ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་ཊཱིཀ་ཉི་མའི་འོད་ཟེར་ལེགས་བཤད་ལུང་རིགས་ཀྱི་རྒྱ་མཚོ་ལས་དགེ་སློང་མའི་རྣམ་འབྱེད་ཞུ་བ་སྤྱིར་བསྟ
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 ཡང་ཁ་ཅིག་ན་རེ་བཅོལ་བ་དང་བྱས་པ་ཐམས་ཅད་ལ་མངོན་སུམ་གཅིག་དགོས་ཞེས་ཟེར་རོ། །འོ་ན་དགེ་སློང་གིས་གཞན་ལ་སྨྱན་བྱེད་པ་བསྔགས་ཤིང་། གཞན་དེས་ཀྱང་གཞན་ཞིག་ལ་བསྔགས་ཏེ། གཞན་དེས་ལྐོག་ཏུ་སྨྱན་རྫོགས་པར་བྱས་པ་ཆོས་ཅན། དགེ་སློང་གིས་སྨྱན་བྱས་པ་མི་རྫོགས་པར་ཐལ། དགེ་སློང་གིས་གཞན་ལ་བཅོལ་བས་སྨྱན་བྱས་པ་ཡིན་ཞིང་། དགེ་སློང་གིས་མངོན་སུམ་དུ་སྨྱན་མ་བྱས་པའི་ཕྱིར། རྟགས་ཚད་གྲུབ་ཁྱབ་པ་ཁས་བླངས་སོ། །འདོད་ན་ཊཱི་ཀ་ལས་སྨྱན་བྱེད་པ་འདིར་ནི་བསྔགས་པ་དང་། བསྔགས་པས་སྨྱན་བྱེད་པ་གང་ཡིན་པ་དེ་རང་གིས་བྱས་པ་དང་འདྲ་བར་རིག་པར་བྱའོ་ཞེས་སོ། །གཉིས་པ་རང་ལུགས་བཞག་པ་ནི་གསོད་པ་དང་རང་གི་དོན་དུ་རྐུ་བ་ལ་ནི་ལྐོག་ཏུ་བསྐོས་ཏེ་བྱས་པ་ལས་ཀྱང་ལྟུང་བ་རྫོགས་པར་འགྱུར་ལ། དེ་དག་ལས་གཞན་པའི་བཅོལ་ཡང་རྫོགས་པའི་ལྟུང་བ་ཐམས་ཅད་ལ། རང་གིས་མངོན་སུམ་དུ་བསྐོས་པ་ཉིད་ཀྱིས་བྱེད་དུ་བཅུག་པ་ཡིན་ནོ། །ཊཱི་ཀ་ལས་རང་གིས་བསྐོས་པ་ཉིད་ཅེས་བྱ་བ་ནི། རང་གིས་མངོན་སུམ་དུ་བྱེད་དུ་བཅུག་པ་ཉིད་ཡན་ལག་ཡིན་ཏེ། ལྐོག་ནས་བྱེད་དུ་བཅུག་པ་ལ་ནི། དེ་ལྟར་མངོན་པར་ཞེན་པ་མི་འབྱུང་བའི་ཕྱིར་རོ། །ཞེས་སོ། །ལྐོག་ནས་བསྐོས་པ་ཉིད་ཀྱིས་བྱེད་དུ་བཅུག་པ་ལ་ནི། ན་སྨད་ལས་མི་བསྐྱེད་དེ། ཊཱི་ཀ་ལས་དེས་ན་རང་གི་མངོན་སུམ་དུ་བསྐོས་པ་མ་ཡིན་པར་ལྐོག་ནས་བསྐོས་པས། བྱེད་དུ་བཅུག་པ་ལ་ནི་ན་སྨད་དོ་ཞེས་སོ། །བམ་པོ་ལྔ་བཅུ་པ་ལས་ཀྱང་། ལྐོག་ནས་བརྒྱུད་པས་བྱེད་དུ་བཅུག་པ་ལ་ནི་ན་སྨད་དོ། །ཞེས་སོ། །དེས་ན་གསོད་པ་དང་རང་གི་དོན་དུ་རྐུ་བ་ལས་གཞན་པའི་བཅོལ་ཡང་རྫོགས་པ་ཐམས་ཅད་ལ། བཅོལ་བ་མངོན་སུམ་དུ་བྱས་པ་དགོས་སམ་ཞེ་ན་གཉིས་སུ་དབྱེ་སྟེ། རིན་པོ་ཆེ་ལ་རེག་པ་གཉིས། ས་བོན་སྐྱེ་འཇིག་མེ་ལ་རེག་པ་དང་། ཆུ་ལ་རྩེ་བ། ས་རྐོ་བ་རྣམས་མངོན་སུམ་དུ་བྱས་པ་ཅི་དགོས་སོ། །ལྐོག་ཏུ་བྱས་པ་ལ་མངོན་པར་ཞེན་པ་མི་བྱུང་བའི་ཕྱིར་རོ། །དེ་དག་ལས་གཞན་པ་རྣམས་ལ། ལྐོག་ཏུ་བྱས་པས་ཀྱང་ལྟུང་བ་རྫོགས་པར་རིགས་སོ། །རྣམ་པར་འབྱེད་པར་གཏོགས་པ་ཕལ་ཆེ་བ་སྤྱིར་བསྟན་པ་རྣམས་རྫོགས་སོ། །རྣམ་པར་འབྱེད་པར་གཏོགས་པ་ཞེས་པ་ནི། དེའི་ཡན་ལག་སྟོན་པའི་ཞུ་བའོ། །ཕལ་ཆེ་བ་སྤྱིར་བསྟན་ཞེས་པ་ནི་ཤས་ཆེར་སྤྱིར་བསྟན་པ་ཡིན་གྱིས། འགའ་ཞིག་སྤྱིར་མ་བསྟན་པ་ཡང་ཡོད་དོ། །ཡང་ན་རྣམ་འབྱེད་དུ་གཏོགས་པ་ཤས་ཆེ་ཞིང་། གཞིར་གཏོགས་པ་ཤས་ཆུང་བའི་བསླབ་པ་རྣམས་སྤྱིར་བསྟན་པའོ། །རྣམ་བཤད་ཉི་མའི་འོད་ཟེར་ལས་ཞུ་བ་སྤྱིར་བསྟན་པ་རྫོགས་སོ།།    །།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ལྟར་སྤང་བར་བྱ་བ་ལྡོག་པའི་ཚུལ་ཁྲིམས་བསྟན་ནས། བླང་བར་བྱ་བ་འཇུག་པའི་ཚུལ་ཁྲིམས་བསྟན་པ་ནི། སྤྱོད་ཡུལ་དུ་ཞུགས་པས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་གཉིས་ཏེ། སྤྱིའི་དོན་དང་། སོ་སོའི་དོན་ཏོ། །དང་པོ་ལ་དྲུག་ལས། དང་པོ་གཞི་རྣམས་ཀྱི་དབྱེ་བ་ནི། གཞི་བཅུ་བདུན་ཏེ། རབ་ཏུ་བྱུང་བའི་གཞི་དང་གསོ་སྦྱོང་གི་གཞི་ནས། གནས་མལ་གྱི་གཞིའི་བར་དག་གོ །དེ་ཡང་ལུང་གཞི་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་ལྤགས་གཞི། །སྨན་དང་གོས་དང་སྲ་བརྐྱང་དང་། །ཀོའུ་ཤམ་བྷི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང་། །སྤོ་དང་གསོ་སྦྱོང་བཞག་པ་དང་། །གནས་མལ་དང་ནི་རྩོད་པ་དང་། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཞེས་གསུངས་སོ། །དེ་ཡང་ཀོའུ་ཤམ་བྷི་བའི་གཞི་ནི་ལས་བྱེ་བའི་གཞིའོ། །དམར་སེར་ཅན་གྱི་གཞི་ནི་ཕྱིར་བཅོས་པའི་གཞིའོ། །གང་ཟག་གི་གཞི་ནི་དུས་དང་དུས་མིན་བསྡུས་པ་འབྱུང་བའི་གཞིའོ། །སྤོ་བའི་གཞི་ནི་ས་གཞན་ན་གནས་པ་སྤྱོད་པའི་གཞིའོ། །གསོ་སྦྱོང་བཞག་པའི་གཞི་ནི་ཡོངས་སུ་སྦྱོང་བའི་གཞི་ཡིན་ནོ་གཉིས་པ་བསྡུ་བ་ནི། གཞི་བཅུ་བདུན་པོ་དེ་རྣམས་བསྡུ་ན་གསུམ་དུ་འདུས་ཏེ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་གཞི་དང་། ཐོབ་པ་མི་ཉམས་པར་བསྲུང་བར་བྱེད་པའི་གཞི་དང་། ཉམས་ན་ཕྱིར་བཅོས་པའི་གཞི་དང་གསུམ་མོ། །དང་པོ་ནི་རབ་ཏུ་བྱུང་བའི་གཞིའོ། །གཉིས་པ་ནི་ལེའུ་བརྒྱད་དེ། བསླབ་པ་ཡོངས་སུ་སྦྱང་བའི་གཞི་་་་་་གསོ་སྦྱོང་དང་དབྱར་དང་དགག་དབྱེའི་གཞི་སྟེ་གསུམ་དང་། བདེ་བར་གནས་པའི་རྐྱེན་གྱི་གཞི་་་་་་སྲ་བརྐྱང་དང་གོས་དང་ཀོ་ལྤགས་དང་སྨན་དང་གནས་མལ་གྱི་གཞི་སྟེ་ལྔའོ། །གསུམ་པ་ནི་ཕྱིར་བཅོས་ཀྱི་གཞི་བདུན་ཏེ། ཕྱིར་བཅོས་པའི་གཞི་དངོས་མན་ཆད་ནས། རྩོད་གཞི་ཡན་ཆད་་་་་་དེའི་ལུང་ལས། ཕྱིར་བཅོས་པའི་སྡོམ་ལ། དམར་སེར་ཅན་དང་གང་ཟག་དང་། །སྤོ་དང་གསོ་སྦྱོང་བཞག་པ་དང་། །གནས་མལ་དང་ནི་རྩོད་པ་དང་། །དགེ་འདུན་འབྱེད་པ་ཕྱི་མ་ཡིན། །ཞེས་གསུངས་ཏེ། དེ་ཡང་གནས་མལ་གྱི་གཞི་སྐབས་འདིར་ཞར་ལ་བསྟན་པའོ། །དོ། །ལས་ཀྱི་གཞི་ནི་གསུམ་ཆར་ལ་གཏོགས་པས་གསུམ་གར་བསྡུའོ། །་་་་་དེ་ཡང་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ་ལ་ལས་ཀྱི་ཆོ་ག་དགོས་ཏེ། དགེ་སློབ་མའི་བསླབ་པ་བྱིན་པ་དང་། བསྙེན་རྫོགས་ཀྱི་སྡོམ་པ་བྱིན་པ་ལ་ལས་ཀྱི་ཆོ་ག་དགོས། སྡོམ་པ་མི་ཉམས་པར་བསྲུང་བར་བྱེད་པ་ལ་ལས་ཀྱི་ཆོ་ག་དགོས་ཏེ། གསོ་སྦྱོང་དབྱར་གནས་དགག་དབྱེ་ལ་སོགས་པ་ལ་ལས་ཀྱི་ཆོ་ག་དགོས་པའི་ཕྱིར་དང་། སྡོམ་པ་ཉམས་ན་ཕྱིར་བཅོས་པ་ལ་ཡང་ལས་ཀྱི་ཆོ་ག་དགོས་ཏེ། སྤོ་མགུ་དབྱུང་བ་ལ་སོགས་པ་ལ་ལས་ཀྱི་ཆོ་ག་དགོས་པའི་ཕྱིར་རོ། །གསུམ་པ་མཚན་ཉིད་ལ་ལེའུ་བཅུ་བདུན་པོ་འདི་དག་གི་གཞུང་མིང་ཚིག་ཡི་གེའི་ཚོགས་མཚན་གཞི། རྗོད་བྱེད་ཀྱི་འདུལ་བ་གཞིའི་ཐ་སྙད་བྱར་རུང་དུ་མཚོན་པ་ལ། མཚན་ཉིད་ནི། གཞུང་ལེའུ་གང་ཞིག་གིས་ཆོས་འདི་པའི་རབ་ཏུ་བྱུང་བ་འབའ་ཞིག་གིས་འཇུག་པའི་ཚུལ་ཁྲིམས་གཙོ་བོར་སྟོན་པའོ། །་་་་་མཚན་ཉིད་དེས་གཞིའི་བར་ཆད་ཀྱི་སྐབས་ལ་མ་ཁྱབ་པའི་སྐྱོན་མེད་དེ། བར་ཆད་མེད་པ་བསྡུ་བར་བྱས་ཞེས་ཤུགས་ཀྱི་དོན་གཙོ་བོ་ཡིན་པའི་ཕྱིར་ཏེ། བསྡུ་བར་བྱ་བའི་སྐབས་རྫོགས་ཞེས་གསུངས་པས་སོ། །རྩོད་པའི་གཞི་གསུམ་ལ་མ་ཁྱབ་པའི་སྐྱོན་མེད་དེ། དབྱེན་གྱི་གཞི་བྱེད་དང་རྩོད་པའི་གཞི་བྱེད་གཙོ་བོ་ཡིན་པའི་ཕྱིར་རོ། །བཞི་པ་་་་་་གཞི་རྣམས་ཀྱི་གྲངས་ངེས་པ་ནི། སྒྲུབ་བྱེད་ལུང་ལ་བརྟེན་ཅིང་དགོས་པ་ལ་ལྟོས་པའི་གྲངས་ངེས་པ་སྟེ། གཞིའི་གྲངས་བཅུ་བདུན་དུ་བསྟེན་ན་གདུལ་བྱའི་དོན་དུ་འགྱུར་བར་དགོངས་ནས་ལུང་གཞི་ཉིད་ལས་གཞི་བཅུ་བདུན་དུ་གསུངས་པས། མདོ་རྩ་བར་གཞི་བཅུ་བདུན་དུ་བསྟན་པའོ། །འོ་ན་གཏམ་གྱི་གཞི་དང་མ་མོ་ལས་རྣམ་པར་འབྱེད་པ་དང་འདུལ་བའི་དངོས་པོ་བཅོ་བརྒྱད་དང་ཞེས་གཞི་བཅོ་བརྒྱད་དུ་གསུངས་པ་ཇི་ལྟར་ཡིན་ཞེ་ན། གཞིའི་ལེའུ་དང་པོ་ལ་རབ་ཏུ་བྱུང་བའི་གཞི་དང་བསྙེན་པར་རྫོགས་པའི་གཞི་གཉིས་སུ་ཕྱེ་ནས། གཞི་བཅོ་བརྒྱད་དུ་གསུངས་པ་སྟེ། དེ་ལྟར་འགྲེལ་ཆུང་ལས་བཤད་་་་་་གཞི་བཅོ་བརྒྱད་ཡོད་པ་ལས་འགོར་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པའི་ཆོ་ག་ལ་གཞི་རེ་རེ་བརྩིའོ། །དེ་ཡང་གནས་སྐབས་ནི་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་གཉིས་ཀའི་སྤྱིར་གཏོགས་ཞེས་བཤད་དོ། །དོ། །ལུང་ཞུ་བ་ལས་ཀྱང་། བསྙེན་པར་རྫོགས་པའི་གཞི་ཞེས་གསུངས་སོ། །ལྔ་པ་གོ་རིམ་ངེས་པ་ལ་གཞི་རྣམས་ཀྱི་དང་པོ་རབ་ཏུ་བྱུང་བའི་གཞི་བསྟན་པ་ནི། འདིར་རབ་ཏུ་བྱུང་བའི་བསླབ་པ་རྣམས་སྟོན་པ་ལ། ཐོག་མར་རྟེན་གྱི་གང་ཟག་གཞི་གྲུབ་དགོས་པའི་ཕྱིར་རོ། །འདིར་གསོ་སྦྱོང་གི་གཞི་འདི་བསླབ་པ་ཡོངས་སུ་སྦྱང་བའི་གཞི་གསུམ་གྱི་དང་པོར་བསྟན་པ་ནི། ལུང་ལས་ཀྱང་གཞི་འདི་གསུམ་གྱི་དང་པོར་བསྟན་པའི་ཕྱིར་རོ། །དབྱར་དང་དགག་དབྱེ་དང་སྲ་བརྐྱང་གི་གཞི་གསུམ་ནི། ལུང་ལས་དགག་དབྱེ་དབྱར་དང་ཀོ་ལྤགས་གཞི། སྨན་དང་གོས་དང་སྲ་བརྐྱང་དང་ཞེས་གོ་