆུང་ལས་བཤད་དོ། །དེ་ལྟར་ན་ཚལ་བུ་གཞན་རྣམས་ལས་མཐའ་སྐོར་ཞེང་ཕྱེད་པར་བྱེད་པ་རྣམས་ནི་མ་གོ་བ་སྟེ། ཚལ་བུ་དག་ཀྱང་ཞེང་མཉམ་པར་བྱའོ་ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །ཚལ་བུས་ནོན་པའི་ལྷག་མ་མ་ནོན་པ་ཇི་སྲིད་ཡོད་པ་དེ་ཙམ་དུ་དེ་ལས་གཞན་པའི་སྣམ་བུ་ལྷག་མ་རྣམས་ཞེང་མཉམ་པ་ཉིད་ཅེས་སོ། །གསུམ་པ་ནི་དབུས་ཀྱི་སྣམ་ཕྲན་ལ་ལྟོས་ནས་གཞན་དུ་སྟེ་གཡས་གཡོན་གྱི་ཕྱོགས་གཉིས་སུ་གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་ལྟ་བ་ཉིད་དང་ཞེས་སོ། །བཞི་པ་ནི་ངོས་བཞི་པོ་འཁོར་བར་མཐའ་སྐོར་གྱིས་མཐའ་བསྐོར་བ་ཉིད་དག་གིས་སོ། །ལུང་གཞི་ལས་གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་ལྟ་བ་དང་མཐའ་སྐོར་བ་གཉིས་ནི་བཅོམ་ལྡན་འདས་ཀྱིས་བཀའ་མ་སྩལ་མོད་ཀྱི། དེ་གཉིས་ཀུན་དགའ་བོས་བྱས་པ་ལ་བཅོམ་ལྡན་འདས་ཀྱིས་ལེགས་སོ་ལེགས་སོ་ཞེས་གསུངས་སོ། །ཡོད་ཅིང་བདོག་ནའོ་ཞེས་སྨོས་ན་ཡོད་པ་དང་བདོག་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། ལུང་་་་་་མདོ་རྩ་བའི་འགྲེལ་བ་རྣམས་ན་ཡེ་མི་གསལ་ཡང་རྣམ་འབྱེད་ཀྱི་འགྲེལ་པ་ལས་ཡོད་ཅིང་ཞེས་བྱ་བ་ནི་རྫས་ཙམ་དུ་ཡོད་པས་སོ། །བདོག་བཞིན་དུ་ཞེས་བྱ་བ་ནི་བྱ་བ་བྱེད་ནུས་པས་སོ་ཞེས་བཤད་པས། རྫས་ཙམ་དུ་ཡོད་ཅིང་བྱ་བ་བྱེད་ནུས་སུ་བདོག་ནའོ། །་་་་་ཀླམ་ནི་ལ་བ་འཐུག་པོ་སྟེ་ལུང་ཕྲན་ཚེགས་ཀྱི་འགྲེལ་བ་ལས་ལ་བ་འཐུག་པོ་ནི་ཀླམ་མོ་ཞེས་སོ། །ཀླམ་རྩུབ་པོ་ཞེས་བྱ་བ་ནི་ལ་བ་སྟུག་པོ་རྩུབ་མོའོ་ཞེས་རྣམ་འབྱེད་འགྲེལ་པ་ལས་བཤད་དེ། ལུང་གཞི་ལས་་་་་་གཡང་གཞིའི་ཞེས་པ་འདི་འགྱུར་སྐྱོན་ཡིན་པར་ཐེ་ཚོམ་མེད་དེ་འགྲེལ་ཆུང་གི་མདོ་རྩ་བ་ལས་གཡང་གཞི་དང་ཞེས་བཤད་པ་དེ་འགྱུར་ཤིན་ཏུ་ལེགས་ཏེ་ལུང་གཞི་ལས་ཀྱང་གཡང་གཞི་དང་ཞེས་སོ། །གཡང་སྟེ་རི་དྭགས་ཀྱི་པགས་པའི་ཞེས་ཊཱི་ཀ་ལས་གསུངས་སོ། །གཞི་་་་་་ནི་མུ་སྟེགས་པའི་རྒྱལ་མཚན་ཡིན་པས་དགེ་སློང་གིས་གཡང་གཞི་འཆང་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་ལུང་གཞི་ལས་གསུངས་པ་དང་་་་་་སྣམ་སྦྱར་མི་འཆང་བར་སྨད་གཡོགས་སྟོད་གཡོགས་དང་བཅས་པས་འཚོ་ཞིང་ཞེས་གསུངས་སོ། །་་་་་ལུང་གཞི་ལས་ངས་ཆོས་གོས་གསུམ་གནང་ན་ཅིའི་ཕྱིར་བླ་གོས་དང་མཐང་ཐོས་དང་བཅས་པས་འཚོ་བར་བྱེད་ཅེས་གསུངས་ཏེ་སྣམ་སྦྱར་མི་འཆང་བར་བླ་གོས་དང་མཐང་གོས་དང་བཅས་པས་འཚོ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །འདི་ནི་དགེ་སློང་གི་རྟགས་ཉམས་པའི་ཉེས་པར་འགྱུར་བའོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས་གོས་ཐམས་ཅད་སྔོ་བ་བཀག་པ་ཡིན་གྱི་གོས་ཐམས་ཅད་སེར་བ་དང་དམར་བ་ནི་མ་བཀག་གོ་ཞེས་བཤད་ཀྱང་་་་་་རང་གི་རྣམ་བཤད་ལས་འདིར་ཁ་ཅིག་ཐམས་ཅད་སེར་བ་དང་ཐམས་ཅད་དམར་བ་བཀག་གོ་ཞེས་ཟེར་ཏེ་དེ་ནི་མི་རིགས་ཏེ། དེ་གཡོག་པ་ལ་མི་མཐུན་པ་ཉིད་དུ་མ་མཐོང་བ་ཉིད་ཀྱི་ཕྱིར་ཞེས་གསུངས་ཤིང་། ཊཱི་ཀ་ལས་ཀྱང་དེ་དང་མཐུན་པར་བཤད། ལུང་གཞི་ལས་གོས་ཐམས་ཅད་སེར་བའམ་ཐམས་ཅད་དམར་བའམ་དཀར་བ་ནི་རུང་བ་མ་ཡིན་པ་ཉིད་ཅེས་གསུངས་ལ། དེ་དང་མཐུན་པར་ལུང་་་་་་ལས་དགེ་སློང་གིས་ཁ་དོག་ངན་པར་བསྒྱུར་བ་གསུམ་ལས་གང་ཡང་རུང་བ་གཅིག་གིས་ཁ་དོག་བསྒྱུར་བའི་གོས་སྤྱད་ན་ནོངས་པ་དང་བཅས་པར་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། དགེ་སློང་གིས་གོས་ཐམས་ཅད་སྔོན་པོའམ་སེར་པོའམ་ཐམས་ཅད་དམར་པོ་སྤྱད་པའོ་ཞེས་གསུངས་པ་ཞུ་བ་དང་འོད་ལྡན་རྩ་འགྲེལ་དང་འགྲེལ་ཆུང་ལས་ཀྱང་བཤད་དོ། །དེ་ལྟར་ཐམས་ཅད་སེར་བ་དང་ཐམས་ཅད་དམར་བ་བཀག་པར་ལུང་གཞི་ལ་སོགས་པ་གཞུང་ལྔ་ལས་བཤད་པས་ཁ་དོག་གཅིག་པའི་ཉེས་པ་དགག་པའི་ཕྱིར་ལག་ལེན་དོག་མཐའ་གཟུང་བར་བྱའོ། །མུ་སྟེགས་པའི་ཆ་ལུགས་གཡང་གཞི་ལ་སོགས་པ་གོང་དུ་བསྟན་ཟིན་པ་དེ་རྣམས་ལས་གཞན་འཆང་ན་ཡང་ཉེས་བྱས་སུ་བསྟན་པ་ནི།་་་་་མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བ་སྟེ། མུ་སྟེགས་ཅན་གྱི་ཆ་ལུགས་འཆང་བ་ཡང་མི་རུང་ངོ་ཞེས་སྦྱར་རོ། །དེའི་ཆ་ལུགས་ཀྱི་བྱེ་བྲག་ནི་ལུང་ཞུ་བ་ལས། དགེ་སློང་གིས་མུ་སྟེགས་ཅན་གྱི་སྣོད་བཅངས་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་ལ། ཞུ་འགྲེལ་ལས། མུ་སྟེགས་ཀྱི་སྣོད་ནི་ཐོད་པ་ལ་སོགས་པའི་སྣོད་ཅེས་གསུངས་ཤིང་། དགང་གཟར་བླུགས་གཟར་གཉིས་ཀྱང་མུ་སྟེགས་པའི་ཆ་བྱད་ཡིན་པར་ལུང་རྣམ་འབྱེད་ལས་ཆོས་གོས་དང་འབྲལ་བའི་སྐབས་ནས་གསུངས་སོ། །བུ་ས་ལའི་འདབ་མ་ནི་འུ་སུའི་འདབ་མ་ཡིན་པར་ལུང་ཕྲན་ཚེགས་ལས་གསུངས་སོ། །ཆོས་རིང་དུ་གནས་ན་ཞེས་པ་ནི་དབྱར་ཟླ་བ་གསུམ་གྱི་གསུམ་གཉིས་གནས་ན་སྟེ། དེ་ཡང་འོད་ལྡན་ལས་གསུམ་གཉིས་རྫོགས་པ་ལ་བཤད་ཅིང་།་་་་་ཟླ་བ་གཉིས་གནས་ན་ཞེས་བཤད་གནས་མལ་གྱི་གཞིའི་རང་འགྲེལ་དང་ཊཱི་ཀ་ལས་གསུམ་གཉིས་ངོ་མཐོང་བ་ལ་བཤད་་་་་་ཞག་སུམ་ཅུ་རྩ་དྲུག་གནས་ན་ཞེས་བཤད་དེ། མཁས་པ་ཡོན་ཏན་འོད་ཀྱི་རྗེས་སུ་འབྲང་བར་བྱའོ། །ཆོས་ཕྱོགས་པའི་སྦྱིན་བདག་ཁྱིམ་པ་རྣམས་ཀྱིས་ཕུལ་བ་ནི་ཆོས་ཕྱོགས་པའི་དགེ་འདུན་དབང་ལ། ཆོས་མིན་ཕྱོགས་པའི་སྦྱིན་བདག་རྣམས་ཀྱིས་ཕུལ་བ་ནི་ཆོས་མིན་ཕྱོགས་པ་རྣམས་དབང་བར་བྱེད་དོ་ཞེས་ཕྱོགས་གཉིས་ཀའི་དགེ་འདུན་གྱིས་ཁྲིམས་སུ་བཅས་པ་ནི་ཕྱོགས་གཉིས་པོའི་སྦྱིན་བདག་རྣམས་ཀྱིས་ཕྱོགས་གཉིས་ཀའི་དགེ་འདུན་ལ་ཕུལ་ན་ཇི་ལྟར་རྣམ་པར་བཞག་སྙམ་ན།་་་་་ཆོས་ཕྱོགས་པའི་སྦྱིན་བདག་དང་ཆོས་མིན་ཕྱོགས་པའི་སྦྱིན་བདག་ཐམས་ཅད་ཀྱིས་འབུལ་ལུགས་ཇི་ལྟར་ཕུལ་ན་ཡང་འཐོབ་པ་རྣམས་ཀྱིས་ཇི་ལྟར་རྣམ་པར་ངེས་པར་བྱེད་པ་ལྟར་རྣམ་པར་བཞག་གོ་ཞེས་སྔ་མར་སྦྱར་རོ། །བུ་མོ་མུ་ཏིག་གི་བྱུང་བ་དང་འབྲེལ་ནས་གསུངས་པ་ནི། ལུང་གི་ཆོས་ལ་ཕུལ་བའི་ཆོས་ཀྱི་རྙེད་པ་ནི་ལུང་ཆོས་སྨྲ་བ་རྣམས་དབང་ཞེས་སོ། །དོན་དམ་པའི་ཆོས་ལ་ཕུལ་ན་ནི་བྱེ་བྲག་བཤད་མཚོ་ལས། ཆོས་ལ་ཕུལ་བ་དེ་ཡང་་་་་་མྱ་ངན་ལས་འདས་པ་ལ་ཕུལ་བ་ནི་མཆོད་རྟེན་དང་འདྲ་བར་བཞག་གོ་ཞེས་བཤད་དོ། །སྒྲུབ་པའི་ཆོས་་་་་་བསླབ་པ་གསུམ་ཉིད་ལ་བསྔོས་ཏེ་ཆོས་ལ་འབུལ་ལོ་ཞེས་ཕུལ་བ་ནི་དགེ་འདུན་རྣམས་དབང་སྟེ། སྒྲུབ་པའི་ཆོས་དེ་དགེ་འདུན་གྱི་རྒྱུད་ལ་ཅི་རིགས་པར་མངའ་བའི་ཕྱིར་རོ་ཞེས་བླ་མ་རྣམས་གསུང་ངོ་། །གནས་ནས་ཕྱུང་བ་ཤི་བའི་ཡོ་བྱད་ནི་གནས་ནས་ཕྱུང་བ་མི་དབང་བ་དེ་ཐམས་ཅད་དུ་ངས་སམ་ཞེ་ན་རྒྱུ་གང་གིས་གནས་ནས་ཕྱུང་བའི་་་་་་རྒྱུ་ལས་སེམས་མ་ལོག་ནའོ་་་་་་གནས་ནས་ཕྱུང་བ་མི་དབང་གི་རྒྱུ་ལས་སེམས་ལོག་ན་ནི་དབང་ངོ་ཊཱི་ཀ་ལས་སོ། །ཞེས་པ་ལ་ཁ་ཅིག་ན་རེ་བཟོད་པ་མ་གསོལ་ན་གནས་ནས་ཕྱུང་བ་མི་དབང་གི བཟོད་པ་གསོལ་ན་ནི་དབང་ངོ་ཞེས་ཟེར་རོ། །དེ་ནི་མདོ་རྩ་འགྲེལ་ལས་་་་་་བཟོད་པ་མ་གསོལ་ནའོ་ཞེས་མ་གསུངས་ཀྱི་ནན་ཏུར་གྱི་རྒྱུ་ལས་སེམས་མ་ལོག་ནའོ་ཞེས་གསུངས་པ་དང་འགལ་ལ། བཟོད་པ་གསོལ་ན་རང་བཞིན་དུ་གནས་པ་ཡིན་པས་རྙེད་པ་དེ་མི་དབང་ངམ་སྙམ་པའི་དོགས་པ་བཅད་མི་དགོས་སོ། །མཚམས་ཀྱི་བར་ན་་་་་་ཤི་བའི་རྫས་རྣམས་འདུག་པ་་་་་་ལ་ཤི་བའི་ལུས་ཏེ་རོ་དེས་སམ་ལུས་སམ་་་་་་ལུས་དེ་དང་འབྲེལ་བ་གཞན་གྱིས་རེག་པས་ཇི་ཙམ་་་་་་མཆིས་རྣོན་པ་རྣམས་དབང་བར་གསུངས་པའོ། །འོ་ན་ལུང་གླེང་གཞི་ལས་བཙུན་པ་མཚམས་གཉིས་ཀྱི་བར་དུ་དགེ་སློང་ཞིག་དུས་འདས་ན་གུམ་པ་དེའི་ཡོ་བྱད་རྣམས་སུ་དབང་བར་འགྱུར། ཨུ་པ་ལི་དེ་ནི་མགོ་གང་ལོགས་སུ་བོར་བའོ། །བཙུན་པ་གཉིས་ཀར་མགོ་བོར་ན་གང་དབང་བར་འགྱུར། ཨུ་པ་ལི་དེ་ནི་གཉིས་ཀའོ་ཞེས་གསུངས་ལ། དེ་ཁོ་ན་ལྟར་འོད་ལྡན་ལས་བཤད་ཅིང་། རྩ་བ་སུམ་བརྒྱ་པ་ལས་ཀྱང་། གཙུག་ལག་ཁང་གི་མཚམས་གཉིས་པར་ཤི་ན། དེའི་ལུས་འབྲེལ་བའི་རས་ལ་སོགས་པའི་རྫས། གང་དུ་མགོ་བོ་བཞག་པར་དབང་བ་ཡིན། གཉིས་ཀར་བཞག་ན་དེའི་ཕྱིར་གཉིས་ཀ་ཡིན། ཞེས་བཤད་པ་དང་འགལ་ཞེ་ན། ལུང་ལ་འདོན་པ་ཐ་དད་པ་ལུགས་གཉིས་སུ་འབྱུང་ཡང་། ལུང་གང་ལས་མདོ་རྩ་བས་བསྡུས་པའི་ལུང་དེ་གཙོ་བོར་བྱས་ཏེ་མདོ་རྩ་འགྲེལ་ཚད་མར་བྱའོ། །དེ་དང་ལྷན་ཅིག་རྣམ་པར་བཞག་པ་དེ་ལ་སྦྱིན་པར་བྱ་བ་ཉིད་གང་ཡིན་པ་སྟེ་དེ་ཉིད་མ་ཡིན་ནོ་ཞེས་སྦྱར་ཏེ། དགེ་སློང་ཤི་བ་དེ་ལ་བུ་ལོན་ཚུར་ཆགས་ན་་་་་་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་དངོས་པོ་ཅི་ཞིག་སྦྱིན་ཞེ་ན། དགེ་སློང་གིས་ཐ་ག་པ་ལ་སོགས་པའི་རས་སྔ་ཤུགས་སུ་ཁྱེར་ནས་དེའི་རིན་དུ་གསེར་སྦྱིན་ནོ་ཞེས་ཆད་བྱས་པ་ལས་དགེ་སློང་ཤི་ན་རིན་སྦྱིན་པར་བྱ་བ་ཉིད་སྔར་ཆད་བྱས་པ་གང་ཡིན་པ་གསེར་ཉིད་སྦྱིན་དགོས་པ་སྟེ་སྔར་ཁྱེར་བའི་དངོས་པོ་རས་དེ་ཉིད་སླར་སྦྱིན་པ་ནི་མ་ཡིན་ནོ། །དགེ་སློང་ཤི་བ་དེའི་བུ་ལོན་ཕར་ཆགས་ན་་་་་་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ཀྱིས་དངོས་པོ་ཅི་ཞིག་བླང་ཞེ་ན། བླང་བར་བྱ་བ་ཉིད་གང་ཡིན་པ་སྟེ་དེ་ཉིད་མ་ཡིན་ནོ་ཞེས་གསུངས་ཏེ་དགེ་སློང་གིས་ཐ་ག་པ་ལ་སོགས་པ་ལ་གསེར་སྔ་ཤུགས་སུ་བཏང་ནས་དེའི་རིན་དུ་རས་ལེན་ཏོ་ཞེས་ཆད་བྱས་པ་ལས་དགེ་སློང་དེ་ཤི་ན་རིན་བླང་བར་བྱ་བ་ཉིད་སྔར་ཆད་བྱས་པ་གང་ཡིན་པ་རས་ཉིད་བླང་དགོས་པ་སྟེ་སྔར་བཏང་བའི་དངོས་པོ་གསེར་དེ་ཉིད་སླར་བླང་བ་ནི་མ་ཡིན་ནོ། །རྒྱལ་མཚན་གྱི་སྲོག་ཤིང་དེར་རུང་བའི་སྲོག་ཤིང་ནི་ལུང་ལས་མདུད་ཤིང་རིང་པོ་ཞེས་སོ། །དེར་རུང་བའི་སྲོག་ཤིང་ལས་གཞན་དག་ནི་ལུང་ལས་མདུད་ཤིང་ཐུང་ངུ་ཞེས་གསུངས་སོ། །་་་་་ཕྲན་ཚེགས་འགྲེལ་ལས་བྱེད་པ་ནི་སྐྱེས་བུ་བླང་པའི་ཞེས་སོ། །རང་གི་ལུས་སྟོབས་ཀྱིས་ཞོ་ཤས་འཚོ་བ་ནི་ཕྲན་ཚེགས་འགྲེལ་ལས་སྐྱེས་བུའི་བྱེད་པ་ལ་བརྟེན་ནས་འཚོ་བ་ནི་ཞོ་ཤས་འཚོ་བའོ་ཞེས་སོ། །བུ་ལོན་ཆགས་ཏེ་དཔང་རྒྱ་་་་་་མྱུར་དུ་མི་འགྲུབ་པའི་དམ་རྒྱ་ནི་བུ་ལོན་གྱི་ཡི་གེ་ལས་འཕྲལ་དུ་དགུག་ཏུ་མེད་པ་ཡིན་ལ་་་་་་མྱུར་དུ་མི་འགྲུབ་པའི་དམ་རྒྱ་གཞན་ནི་འགྲེལ་ཆུང་ལས་བུ་ལོན་འཕྲལ་དུ་ཞུགས་པའི་དབང་རྒྱའི་ཡི་གེའོ་ཞེས་སོ། །དགེ་སྦྱོང་མཚོན་ཆ་སྤངས་པ་ཡིན་པས་འདི་ཡང་མི་རུང་སྙམ་པའི་དོགས་པ་བསལ་བའི་ཕྱིར། གྲིའུ་དེ་བཅད་པར་བྱའོ་ཞེས་སོ། །འགྲེལ་ཆུང་ལས་གྲིའུ་བཅད་ཀྱང་ཉེས་པ་མེད་ཅེས་བཤད་དོ། །གྲིའུའི་ཚད་འདི་ཡུ་བ་དང་བཅས་པ་ལ་བརྩི་འམ་ཞེ་ན་འགྲེལ་ཆུང་ལས་གྲིའི་ལྕགས་ཉི་ཚེ་ལ་སོར་དྲུག་གི་ཚད་ལས་ལྷག་པ་མི་བཅང་ངོ་ཞེས་སོ། །བཟོའི་སྣོད་ཉེ་བར་བཞག་པར་མི་བྱའོ་ཞེས་དགེ་སློང་གང་ཟག་གིས་བཟོའི་ཆ་བྱད་བསྲེལ་བ་སྤྱིར་བཀག་པས་འདི་ཙམ་ཡང་མི་རུང་ངམ་སྙམ་པའི་དོགས་པ་བསལ་བའི་ཕྱིར། ཁབ་དེའི་ཁབ་རལ་སྦུ་གུ་ལྟ་བུའམ་ཆང་བ་ལྟ་བུ་བཅང་ཞེས་སོ་མི་ཤེས་པ་ནི་ལུང་མ་མོ་ལས་འཁོན་ཡོད་པ་མི་མཛའ་བ་ཞེས་སོ། །མི་དྲན་པ་ནི་ཆོས་དྲལ་ནས་ཧ་ཅང་བརྗེད་ངས་ཆེ་བའོ། །གྲིབ་མ་དང་ཉི་མ་འདྲེས་མ་ནི་ཕྲན་ཚེགས་འགྲེལ་ལས་ཉི་མ་གོས་སེང་བས་བར་དུ་བཅད་པའོ་ཞེས་སོ། །ཉི་གྲིབ་འདྲེས་མར་བརྡུང་ཞིང་བསྐམ་ཞེས་ཀྱང་། ཉི་གྲིབ་འདྲེན་མར་བསྐམ་ཞིང་བརྡུང་ཞེས་སྔ་ཕྱི་བསྒྱུར་བ་སྟེ། དོན་དེ་ལྟར་ལུང་ཕྲན་ཚེགས་ལས་གསུངས་སོ། །དབང་་་་་་བུ་དག་གིས་སོ་ཞེས་པ་འདི་ནི་སྐབས་འདིའི་ཊཱི་ཀ་ན་མི་གསལ་ཞིང་། ཚིག་འདི་གོ་དཀའ་བར་གྲགས་ཀྱང་ཁོ་བོ་ཡང་དག་པར་ངེས་པ་རྙེད་དེ་བུ་དག་གིས་སོ་ཞེས་པ་ནི་ཆོས་གོས་གྲྭ་ནས་ཐ་གུ་བཏགས་པ་དག་གིས་སོ་ཞེས་པ་སྟེ། སྐབས་་་་་་དེ་ལྟར་ཡིན་པའི་སྒྲུབ་བྱེད་གསུམ་ཡོད་དེ་འདི་ཉིད་ཀྱི་ལུང་ཕྲན་ཚེགས་ལས་གྲྭ་ནས་ཐ་གུ་བཏགས་ལ་ཞེས་གསུངས་སོ། །ལུང་དེའི་འགྲེལ་པ་ལས་ཀྱང་གོས་དེའི་མཐའ་མའི་ཕྱོགས་ལ་སྐུད་པ་བཏགས་ཤིང་གཟར་ཐག་ལ་བཞག་པར་བྱའོ་ཞེས་བཤད་ཅིང་། ལུང་དག་ཀྱང་ངོ་ཞེས་པའི་ཊཱི་ཀ་ལས་ཀྱང་དལ་བུས་མཐའ་འབྱར་བར་བྱའོ། །སྔར་བསྟན་པའི་སྐབས་ཏེ། གོས་གཟར་ཐག་ལ་གདགས་པའི་ཕྱིར་གོས་ཀྱི་གྲྭ་གྲྭར་ཐེ་གུ་གདགས་པ་ལ་ལུང་ཞེས་བྱའོ་ཞེས་བཤད་དོ། །་་་་་ལུང་ཕྲན་ཚེགས་ལས་ཤིན་ཏུ་བཟང་མོས་གོས་རབ་ཏུ་བཅགས་ཤིང་། བ་སོས་ཕྱིས་པ་འཚེར་བ་དག་མཛེས་དགའ་བོ་ལ་མཉན་ཡོད་དུ་བསྐུར་བ་ན་མཛེས་དགའ་བོས་དེ་གྱོན་ཏེ། དགེ་སློང་རྣམས་ཀྱི་མདུན་ན་འགྱིང་བག་ཏུ་རློམ་ནས། བཀའ་སྩལ་པ་འདི་ནི་མཛེས་པ་མ་ཡིན་ཞིང་འཚམ་པ་མ་ཡིན་ནོ་ཞེས་འདི་གསུངས་སོ། །དར་གོས་ལ་སོགས་པ་བཅགས་པ་དང་བརྡབས་པ་ནི་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས་བ་སོས་བརྡར་བ་ནི་གླང་པོ་ཆེའི་སོས་ཇི་སྲིད་གཟུགས་བརྙན་སྣང་བ་བརྡར་ཞིང་འཚེར་བར་གྱུར་པ་ཞེས་སོ། །་་་་་བཅགས་པ་དང་བརྡབས་པ་དེ་གཉིས་ཀྱི་ཁྱད་པར་ནི། འགྲེལ་བ་དེ་ཉིད་ལས། ཕྱོགས་གཅིག་ཏུ་བརྡུངས་པའི་ཕྱིར་བཅགས་པའོ། །ཕྱོགས་གཉིས་ཀ་ནས་བཅགས་པའི་ཕྱིར་བརྡབས་པ་ཞེས་སོ། །ཟིལ་པས་བརླན་ནས་ལག་པས་མཉེས་ན་ཡང་འཚེར་བ་ཡལ་བར་མ་གྱུར་ན་འི་ནང་དུ་བསྲུབ་པར་བྱའོ། །དེ་ལྟར་བྱས་ཀྱང་འཚེར་བ་མ་ཡལ་ན་ཡོངས་སུ་སྤྱད་པར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ་ཞེས་ལུང་ཕྲན་ཚེགས་ལས་གསུངས་སོ། །་་་་་ཁྲིས་གཅིག་གིས་ཀྱང་ངོ་ཞེས་པ་འདི་ཉིད་ཀྱི་ཊཱི་ཀ་ལས་སྐ་རགས་ཁྲིས་གཅིག་གིས་བཅངས་ན་དེ་ལྟ་ན་ཡང་རུང་བའོ་ཞེས་སོ། །འདི་་་་་་སོག་ན་རེ་ཁྲིས་གཅིག་རུང་བར་གསུངས་པ་ནི་སྔར་བཅས་ཡིན་ལ་མི་རུང་བར་གསུངས་པ་རྗེས་སུ་བཅས་པ་ཡིན་ཞེས་ཟེར་བ་དེ་དག་ནི་མ་ཡིན་ནོ་ཊཱི་ཀ་ལས་དེ་ལྟ་ན་ཡང་རུང་བའོ་ཞེས་གསུངས་པ་ནི་་་་་་མི་རུང་བའི་ཞེས་པ་ལ་རུང་བའོ་ཞེས་བཤད་པ། ཊཱི་ཀའི་ཡི་གེ་ཆད་པར་ངེས་ཏེ། ཚིག་འདི་ཉིད་རང་གི་རྣམ་བཤད་ལས་སྐ་རགས་ཁྲིས་གཅིག་གིས་བཅིངས་ན་དེ་ལྟ་ན་ཡང་མི་རུང་བའོ་ཞེས་གསུངས་ལ། གོས་གཞིའི་མཇུག་གི་མདོ་རྩ་བ་ཉིད་ལས་ཁྲིས་གཅིག་གིས་ཀྱང་མི་བྱའོ་ཞེས་གསུངས་པ་དང་། དེའི་ཊཱི་ཀ་ལས་ཀྱང་སྐ་རགས་ཁྲིས་གཅིག་གིས་བཅིངས་པས་ཀྱང་གྲོང་དུ་འཇུག་པར་མི་བྱའོ་ཞེས་གསུངས་སོ། །དེ་དག་ཀྱང་ལུང་མ་མོ་ལས་སྐ་རགས་མདུད་པ་གཅིག་བོར་བ་ཡང་གྲོང་དུ་མ་འགྲོ་ཞིག་སོང་ན་ཉེས་བྱས་སུ་འགྱུར་ཞེས་གསུངས་པ་བསྡུས་པ་སྟེ། གཞུང་་་་་་དེ་ལྟར་ན་ཊཱི་ཀ་ལས་ཁྲིས་གཅིག་གིས་ཀྱང་རུང་བའོ་ཞེས་བཤད་པའི་རྗེས་སུ་མི་འབྲང་བར་མི་རུང་བའོ་ཞེས་བཞི་པོ་དེ་རྣམས་ངེས་པར་གཟུང་ངོ་། །བརྟུལ་བ་ཡོད་ན་ཞེས་པ་ནི་ཐབས་གཞན་ཡོད་ན་སྟེ། བསྡུས་པ་ལས་ཐབས་གཞན་ཡོད་ན་ཁུར་ལྕི་བས་མནན་པར་མི་བྱའོ་ཞེས་གསུངས་པ་དང་། ཐབས་་་་་་བརྟུལ་བ་ཡོད་ན་ཞེས་པ་ལ་གཞན་ཡོད་ན་ཁུར་ལྕི་བ་མི་བསྐྱ་ཞེས་འགྲེལ་ཆུང་གི་མདོ་རྩ་བ་ཉིད་ལས་བཤད་་་་་་ཅིང་དེའི་འགྲེལ་ཆུང་ལས་ཆོས་གོས་གཟན་དུ་བོར་ཞིང་ཁུར་མི་བསྐྱ་ཞེས་བཤད་པའོ། །བསོད་སྙོམས་ལ་རྒྱུ་བ་དང་ཞེས་པ་ལ་སོགས་པའི་མདོ་འདིས་སྣམ་སྦྱར་གོན་པའི་གནས་སྐབས་དྲུག་བསྟན་ཏོ། །དེ་དག་གི་སྟེང་དུ་གློ་བུར་དུ་འོངས་པས་གཙུག་ལག་ཁང་དུ་འདུག་པ་ན་ཡང་སྣམ་སྦྱར་གོན་པ་སྟེ་ཆོས་གོས་གསུམ་གྱོན་པ་སྤྱོད་ལམ་ཞི་བས་གཙུག་ལག་ཁང་དུ་འཇུག་པར་བྱ་ཞེས་གསུངས་པས་སོ། །དེ་ལྟར་ན་སྣམ་སྦྱར་གོན་པའི་སྐབས་བདུན་ནོ། །དེའང་འགྲེལ་ཆུང་ལས་འདི་རྣམས་ལ་གྲོང་བར་དུ་མ་གྱོན་ན་ཉེས་བྱས། གཞན་དུ་ནི་ཉེས་མེད་དོ་ཞེས་བཤད་པའི་རྗེས་སུ་འབྲངས་ནས། བསོད་སྙོམས་དང་གྲོང་དུ་མཆོད་སྟོན་ལ་འགྲོ་བ་གཉིས་ལ་སྣམ་སྦྱར་གྱོན་པ་ནི་བསྒྲུབ་པའི་བསླབ་པའོ། །གཞན་རྣམས་ནི་་་་་་སྣམ་སྦྱར་གྱོན་དུ་གནང་བ་དེ་མ་གོན་ན་ཡང་ཉེས་པ་མེད་པ་གནང་བའི་བསླབ་པའོ། །མུ་སྟེགས་ཅན་གྱི་འདུག་གནས་སུ་འཇུག་པ་ན་སྣམ་སྦྱར་འཁྱེར་དགོས་པར་གསུངས་ཀྱང་གོན་དགོས་པར་མ་གསུངས་སོ། །་་་་་གཏུར་བུའི་ཚད་ནི། ཁྲུ་གསུམ་དང་ཕྱེད་དང་གསུམ་ཉིས་ལྟབ་ཏུ་བྱས་ཏེ་ཞེས་སོ། །འོ་ན་ལུང་ཕྲན་ཚེགས་ལས་གཏུར་བུ་ནི་རས་གང་ཆུར་ནི་ཁྲུ་གསུམ། ཞེང་དུ་ནི་ཁྲུ་ཕྱེད་དང་དོ་པ་དེ་གཉིས་སུ་བལྟབས་ལ་དྲུབ་པར་བྱའོ་ཞེས་གསུངས་པ་དང་། འགྲེལ་ཆུང་གི་མདོ་རྩ་བ་ཉིད་ལས་ཀྱང་། ཁྲུ་གསུམ་དང་ཕྱེད་དང་དོ་པ་སྦྱར་ཏེ་བཙེམ་ཞེས་པ་དང་། འགྲེལ་ཆུང་དང་བསྡུས་པ་ལས་ཀྱང་ཞེང་དུ་ཁྲུ་ཕྱེད་དང་དོ་བྱ་ཞེས་བཤད་པས། དེ་ལྟར་་་་་་ཁྲུ་ཕྱེད་དང་དོར་བཤད་པའི་གཞུང་བཞི་དང་་་་་་ཁྲུ་ཕྱེད་དང་གསུམ་དུ་བཤད་པའི་གཞུང་འདི་འགལ་ཞེ་ན་གཞུང་འདིར་བཤད་པ་འདི་ནི་ཆོས་གོས་བཞི་ལྟབ་ཏུ་བྱས་ཏེ་འཇུག་པའི་དབང་དུ་བྱས་ལ། ལུང་ལས་གསུངས་པ་དེ་ནི་ཆོས་གོས་བརྒྱད་ལྟབ་ཏུ་བྱས་ཞེས་་་་་་རྒྱ་གསུང་ངོ་། །ངལ་བསོ་བའི་གནས་སུ་གཙུག་ལག་ཁང་གི་ཚིགས་སུ་བཅད་པ་གདོན་ཏོ་ཞེས་པ་ལ་སོགས་པ་འདུལ་བ་ལས་སྤྱིར་ན་ཚིགས་བཅད་གདོན་པའི་སྐབས་བཅུ་བདུན་ཡོད་དེ། ངལ་བསོའི་གནས་་་་་་ཆུ་གཅུབ་ན་དང་ཆུའི་བདག་་་་་་པོ་ཁྲོན་པ་བྱེད་པ་པོ་ལ་སོགས་པའི་ཕྱིར་དང་། ཆུའི་ལྷའི་ཕྱིར་དང་། ཆུ་ལོངས་སྤྱོད་དང་་་་་་ཆུ་འཐུང་བ་དང་ཁྲུས་བྱེད་པ་ན་ཡང་ཁྲོན་པ་ལ་སོགས་པ་བྱེད་པ་དང་། དེའི་ཆུ་ལྷ་རྣམས་ཀྱི་ཕྱིར་སྦྱིན་པའི་རབས་དང་མཐུན་པའི་ཚིགས་སུ་བཅད་པ་གདོན་པར་བྱའོ་ཞེས་འོད་ལྡན་ལས་སོ། །སྦྱིན་བདག་ཟས་སྤྱོད་དང་། སྦྱིན་བདག་གི་་་་་་བསྔོ་བ་ངན་པ་བཟློག་པ་དང་མདོ་བསྐུལ་་་་་་བ་ན་གཙུག་ལག་ཁང་གི་བདག་པོ་དང་ལྷ་རྣམས་ཀྱི་ཕྱིར་ཚིགས་བཅད་རེ་རེ་སྟེ་དེ་ལྟར་གཉིས། ལྷུང་བཟེད་་་་་་ཀྱི་ཆུ་་་་་་སྦྱིན་པ་དང་དྲི་གཙང་ཁང་་་་་་དུ་འཇུག་་་་་་པ་ནི་མཚོན་པ་སྟེ་རྣམ་ལྔའི་མཎྜལ་བྱས་པ་ལྟ་བུ་དཀོན་མཆོག་གི་ཕྱག་དར་བྱས་པ་དང་ཞལ་ཞལ་བྱས་པ་ལ་གཙུག་ལག་གི་ཚིགས་སུ་བཅད་པ་གདོན་ཅིང་འགོམ་མོ་ཞེས་སོ། །དང་། མཆོད་རྟེན་ལ་སོགས་པའི་་་་་་གྲིམ་མ་འགེམ་དང་ཕྱི་རོལ་་་་་་མུ་སྟེགས་པ་དང་འཇིག་རྟེན་པའི་ལྷ་གནས་་་་་་དེར་བྱིན་པ་དང་། བསྲོ་ཁང་བསྟེན་་་་་་པའི་མཇུག་ཏུ། དང་ལྗོན་ཤིང་གཅོད་དུས་དང་། སྤོང་བ་པ་ཡིས་ཅི་བདེར་བྱ་བ་དང་། ཁྱིམ་དུ་མཚན་་་་་་མོ་གནས་་་་་་པ་དང་རོ་བསྲེག་པ་ལ་སོགས་་་་་་ལ་ནི་ལུང་ལས་དངོས་སུ་མ་གསུངས་ཀྱང་རོ་བསྐྱལ་བའི་སྐབས་སུ་ལུང་ལས་རྒྱུན་ཆགས་གསུམ་གྱིས་ཆོས་མཉན་པ་བྱིན་ནས་འདོད་པར་བྱའོ་ཞེས་གསུངས་པ་པའོ། །ཞེས་བསྡུ་བའི་ཚིགས་སུ་བཅད་པའོ། །དེའང་དང་པོ་ལྔ་ལ་སྦྱིན་པ་རབས་མཐུན་གྱི་ཚིགས་སུ་བཅད་པ་གདོན་ཏོ། །དེ་འོག་བདུན་ལ་ཆོས་ཀྱི་ཚིགས་བཅད་གང་ཡང་རུང་བ་གདོན་ཏོ། །ཐ་མ་ལྔ་ལ་རྒྱུན་ཆགས་གསུམ་པ་གདོན་པ་སྟེ། རྒྱུན་ཆགས་གསུམ་པ་ཚིགས་བཅད་དུ་གདོན་པ་ཡང་རུང་། ལྷུག་པར་གདོན་པ་ཡང་རུང་ངོ་། །གསུམ་པ་སྦྲང་ཡབ་བཅང་ཞེས་པའི་སྐབས་སུ། རས་བལ་ལས་བྱས་པའི་རས་མའམ་ཞེས་སྣང་ཡང་།་་་་་འགྱུར་སྐྱོན་ཡིན་པར་ཐེ་ཚོམ་མེད་དོ། །ལུང་ཕྲན་ཚེགས་ལས་སྦྲང་ཡབ་ནི་ལྔ་སྟེ། བལ་ལས་བྱས་པ་དང་ཤ་ན་ལས་བྱས་པ་དང་རས་བལ་ལས་བྱས་པ་་་་་འི་སྣམ་བུ་དང་། རས་མ་དང་། ཤིང་གི་་་་་་འདབ་མའི་དོག་པའོ། །ཞེས་གསུངས་་་་་་དེ་དང་མཐུན་པར་བེ་ཤ་ཀའི་ཚིག་ལེའུར་བྱས་པ་ལས་ཀྱང་ལྔ་ཚན་དུ་གསུངས་སོ། །སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དགེ་འདུན་ལ་ཡོ་བྱད་ཐམས་ཅད་བསྟབས་ན་ཞེས་བུ་དང་ཆུང་མའང་ཕུལ་བ་ལྟ་བུ་སྟེ། བུ་དང་ཆུང་མ་དགེ་འདུན་ལ་ཕུལ་བའི་རྙེད་པ་ལྟ་བུ་དེ་བཞག་པར་བྱའམ་འཚོང་བར་བྱ་ཞེ་ན། སྦྱིན་པར་བྱེད་པའི་བསམ་པའི་དབང་གིས་བཞག་པའམ་འཚོང་བར་སྒྲུབ་བོ། །སྦྱིན་པར་བྱེད་པའི་་་་་་བསམ་པའི་དབང་གིས་སྒྲུབ་བོ་ཞེས་དངོས་སུ་བསྟན་པས། ལེན་པར་བྱེད་པའི་་་་་་བསམ་པའི་དབང་གིས་ནི་མི་སྒྲུབ་བོ་ཞེས་ཤུགས་ཀྱིས་བསྟན་ཏེ། ལེན་པ་པོ་དྲུག་སྡེ་ལྟ་བུ་ནི། དེ་དག་འཚོང་བར་འདོད་ན་ཡང་། སྦྱིན་པ་པོས་བཞག་པའི་ཕྱིར་ཕུལ་ན་ཅི་བདེར་བཞག་ཅིང་བསླུ་བའི་ཕྱིར་ཕུལ་ན་ནི་བསླུར་གཞུག་པའོ། །ད་ནི་རྩིག་པ་ལ་ནི་ཞེས་པ་ལ་སོགས་པ་ནི། གནས་ཁང་མེ་ཁང་རུང་ཁང་དང་། །བཀད་ས་སྐྱེམས་མལ་བསྲོ་ཁང་གནས། །འཁོར་གྱི་ཁྱམས་དང་དཔོང་ས་དང་། །བང་རིམ་འཆག་ས་སྒོ་ཁང་ཁྱམས། །དེ་ལྟར་བཅུ་གཉིས་པོ་དེ་དག་གི་རྩིག་པ་ལ་ཕུལ་བ་དང་། དེ་རྣམས་ཀྱི་ཀ་བ་ལ་ཕུལ་བ་དང་། དེ་རྣམས་ཀྱི་ས་གཞི་ལ་ཕུལ་བ་ན་ཇི་ལྟར་བྱ་ཞེ་ན། དེ་རྣམས་གོ་རིམ་བཞིན་དུ་སྟོན་ཏེ། རྩིག་པ་ལ་ཕུལ་ན་ནི་གལ་ཏེ་གནས་བཅུ་གཉིས་པོ་དེ་དག་གི་དང་པོ་གནས་ཁང་གི་རྩིག་པ་ལ་ཕུལ་ན་རི་མོ་བྱ་བའི་ཕྱིར་རོ། །གལ་ཏེ་མེ་ཁང་ལ་སོགས་པ་བཅུ་གཅིག་དག་གི་རྩིག་པ་ལ་ཕུལ་ན་ལས་གསར་པའི་ཕྱིར་བཞག་པར་བྱའོ་ཞེས་ལུང་སིལ་བུ་ལས་རེ་རེ་ལས་རེ་རེ་གསུངས་པ་འདིར་ཚིག་གཅིག་ཏུ་བསྡུས་པ་ནི། གལ་ཏེ་མ་ཡིན་ནམ་ཞེས་པས་དོན་རྣམ་པ་བཅུ་གཅིག་བསྟན་ཏེ། རྩིག་པ་ལ་ཕུལ་ན་གལ་ཏེ་རྩིག་པ་དེ་གནས་ཁང་གི་རྩིག་པ་མ་ཡིན་ཏེ་མེ་ཁང་ལ་སོགས་པ་བཅུ་གཅིག་གི་རྩིག་པ་ལ་ཕུལ་ན་ལས་གསར་པའི་ཕྱིར་རོ། །གནས་ཁང་དང་མེ་ཁང་དང་རུང་ཁང་ལ་སོགས་པ་བཅུ་གཉིས་པོ་དེ་རྣམས་ཀྱི་ཀ་བ་ལ་ཕུལ་ན་ལས་གསར་པའི་ཕྱིར་བཞག་པར་བྱའོ་ཞེས་ལུང་སིལ་བུ་ལས་རེ་རེ་ལ་རེ་རེ་གསུངས་པ་དེ་རྣམས་འདིར་ཚིག་གཅིག་ཏུ་བསྡུས་པ་ནི། གནས་བཅུ་གཉིས་པོ་དེ་རྣམས་ཀྱི་ཀ་བ་ལ་ཕུལ་ན་ལས་གསར་པའི་ཕྱིར་རོ་ཞེས་གསུངས་ཏེ་འདིས་ནི་དོན་རྣམ་པ་བཅུ་གཉིས་བསྟན་ཏོ། །ས་ལ་ནའོ་ཞེས་པ་ནི་མེ་ཁང་གི་ནི་ཞེས་པ་ནས། རྫིང་བུའི་ཡང་ངོ་ཞེས་འབྱུང་བ་ཡན་ཆད་ཀྱི་ཚིག་བཅུ་གཉིས་ཇི་སྐད་བསྟན་པ་འདི་རྣམས་ནི། ས་ལ་ནའོ་སྟེ། ས་གཞི་ལ་ཕུལ་ནའི་དབང་དུ་བྱས་པའོ། །ཊཱི་ཀ་ལས་་་་་་ས་ལ་ནའོ་ཞེས་པ། འདི་ནི་འོག་མ་རྣམས་ཀྱི་སྤྱིར་བསྟན་པ་ཡིན་ནོ་ཞེས་སོ། །སྣོད་སྤྱད་འགེད་པ་པོ་དེ་དག་དགེ་འདུན་གྱི་གསོལ་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ་ཞེས་པ་ནི། མ་བསྐོས་པས་འགེད་པའི་ཉེས་པ་དགག་པའི་ཕྱིར་བསྐོ་བའོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དགེ་འདུན་ལ་བུ་དང་ཆུང་མ་ཕུལ་ན་བསླུ་བ་ལྟ་བུ་ལ་རིན་ཐང་གདབ་བམ་སྙམ་ན་་་་་་བུད་མེད་མི་བྱའོ་ཞེས་པ་ནི་བུད་མེད་བསླུ་བ་ལ་རིན་གདབ་པར་མི་བྱའོ་ཞེས་ལུང་སིལ་བུ་ལས་གསུངས་སོ། །མྱ་ངན་ལས་འདའ་བའི་བསམ་པས་རབ་ཏུ་བྱུང་བ་ཞེས་བྱ་བ་ལ་སོགས་པའི་སྐབས་འདིར་ལུང་གླེང་གཞི་ལས་དད་རྫས་ལོངས་སྤྱོད་པའི་ཚུལ་ལྔ་གསུངས་ཏེ། བདག་པོའི་ཚུལ་གྱིས་ལོངས་སྤྱོད་པ་དང་། བྱིན་ལེན་གྱི་ཚུལ་གྱིས་དང་། རྗེས་སུ་གནང་བའི་ཚུལ་གྱིས་དང་། ལྕགས་བསྲེགས་འབར་བའི་ཚུལ་གྱིས་དང་། བུ་ལོན་གྱི་ཚུལ་གྱིས་ལོངས་སྤྱོད་པའོ། །དང་པོ་གསུམ་ནི་ལུང་གླེང་གཞི་ལས་གསུངས་པ་ཚིགས་བཅད་དུ་བསྡུས་ཏེ། དགེ་ཚུལ་གྱིས་ལོ་དྲི་བ་ལས། མི་སློབ་པ་་་་་་དགྲ་བཅོམ་པ་ནི་བདག་པོར་་་་་་འི་ཚུལ་གྱིས་ལོངས་སྤྱོད་པ་བཤད། སློབ་པ་་་་་་རྒྱུན་དུ་ཞུགས་ལ་སོགས་པ་བྱིན་པ་ལེན་་་་་་པའི་ཚུལ་གྱིས་ལོངས་སྤྱོད་པ་ཡིན། ཚུལ་ཁྲིམས་དང་ལྡན་ཞིང་དགེ་བའི་སྦྱོར་བ་ལ་བརྩོན་པའི་སོ་སོ་སྐྱེ་བོ་་་་་་བསམ་གཏན་་་་་་དང་ཁ་ཏོན། འདོན་དང་ལྡན་པ་ནི། རྗེས་སུ་གནང་རྣམས་ཚངས་སྤྱོད་ཀྱི། དཀའ་ཐུབ་ཅན། ཞེས་གསུངས་ཤིང་། ལུང་གླེང་གཞི་ལས་སོ་སོའི་སྐྱེ་བོ་དགེ་བ་་་་་་ཚུལ་ཁྲིམས་ཅན་བསམ་གཏན་དང་ཀློག་པ་ལ་ཞུགས་པ་རྣམས་ནི་གནང་བས་ཡོངས་སུ་སྤྱོད་པའོ་ཞེས་གསུངས་སོ། །མྱ་ངན་ལས་འདའ་བའི་བསམ་པས་རབ་ཏུ་བྱུང་ཞིང་། ཚུལ་ཁྲིམས་དང་ལྡན་པ་་་་་་དགེ་སློང་མ་ནི་གོས་སྟོང་ཕྲག་བརྒྱ་བ་མི་འོས་ཏེ་གོས་ལྕི་བ་བསྟན་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །དགེ་སློང་དགེ་བའི་སྦྱོར་བ་ལ་བརྩོན་པ་ལ་ནི་གོས་སྟོང་ཕྲག་བརྒྱ་པ་ལ་སོགས་པ་འོས་སོ། །ཞེས་གསུངས་པ་འདི་ཡང་རྗེས་སུ་གནང་བའི་ཚུལ་གྱིས་ལོངས་སྤྱོད་པའོ། །རྗེས་སུ་གནང་བ་དེ་ཡང་འདུལ་བ་བསྡུས་པ་ལས། དགེ་སློང་འདུལ་བའི་བསླབ་པ་ལ། །བརྩོན་པ་དེ་ནི་འདུ་ཤེས་ཀྱི། །གནས་པ་རྣམ་པ་ལྔས་གནས་ཏེ། །གྲོང་དུ་འཇུག་པར་བྱེད་པ་ན། །བཙོན་རང་འཇུག་པའི་འདུ་ཤེས་དང་། །གཙུག་ལག་ཁང་་་་་་དུ་འདུག་པ་ན་མདོ་སྡེ་་་་་་ལས་དགེ་སྦྱོང་གི་འདུ་ཤེས་ཉི་ཤུ་རྩ་གཉིས་གསུངས་པ་བཞིན། །རྟག་ཏུ་དགེ་སློང་འདུ་ཤེས་དང་། །ཟས་ལ་་་་་་རྒྱགས་པའི་ཕྱིར་མ་ཡིན། འཚག་སྐྱེད་པའི་ཕྱིར་མ་ཡིན། རོ་ལ་ཆགས་པ་མ་ཡིན་གྱི་རྟག་པར་བཀྲེས་པའི། ནད་ཀྱི་ནི། གཉེན་པོ་ཉིད་ཀྱི་འདུ་ཤེས་དང་། །རབ་་་་་་ཏུ་དབེན་་་་་་པ་ནི་ཤེས་བྱ་་་་་་གཟུགས་དང་སྒྲ་རྣམ་གཉིས་ལ། །གཟུགས་མཐོང་ཡང་མངོན་རྟོགས་དང་མཚན་མར་མི་འཛིན་པ་ལ་སོགས་པ་་་་་་ལོང་བ་འོན་ལྐུགས་འདུ་ཤེས་དང་། །གཉིད་་་་་་ཉལ་ན་དགོན་པའི་་་་་་སྟེ་ས་ཕྱོགས་སྟོང་བ་རི་དྭགས་ལྟར། །ཐུམ་ཕྲས་ཀྱི་ནི་འདུ་ཤེས་ཏེ། །དེ་ལྟར་གནས་པའི་དགེ་སྦྱོང་ནི། །རྒྱལ་ལ་་་་་་རྒྱལ་པོ་ཆེན་པོ་ལ་འོས་པའི་ལོངས་སྤྱོད་ལ། །གནས་ཀྱང་འདོད་པ་བསོད་ཉམས་ཀྱི། །རྗེས་སུ་སྦྱོར་བར་མི་འགྱུར་རོ། །ཞེས་གསུངས་ཏེ། དེ་ཡང་རྗེས་སུ་གནང་བའི་ཚུལ་གྱིས་ལོངས་སྤྱོད་པའོ། །དེ་ཡང་མི་སློབ་པ་དགྲ་བཅོམ་པ་མན་ཆད་ཀྱི་དགེ་འདུན་གྱི་རྫས་ཀྱང་ལོངས་སྤྱོད་པ་པོ་སོ་སོའི་སྐྱེ་བོ་ལ་ཡང་འོས་སོ་ཞེས་སྦྱར་རོ། །བཞི་པ་ལྕགས་བསྲེགས་འབར་བའི་ཚུལ་གྱིས་ལོངས་སྤྱོད་པ་ནི། ཚུལ་ཁྲིམས་འཆལ་བ་ནི་མ་ཡིན་ནོ་ཞེས་པས་བསྟན་ཏེ། ལུང་རྣམ་འབྱེད་ལས། ལྕགས་གོང་མེ་ལྕེ་འབར་བ་དག །ཟོས་པར་གྱུར་པ་མཆོག་ཡིན་གྱི། །ཚུལ་འཆལ་ཡང་དག་མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །ཞེས་གསུངས་སོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号