རིམ་དེ་ལྟར་གསུངས་ཀྱང་། གཞི་་་་་་འདིར་གོ་རིམ་སྔ་ཕྱི་བསྒྱུར་ཏེ་བསྟན་པ་ནི། དབྱར་གནས་པའི་རྗེས་སུ་དགག་དབྱེ་བྱེད་ཅིང་དགག་དབྱེ་བྱས་པའི་རྗེས་སུ་སྲ་བརྐྱང་འདིང་བ་ཡིན་པས་ཉམས་ལེན་ལ་འཇུག་པའི་གོ་རིམ་བཞིན་བཀོད་ན་རྟོགས་སླ་བའི་ཕྱིར་རོ། །གོས་ཀྱི་གཞི་ནི་ལུང་ལས་ཀོ་ལྤགས་དང་སྨན་གྱི་གཞིའི་འོག་ཏུ་གསུངས་ཀྱང་། འདིར་དེ་གཉིས་ཀྱི་གོང་འདིར་བསྟན་པ་ནི། གོས་ལ་བརྟེན་པའི་གཞི་གསུམ་རིགས་མཐུན་ལྷན་ཅིག་ཏུ་བསྟན་ན་རྟོགས་སླ་བའི་ཕྱིར་རོ། །ཀོ་ལྤགས་དང་སྨན་གྱི་གཞི་གཉིས་གཞུང་འདིར་གོ་རིམ་འདི་ལྟར་བསྟན་པ་ནི། ལུང་ལས་གོ་རིམ་ཇི་ལྟར་གསུངས་པ་བཞིན་བསྟན་པའོ། །ལས་ཀྱི་གཞི་ལ་སོགས་པ་་་་་་ཕྱིར་བཅོས་པའི་གཞི་དང་། དུས་དང་དུས་མིན་བསྡུས་པ་དང་། ས་གཞན་ན་གནས་པའི་སྤྱོད་པ་དང་། ཡོངས་སུ་སྦྱོང་བའི་གཞི་སྟེ་གཞི་ལྔ་གཞུང་འདིར་གོ་རིམ་འདི་ལྟར་བསྟན་པ་ནི། ལུང་ལས་གོ་རིམ་ཇི་ལྟར་གསུངས་པ་བཞིན་བསྟན་པའོ། །ལས་བྱེ་བའི་གཞི་ནི་ལུང་ནས་ལས་གཞིའི་གོང་དུ་གསུངས་ལ། འཁོར་ལོ་བྱེ་བའི་གཞི་ནི་ལུང་ལས་རྩོད་གཞིའི་འོག་ཏུ་གསུངས་ཀྱང་། གཞི་འདི་གཉིས་སྐབས་འདིར་ལྷན་ཅིག་ཏུ་བསྟན་པ་ནི། སྤྱོད་པའི་དབྱེན་དང་ལྟ་བའི་དབྱེན་གཉིས་པོ་རིགས་མཐུན་ལྷན་ཅིག་ཏུ་བསྟན་ན་རྟོགས་སླ་བའི་ཕྱིར་རོ། །རྩོད་པའི་གཞི་ནི་ལུང་ལས་གནས་མལ་གཞིའི་འོག་ཏུ་གསུངས་ཀྱང་། གཞུང་འདིར་དེ་གཉིས་སྔ་ཕྱི་བསྒྱུར་ཏེ་བསྟན་པ་ནི་རྩོད་པའི་གཞི་གསུམ་པོ་རིགས་མཐུན་ལྷན་ཅིག་ཏུ་བསྟན་ན་རྟོགས་སླ་བའི་ཕྱིར་རོ། །དྲུག་པ་གཞིའི་སྒྲ་བཤད་པ་ནི་རབ་ཏུ་དབྱུང་བ་དང་གསོ་སྦྱོང་ལ་སོགས་པ་རྣམས་ཀྱི་དོན་རྟོགས་པར་བྱེད་པའི་གཞིའམ་རྟེན་དུ་གྱུར་པས་ན་གཞི་ཞེས་བྱ་སྟེ། གཞི་འགྲེལ་ལས། གཞི་ཞེས་བྱ་བ་ནི་རྟེན་ཏེ། རབ་ཏུ་འབྱུང་བ་ལ་སོགས་པའི་དོན་ཐམས་ཅད་གཏན་ལ་འབེབས་ཤིང་རྟེན་དུ་གྱུར་པ་ཉེ་བར་སྟོན་པའི་གཞུང་ནི་གཞིའི་སྒྲར་གསུངས་སོ། །གཉིས་པ་སོ་སོའི་དོན་ནི། གསོ་སྦྱོང་གི་གཞི་འདི་ལ་གཉིས་ལས་སྤྱིའི་དོན་ཏོ། །དེ་ལ་བདུན་ལས། དང་པོ་གསོ་སྦྱོང་གི་དབྱེ་བ་ལ་དབྱེ་བའི་གཞི་ནི་ཆོས་འདི་པའི་དགེ་སྦྱོང་གི་གསོ་སྦྱོང་མཚན་ཉིད་དང་ལྡན་པ་ཙམ་མོ། །དབྱེ་བའི་སྒོ་དུས་སམ་དགོས་པ་ཐ་དད་ཀྱི་སྒོ་ནས་ཕྱེ་བས་གསོ་སྦྱོང་དྲུག་སྟེ། ཞི་གནས་ཀྱི་གསོ་སྦྱོང་དང་། མཐུན་པའི་གསོ་སྦྱོང་དང་། བཀྲ་ཤིས་ཀྱི་གསོ་སྦྱོང་དང་། གནོད་པ་བྱུང་བ་བཟློག་པའི་གསོ་སྦྱོང་དང་། གསོ་སྦྱོང་བཅོ་ལྔ་པ་དང་། བཅུ་བཞི་པའོ། །གཉིས་པ་གསོ་སྦྱོང་གི་བསྡུ་བ་ནི། ཞི་གནས་དང་མཐུན་པའི་གསོ་སྦྱོང་གཉིས་སུ་འདུས་ཏེ། དང་པོ་དང་ཐ་མ་ལྔའོ། །་་་་་ཀརྨ་ཤ་ཏཾ་ལས་མཐུན་པའི་གསོ་སྦྱོང་ནི་རྣམ་པ་ལྔ་སྟེ། ཞེས་ཞི་གནས་ལས་གཞན་ལྔ་པོ་དེ་དག་གསུངས་སོ། །གསུམ་པ་གསོ་སྦྱོང་གི་མཚན་ཉིད་ནི། སྤྱིར་གསོ་སྦྱོང་ལ་ཞི་གནས་ཀྱི་ཏིང་ངེ་འཛིན་སྒོམ་པ་དང་། དགེ་སློང་ཕ་མའི་གསོ་སྦྱོང་་་་་་ལས་ཀྱི་ཆོ་ག་དང་། དགེ་ཚུལ་ཕ་མའི་གསོ་སྦྱོང་་་་་་སྔགས་རྣམ་པར་བཞག་པ་དང་། སྔོན་གྱི་ཆོ་གའི་དུས་ཀྱི་གསོ་སྦྱོང་་་་་་ཚིགས་བཅད་གདོན་པ་དག་ཀྱང་ཡོད་པས། ཏིང་ངེ་འཛིན་དང་། ལས་དང་། སྔགས་དང་། ཚིགས་བཅད་གདོན་པ་སྟེ།་་་་་རང་བཞིན་ཐ་དད་ལ་དེ་དག་གི་སྤྱིའི་མཚན་ཉིད་ཇི་ལྟར་དགོད་པར་བྱ་ཞེ་ན། ཆོས་འདི་པའི་རབ་བྱུང་གི་གསོ་སྦྱོང་གི་མཚན་ཉིད་ནི། ཆོས་་་་་་ལུང་ལས་མུ་སྟེགས་པ་ལ་ཡང་ཡོད་པར་གསུངས་པ་དང་མདོ་རྩ་བ་ལས་ཀྱང་ཁྱིམ་པ་ལ་ཡང་གསོ་སྦྱོང་དང་སྐྱབས་སུ་འགྲོ་བ་དང་ཞེས་གསུངས་པ་དེ་བསལ་བའི་ཕྱིར། འདི་པའི་དགེ་སྦྱོང་གི་་་་་་ལྟུང་བ་གླེང་དྲན་དང་བརྗོད་བཅས་ཕུར་བཅས་དང་ལྟུང་བ་བྱིན་གྱིས་བརླབ་པ་ལ་ཁྱབ་ཆེ་བསལ་བའི་ཕྱིར། བསླབ་པ་ཡོངས་སྦྱོང་ཡིན་པ་གང་ཞིག ཉེས་པ་ཕྱིར་བཅོས་པ་དངོས་གཞིར་གྱུར་པ་མ་ཡིན་ལ་དབྱར་ཚུལ་དང་དགག་་་་་་ཉེས་པ་ཕྱིར་བཅོས་པ་ནི་མཐུན་པའི་གསོ་སྦྱོང་གི་སྦྱོར་བ་ཡིན་ཡང་དངོས་གཞིར་གྱུར་པ་ནི་མ་ཡིན་ནོ། །དབྱེ་ཡིན་པ་རྣམ་བཅད་ཀྱི་ངོ་བོར་གྱུར་པའོ། །བཞི་པ་གསོ་སྦྱོང་གི་གྲངས་ངེས་པ་ནི། དགོས་པ་ལ་ལྟོས་པའི་གྲངས་ངེས་པ་སྟེ། སྤང་བྱ་ལ་ལྟོས་ནས་གསོ་སྦྱོང་གཉིས་སུ་རྣམ་པར་བཞག་སྟེ། སྤང་བྱ་སྔར་བསགས་དག་པར་བྱེད་པ་དང་། ཕྱིས་འབྱུང་རྒྱུན་སྡོམ་པ་ལ་ལྟོས་ནས་གསོ་སྦྱོང་གཉིས་སུ་གསུངས་ཏེ། ཀརྨ་ཤ་ཏཾ་ལས་སྔ་མ་རྣམས་ནི་སྒོམ་པའི་རྣམ་པས་སྦྱངས་པ་ཡིན་པས། དེ་ནི་ཞི་གནས་ཀྱི་གསོ་སྦྱོང་གིས་སྦྱོང་བར་བྱེད་དོ། །ལས་ཕྱི་མ་རྣམས་ནི་མི་བྱ་བའི་ཆུ་ལོན་གྱིས་བསྡམ་པ་ཡིན་པས་དེ་ནི་མཐུན་པའི་གསོ་སྦྱོང་གིས་སྡོམ་པར་བྱེད་དོ་ཞེས་གསུངས་སོ། །བླང་བྱ་ལ་ལྟོས་ནས་ཀྱང་གསོ་སྦྱོང་གཉིས་སུ་རྣམ་པར་བཞག་སྟེ། ཚུལ་ཁྲིམས་ཡོངས་སུ་སྦྱོང་བ་ལ་མཐུན་པའི་གསོ་སྦྱོང་དང་། སེམས་དང་ཤེས་རབ་ཡོངས་སུ་སྦྱོང་བ་ལ་ཞི་གནས་ཀྱི་གསོ་སྦྱོང་ངོ་། །དེ་ཡང་ཀརྨ་ཤ་ཏཾ་ལས། མཐུན་པའི་གསོ་སྦྱོང་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞི་གནས་ཀྱི་གསོ་སྦྱོང་ནི་ལྷག་པའི་སེམས་དང་ཤེས་རབ་ཀྱི་དབང་དུ་བྱས། ཞེས་གསུངས་སོ། །ལྔ་པ་གསོ་སྦྱོང་གི་གོ་རིམ་ངེས་པ་ནི་གཉིས་ལས། ཞི་གནས་ཀྱི་གསོ་སྦྱོང་དང་པོར་བསྟན་པའི་འཐད་པ་ནི། བརྗོད་བྱ་དོན་གྱི་ཆ་ནས་གཙོ་བོ་ཡིན་པའི་ཕྱིར་དང་། རྗོད་བྱེད་ཀྱི་ཆ་ནས་ཡི་གེ་ཉུང་བའི་ཕྱིར་ཏེ། ཊཱི་ཀ་ལས་གཙོ་བོ་ཡིན་པའི་ཕྱིར་དང་། བརྗོད་པར་བྱ་བ་ཉུང་བའམ་དེ་་་་་་བས་མཚོན་ཏེ་ཡི་གེ་ཉུང་བའི་ཕྱིར། དང་པོར་ཞི་གནས་ཀྱི་གསོ་སྦྱོང་བཤད་པར་བྱའོ། །ཞེས་སོ། །མཐུན་པའི་གསོ་སྦྱོང་་་་་་འདི་ཞི་གནས་ཀྱི་གསོ་སྦྱོང་གི་ཕྱི་ནས་བསྟན་པའི་འཐད་པ་ནི་གཙོ་བོ་མ་ཡིན་པའི་ཕྱིར་དང་ཞི་གནས་ཀྱི་གསོ་སྦྱོང་གི་གཞུང་ལ་ལྟོས་ཏེ། ཡི་གེ་མང་བའི་ཕྱིར་རོ། །དྲུག་པ་གསོ་སྦྱོང་གི་སྒྲ་བཤད་པ་ནི། ཀརྨ་ཤ་ཏཾ་ལས་གསོ་སྦྱོང་ཞེས་བྱ་བ་ནི་བསླབ་པ་གསུམ་པོ་དག་གསོ་ཞིང་སྦྱོང་བར་བྱེད་པ་སྟེ་ཞེས་གསུངས་ཏེ། གསོ་སྦྱོང་སྤྱིའི་སྒྲ་བཤད་པའོ། །བྱེ་བྲག་ཏུ་མཐུན་པའི་གསོ་སྦྱོང་གི་སྒྲ་བཤད་པ་ནི། ཊཱི་ཀ་ལས། གསོ་སྦྱོང་ཞེས་བྱ་བ་ནི་ཚུལ་ཁྲིམས་གསོ་ཞིང་སྦྱོང་བ་སྟེ་ཞེས་སོ། །བདུན་པ་གསོ་སྦྱོང་བྱ་བའི་ཚུལ་ལ་གཉིས། དང་པོ་ཞི་གནས་ཀྱི་གསོ་སྦྱོང་བྱ་བའི་ཚུལ་འཆད་དོ། །འདི་ལ་གཉིས་ཏེ། དགོས་པའི་དོན་དང་། བསྡུས་པའི་དོན་ཏོ། །དང་པོ་ནི་དངོས་སུ་བྱིང་རྒོད་སྤོང་ཞིང་བརྒྱུད་ནས་ཉོན་མོངས་པ་མཐའ་དག་སྤོང་བ་སྟེ། སྤོང་བའི་ཁང་པ་ཞེས་པས་སོ། །གཉིས་པ་ལ་བཞི་ལས། དང་པོ་གང་དུ་བསྒོམ་པའི་གནས་ནི། གནས་མ་ཡིན་པ་སྤང་ཞིང་གནས་སུ་ཡང་དག་པར་སྒོམ་པ་སྟེ། སྤྱོད་ཡུལ་དུ་ཞུགས་པས་ཞེས་པ་དང་། སྤོང་ཁང་བརྩིག་ཅེས་པས་སོ། །གཉིས་པ་རྟེན་གང་གིས་བསྒོམ་པ་ནི། དྲུག་ལས་ཚུལ་ཁྲིམས་དག་པ་དང་། མང་དུ་ཐོས་པ་སྟེ། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར་ཞེས་པ་དང་། །སོ་སོ་ཐར་པ་ལས། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ་ཞེས་དང་། །འདོད་པ་ཆུང་བ་ཆོག་ཤེས་པ་སྟེ། །ཉན་ཐོས་ཀྱིས་ལས། འདོད་ཆུང་ཆོག་ཤེས་ཞེས་ཚོགས་ལམ་གྱི་སྐབས་སུ་གསུངས་པ་དང་། གཞན་དུ་ན་མཉམ་པར་འཇོག་མི་ནུས་པའི་ཕྱིར་རོ། །གདམས་ངག་དང་ལྡན་པ་སྟེ། གདམས་ངག་མེད་པར་བསྒོམ་པར་མི་བྱ་བ་དང་། ཞེས་པ་དང་། གཞན་དུ་ན་དགོས་པ་མེད་ཅིང་དགག་བྱ་དང་ལྡན་པའི་ཕྱིར་རོ། །ལུས་སེམས་དབེན་པ་སྟེ། མངོན་པར་འདུ་བར་ཡང་མི་བྱ་ཞེས་པ་དང་། གཞན་དུ་མཉམ་པར་འཇོག་མི་ནུས་པའི་ཕྱིར་་་་་་མདོ་སྡེ་རྒྱན་ལས་གལ་ཏེ་མ་ཐོས་པར་ཡང་བསྒོམ་འཇུག་ན་ནི་བསྟན་པ་དོན་མེད་འགྱུར་ཞེས་གསུངས་པས་སོ། །རོ། །གསུམ་པ་དངོས་པོ་གང་སྒོམ་པ་ནི། མོས་པ་ཡིད་ལ་་་་་་དོན་ལ་དེ་ལྟར་མ་ཡིན་ཡང་བློས་བཅོས་ནས་མོས་པ་ཡིད་ལ་བྱེད་པ་སྟེ་ས་རྡོ་རི་བྲག་ཀེང་རུས་སུ་སྒོམ་པ་ལྟ་བུ་ལ་བྱེད་པ་དང་། དེ་ཁོ་ན་ཉིད་ཡིད་ལ་བྱེད་་་་་་གང་ཟག་གི་བདག་མེད་ལྟ་བུ་ཅི་རིགས་པའོ། །ལུང་མ་མོ་ལས་སྐྱིལ་མོ་ཀྲུང་འཆོས་ཏེ། ལུས་དྲང་པོར་སྲོང་ལ་དྲན་པ་མངོན་དུ་བཞག་སྟེ། ལུས་འདི་ལ་རེག་པར་བྱ་བ་བརྒྱད་སྤང་བར་བྱའོ། །འདི་ལྟ་སྟེ། སྡུག་བསྔལ་གྱི་ངོ་བོ་ཡིན་པས་་་་་་ནད་དེ། སྐྲན་་་་་་སྡུག་བསྔལ་དྲག་པོའི་ནད་ཡིན་པས་ནོ། །མཚོན་་་་་་སྡུག་བསྔལ་དངོས་སུ་བསྐྱེད་པས་ནོ། །དུག་་་་་་སྡུག་བསྔལ་བརྒྱུད་ནས་བསྐྱེད་པས་གོ །མི་་་་་་སྐད་ཅིག་རེ་རེ་ཞིང་འཇིག་པས་རྟག་པའོ། །སྡུག་་་་་་ཟག་པ་དང་བཅས་པ་ཐམས་ཅད་བསྔལ་བའོ། །བདག་གི་བ་མ་གྲུབ་པས་་་་་་སྟོང་པ་ཉིད་དོ། །བདག་མ་གྲུབ་པས་་་་་་བདག་མེད་པའོ། །སྟོང་པ་དང་བདག་མེད་པ་ནི་བདག་གིར་ལྟ་བ་དང་བདག་ཏུ་ལྟ་བའི་གཉེན་པ་དོན་ཇི་ལྟ་བ་བཞིན་བསམ་སྟེ་འདུག་ལ་་་་་་འོན་ཏེ་མི་ནུས་ན་ལངས་ཏེ་ཀླག་པ་རྒྱུན་ཆགས་གསུམ་ཀླག་གོ་ཞེས་གསུངས་སོ། །བཞི་པ་ཚུལ་ཇི་ལྟར་བསྒོམ་པ་ནི་བྱིང་བ་སྤང་བའི་ཕྱིར་གཉིད་བྲོན་གདོས་བུ་གདགས་པ་ལ་སོགས་པ་དང་། རྒོད་པ་སྤང་བའི་ཕྱིར་སྤོང་བ་པའི་ཞལ་ཏ་བ་བསྐོ་བ་སྟེ། གཞུང་ཉིད་དུ་འཆད་པར་འགྱུར་རོ། །གཉིས་པ་མཐུན་པའི་གསོ་སྦྱོང་བྱ་བའི་ཚུལ་ནི་འོག་ཏུ་འཆད་དོ། །གཉིས་པ་ཡན་ལག་གི་དོན་ནི། སྤྱོད་ཡུལ་དུ་ཞུགས་པས་ཞེས་པ་ནས་ཏེ། ལུང་གཞི་ལས་འདུག་པ་དང་བྱ་བ་དང་གསོ་སྦྱོང་བྱ་བར་རྗེས་སུ་གནང་ངོ་། །འདུག་པ་ནི་རྣལ་འབྱོར་བསྒོམ་པའོ། །བྱ་བ་ནི་གསོལ་བ་དང་གསོལ་གཉིས་དང་གསོལ་བཞིའི་ལས་སོ། །གསོ་སྦྱོང་ནི་སོ་སོར་ཐར་པའི་མདོ་འདོན་པའོ་ཞེས་གསུངས་པ་དང་། དགེ་སློང་དག་སྤྱོད་ཡུལ་དུ་ཞུགས་པ་ན་རྣལ་འབྱོར་བསྒོམ་པ་ན། གླང་པོ་ཆེ་འཁྲུགས་པ་དང་ཕྲད་ཅིང་གནོད་པར་གྱུར་པ་ལ་བརྟེན་ནས། སྤྱོད་ཡུལ་དུ་ཞུགས་པས་རྣལ་འབྱོར་བསྒོམ་པ་བཀག་གོ །ཁྲིའུ་ཆོས་བཞི་པོ་སྟན་ནང་ཚངས་ཅན་དེའི་ཁོ་ར་ཁོར་ཡུག་ཏུ་མཐོ་གང་ལྷག་པ་ཉིད་བཟང་ངོ་ཞེས་འདིར་སྟན་གྱི་ཚད་ཁྲུ་དོ་གྲུ་བཞིར་གསུངས་ལ། སྲིན་བལ་གྱི་སྟན་བྱེད་པའི་སྐབས་ཀྱི་ཊཱི་ཀ་དང་ལུང་ཞུ་བ་ལས་སྟན་གྱི་ཚད་ཆེན་པོ་ནི་ཆུར་ཁྲུ་ཕྱེད་དང་ལྔའོ་ཆུང་དུ་ནི་ཁྲུ་ཕྱེད་དང་གསུམ་མོ། །འབྲིང་ནི་དེ་གཉིས་ཀྱི་བར་རོ། །ཞེང་ཚད་ནི་གདིང་བའི་ཚད་དང་མཉམ་མོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་ཉལ་བའི་སྟན་གྱི་ཚད་དང་འདི་ནི་ཏིང་ངེ་འཛིན་བསྒོམ་པའི་སྟན་གྱི་ཚད་དོ། །ནག་པོ་ནི་ཁ་དོག་མི་རུང་བ་ཡིན་ཡང་། རྔ་མ་ནག་པོ་ལས་སྟན་གྱི་ནང་ཚངས་བྱར་རུང་བར་ཅིས་ཤེས་ཞེ་ན། ཨརྐའི་དང་ཞེས་གསུངས་པས་ཤེས་ཏེ། ཊཱི་ཀ་ལས་ཨརྐའི་ཤིང་བལ་དང་རྔ་བལ་ལ་སོགས་པ་རུང་བ་མ་ཡིན་ཞེས་སོ། །ཨརྐའི་ཤིང་བལ་ནི་རྒྱུ་མི་རུང་བ་ཡིན་ཡང་། སྟན་གྱི་ནང་ཚངས་བྱར་རུང་བར་གསུངས་པའི་གནད་ཀྱིས་ཤེས་སོ། །གདོས་བུ་ནི་རང་གི་རྣམ་བཤད་ལས་ཤིང་ལ་སོགས་པ་ལས་བྱས་པའི་གདོས་བུ་ཆུ་ཚོད་ཀྱི་སྣོད་འདྲ་བ་ཆུང་ངུ་བྱས་ཏེ། དེའི་ལུང་མིག་ནས་སྐུད་པས་བཏགས་ཏེ། བསམ་གཏན་པ་རྣམས་གཉིད་བྲོ་ན་གདོས་བུ་དེ་རང་གི་རྣ་བ་ལ་བཏགས་ཏེ་དཔྱང་བར་བྱའོ་ཞེས་བཤད་དེ། ཊཱི་ཀ་ལས་ཀྱང་ངོ་། །ཕྲན་ཚེགས་འགྲེལ་ལས་གདོས་བུ་ནི་བྱང་བུའི་རྣམ་པ་ཅན་དུ་ཤིང་གཞོགས་པ་མཐོ་གང་གི་ཚད་དུ་བྱས་པ་དེ། སྐུད་པས་རྣ་བ་ལ་དཔྱངས་པའམ་མགོ་བོའི་སྟེང་དུ་བཞག་ན་རབ་ཏུ་གཉིད་ཡུར་ཏེ་གཡོ་བའི་ཚེ། དེ་ཡན་ལག་གི་ཕྱོགས་ལ་ཕོག་པས་གཉིད་སངས་པའི་ཐབས་ཡིན་ནོ། །ཞེས་བཤད་དོ། །གདོས་བུ་འདི་ལ་བཤད་པའི་རྣམ་གྲངས་གཞན་ཡང་དེ་ཉིད་ལས་ཤིང་ལས་བྱས་པའི་རིལ་བ་ཆུང་དུ་ཆུས་བཀང་བ་སྐེ་ལ་སྐུད་པས་བཏགས་པ་རྣ་བ་ལ་དཔྱངས་པ་གཉིད་ལོག་པས་གཡོས་པ་ན་ཆུ་ཡོངས་སུ་བོ་བ་གདོང་བ་ལ་བབས་པས་གཉིད་སངས་པར་འགྱུར་རོ་ཞེས་ཀྱང་བཤད་དོ། །སྦུ་་་་་་གཙུག་ལག་ལས་སྦུ་གུ་ལ་འཇུས་ཏེ་ཞེས་མ་གསུངས་མོད་ཀྱི་འོན་ཀྱང་རུང་བར་གནང་བ་དེས་ན་ལོགས་ཤིག་ཏུ་སྨོས་ཏེ་ཞེས་ཊཱི་ཀ་ལས་བཤད་དོ། །ལུང་གཞི་ལས་མ་གསུངས་པ་ལ་དགོངས་པའོ། །གུའམ་དེ་ལ་བཏགས་པའི་ཐ་གུ་ལ་ཞེས་པ་ནི། ལུང་གཞི་ལས། སྦུ་གུ་བསྐོན་ལ་སྐུད་པས་བཏགས་པ་ལ་འཇུས་ཏེ་བཅག་པར་བྱའོ་ཞེས་གསུངས་ལ། ལུང་མ་མོ་ལས་ནི་སྲད་བུ་བྲེས་པ་ལ་སྦུ་གུ་བཅུག་ནས་དེ་ལ་འཇུས་ཤིང་བཅག་པར་བྱའོ་ཞེས་གསུངས་སོ། །མཆིལ་ལམ་ཅན་གྱིས་བཅག་པར་མི་བྱ་བ་ནི་གཞི་འགྲེལ་ལས་སྒྲ་འབྱུང་བས་སྤོང་པ་བ་གཞན་ལ་གནོད་པ་དང་མ་གུས་པའི་ཚུལ་ཡིན་པས་དགག་པ་མཛད་ཅེས་བཤད་དོ། །སྤོང་བ་པའི་ཞལ་ཏ་བ་བསྐོའོ་ཞེས་པ་འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི། སྤོང་བ་པ་བདེ་བར་གནས་ཤིང་ཡིད་དལ་བ་ལ་བརྟེན་ནས་ཏིང་ངེ་འཛིན་སྐྱེ་བའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་བསྐོ་བ་ནི། ཆོས་བཅུ་བཞི་དང་ལྡན་པ་སྟེ། དེ་ཡང་སྔར་བཤད་པའི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། མཚམས་ཀྱི་ནང་ན་གནས་པ་སྟེ། མཚམས་གཞན་ན་གནས་པ་ནི། ཞེས་གསུངས་པས་སོ། །འགྲོ་བ་བཞི་དང་བྲལ་བ་སྟེ། འདུན་པ་དང་ཞེ་སྡང་དང་གཏི་མུག་དང་འཇིགས་པས་འགྲོ་བ་དང་བྲལ་བ་ཞེས་སོ། །སྤྲོ་བ་དྲིས་ནས་སྤྲོ་བ་སྟེ། སྤྲོ་བར་བྱས་ཏེ་བསྐོའོ་ཞེས་གསུངས་ལ། བསྐོ་བའི་ལས་ལ་སྤྲོ་བ་མི་འདྲི་ན་ཆོས་མ་ཡིན་པའི་ལས་སུ་འགྱུར་བའི་ཕྱིར་རོ། །སྔར་བསྐོས་པ་དང་མ་འབྲེལ་བ་སྟེ། སྔར་བསྐོས་པ་ནི་མ་བསྐོས་པ་ཉིད་མ་ཡིན་ནོ། །ཞེས་གསུངས་པའི་གནད་ཀྱིས་སྦྱར་རོ། །གཞན་དུ་ན་ཆོ་ག་དོན་མེད་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། །ཚོགས་སུ་མ་ལོངས་པ་སྟེ། ཚོགས་ཀྱི་ལས་མི་བྱའོ་ཞེས་གསུངས་པ་དང་། གཞན་དུ་ཚོགས་ཙམ་དུ་ནུས་པ་མཐུ་མཉམ་པས་གུས་པ་མི་འདྲེན་པའི་ཕྱིར་རོ། །བསྙེན་རྫོགས་ཀྱི་དམིགས་བསལ་ནི་དགེ་ཚུལ་རྣམ་དག་ཆོ་ག་རྗེས་སུ་བསྒྲག་པའི་ཚུལ་གྱིས་བསྐོས་ཀྱང་རུང་ངོ་། །གཉིས་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་བསྐོ་བ་ནི། སྦྱོར་དངོས་མཇུག་གསུམ་གྱིས་ཏེ། སྦྱོར་བ་སྤྲོ་བ་འདྲི་བ་དང་། དངོས་གཞི་གསོལ་གཉིས་ཀྱི་ལས་དང་། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །བཞི་པ་བསྐོ་བའི་བསླབ་བྱ་ནི་གཞུང་འདི་ཉིད་ལས་ཤེས་པར་འགྱུར་རོ། །ཡན་ལག་གི་དོན་ནི་སྤོང་བ་པའི་ཕྱིར་ཞེས་བཤད་དོ། །དགེ་འདུན་བསྡུ་བའི་ཕྱིར་གཎྜི་བརྡུང་ངོ་ཞེས་པའི་སྐབས་སུ་གཎྜིའི་རྒྱུ་ནི་ཙནྡན་དང་རྒྱ་ཤུག་དང་སྟག་པ་དང་སྟར་ཁ་དང་འོམ་བུ་དང་སེང་ལྡེང་དང་འོང་མ་དང་ཙནྡན་དམར་པོ་དང་བརྒྱད་དང་། དེའི་སྟེང་དུ་རྒྱ་གར་ན་ཡོད་པའི་ཤིང་བདུན་དང་བཅོ་ལྔ་སྟེ་གང་འཛོམ་ལ་བྱེད་དོ། །དེའི་ཚད་ནི་སྲིད་དུ་སོར་བརྒྱད་ཅུ་རྩ་བཞི། ཞེང་དུ་སོར་དྲུག ངོས་ལ་སོར་གཉིས། ཟུར་གཉིས་བཅུམ་ཞེང་བཞོགས་པ་ལ་སོར་བརྒྱད་བརྒྱད། རྩེ་མོ་གཉིས་སྦལ་བའི་མགོ་བཞིན་དུ་བྱའོ། །དེ་བརྡུང་བའི་ཤིང་ཡང་གོང་དུ་བསྟན་པའི་ཤིང་འབྲས་བུ་ཅན་དེ་ཉིད་ལས་བྱས་པ། སྲིད་ཚད་དུ་སོར་བཅུ་གཉིས་པ་བཟླུམ་ཞིང་རྩེ་གཉིས་ནེའུ་ལེའི་མགོ་བཞིན་དུ་བྱའོ། །དེའི་རབ་ཏུ་གནས་པ་ནི་བཀྲ་ཤིས་པའི་ཚིག་བྲི་བ་དང་སེར་སྔགས་བྲི་བར་བྱ་སྟེ་བརྡུངས་པ་ལས་གནོད་པ་ཞི་བའི་དགོས་པ་ཡོད་པས་སོ། །བརྡུང་ལུགས་ལ་ཉ་ལྟར་བརྡུང་བ་དང་། མདོ་ལས་བསྐྱེད་པའི་རིམ་པ་ལྟར་བརྡུང་བ་དང་། གྲངས་དང་རྒྱུད་གཅིག་ལ་སུམ་ཅུ་རྩ་ལྔ་ཡོད་དོ། །ལུང་ཁ་ཅིག་ལས་ནི་གཎྜི་ཆུང་ངུ་ཞེའོ་ཞེས་སྨོས་ན། གཎྜི་ཆུང་ངུ་དེ་ཅི་ཞིག་ཡིན་ཞེ་ན། འདི་ལ་དོན་བཤད་པ་དང་། སྒྲ་བཤད་པ་གཉིས་ལས། དང་པོ་རང་གི་རྣམ་བཤད་ལས་འཁར་གསིལ་ཉིད་གཎྜི་ཆུང་ངུ་ཞེས་བྱ་བར་བརྗོད་དེ་ཞེས་གསུངས་སོ། །སྒྲ་བཤད་པ་ནི། ལུང་ཁ་ཅིག་ལས་ནི་ཀ་ཏི་ཞེས་སོ་ཞེས་པ་སྟེ་ཀ་ཏི་ཞེས་པའི་སྒྲ་ལ་གཎྜི་ཆུང་ངུ་ཞེས་དོན་འགྱུར་བྱས་པའོ། །འགྲེལ་ཆུང་གི་མདོ་རྩ་བ་ལས་ནི་ཀ་ཏི་ཞེས་རྒྱ་སྐད་སོར་བཞག་ཏུ་ཡོད་དོ། །གཞུང་འོག་ཏུ་ནས་གཎྜི་དང་གཎྜི་ཆུང་ངུ་གཉིས་ཀ་བརྡུང་ངོ་ཞེས་གསུངས་པའི་་་་་་གཎྜི་དང་འདིར་བཤད་པའི་གཎྜི་གཉིས་མིང་འདྲ་ཡང་དོན་མི་གཅིག་སྟེ་འོག་ནས་བཤད་པའི་གཎྜི་ཆུང་ངུ་གཎྜི་དེའི་བྱེ་བྲག་ཡིན་གྱི་འཁར་གསིལ་ནི་མ་ཡིན་ནོ། །ཏིང་ངེ་འཛིན་བསྒོམ་པའི་འཕྲོ་གཅོད་པ་ན་སྤོང་པ་བ་རྣམས་ཀྱིས་རྒྱུན་ཆགས་གསུམ་པ་ཁ་ཏོན་དུ་གདོན་ཅིང་ཏིང་ངེ་འཛིན་སྒོམ་པ་ཅི་བདེར་འཕྲོ་བཅད་པར་བྱའོ། །སྐབས་འདིར་སྤོང་བ་པའི་ཞལ་ཏ་བས་ནི་སྤོང་བ་པ་རྣམས་ལ་ད་ནི་ཅི་བདེར་སྤྱོད་ཅིག་ཅེས་སྤྲོན་པར་བྱ་སྟེ། འགྲེལ་ཆུང་ལས་བསམ་གཏན་དུ་ཞུགས་པ་རྣམས་ཀྱིས་དུས་མི་རིགས་པའི་ཕྱིར་ཞེས་བཤད་དོ། །ཊཱི་ཀ་ལས་རྒྱུན་ཆགས་གསུམ་པ་བཏོན་པའི་འོག་ཏུ་སྦྱིན་པའི་ཕན་ཡོན་བཤད་པར་བྱའོ་ཞེས་བཤད་དོ། །སུས་བཤད་པར་བྱ་ཞེ་་་་་་སྤོང་པ་བའི་ཞལ་ཏ་བས་ཡོན་བཤད་པར་བྱའོ་ཞེས་ཤ་མི་གསུངས་ཀྱང་ནོར་ངེས་སོ། །ན། ལུང་དང་ཀརྨ་ཤ་ཏཾ་ལས་གནས་བརྟན་གྱིས་ཡོན་བཤད་པར་བྱའོ་ཞེས་གསུངས་སོ། །གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱའོ་གསུངས་པའི་སྤྱི་དོན་ལ་གཉིས་ལས། དང་པོ་གནས་ལ་བློ་མཐུན་བྱས་པའི་དགོས་པའི་དོན་ནི། སྤྱིར་གནས་ལ་བློ་མཐུན་བྱས་པས་དགེ་འདུན་རྣམས་ཐུགས་མཐུན་པར་འགྱུར་ལ། བྱེ་བྲག་ཏུ་ལས་ཀྱིས་བྱས་པས་ཀླག་ཅོར་དུ་མི་འགྱུར་བའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས་དང་པོ་གནས་གང་ལ་བློ་མཐུན་བྱ་བ་ནི་བཞི་ལས་དང་པོ་ནི་གནས་གསུམ་ལས་གང་ཡང་རུང་བ་ཡིན་པ་སྟེ། གྲུབ་པའམ་བྱས་པའམ་ཟིན་པ་ལའོ་ཞེས་གསུངས་པས་སོ། །དེ་གསུམ་ལས་གཞན་དུ་མི་འཆགས་ཏེ། གནས་ཀྱི་བློ་མི་འབྱུང་བའི་ཕྱིར་རོ། །གཉིས་པ་ཉེ་འཁོར་འདོམ་གང་ཡན་ཆད་དང་ལྡན་པ་སྟེ། ཉེ་འཁོར་འདོམ་གང་དང་ལྡན་པའོ་ཞེས་གསུངས་པ་དང་གཞན་དུ་ན་་་་་་ཉེ་འཁོར་འདོམ་གང་དང་བཅས་པ་འདི་ཞེས་གསུངས་པའི་ཆོ་ག་དང་འགལ་བ་དང་། ཉེ་འཁོར་མེད་ན་བདེ་བའི་རྒྱུར་མི་འགྱུར་བའི་ཕྱིར་རོ། །གསུམ་པ་དགེ་འདུན་བཞེད་པ་ཡིན་པ་སྟེ། དགེ་འདུན་འདོད་ནའོ་ཞེས་གསུངས་པ་དང་། གཞན་དུ་ན་ཀུན་སློང་མི་འབྱུང་བའི་ཕྱིར་རོ། །བཞི་པ་སྔར་བློ་མཐུན་བྱས་པ་དང་མ་འབྲེལ་བ་སྟེ། སྔར་གནང་བ་མ་ཐོབ་པ་ལའོ་ཞེས་གསུངས་པའི་གནད་ཀྱིས་སྦྱར་རོ། །གཉིས་པ་རྟེན་གང་གིས་བློ་མཐུན་བྱ་བ་ནི་དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་བློ་མཐུན་བྱ་བ་ནི། གསོལ་གཉིས་ཀྱི་ལས་ཀྱིས་སོ། །བཞི་པ་བློ་མཐུན་བྱས་པ་འཇིག་པའི་རྒྱུ་ནི། མཚམས་ནང་དེ་ན་དགེ་སློང་མེད་པར་སྐྱ་རེངས་ཤར་བ་དང་། རྟེན་ཞིང་མ་ཡིན་པར་གྱུར་པ་་་་་་སྟེ་དགེ་སློང་ཐམས་ཅད་ཤི་བའམ་བབས་པ་དང་། གནས་ཞིང་མ་ཡིན་པར་གྱུར་སྟེ་གནས་ཞིག་སྟེ་སྐྱབས་ཀྱི་ཞེན་པ་བྱུང་རུང་མ་ཡིན་པར་གྱུར་་་་་་པའོ། །ཡན་ལག་གི་དོན་ནི་གསོ་སྦྱོང་གི་གནས་ལ་ཞེས་པ་ནས་སོ། །གནས་ཐམས་ཅད་གྲུབ་པའམ་ཞེས་པ་ལ་བརྟེན་ནས། ཁ་ཅིག་་་་་་རྒྱ་ན་རེ་ཐང་སྟོང་པ་ལ་ཡང་བློ་མཐུན་བྱ་སྟེ། གྲུབ་པའི་བྱེ་བྲག་ཡིན་པའི་ཕྱིར་ཞེས་ཟེར་རོ། །འོན་ཀྱང་དབྱེ་ཐང་ཀ་ལ་གནས་ལ་བློ་མཐུན་མི་བྱ་སྟེ། སྐྱབས་ཀྱི་ཞེན་པ་འབྱུང་རུང་མེད་པའི་ཕྱིར་རོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས་གྲུབ་པ་ཞེས་བྱ་བ་ནི། ཆགས་པའི་བསྐལ་བའི་ཚེ་རང་གྲུབ་པའམ། དེའི་འོག་ཏུ་གཏིབ་ཆད་པ་ལ་སོགས་པ་རང་གྲུབ་སྟེ། དཔེར་ན་རིའི་བྱ་སྐྱིབས་ལ་སོགས་ལྟ་བུ་སྟེ་ཞེས་གསུངས་པས་འདི་ལ་སྐྱབས་ཀྱི་ཞེན་པ་འབྱུང་རུང་དགོས་པར་གྲུབ་་་་་་དབྱེ་ཐང་ཀར་གསོ་སྦྱོང་བྱེད་ན་གནས་ལ་བློ་མཐུན་མ་བྱས་པར་གསོ་སྦྱོང་བྱེད་པར་བཞེད་པར་སྣང་ངོ་། །བོ། །མི་འདུ་བ་དགག་པའི་ཕྱིར་མཚམས་བཅད་པར་བྱའོ་ཞེས་གསུངས་པ་འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་མཚམས་པོ་ཆེ་བཅད་པའི་དགོས་པ་ནི་བཞི་སྟེ། སྤྱིར་ལས་ལ་དགེ་སློང་ཐམས་ཅད་འདུ་དགོས་ཤིང་། བྱེ་བྲག་ཏུ་གསོ་སྦྱོང་དང་དགག་དབྱེའི་ལས་ལ་ཐམས་ཅད་འདུས་པས་ཀུན་དག་པར་འགྱུར་བ་དང་། ཆོས་གོས་དང་འབྲལ་བ་ཚེགས་ཆུང་ངུས་སྤོང་བ་དང་། དབྱར་འདྲལ་བའི་ཉེས་པ་སྤང་སླ་བ་དང་། གནས་གཞན་དུ་དབྱར་གནས་པར་ཁས་བླངས་པས་ཀྱང་སྲ་བརྐྱང་གི་ཕན་ཡོན་ཐོབ་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་གནས་གང་ལ་མཚམས་པོ་ཆེ་བཅད་པ་ནི་ལྔ་ལས། དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་ཡིན་པ་སྟེ། དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དུའོ། །་་་་་ཞེས་བཤད་པ་དང་ལུང་ཞུ་བ་ལས། བཙུན་པ་དཔག་ཚད་ཕྱེད་དང་གསུམ་ཕན་ཆད་ཀྱང་མཚམས་ཞེས་བགྱི་བའམ། ཨུ་པ་ལི་མ་ཡིན་ནོ་ཞེས་གསུངས་ཤིང་དབུས་ནས་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ལས་ལྷག་པར་མཚམས་བཅད་པ་མི་འཆགས་སོ་ཞེས་གསུངས་པས་སོ། །གཞན་དུ་ན་མི་འཆགས་ཏེ་རྟེན་མེད་པའི་ཕྱིར་རོ། །ཆུ་ལ་སོགས་པ་མཚམས་གཞན་མ་ཡིན་པ་སྟེ། མཚམས་སུ་ཆུ་ནི་མཚམས་གཞན་དང་འདྲ་ཞེས་པ་དང་། ལུང་གཞི་དང་ཀརྨ་ཤ་ཏཾ་ལས། གྲོང་དང་གྲོང་གི་ཉེ་འཁོར་མ་གཏོགས་པར་མཚམས་ཆེན་པོ་གཅོད་ཅེས་་་་་་འདི་ནི་ཉེ་བར་འཁོར་གྱི་སྐད་དོད་ཡིན་ནོ། །གསུངས་པས་སོ། །སྔར་མཚམས་བཅད་པ་དང་མ་འབྲེལ་བ་སྟེ། སྔ་མ་བག་ཡངས་སུ་མ་བྱས་པར་བཅད་པ་གཞན་མི་འཆགས་སོ་ཞེས་གསུངས་པས་སོ། །གཞན་གྱིས་་་་་་མཚམས་བཅད་མ་ཟིན་ཀྱང་གཞན་གྱིས་མཚམས་བཅད་པའི་ཆེད་དུ་མཚན་མ་བརྟན་པོ་བཙུགས་པ་མ་ཡིན་པ་སྟེ། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་ཞེས་གཞན་ལ་གནོད་པ་བཀག་པའི་ཕྱིར་རོ། །གཉིས་པ་རྟེན་གང་གིས་མཚམས་པོ་ཆེ་བཅད་པ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་མཚམས་པོ་ཆེ་བཅད་པ་ནི། སྦྱོར་དངོས་མཇུག་གསུམ་མོ། །སྦྱོར་བ་ནི་རྒྱུས་ཤེས་པའི་དགེ་སློང་རྣམས་ཀྱིས་བརྟགས་ནས་དགེ་འདུན་གྱི་མདུན་དུ་མཚན་མ་བརྟན་པོ་བརྗོད་པའོ། །དངོས་གཞི་གསོལ་གཉིས་ཀྱི་ལས་དང་། མཇུག་ལས་ཀྱི་མཇུག་སྡུད་བརྗེད་པའོ། །བཞི་པ་མཚམས་པོ་ཆེ་བཅད་པ་འཇིག་པའི་རྒྱུ་ནི། མཚམས་ནང་དེ་ན་དགེ་སློང་མེད་པར་སྐྱ་རེངས་ཤར་བ་དང་། ཕྱོགས་བཞིའི་མཚན་མ་བརྟན་པོ་ཞིག་པ་དང་།་་་་་ལུང་ཞུ་བ་ལས་བཙུན་པ་མཚམས་ཀྱི་མཚན་མ་མ་མཆིས་པར་གྱུར་ན་མཚམས་ཞིག་པ་ཞེས་བགྱིའམ། ཨུ་པ་ལི་ཞིག་པ་ཞེས་བྱའོ། །ཆུ་ལ་སོགས་པ་མཚམས་གཞན་བྱུང་བ་དང་། རྟེན་དགེ་སློང་ཐམས་ཅད་ཞིང་མ་ཡིན་པར་གྱུར་པ་དང་། ཆོ་གས་ཀྱང་གཞིག་ཏུ་རུང་བའོ། །ཡན་ལག་གི་དོན་ནི་མཚམས་བཅད་པར་བྱའོ་ཞེས་པ་ལུང་གཞི་ལས་དགེ་སློང་ཀ་པི་ན་འདི་སྙམ་དུ་སེམས་ཏེ། རྟག་ཏུ་དག་པ་སྙིང་པོ་སྟེ། །རྟག་ཏུ་དག་པ་གསོ་སྦྱོང་ཡིན། །གཙང་མའི་ལས་ནི་དག་གྱུར་ན། །དེ་ཡི་རྟུལ་ཞུགས་གྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ལ། བདག་ནི་དག་ཅིང་མཆོག་ཏུ་དག་པ་དང་ལྡན་ནོ་སྙམ་སྟེ་གསོ་སྦྱོང་གི་གནས་སུ་མི་འགྲོ་བ་ལ་བརྟེན་ནས། མཚམས་ཆེན་པོ་བཅད་པར་རྗེས་སུ་གནང་ངོ་ཞེས་གསུངས་སོ། །དེར་གནང་བར་བྱས་ན་ཞེས་པ་དང་། དེ་བྱའོ་ཞེས་ཆོས་གོས་དང་མི་འབྲལ་བའི་གནང་བ་སྦྱིན་པ་འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི་མཚམས་པོ་ཆེའི་ནང་དེར་དགེ་སློང་ཐམས་ཅད་ཀྱིས་གནས་གང་དུ་ཆོས་གོས་བཞག་ཀྱང་འབྲལ་བའི་ཉེས་པར་མི་འགྱུར་་་་་་ལུང་གཞི་ལས་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་མི་འབྲལ་བའི་གནང་བ་སྦྱིན་པར་བྱའོ་ཞེས་གསུངས་སོ། །བའོ། །གཉིས་པ་བསྡུས་པའི་དོན་ལྔ་ལས། དང་པོ་གཞི་གང་ལ་མི་འབྲལ་བའི་གནང་བ་བྱ་བ་ནི་གཉིས་ཏེ། ས་གཞི་དེར་མི་འབྲལ་བའི་གནང་བ་བྱིན་ཟིན་པ་དང་མ་འབྲེལ་བ་དང་། ཆོ་གའི་སྒོ་ནས་མཚམས་བཅད་པ་གང་ཡིན་པའོ། །དང་པོ་ནི། སྔར་གནང་བ་མ་ཐོབ་པ་ལའོ་ཞེས་གསུངས་པའི་གནད་ཀྱིས་སྦྱར་རོ། །གཉིས་པ་ནི་མཚམས་པོ་ཆེ་བཅད་པའམ། མཚམས་བུ་ཆུང་བཅད་པའི་ནང་ཡིན་པ་སྟེ། ལུང་གཞི་ལས་མཚམས་ཆེན་པོའི་ནང་དུ་དགེ་སློང་ཆོས་གོས་དག་དང་མི་འབྲལ་བའི་གནང་བ་སྦྱིན་པར་བྱའོ། །ཞེས་གསུངས་ལ། ལུང་ཞུ་བ་ལས་བཙུན་པ་མཚམས་བུ་ཆུང་ངུ་ཡང་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བར་བློ་མཐུན་པར་བགྱི་བའམ། གལ་ཏེ་འདོད་ན་བློ་མཐུན་པར་བགྱིའོ་ཞེས་གཞི་འགྲེལ་དུ་ལུང་དྲངས་ཤིང་། ཀརྨ་ཤ་ཏཾ་ལས་ཀྱང་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་བྱས་པའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་མི་འབྲལ་བའི་གནང་བ་སྦྱིན་པ་ནི་གཅིག་ཏུ་མ་ངེས་ཏེ་གལ་ཏེ་འདོད་ན་སྦྱིན་པར་བྱའོ་ཞེས་གསུངས་པས་སོ། །འདི་ཁ་་་་་་རྒྱ་དང་མཁན་པོ་ཅིག་ན་རེ་ས་གཞི་མཚམས་མ་བཅད་ཀྱང་རང་བཞིན་གྱི་མཚམས་རྒྱ་ཆེན་པོའི་ནང་དུ་ཡང་མི་འབྲལ་བར་གནང་བ་འདི་སྦྱིན་དུ་རུང་སྟེ། ལུང་ཞུ་བ་ལས། ལས་ཀྱི་མཚམས་སུ་ཆོས་གོས་དང་མི་འབྲལ་བའི་སྡོམ་པ་སྐོས་ཤིག་ཅེས་གསུངས་ན། རྩིག་པའི་མཚམས་ལ་ཆོས་གོས་དང་མི་འབྲལ་བའི་སྡོམ་པ་བསྐོ་བར་བགྱིའམ། དེ་སྟེ་དགོས་པ་ཡོད་ན་སྐོས་ཤིག་ཅེས་གསུངས་པས་ཤེས་སོ་ཞེས་གསུངས་སོ། །འོན་ཀྱང་ས་གཞི་མཚམས་མ་བཅད་པ་ཉིད་དུ་ནི་མི་འབྲལ་བའི་གནང་བ་མི་འཆགས་སོ་ཞེས་གསུངས་པ་དང་འགལ་ལ། ལུང་ལས་གསུངས་པ་་་་་་ཁྱེད་ཀྱིས་སྒྲུབ་བྱེད་དུ་དྲངས་པ་དེ་ནི་ཆོ་གས་མཚམས་བཅད་པ་དང་ལྡན་པའི་རྩིག་པའི་མཚམས་་་་་་ཆོས་གོས་དང་མི་འབྲལ་བའི་གནང་བ་བྱ་བ་ལ་དགོངས་པ་སྟེ། ལུང་ལས་་་་་་དེ་སྟེ་དགོས་པ་ཡོད་ན་ཞེས་གསུངས་པས་སོ། །གཉིས་པ་རྟེན་གང་གིས་མི་འབྲལ་བའི་གནང་བ་བྱ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་མི་འབྲལ་བའི་གནང་བ་བྱ་བ་ནི། གསོལ་གཉིས་ཀྱི་ལས་ཀྱིས་སོ། །བཞི་པ་མི་འབྲལ་བའི་གནང་བ་འཇིག་པའི་རྒྱུ་ནི། སྔར་བཤད་པའི་མཚམས་འཇིག་པའི་རྒྱུ་ཀུན་གྱིས་འདི་ཡང་འཇིག་སྟེ། འདིའི་རྟེན་ཞིག་པའི་ཕྱིར། གྱང་ཞིག་པའི་རི་མོ་བཞིན་ནོ། །ལྔ་པ་གནང་བ་དང་སྒྲུབ་པའི་དོན་ལ་གཉིས་ཏེ། དངོས་དང་ཞར་ལས་བྱུང་བའོ། །དང་པོ་ལ་གཉིས་ལས། དང་པོ་རང་ལུགས་བཞག་པ་ནི། ས་གཞི་ལ་མི་འབྲལ་བའི་གནང་བ་བྱ་བ་འདི་ནི་ཅི་དགར་འཇུག་པ་གནང་བའི་བསླབ་པ་ཡིན་ཏེ། ཀརྨ་ཤ་ཏཾ་གྱི་དཀྱིལ་འཁོར་བར་ཆོས་གོས་དང་མི་འབྲལ་བའི་གནང་བ་སྦྱིན་པའི་སྐབས་སུ་གལ་ཏེ་འདོད་ན་སྦྱིན་པར་བྱའོ་ཞེས་གསུངས་ཤིང་། མཚམས་པོ་ཆེར་མི་འབྲལ་བའི་གནང་བ་སྦྱིན་པ་ཡང་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གཉིས་པ་ཞར་ལ་གཞན་ལུགས་དགག་པ་ནི་ཁ་་་་་་བ་རང་ཅིག་ན་རེ། མཚམས་པོ་ཆེ་བཅད་ན་དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་དབྱེ་ཐང་ཀ་ལྟ་བུར་གྱུར་པ་ཡིན་ཏེ་ལས་མཚམས་བཅད་པས་རྩིག་མཚམས་འཇིག་པའི་ཕྱིར་རོ། །དེ་ཡང་ལུང་ཞུ་བ་ལས། བཙུན་པ་མཚམས་བཀུམ་པས་མཚམས་གྲོལ་བར་འགྱུར་བ་མཆིས་སམ། ཨུ་བ་ལི་ཡོད་དེ། ལས་ཀྱི་མཚམས་བཅད་ན་རྩིག་པའི་མཚམས་གྲོལ་བ་ཞེས་བྱའོ་ཞེས་གསུངས་པས་སོ། །དེ་ན་དབྱེ་ཐང་ཀ་ལ་ཆོས་གོས་ལས་འདོམ་གང་བས་ཐག་རིང་བར་ཉལ་ན་འབྲལ་བའི་ཉེས་པར་འགྱུར་བ་ལྟར་མཚམས་པོ་ཆེ་བཅད་པ་ན་ཡང་་་་་་རྩིག་མཚམས་ཞིག་པས་དབྱེ་ཐང་ཀ་དེ་དང་འདྲའོ། །དེས་ན་མཚམས་པོ་ཆེ་བཅད་ན་ནི་་་་་་གནས་ཁང་ཆུང་ངུ་གཅིག་གི་ནང་དུ་ཡང་ཆོས་གོས་ལས་འདོམ་གང་བས་ཐག་རིང་བར་ཉལ་ན་འབྲལ་བའི་ཉེས་པར་འགྱུར་བས། ཅིས་ཀྱང་མི་འབྲལ་བའི་གནང་བ་བྱ་དགོས་སྒྲུབ་པའི་བསླབ་པ་ཡིན་ཏེ། གཞན་དུ་ན་འབྲལ་ལྟུང་སྤང་མི་ནུས་པའི་ཕྱིར་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། དང་པོ་གནོད་བྱེད་བརྗོད་པ་ནི་ལས་ཀྱི་ཆོ་གས་མཚམས་བཅད་པ་དེར་མི་འབྲལ་བའི་གནང་བ་སྦྱིན་པ་དེ་ཆོས་ཅན། ཅི་དགར་འཇུག་པར་གནང་བའི་བསླབ་པ་མ་ཡིན་པར་ཐལ། ངེས་པར་བྱ་དགོས་སྒྲུབ་པའི་བསླབ་པ་ཡིན་པའི་ཕྱིར་རོ། །རྟགས་ཁྱབ་མ་གྲུབ་ན་དམ་བཅའ་འབུད་ཅིང་། འདོད་ན་ཀརྨ་ཤ་ཏཾ་ལས་་་་་་དཀྱིལ་འཁོར་བར་བློ་མཐུན་པར་བྱ་བའི་ནང་དུ་ཆོས་གོས་དག་དང་མི་འབྲལ་བའི་གནང་བ་སྦྱིན་པ་ནི་གཅིག་ཏུ་མ་ངེས་ཏེ། ཆོས་གོས་ཀྱི་གནས་དང་འབྲལ་བ་ལ་གལ་ཏེ་འདོད་ན་སྦྱིན་པར་བྱའོ་ཞེས་གོང་དུ་དྲངས་པ་དེ་དང་འགལ་ལ། མཚམས་པོ་ཆེར་་་་་་མི་འབྲལ་བའི་གནང་བ་སྦྱིན་པ་ཡང་་་་་་དཀྱིལ་འཁོར་བའི་སྐབས་སུ་གསུངས་པ་དེ་དང་རྒྱུ་མཚན་མཚུངས་སོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི་ལུང་ཞུ་བ་ལས་གསུངས་པ་་་་་་མཚམས་པོ་ཆེ་བཅད་པས་དེ་ལས་ལ་འདུ་དགོས་པ་ལ་ལྟོས་པའི་རྩིག་མཚམས་འཇིག་པ་ལ་དགོངས་པ་ཡིན་གྱི། ལྟོས་པའི་རྩིག་མཚམས་འཇིག་པ་ནི་མ་ཡིན་ཏེ། གལ་ཏེ་་་་་་མཚམས་པོ་ཆེ་བཅད་པ་ན་ཆོས་གོས་དང་འབྲལ་བ་ལ་ལྟོས་པའི་རྩིག་མཚམས་ཞིག་སྟེ་དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་མཚམས་གཅིག་ཏུ་གྱུར་ན་ནི། མཚམས་པོ་ཆེར་མི་འབྲལ་བའི་གནང་བ་བྱིན་པ་དོན་མེད་དུ་ཐལ་བར་འགྱུར་རོ། །མི་འབྲལ་བའི་གནང་བ་མ་བྱིན་ཡང་ཆོས་གོས་དང་མི་འབྲལ་བའི་ཆ་ནས་དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་མཚམས་གཅིག་ཏུ་གྱུར་པའི་ཕྱིར་རོ། །གཉིས་པ་ཞར་ལ་བྱུང་བ་ནི་མཚམས་པོ་ཆེར་མི་འབྲལ་བའི་གནང་བ་སྦྱིན་པ་ན། མཚམས་པོ་ཆེའི་ནང་ཁོངས་ན་ཡོད་པའི་དཀྱིལ་འཁོར་བར་ཆོས་གོས་བཞག་སྟེ། མཚམས་པོ་ཆེའི་ནང་གི་དབྱེ་ཐང་ཀ་ལྟ་བུར་དགེ་སློང་ཉལ་ན། ཆོས་གོས་དང་འབྲལ་ལམ་མི་འབྲལ་ཞེ་ན། འབྲལ་བའི་ཉེས་པར་འགྱུར་ཏེ། མི་འབྲལ་བའི་གནང་བ་འཆགས་པ་ནི་ལས་མཚམས་གཅིག་ཡིན་པ་ལ་ལྟོས་ལ་མཚམས་པོ་ཆེ་དང་དཀྱིལ་འཁོར་བ་གཉིས་ནི་ལས་མཚམས་ཐ་དད་པའི་ཕྱིར་རོ། །ལྕགས་རིས་བསྐོར་བ་གཅིག་གི་ནང་ལྟ་བུ།་་་་་རང་བཞིན་གྱི་མཚམས་གཅིག་གི་ནང་ཁོངས་ན་ཡོད་པའི་དཀྱིལ་འཁོར་བར་གོས་བཞག་སྟེ། དཀྱིལ་འཁོར་བ་ལས་གཞན་པའི་གནས་ཁང་གཞན་ལྟ་བུ་་་་་་རང་བཞིན་གྱི་མཚམས་ནང་དེར་དགེ་སློང་ཉལ་ན་ཆོས་གོས་དང་འབྲལ་ལམ་མི་འབྲལ་ཞེ་ན་མི་འབྲལ་ཏེ། དཀྱིལ་འཁོར་བར་བཅད་པས་ལས་ལ་ལྟོས་པའི་མཚམས་ཐ་དད་དུ་གྱུར་ཀྱང་། འབྲལ་བ་ལ་ལྟོས་པའི་མཚམས་ཐ་དད་དུ་འགྱུར་བ་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱི་ཆེད་དུ་དཀྱིལ་འཁོར་བར་བློ་མཐུན་པར་བྱའོ་ཞེས་གསུངས་པ་འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དཀྱིལ་འཁོར་བར་བཅད་པའི་དགོས་པའི་དོན་དགེ་འདུན་འདུ་བ་ཁྱབ་ཆེས་པ་སྤོང་ཞིང་། དགེ་སློང་རྣམས་ཀྱི་དགེ་བ་གཞན་ཉམས་པར་འགྱུར་བ་སྤང་བ་སྟེ། ལུང་གི་གླེང་གཞི་ལས་་་་་་དགེ་སློང་རྣམས་བཞིའི་ཚོགས་ཀྱི་ལས་བྱ་བ་ལ་སོགས་པ་ལ་མཚམས་པོ་ཆེ་དེ་ན་ཡོད་པའི་དགེ་འདུན་ཐམས་ཅད་སྡུད་པར་བྱེད་པ་ན། དགེ་སློང་རྣམས་ཀྱི་དགེ་བའི་ཕྱོགས་ཉམས་པར་གྱུར་པ་ལ་བརྟེན་ནས། དཀྱིལ་འཁོར་བར་བཅད་པར་གསུངས་སོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་གནས་གང་དུ་དཀྱིལ་འཁོར་བ་བཅད་པ་ལ་དྲུག་ལས། དང་པོ་ནི་གདིང་བ་བཞི་བཅུ་དང་བསྒྲུབ་བྱ་ཤོང་བ་སྟེ། ལུང་ཞུ་བ་ལས། དཀྱིལ་འཁོར་གང་དུ་གྲངས་བཞི་བཅུ་བསྒོ་བ་ཤོང་བའོ་ཞེས་གསུངས་སོ། །གནས་ཀྱི་ཚད་དེ་ཙམ་ཞིག་ཏུ་དགེ་སློང་མའི་དབྱུང་བ་བྱེད་ན་ཡང་དགེ་སློང་ཕ་མ་བཞི་བཅུ་བསྒྲུབ་བྱ་ཡུལ་དང་བཅས་པ་ཤོང་བར་འགྱུར་བས་རིགས་པས་ཀྱང་འཐད་དོ། །འོ་ན་མཚམས་བུ་ཆུང་དང་དཀྱིལ་འཁོར་བ་གཅིག་གམ་ཐ་དད། དང་པོ་ལྟར་ན་ཀརྨ་ཤ་ཏཾ་ལས་དཀྱིལ་འཁོར་བ་དང་མཚམས་པོ་ཆེ་དང་། མཚམས་བུ་ཆུང་བཅད་ཅེས་གསུངས་པ་དང་། ཊཱི་ཀ་ལས་ཀྱང་མཚམས་ཆེན་པོ་དང་། མཚམས་ཆུང་ངུ་དང་། དཀྱིལ་འཁོར་བའི་མཚམས་ཞེས་པ་དང་། བསྡུས་པ་ལས་ཀྱང་། མཚམས་བུ་ཆུང་བཅད་པར་བྱ། ཡང་ན་དཀྱིལ་འཁོར་བ་བཅད་པར་བྱ་ཞེས་ཐ་དད་དུ་བཤད་པ་དང་འགལ་ལོ། །གཉིས་པ་ལྟར་ན་དཀྱིལ་འཁོར་བ་བཅད་པའི་སྐབས་ཀྱི་ལུང་གཞི་ལས། མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་བྱའོ་ཞེས་གསུངས་ཤིང་། གཞི་འགྲེལ་ལས་མཚམས་བུ་ཆུང་ཞེས་བྱ་བ་ནི་དཀྱིལ་འཁོར་བ་སྟེ་ཞེས་མཚམས་བུ་ཆུང་དང་དཀྱིལ་འཁོར་བ་གཅིག་ཡིན་པར་གསུངས་པ་དང་འགལ་ལོ་ཞེ་ན། ཁྱབ་ཆེ་ཆུང་ཐ་དད་པ་སྟེ། ལུང་ཞུ་བ་ལས་མཚམས་ཆེན་པོ་ཆོད་ཅིག་ཅེས་གསུངས་ན། ཚད་ཇི་ཙམ་ཨུ་པ་ལི་དཔག་ཚད་ཕྱེད་དང་གསུམ་མོ། །དེ་ཚུན་ཆད་ནི་ཐམས་ཅད་ཆུང་ངུ་སྟེ་དཀྱིལ་འཁོར་བ་གང་དུ་གྲངས་བཞི་བཅུར་བསྒོ་བ་ཤོང་བའོ་ཞེས་གསུངས་སོ། །བསྡུས་པ་ལས་ཀྱང་མཚམས་པོ་ཆེ་ནི་དཔག་ཚད་ཕྱེད་དང་གསུམ་མོ། །མཚམས་བུ་ཆུང་ནི་དེ་ཚུན་ཆད་ནས་དཀྱིལ་འཁོར་བའི་བར་དུའོ་ཞེས་བཤད་དོ། །དེས་ན་དཔག་ཚད་ཕྱེད་དང་གསུམ་པས་ནི་ཆུང་ཞིང་། དཀྱིལ་འཁོར་བའི་ཚད་པས་ནི་ཆེ་བའི་མཚམས་བཅད་པ་ནི་མཚམས་བུ་ཆུང་ཡིན་ལ་དཀྱིལ་འཁོར་བ་མ་ཡིན་ནོ། །གདིང་བ་བཞི་བཅུ་འདིངས་བ་ཤོང་བ་ཙམ་གྱི་མཚམས་བཅད་པ་ནི་མཚམས་བུ་ཆུང་ཡང་ཡིན་ལ་དཀྱིལ་འཁོར་བ་ཡང་ཡིན་ཏེ། དཀྱིལ་འཁོར་བ་ཡིན་པ་ལ་མཚམས་བུ་ཆུང་ཡིན་པས་ཁྱབ་ཅིང་། མཚམས་བུ་ཆུང་ཡིན་པ་ལ་དཀྱིལ་འཁོར་བ་ཡིན་པས་མ་ཁྱབ་བོ། །གཉིས་པ་རང་བཞིན་གྱི་མཚམས་རྒྱ་ཆེན་པོའི་མཚམས་པོ་ཆེ་གཅོད་པར་འགྱུར་བའི་ནང་ཁོངས་ཡིན་པ་སྟེ། གཞན་དུ་ན་དོན་མེད་པའི་ཕྱིར་རོ། །གསུམ་པ་ཕྱོགས་བཞིའི་མཚན་མ་བརྟན་པོ་དང་ལྡན་པ་སྟེ། ལུང་གཞི་ལས་ཤར་ཕྱོགས་སུ་ནི་སེང་ལྡེང་གི་ཕུར་བ་བཏབ་པ་ལགས། ལྷོ་ཕྱོགས་སུ་ནི་སྲད་བུ་བྲེས་པ་ལགས། །ནུབ་ཕྱོགས་སུ་ནི་རྡོ་བཞག་པ་ལགས། བྱང་ཕྱོགས་སུ་ནི་སྲོལ་གཏོད་པ་ལགས། ཞེས་གསུངས་པས་སོ། །གཞན་དུ་ན་མི་འཆགས་ཏེ། འཆགས་པའི་རྟེན་མེད་པའི་ཕྱིར་རོ། །བཞི་པ་ཆུ་ལ་སོགས་པ་མཚམས་གཞན་མ་ཡིན་པ་སྟེ། མཚམས་བུ་ཆུང་ནི་ཞེས་གསུངས་པས་སོ། །ལྔ་པ་སྔར་མཚམས་བཅད་པ་དང་མ་འབྲེལ་བ་སྟེ། སྔ་མ་བག་ཡངས་སུ་མ་བྱས་པར་ཞེས་གསུངས་པས་སོ། །དེས་ན་སྔར་མཚམས་པོ་ཆེ་བཅད་ན་ཡང་། དེར་དཀྱིལ་འཁོར་བར་བཅད་པར་འདོད་ན་མཚམས་པོ་ཆེ་་་་་་དེ་བཀྲལ་ནས་དཀྱིལ་འཁོར་བ་བཅད་ཅིང་། སླར་ཡང་མཚམས་པ་ཆེས་བསྐོར་དུ་རུང་་་་་་དེ་ལྟར་ལུང་གཞི་དང་ཀརྨ་ཤ་ཏཾ་ལས་བཤད་དོ། །བའོ།།  །།དྲུག་པ་གཞན་གྱིས་མཚམས་བཅད་པའི་ཆེད་དུ་མཚན་མ་བརྟན་པོ་བཙུགས་པ་མ་ཡིན་པ་སྟེ། སྔར་མཚམས་པོ་ཆེའི་སྐབས་་་་་་བཞིན་ནོ། །གཉིས་པ་རྟེན་གང་གིས་དཀྱིལ་འཁོར་བ་བཅད་པ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་དཀྱིལ་འཁོར་བ་བཅད་པ་ནི་གསོལ་གཉིས་ཀྱི་ལས་ཀྱིས་ཏེ། སྦྱོར་བ་ནི་ལུང་ལས་གཉུག་མར་གནས་པ་རྣམས་ཀྱིས་མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་གཟུགས་ཤིང་། ཕྱོགས་བཞིའི་མཚན་མ་བརྟན་པོ་བརྗོད་པར་བྱའོ་ཞེས་གསུངས་སོ། །་་་་་སྦྱོར་དངོས་མཇུག་གསུམ་སྔར་མཚམས་པོ་ཆེ་བཅད་པ་དང་འདྲའོ། །བཞི་པ་དལ་འཁོར་བ་འཇིག་པའི་རྒྱུ་ནི། མཚམས་པོ་ཆེ་འཇིག་པའི་རྒྱུ་སྔར་བསྟན་པ་དང་འདྲའོ། །ཁྱད་པར་མཚམས་པོ་ཆེའི་ནང་ན་དགེ་སློང་ཡོད་ན་མཚམས་དེའི་ནང་ཁོངས་ན་ཡོད་པའི་དཀྱིལ་འཁོར་བའི་ནང་ན་དགེ་སློང་མེད་ཀྱང་། དཀྱིལ་འཁོར་བ་མི་འཇིག་སྟེ་ཊཱི་ཀ་ལས་གནས་རང་དབང་མེད་པ་ཡིན་པས་དེའི་ཕྱིར་ཞེས་བཤད་དེ། གནས་དེ་འཇིག་པ་ལ་རང་དབང་མེད་པ་དེའི་ཕྱིར་ཞེས་པའོ། །གཉིས་པ་ཡན་ལག་གི་དོན་ནི། ཊཱི་ཀ་ལས་གསོ་སྦྱོང་འབའ་ཞིག་གི་ཆེད་དུ་མ་ཟད་ཀྱི་འདུལ་བ་དང་ལྡན་པའི་ལས་ཐམས་ཅད་ཀྱི་ཆེད་དུ་ཞེས་སོ། །ལས་ཚིག་གཅིག་གིས་མཚམས་ཆེ་ཆུང་གཉིས་ཅིག་ཅར་བཅད་པ་དང་ཅིག་ཅར་དགྲོལ་ཞེས་པ་ནི་ལུང་གཞི་དང་ཀརྨ་ཤ་ཏཾ་ལས་མཚམས་གཉིས་ཀར་དགེ་འདུན་བཀོད་དེ་་་་་་ཞེས་བྱ་བ་ནི་མཚམས་ཆེ་ཆུང་གཉིས་ཀར་རོ་ཞེས་ལུང་གཞིའི་འགྲེལ་བ་ལས་བཤད་དོ། །དགེ་སློང་ལས་བྱེད་པའི་མཚམས་གཉིས་ཀ་ཤིང་ངམ་དབྱུག་པའམ་སེག་གམ་རེ་ལྡེས་མནན་ནས་གསོལ་བ་བྱས་ཏེ་ལས་བྱའོ་ཞེས་་་་་་ཅིག་ཅར་བཅད་པ་དང་ཅིག་ཅར་དགྲོལ་བ་གཉིས་ཀ་ལ་མཚམས་གཉིས་ཀར་དགེ་འདུན་བཀོད་དེ་ཞེས་ལུང་དང་ཀརྨ་ཤ་ཏཾ་ལས་གསུངས་སོ། །དེ་དང་མཐུན་པར་མདོ་རྩ་བ་ལས་ཀྱང་མཚམས་གཅོད་པ་ཉིད་ནི་བཅད་པ་དང་འདྲ་བ་ཉིད་དུ་ཤེས་པར་བྱའོ་ཞེས་གསུངས་སོ། །མཐུན་བསྒྲུབ་པའི་ཐབས་ནི། འདུན་པ་འབུལ་བ་ཞེས་པ་ནས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ལ་གཉིས་ཏེ། རང་ལུགས་བཞག་པ་དང་། གཞན་ལུགས་དགག་པའོ། །དང་པོ་ནི་འདུན་པ་ཕུལ་བས་མཐུན་པ་འགྲུབ་ཅིང་། ཡོངས་དག་ཕུལ་བས་གསོ་སྦྱོང་དང་དགག་དབྱེ་ལ་བདག་ཉིད་དག་པར་འགྱུར་བ་སྟེ། འདུན་པ་ཕུལ་བ་ལས་དེ་དང་མཐུན་པ་འགྲུབ་ཅེས་གསུངས། ལུང་གཞི་ལས་དགེ་སློང་བདག་ཉིད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་དག་པ་ཕུལ་བ་ཞེས་གསུངས་པས་སོ། །ཀརྨ་ཤ་ཏཾ་ལས་ཀྱང་། བདག་ཉིད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་དག་པ་ཕུལ་ན། དགེ་འདུན་དང་མཐུན་པར་བྱ་བའི་ཕྱིར་དེའི་འདུན་པ་བླང་བར་བྱའོ་ཞེས་བཤད་དོ། །གཉིས་པ་ནི་ཁ་ཅིག་ན་རེ་ཡོངས་དག་ཕུལ་བས་ཀྱང་མཐུན་པ་འགྲུབ་སྟེ། ཡོངས་སུ་དག་པ་ཕུལ་བ་ཡང་གཅིག་པ་ཉིད་དོ་ཞེས་པ་དང་། དེའི་ཊཱི་ཀ་ལས་ཡོངས་སུ་དག་པ་ཕུལ་བ་དང་ཡང་མཐུན་པ་གཅིག་པ་ཉིད་དོ་ཞེས་བཤད་པས་གྲུབ་བོ། །འདུན་པ་ལ་སོགས་པས་མཐུན་པར་བྱ་སྟེ་ཞེས་གསུངས་པས་ཀྱང་གྲུབ་སྟེ། ཡོངས་དག་གིས་མཐུན་པར་བྱས་ཏེ་ཞེས་སོགས་པའི་སྒྲས་བསྡུས་པས་སོ། །གཞན་ཡང་ཡོངས་དག་གིས་མཐུན་པ་མི་འགྲུབ་ན། ལས་ལ་མཐུན་པ་མ་གྲུབ་པར་ལས་མི་འཆགས་པའི་ཕྱིར། ཡོངས་དག་རྐྱང་བ་ཕུལ་བ་དོན་མེད་དུ་ཐལ་བར་འགྱུར་བ་ལས། ལུང་གཞི་དང་ཀརྨ་ཤ་ཏཾ་ལས་ཡོངས་དག་རྐྱང་པ་འབུལ་བར་གསུངས་པ་གནོད་དོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། དང་པོ་གནོད་བྱེད་བརྗོད་པ་ནི། ལུང་གཞི་དང་ཀརྨ་ཤ་ཏཾ་ལས་ཡོངས་དག་ཕུལ་བའི་དགོས་པ་བདག་ཉིད་དག་པར་བྱ་བ་ཉིད་དུ་གསུངས་པ་སྔར་དྲངས་པ་དང་འགལ་ལ་ཡོངས་དག་ཕུལ་བས་ལས་ལ་མཐུན་པ་གྲུབ་ན། འདུན་པ་དང་ཡོངས་དག་གཉིས་ཚོགས་ཕུལ་བ་དོན་མེད་དུ་འགྱུར་བ་ལས། ལུང་གཞི་དང་ཀརྨ་ཤ་ཏཾ་ལས། འདུན་པ་དང་ཡོངས་དག་གཉིས་ཚོགས་འབུལ་བར་གསུངས་པས་གནོད་དོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། མདོ་རྩ་བ་ལས་གསུངས་པ་དེ་ནི་དགེ་འདུན་གཞན་རྣམས་དང་དག་པའི་རང་བཞིན་དུ་མཐུན་པར་གཅིག་པ་ཉིད་དོ་ཞེས་དགོངས་སོ་ཞེས་གསུང་ངོ་། །འདུན་པ་ལ་སོགས་པས་མཐུན་པར་བྱས་ཏེ་ཞེས་་་་་་འདུན་པ་ལ་སོགས་པའི་སྒྲས་འདུན་པ་དང་ཡོངས་དག་གཉིས་ཚོགས་བསྡུས་ཞེས་རིགས་སོ། །་་་་་ཞུ་བ་ལས་དགེ་སློང་ཕྱོགས་གཅིག་ན་མཆིས་པས་མཚམས་གཅིག་གི་ནང་ན་གནས་བཞི་པོ་དག་ཏུ་དགེ་འདུན་ཚོགས་པ་ཐ་དད་དུ་འཁོད་དེ། གནས་བཞི་པོ་དག་ཏུ་གསོ་སྦྱོང་བགྱིས་པར་འགྱུར་བ་མཆིས་སམ། ཡོད་དེ། སོ་སོ་ཐར་པའི་མདོ་གདོན་པའི་དགེ་སློང་གིས་གནས་བཞི་ཆར་ཤིང་ངམ། དབྱུག་པའམ། རེ་ལྡེས་མནན་ཏེ་སོ་སོ་ཐར་པའི་མདོ་གདོན་ནའོ་ཞེས་གསུངས་པ་དེ་བསྡུས་སོ། །དོན་དེ་ལྟར་རང་འགྲེལ་དང་ཊཱི་ཀ་ལས་བཤད་དོ། །ཡོངས་་་་་་ཡོངས་དག་རྐྱང་བ་ཕུལ་བ་དོན་མེད་དུ་ཐལ་ཞེས་པའི་ལན་འདི་ནི་དག་རྐྱང་པ་ཕུལ་བས་མཐུན་པ་མི་འགྲུབ་ཀྱང་ལས་ཀྱི་ཁ་སྐོང་བར་མི་འོས་པའི་་་་་་ཡོངས་སུ་དག་པ་ཕུལ་བ་དང་ཡང་གཅིག་པ་ཉིད་དོ་ཞེས་དགེ་སློང་གིས་ཡོངས་དག་རྐྱང་བ་ཕུལ་བ་དོན་མེད་དུ་ཐལ་བར་མི་འགྱུར་ལ། ལས་ཀྱི་ཁ་སྐོང་བར་འོས་པའི་དགེ་སློང་གིས་ནི་ཡོངས་དག་རྐྱང་པ་ཕུལ་བ་དོན་མེད་དུ་ཐལ་བ་འདོད་པ་ཡིན་ནོ། །གཉིས་པ་བསྡུས་པའི་དོན་ལ་དྲུག་ལས། དང་པོ་འདུན་པ་དང་ཡོངས་དག་ཡུལ་གང་ལ་བླང་བ་ནི། འདུན་པ་བླང་བའི་ཡུལ་ལ་བརྒྱད་ལས། མཚམས་ཀྱི་ནང་ན་གནས་པ་དང་། ལས་ཀྱི་ཁ་སྐོང་བར་འོས་པ་སྟེ། གཞན་དུ་ན་མ་འདུས་པའི་མི་མཐུན་པ་མི་བསྐྱེད་པས་འདུན་པ་ཕུལ་བ་ལ་དགོས་པ་མེད་པའི་ཕྱིར་རོ། །་་་་་དམིགས་བསལ་ནི་མཚམས་གཞན་ན་གནས་པ་མཚན་མི་མཐུན་པའི་འདུན་པ་བླང་དུ་རུང་བ་ཡོད་དེ། གསོ་སྦྱོང་བྱེད་པ་ན་གཙུག་ལག་ཁང་ན་གནས་པའི་དགེ་སློང་གིས། དབྱར་ཁང་ན་གནས་པའི་དགེ་སློང་མ་ལ་འདུན་པ་བླང་དུ་རུང་ངོ་། །ལས་ཀྱི་ཁ་སྐོང་བར་མི་འོས་པ་ལ་འདུན་པ་བླང་དུ་རུང་བ་ཡོད་དེ། བསླབ་པ་བྱིན་པ་ལས་དེ་བླང་དུ་རུང་ངོ་ཞེས་གསུངས་སོ། །ལུས་སམ་འདུན་པས་མ་འདུས་པ་སྟེ། གཞན་དུ་ན་དོན་མེད་པའི་ཕྱིར་རོ། །གང་ལ་མི་མཐུན་པའི་ལས་བྱེད་པ་མ་ཡིན་པ་སྟེ། གཞན་དུ་ན་ཆད་པ་བཅད་པའི་ལས་གསུངས་པ་དོན་མེད་དུ་འགྱུར་པའི་ཕྱིར་རོ། །མྱོས་པའི་གནང་བ་མ་ཐོབ་པ་སྟེ། གཞན་དུ་ན་བག་ཡངས་དང་འབྲེལ་བའི་ཕྱིར་རོ། །ངེས་པར་ཤེས་སམ་འཕྲིགས་པ་ཡིན་པ་སྟེ། གཞན་དུ་ན་འདུན་པ་ལེན་འདོད་ཀྱི་ཀུན་སློང་མི་འབྱུང་བའི་ཕྱིར་དང་། མ་འདུས་པར་ལས་བྱེད་པའི་ཀུན་སློང་མི་འབྱུང་བའི་ཕྱིར་རོ། །དངོས་སུ་གྲངས་ཀྱི་ཁ་སྐོང་བར་བྱེད་པ་མ་ཡིན་པ་སྟེ། གཞན་དུ་ན་དགེ་འདུན་གྱི་གྲངས་མི་ཚང་བའི་ཕྱིར་དང་། ལུང་གཞི་ལས་གང་ན་དགེ་སློང་བཞི་འཁོད་པ་དེར་ནི་གསོ་སྦྱོང་བྱའོ། །དེར་ནི་འདུན་པ་དང་ཡོངས་སུ་དག་པ་བླང་བར་མི་བྱའོ། །ཞེས་གསུངས་སོ། །དངོས་སུ་མི་འདུ་བའི་རྐྱེན་དང་ལྡན་པ་སྟེ། ན་བ་དང་དབང་མེད་པ་དང་ཞེས་གསུངས་པ་དང་། གཞན་དུ་ན་རྐྱེན་མེད་པས་འདུན་པ་འབུལ་བར་མི་འོས་པའི་ཕྱིར་རོ། །ཡོངས་དག་བླང་བའི་ཡུལ་ནི། འདུན་པ་བླང་བའི་ཡུལ་བརྒྱད་སྔར་བསྟན་པ་དེ་ལ། ལས་ཀྱི་ཁ་སྐོང་བར་འོས་ཞེས་སྔར་བསྟན་པའི་གནས་སུ་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་ཞེས་སྦྱར་ཞིང་། འདུན་པས་མ་འདུས་ཞེས་སྔར་བསྟན་པའི་གནས་སུ་ཡོངས་དག་མ་ཕུལ་བ་ཡིན་ཞེས་སྦྱར་ཏེ། གཞན་སྔར་དང་འདྲའོ། །གཉིས་པ་རྟེན་གང་གིས་བླང་བ་ནི། ཆོས་བཅུ་གཉིས་དང་ལྡན་པ་སྟེ། དགེ་སློང་ཆོས་བདུན་ལྡན་གྱི་སྟེང་དུ། འགྲོ་བ་བཞི་དང་བྲལ་བ་དང་། བླངས་པ་དང་མ་བླངས་པའི་བྱེ་བྲག་ཤེས་པ་སྟེ། གཞན་དུ་ན་དགོས་པ་མེད་པའི་ཕྱིར་རོ། །གསུམ་པ་གཞི་གང་ལ་བླང་བ་ནི་མཚམས་བཅད་པའི་ལས་མ་གཏོགས་པ་ལས་ཐམས་ཅད་ལ་འདུན་པ་བླང་དུ་རུང་སྟེ་གཞུང་དུ་ཤེས་པར་འགྱུར་རོ། །ཡོངས་དག་ནི་གསོ་སྦྱོང་དང་དགག་དབྱེ་གཉིས་ལ་སྟེ། གསོ་སྦྱོང་དང་དགག་དབྱེ་ལའོ་ཞེས་གསུངས་ཤིང་། རྣམ་དག་གི་ལས་འདི་གཉིས་འབའ་ཞིག་ཡིན་པའི་ཕྱིར་རོ་ཞེས་གསུང་ངོ་། །བཞི་བ་ཆོ་ག་ཇི་ལྟར་བྱ་བ་ནི། ཆོ་ག་ཉི་ཤུ་རྩ་ལྔ་ཅི་རིགས་ཏེ། འདུན་པ་རྐྱང་པ་དང་། གསོ་སྦྱོང་གི་ཡངས་དག་རྐྱང་པ་དང་། དགག་དབྱེ་རྐྱང་པ་འབུལ་བ་དང་། འདུན་པ་དང་གསོ་སྦྱོང་གི་ཡོངས་དག་གཉིས་ཚོགས་དང་། འདུན་པ་དང་དགག་དབྱེ་གཉིས་ཚོགས་འབུལ་བ་དང་ལྔ་པོ་གཞིར་བྱས་ཏེ། དང་པོ་གནས་བརྟན་གྱིས་ལེན་དུ་བཏང་བ་ལྔ། འབུལ་ལམ་འདྲི་བ་ལྔ། འབུལ་བ་ལྔ། གནས་བརྟན་གྱིས་བླངས་སམ་འདྲི་བ་ལྔ། ལེན་པ་པོས་བརྗོད་པ་ལྔའོ། །ལྔ་པ་བླངས་ནས་བསླབ་བྱ་ནི། བརྒྱུག་པར་མི་བྱ་བ་ལ་སོགས་པ་སྟེ། གཞུང་དུ་ཤེས་པར་འགྱུར་རོ། །དྲུག་པ་འདུན་པ་དང་ཡོངས་དག་འཇིག་པའི་རྒྱུ་ནི་ཞག་ལོན་པ་་་་་་ན་འཇིག་སྟེ་དགེ་སློང་མས་ཞག་ལོན་པས་འདུན་པ་མི་སྦྱིན་ན་ལྟུང་བྱེད་དུ་གསུངས་པའི་ཤུགས་ཀྱིས་གྲུབ་བོ། །དང་། ཡུལ་དང་རྟེན་མཚམས་གཞན་དུ་སོང་བ་་་་་་ན་འཇིག་སྟེ། དེར་སོང་ན་ཚོགས་པའི་ལན་ལག་ཉམས་སོ་ཞེས་སོ། །དང་། དགེ་འདུན་གྱི་ནང་དུ་མ་ཕྱིན་པར་ཡུལ་དང་རྟེན་ཤིའམ་བབས་པ་ལ་སོགས་པའོ། །་་་་་མཚན་མ་གཉིས་ཅིག་ཅར་དུ་བྱུང་བ་ལྟ་བུའམ་མཚན་གྱུར་པ་བསྡུས། ཡན་ལག་གི་དོན་ནི། འདུན་པ་འབུལ་བ་ཞེས་སོ། །མཚམས་བཅད་གཉིས་ཏེ་་་་་་ལས་གཞིའི་ཊཱི་ཀ་ལས་དཀྱིལ་འཁོར་བའི་མཚམས་བཅད་པ་དང་། མཚམས་ཆེན་པོ་བཅད་པ་གཉིས་ཞེས་བཤད་པས། མཚམས་བཅད་པ་གཉིས། ལ་ནི་མི་འགྲུབ་སྟེ་ལུང་གླེང་གཞི་ལས། ཉེ་བར་འཁོར་ལས་ཐམས་ཅད་འདུན་པ་དང་བཅས་པ་ཡིན་ནོ། །མཚམས་བཅད་པ་ནི་མ་གཏོགས་སོ། །ཞེས་གསུངས་སོ།་་་་་ཀརྨ་ཤ་ཏཾ་ལས་མཚམས་བཅད་པ་ལ་ནི་འདུན་པ་ཕུལ་བ་དེ་རང་མཐུན་པ་མི་འགྲུབ་སྟེ། མཚམས་དེར་གཏོགས་པའི་དགེ་སློང་ཐམས་ཅད་ལས་ཀྱི་གནས་དེར་འདུས་པར་བྱའོ་ཞེས་གསུངས་སོ། །འགྲེལ་ཆུང་ལས་ཀྱང་། མཚམས་གཅོད་པའི་ཚེ་ན་ནི་ནད་པ་དང་རྒན་པོ་ཡང་འདུན་པ་འབུལ་དུ་མི་རུང་སྟེ། ཁྱོགས་ལ་བླངས་པའམ་དགེ་འདུན་ནད་པའི་གནས་སུ་དོང་སྟེ་མཚམས་བཅད་དགོས་སོ་ཞེས་བཤད་དོ། །མཚམས་་་་་་དེ་ལ་འདུན་པ་ཕུལ་བས་མི་འགྲུབ་པའི་རྒྱུ་མཚན་ནི། ཁ་ཅིག་ན་རེ་མཚམས་པོ་ཆེ་གཅོད་པའི་ལས་བརྗོད་པ་ཕལ་ཆེར་བྱས་པ་སྟེ་བརྗོད་པ་ཆ་གཉིས་རྫོགས་པ་ན་ལས་འཆགས་ཤིང་། དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ཀྱི་དགེ་སློང་མ་འདུས་པར་བརྗོད་པ་ཆ་གསུམ་པ་མན་ཆད་པོ་དེ་བྱས་ན་ཉེས་བྱས་བསྐྱེད་ཅིང་། ཉེས་བྱས་དེ་འགེགས་པ་ལ་བར་སྐབས་དེར་འདུན་པ་ལེན་པ་སྒྲུབ་པར་མི་ནུས་པའི་ཕྱིར་ན། དཔག་ཚད་ཕྱེད་གསུམ་ཚུན་ཆད་ཀྱི་དགེ་སློང་ཐམས་ཅད་དངོས་སུ་འདུ་དགོས་པའོ་ཞེས་ཟེར་བ་ནི་མི་རིགས་ཏེ། བར་སྐབས་དེར་ཉེས་པ་དེ་བཅས་པ་ལ་དགོས་པ་མེད་པའི་ཕྱིར་དང་། དཀྱིལ་འཁོར་བ་གཅོད་པ་ལ་འདུན་པ་བླངས་པས་གོ་ཆོད་པར་འགྱུར་ཏེ། སྒྲུབ་པར་མི་ནུས་པ་མེད་པའི་ཕྱིར་ཏེ། མཚམས་རྒྱ་ཆུང་བས་དེར་འདུན་པ་ལེན་པ་ཚེགས་ཆུང་བའི་ཕྱིར་ཞེས་གསུངས་སོ། །ཚ་རོང་བ། ཁ་ཅིག་ན་རེ་མཚམས་པོ་ཆེ་གཅོད་པ་ནི་ལས་ལ་མ་འདུ་བ་འགེགས་པ་ཡིན་པས་དངོས་སུ་ལས་རྒྱུ་འབྲས་རྗེས་སུ་མཐུན་པའི་ཕྱིར་ཞེས་ཟེར་བའང་མི་རིགས་ཏེ། འོ་ན་དཀྱིལ་འཁོར་བ་གཅོད་པ་ནི་ལས་ལ་མི་འདུ་བའི་དོན་དུ་ཡིན་པས། དཀྱིལ་འཁོར་གཅོད་པ་ལ་འདུན་པ་ཕུལ་བས་འགྲུབ་པར་ཐལ་བར་འགྱུར་ཏེ། མ་འདུས་ན་རྒྱུ་ལས་རྗེས་སུ་མཐུན་པའི་ཕྱིར་རོ་ཞེས་ཤ་མི་གསུང་ངོ་། །འོ་ན་གང་ཞེ་ན་བཅད་པའི་ལས་ལ་འདུན་པ་ཕུལ་བས་མི་འགྲུབ་པའི་རྒྱུ་མཚན་ནི་བཅས་པའི་དབང་གིས་ཏེ། དེ་ལྟར་འཆའ་བ་ནི་མཚམས་བཅད་པ་འདི་ས་ཐག་འདི་ཙམ་ནས་འདུ་དགོས་ཀྱི་ས་མཚམས་འཛིན་པ་ཡིན་ལ། ལས་དེ་ལ་དངོས་སུ་འདུས་ན་ས་མཚམས་འདི་ཙམ་ནས་འདུ་དགོས་མི་དགོས་ཀྱི་ཚད་དེ་དངོས་སུ་ཤེས་པར་འགྱུར་གྱི། འདུན་པ་ཕུལ་ཏེ་དངོས་སུ་མ་འདུས་ན་ཚད་དེ་དངོས་སུ་ཤེས་པར་མི་འགྱུར་བའི་ཕྱིར་ཞེས་གསུང་ངོ་། །་་་་་རང་གི་རྣམ་བཤད་ལས་མཚམས་བཅད་པ་ཞེས་བཤད་ཅིང་། ཀརྨ་ཤ་ཏཾ་ལ་སོགས་ལས་མཚམས་བཅད་པ་ནི་འདུན་པ་ཕུལ་བས་ལས་དེ་དང་མཐུན་པ་མི་འགྲུབ་སྟེ། མཚམས་དེར་གཏོགས་པའི་དགེ་སློང་ཐམས་ཅད་ཀྱིས་གནས་དེར་འདུ་བར་བྱའོ་ཞེས་ཏེ། མཚམས་བཅད་པ་ཞེས་སྣང་ཡང་མཚམས་བཅད་པ་ཞེས་པའོ། །དབུལ་དུ་མི་རུང་ངོ་ཞེས་པ་ནི་ལུང་གླེང་གཞི་ལས། བསླབ་པ་བྱིན་པ་ལ་འདུན་པ་དབུལ་དུ་རུང་ངམ། ཉེ་བར་འཁོར་མི་རུང་སྟེ། ཆོས་ཉིད་ལ་རེག་་་་་་སྟེ་ཆོས་ཉིད་མངོན་དུ་མཐོང་ན་ནི་རུང་ངོ་། །ཞེས་གསུང་ངོ་། །ནམ་མཁའ་ལ་འདུག་པ་དང་། མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བ་དང་། ཆུ་ལྐོག་མ་ནུབ་ཙམ་ལ་འབོག་པ་གསུམ་གྱིས་ནི་འདུན་པ་འཇིག་སྟེ། དེར་སོང་ན་ཚོགས་པའི་ཡན་ལག་ཉམས་སོ་ཞེས་གསུངས་པའི་ཕྱིར་རོ། །མ་ཀླས་པ་ཉིད་ནི་མ་གུས་པ་ཉིད་དེ། རང་གི་རྣམ་བཤད་ལས་མ་གུས་པ་ཉིད་ཅེས་བཤད་ཅིང་། ལུང་་་་་་དགག་དབྱེའི་གཞི་ལས་ཁྱད་དུ་བསད་པ་ཉིད་ཅེས་གསུངས་སོ། །དགེ་སློང་ལ་བརྗོད་པར་བྱའོ། །ཁ་ཅིག་ལས་དགེ་འདུན་ལ་ཞེས་སོ། །འདིར་དགེ་སློང་ལ་བརྗོད་ན་འདུག་སྟེ་ལན་གསུམ་བརྗོད། དགེ་འདུན་ལ་བརྗོད་ན་ནི་འགྲེང་སྟེ་ལན་ཅིག་བརྗོད་ཅེས་ལུང་གཞི་ལས་གསུངས་ཤིང་། གཞིའི་འགྲེལ་བ་ལས་ཀྱང་བཤད་དོ། །ལུང་གཞི་ལས། རྒྱལ་པོས་དགེ་སློང་བཟུང་བ་དང་ཞེས་གསུངས་ཏེ། རྒྱལ་པོ་ལ་སོགས་པ་གཞན་གྱིས་ཚེས་བཅོ་ལྔ་ལ་དགེ་སློང་བཟུང་ན་་་་་་ཞེས་པ་འདི་རྒྱལ་པོའི་ཕོ་བྲང་དུ་དགེ་སློང་བཟུང་བ་ན་ཕོ་བྲང་དང་གཙུག་ལག་ཁང་མཚམས་ཐ་དད་པའི་ཕྱིར་མ་འདུས་པའི་མི་མཐུན་པ་མི་བསྐྱེད་པས་དེ་ལྟར་ན་ཡང་དཀྱིལ་འཁོར་བར་བྱའོ་ཞེས་གསུངས་པ་དང་། མི་འགལ་ལམ་ཞེས་འདྲི་ན། འདི་ནི་ཕོ་བྲང་དུ་བཟུང་། མ་ཡིན་གྱི། རྒྱལ་པོ་ལ་སོགས་པ་དབང་པོ་ཆེ་ཚུར་འོངས་ཏེ། གཙུག་ལག་གི་མཚམས་ཀྱི་ནང་དུ་དགེ་སློང་བཟུང་བ་ལྟ་བུ་སྟེ། ཀརྨ་ཤ་ཏཾ་ལས་དགེ་སློང་འགའ་ཞིག་རྒྱལ་པོ་ལ་སོགས་པས་བཟུང་སྟེ་མཚམས་ཀྱི་ནང་ན་འདུག་ན་ཞེས་སོ། །དཀྱིལ་འཁོར་བར་བྱའོ་ཞེས་པ་ནི་སྔར་གསོལ་གཉིས་ཀྱི་ལས་ཀྱིས་དཀྱིལ་འཁོར་བར་བཅད་པ་དེར་སོང་སྟེ་གསོ་སྦྱོང་བྱའོ། །འདིའི་འགྲེལ་ཆུང་ལས་མཚམས་བུ་ཆུང་མིག་རས་ཀྱིས་བཅད་ལ་གསོལ་བ་དང་བརྗོད་པ་མི་དགོས་ཏེ་དེའི་ནང་དུ་གསོ་སྦྱོང་བྱར་རུང་ངོ་ཞེས་བཤད་པ་་་་་་འདི་ལ་འདུལ་བ་སྟོད་ལུགས་པ་རྣམས་མི་མགུ་ཡང་འདི་ནི་འདུལ་འཛིན་བརྒྱུད་པའི་མན་ངག་སྟེ་་་་་་དེང་སང་གི་དགེ་སློང་རྣམས་འཁྲུལ་བཅས་ཤེས་ཆེ་བས་དེ་དག་གིས་མ་འདུས་པའི་མི་མཐུན་པ་མི་བསྐྱེད་ཀྱང་། དགེ་སློང་མ་འདུས་པར་ལས་བྱེད་པ་འདི་མི་རིགས་སྙམ་དུ་ཐེ་ཚོམ་སེལ་བའི་དགོས་པ་ཡོད་དོ། །སྔར་མི་འབད་པར་མི་བྱའོ་ཞེས་གསུངས་ན། སྐབས་འདི་ཉིད་ཀྱི་འགྲེལ་ཆུང་གི་མདོ་རྩ་བ་ལས་དེ་བཏང་བའི་ཕྱིར་ཕྱིས་མི་འབད་པར་མི་བྱའོ་ཞེས་བཤད་ཅིང་སྐབས་འདི་ཉིད་ཀྱི་ལུང་གཞི་ལས་ཕྱི་དེ་ཉིན་པར་དགེ་སློང་དེ་ཐར་བར་བྱ་བའི་ཕྱིར་འབད་པར་བྱ་སྟེ། འབད་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་དང་འགལ་ཞེ་ན། གསོ་སྦྱོང་གི་སྔར་འབད་པ་དེ་ཉིད་གསོ་སྦྱོང་སྔ་མའི་ཕྱིས་འབད་པ་མིན་པས་མི་འགལ་ལོ། །གོས་ལོབ་ནི་འགྲེལ་ཆུང་ལས་ལེ་ལོ་བྱས་ཏེ་འོལ་སྤྱི་ཙམ་དུ་བརྩོལ་བ་ཞེས་སོ་གསོ་སྦྱོང་བྱའོ་ཞེས་པ་འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི་གསུམ་སྟེ། ཚུལ་ཁྲིམས་དག་པར་འགྱུར་བ་དང་། ཆོས་དག་པར་འགྱུར་བ་དང་། གསོ་སྦྱོང་མ་བྱས་པའི་ཉེས་བྱས་ཁེགས་པའོ། །དང་པོ་ནི་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ན་གསོ་སྦྱོང་གསུངས་ལ་ཞེས་བཤད་དེ། གསོ་སྦྱོང་གི་གནས་སུ་འཇུག་པ་ན་དགེ་སློང་རྣམས་ལྟུང་བ་བཤགས་པ་དང་བསྡམ་པ་དང་ལྟུང་བ་བྱིན་གྱིས་བརླབ་པ་བྱས་ན་གསོ་སྦྱོང་བྱེད་པ་ཡིན་པས་ཚུལ་ཁྲིམས་དག་པར་འགྱུར་བའོ། །གཉིས་པ་མི་ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ན་དགག་དབྱེ་གསུངས་ཞེས་བཤད་ཅིང་། འོད་ལྡན་ལས་གསོ་སྦྱོང་དང་དགག་དབྱེ་གཉིས་ཀྱི་དོན་ནི་གཅིག་ཉིད་ཡིན་ནོ་ཞེས་དགོས་པ་གཅིག་ཡིན་པར་བཤད་པས་ཆོས་དག་པ་དེ་གསོ་སྦྱོང་གི་ཡང་དགོས་པ་ཡིན་པར་གྲུབ་བོ། །ཆོས་དག་པ་ཞེས་བྱ་བ་ནི་ཉོན་མོངས་པ་མངོན་དུ་རྒྱུ་བའི་ཆོས་དག་པར་འགྱུར་བ་སྟེ། དགེ་བའི་བསམ་པ་མངོན་གྱུར་དང་བཅས་ཏེ་གསོ་སྦྱོང་བྱེད་པའི་ཕྱིར་དང་དུས་འདས་པ་དང་འབྱུང་བར་འགྱུར་བ་བརྗོད་པ་ལ་བརྟེན་ནས་མི་རྟག་པ་དྲན་པས་ཆགས་སྡང་ལ་སོགས་པ་ཉོན་མོངས་པ་མངོན་དུ་རྒྱུ་བ་མི་འབྱུང་བའི་ཕྱིར་རོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་གནས་གང་དུ་གསོ་སྦྱོང་བྱ་བ་ནི། གནས་ཆོས་ལྔ་ལྡན་ནོ། །དེ་ཡང་གནས་ལ་བློ་མཐུན་བྱས་པ་་་་་་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་ཞེས་གསུངས་པའི་དང་འབྲེལ་བ་སྟེ། གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱའོ་ཞེས་གསུངས་པ་དང་། གཞན་དུ་ན་ཆོ་ག་མི་ཚང་བའི་ཕྱིར་རོ། །ཉེ་འཁོར་འདོམ་གང་ཡན་ཆད་དང་ལྡན་པ་སྟེ། ཉེ་འཁོར་འདོམ་གང་དང་ལྡན་པའི་ཞེས་གསུངས་པ་དང་། གཞན་དུ་ན་བློ་མཐུན་གྱི་ཆོ་ག་དང་འགལ་བའི་ཕྱིར་རོ། །མཚམས་པོ་ཆེའི་ནང་ཡིན་པ་སྟེ་ལུང་གཞི་ལས་མཚམས་ཆེན་པོ་བཅད་པ་དེར་དགེ་སློང་རྣམས་ཀྱིས་འདུག་སྟེ་གསོ་སྦྱོང་དང་དགག་དབྱེ་བྱའོ་ཞེས་གསུངས་ལ། དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ཀྱི་དགེ་སློང་ཀུན་གསོ་སྦྱོང་ལ་འདུས་པས་མཚམས་དེའི་དགེ་སློང་ཀུན་དག་པར་འགྱུར་བའི་དགོས་པ་ཡོད་པའི་ཕྱིར་དང་། དེ་ལྟ་ན་ཡང་དཀྱིལ་འཁོར་བར་བྱའོ་ཞེས་དམིགས་བསལ་དུ་གསུངས་པའི་ཕྱིར་རོ། །གཙང་ཞིང་ཡངས་པ་ཡིན་པ་སྟེ། གསོ་སྦྱོང་གི་གནས་དག་ཏུ་ཕྱག་བདར་བྱ་བ་ཉིད་དོ་ཞེས་གསུངས་པ་་་་་་འགྲེལ་ཆུང་ལས་ཀྱང་གསོ་སྦྱོང་བྱེད་པའི་དུས་སུ་གསོ་སྦྱོང་བྱེད་པའི་སར་ཕྱག་བདར་བྱ་ཞེས་བཤད་དང་། གཞན་དུ་ན་འདུལ་བ་ནས་གསུངས་པའི་ཚུལ་ལུགས་དང་མི་མཐུན་པའི་ཕྱིར་རོ། །འཇིགས་པའི་ཉེན་ཅན་མ་ཡིན་པ་སྟེ། འཇིགས་པ་དང་བཅས་པ་ཉིད་ཡིན་ན་ཞེས་གསུངས་པ་དང་། གཞན་་་་་་ཆོམ་རྐུན་ལ་སོགས་པའི་རྐྱེན་གྱིས་དུ་ན་བར་ཆད་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་རྟེན་གང་གིས་གསོ་སྦྱོང་བྱ་བ་ནི། སྤྱིར་བཏང་ལ་དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །དགེ་སློང་འཁྲུལ་བཅས་ལྟ་བུ་ལས་ཀྱི་ཁ་སྐོང་བར་མི་འོས་པས་ཀྱང་གསོ་སྦྱོང་འགྲུབ་སྟེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་ཁ་སྐོང་བར་འོས་པ་མ་ཡིན་པས་གསོ་སྦྱོང་དང་དགག་དབྱེ་བྱས་པ་ནི་བྱས་པ་ཉིད་ཁོ་ན་ཡིན་ནོ་ཞེས་གསུངས་སོ། །གསུམ་པ་དུས་གང་གི་ཚེ་གསོ་སྦྱོང་བྱ་བ་ནི། ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ་ཞེས་གསུངས་སོ། །རིགས་པས་ཀྱང་འཐད་དེ། མཚན་མ་གསལ་བས་གསོ་སྦྱོང་མི་བརྗེད་པའི་ཕྱིར་དང་། དུས་བཟང་བས་གཉེན་པོ་སྟོབས་ཆེ་ཞིང་སྤྲོ་བ་དང་མཐུན་པའི་ཕྱིར་རོ། །དེ་ཡང་ལོ་གཅིག་ཟླ་བ་བཅུ་གཉིས་ལ་གསོ་སྦྱོང་ཉི་ཤུ་རྩ་བཞི་ཡོད་པ་ལས། ཉ་བཅུ་གཉིས་དང་སྟོང་དྲུག་སྟེ་བཅོ་བརྒྱད་ནི་གསོ་སྦྱོང་བཅོ་ལྔ་པའོ། །སྟོང་དྲུག་ནི་གསོ་སྦྱོང་བཅུ་བཞི་པའོ། །འོ་ན་ལོའི་འགོ་གང་ནས་བཟུང་སྟེ་བརྩི་ཞེ་ན་འགྲེལ་ཆུང་ལས། སྟོན་ཟླ་ཐ་ཆུང་ཉ་བ་ནས་འགོ་བཟུང་སྟེ་བརྩིའོ་ཞེས་སོ། །་་་་་མཛོད་ཀྱི་འགྲེལ་བཤད་ལས། ནང་པ་སངས་རྒྱས་པ་ཐམས་ཅད་ཀྱི་དུས་ཀྱི་དང་པོ་ནི་དགུན་དག་ཡིན་ནོ་ཞེས་གསུངས་པ་ཊཱི་ཀ་ལ་སྟོན་ཟླ་ཐ་ཆུང་ཉ་ཟད་ནས་དགུན་གྱི་དུས་ཚིགས་སོ་ཞེས་བཤད་དེ། འོ་ན་སྟོན་ཟླ་ཐ་ཆུང་དེ་རང་གང་ཡིན་ཞེ་ན། དེང་སང་ཁ་ཅིག་ན་རེ་དབྱུག་གུས་ཉ་བ་སྟོན་ཟླ་ཐ་ཆུང་ཡིན་ཏེ། རྟེན་འབྲེལ་གྱི་མདོ་འགྲེལ་ལས། ཉ་ཆེ་དབྱུག་པ་གང་ཡིན་པ། །དེ་ནི་སྟོན་ཟླ་ཐ་ཆུང་ཡིན། །མར་ངོ་ནས་ནི་ལ་ཟླ་འཛིན། །ཞེས་བཤད་ཟེར་ཡང་རྟེན་འབྲེལ་གྱི་མདོ་འགྲེལ་ན་གཞུང་དེ་ཡེ་རང་མི་སྣང་སྟེ། དེ་ནི་བོད་ཀྱིས་བྱས་པའི་ཚིགས་བཅད་ཡིན་པར་ངེས་སོ། །དབྱུག་གུས་ཉ་བ་ལ་སྟོན་ཟླ་ཐ་ཆུང་བྱེད་པ་འདི་ལ་སྒྲུབ་བྱེད་ཀྱི་གཞུང་གཏན་ནས་མེད་ཅིང་། དེ་ལ་གནོད་བྱེད་ཀྱི་གཞུང་དགུ་ཡོད་ཅིང་། གཞུང་དགུ་པོ་འདི་དག་ནི་སྨིན་དྲུག་གིས་ཉ་བ་སྟོན་ཟླ་ཐ་ཆུང་ཡིན་པའི་སྒྲུབ་བྱེད་ཡིན་ནོ། །སྟོན་ཟླ་ཐ་ཆུང་ནི་སྨིན་དྲུག་གིས་ཉ་བའི་ཟླ་བ་དེ། ཉི་མའི་སྙིང་པོའི་མདོ་ལས། བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེ་ཟླ་རངས་འགྱུར། །སྟོན་ཟླ་ཐ་ཆུང་ཞེས་བྱའོ། །ཞེས་གསུངས་པ་དང་རྒྱ་ཆེ་རོལ་པ་ལས་ཀྱང་དཔྱིད་ཟླ་ཐ་ཆུང་གི་ཚེ་སྐར་མས་ག་ལ་བབ་པ་ཞེས་པ་ས་གས་ཉ་བ་ལ་མངོན་པར་བྱང་ཆུབ་པའི་དུས་དཔྱིད་ཟླ་ཐ་ཆུང་ཡིན་པར་གསུངས་པ་དང་། ་་་་་སྨིན་དྲུག་གིས་ཉ་བ་ལ་སྟོན་ཟླ་ཐ་ཆུང་དུ་བྱས་ཏེ་བརྩིས་ན་དཔྱིད་ཟླ་ཐ་ཆུང་ལ་ས་གས་ཉ་བ་འབྱུང་ཡང་། དབྱུག་གུས་ཉ་བ་ལ་སྟོན་ཟླ་ཐ་ཆུང་དུ་བྱས་ཏེ། བརྩིས་ན་དེ་ལྟར་མི་འགྱུར་རོ། །ལས་བརྒྱ་པའི་རྒན་པོ་སྐྱེས་ཀྱི་བྱུང་བ་ལས་དབྱར་གྱི་ཚུལ་ཞུགས་ཐོན་པའི་ཚེ་ན་ལྗོན་ཤིང་རྣམས་ཀྱི་འདབ་མ་སྐྱ་བོར་འགྱུར་ཞིང་། སྤང་པོ་ཁ་དོག་སེར་པོར་འགྱུར་བར་གསུངས་པ་་་་་་སྨིན་དྲུག་གིས་ཉ་བ་ལ་སྟོན་ཟླ་ཐ་ཆུང་དུ་བྱས་ཏེ་བརྩིས་ན་དབྱར་གྱི་ཚུལ་ཞུགས་ཐོན་པའི་ཚེ་ན། ལྗོན་ཤིང་རྣམས་ཀྱི་འདབ་མ་སྐྱ་བོར་འགྱུར་གྱི་དབྱུག་གུས་ཉ་བ་ལ་སྟོན་ཟླ་ཐ་ཆུང་དུ་བྱས་ཏེ་བརྩིས་ན་དེ་ལྟར་མི་འགྱུར་བ་དང་། ལུང་དགེ་སློང་ཕའི་རྣམ་འབྱེད་ལས་་་་་་རས་ཆེན་བཞག་ཕྱིས་པའི་སྐབས་སུ། དབྱར་ཚུལ་ཞུགས་ཐོན་ནས་ཟླ་བ་ཕྱེད་ཀྱི་མཐའ་ལས་འདས་པར་རས་ཆེན་འཆང་ན་ཆར་གོས་མི་དགོས་པའི་དུས་སུ་ཆར་གོས་འཆང་བའི་ལྟུང་བ་འབྱུང་བར་གསུངས་པ་དང་།་་་་་སྨིན་དྲུག་གིས་ཉ་བ་ལ་སྟོན་ཟླ་ཐ་ཆུང་དུ་བྱས་ཏེ་བརྩིས་ན་དབྱར་ཚུལ་མཇུག་ཐོན་ནས་ཟླ་བ་ཕྱེད་ན་ཆར་འབབ་ཐག་ཆད་པར་འགྱུར་གྱི་དབྱུག་གུས་ཉ་བ་ལ་སྟོན་ཟླ་ཐ་ཆུང་བྱས་ཏེ་བརྩིས་ན་དེ་ལྟར་མི་འགྱུར་རོ། །ཁྲུས་བྱེད་པའི་སྐབས་ཀྱི་དགེ་སློང་ཕ་མའི་ལུང་རྣམ་འབྱེད་གཉིས་ཀ་ལས་ཀྱང་་་་་་རིན་པོ་ཆེ་དང་ཚ་བའི་དུས་ཞེས་ཚད་པ་ཚ་བའི་དུས་ནི། དབྱར་སྔ་མ་ཁས་ལེན་པའི་སྔ་རོལ་ཟླ་བ་ཕྱེད་དང་གཉིས་ནས་ཚད་པ་ཚ་་་་་་སྨིན་དྲུག་གིས་ཉ་བ་ལ་སྟོན་ཟླ་ཐ་ཆུང་དུ་བྱས་ཏེ་བརྩིས་ན་དེའི་ཚེ་ན་ཚད་པ་ཆེ་བའི་དུས་འབྱུང་གི དབྱུག་གུས་ཉ་བ་ལ་སྟོན་ཟླ་ཐ་ཆུང་བྱས་ཏེ་བརྩིས་ན་དེ་ལྟར་མི་འགྱུར་རོ། །བའི་དུས་ཡིན་པར་བཤད་པ་དང་། ལུང་དགེ་སློང་མའི་རྣམ་འབྱེད་ལས་ཀྱང་། སོ་་་་་་དུས་ཚིགས་དྲུག་གི་དབང་དུ་བྱས་ནས་ག་རྣམས་ཀྱི་ཐ་མ་ལ་ཉི་མ་ཕྱེའི་་་་་་ཉི་མ་ཕྱེད་ཀྱི་དོན་ཏེ་བརྡའི་རྙིང་ངོ་། །དུས་ན་ལྗོན་ཤིང་རང་གི་གྲིབ་མས་ཁྱབ་ཅིང་འདུག་པ་ཉེ་འཁོར་ཡིན་ནོ་ཞེས་གསུངས་པ་དང་། བསྡུས་པ་་་་་་དུས་ཚིགས་ལྔའི་དབང་དུ་བྱས་ནས་ལས་ཀྱང་དཔྱིད་རྣམས་ཀྱི་ཟླ་བ་ཐ་མའི་ཉི་མ་ཕྱེའི་གྲིབ་མ་དང་རླུང་གིས་མ་བསྐྱོད་་་་་་པ་དང་ལག་པ་ལ་སོགས་པས་གཏོར་བ་མིན་པར་རང་བཞིན་གྱིས་མེ་ཏོག་དང་པའི་འདབ་མ་ས་ལ་གར་ལྟུང་བ་ཉེ་འཁོར་ཡིན་ནོ་ཞེས་གསུངས་པ་དང་། སྨིན་དྲུག་གིས་ཉ་བའི་མར་ངོ་ནས་ལོ་འགོ་བཟུང་ནས་སྨིན་དྲུག་གིས་ཉ་ལ་སྟོན་ཟླ་ཐ་ཆུང་དུ་བྱས་ཏེ་བརྩིས་ན་ལྗོན་ཤིང་རང་གྲིབ་རང་ལ་འཁོར་བ་དེ་སོ་ག་རྣམས་ཀྱི་ཐ་མ་ལ་འབྱུང་གི་དབྱུག་གུས་ཉ་བ་ལ་སྟོན་ཟླ་ཐ་ཆུང་བྱས་ཏེ་བརྩིས་ན་དེ་ལྟར་མི་འགྱུར་རོ། །གཞུང་དེ་རྣམས་ཐམས་ཅད་དང་མཐུན་པར་འགྱུར་གྱི་དབྱུག་གུས་ཉ་བའི་མར་ངོ་ནས་ལོ་འགོ་བཟུང་ན་གཞུང་དེ་རྣམས་ཐམས་ཅད་དང་མི་མཐུན་ནོ། །མེ་ཏོག་ཕྲེང་རྒྱུད་ལས། ས་ག་དང་ནི་ཆུ་སྟོད་དང་། །དེ་བཞིན་ཁྲུམས་སྨད་སྨིན་དྲུག་ཅན། །རྒྱལ་དང་དབོ་ཞེས་བྱ་བ་ཉིད། །དྲུག་པོའི་མར་ངོ་བཅུ་བཞིར་བརྗོད། །ཅེས་གསུངས་པ་དང་། དགེ་ཚུལ་གྱི་ལོ་དྲི་བ་ལས་ཀྱང་། རྒྱལ་དང་དབོ་དང་ས་ག་དང་། །ཆུ་སྟོད་ཁྲུམས་སྟོད་སྨིན་དྲུག་ཅན། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པའོ། །ཞེས་སྨིན་དྲུག་གིས་ཉ་བའི་མར་ངོ་གསོ་སྦྱོང་བཅུ་བཞི་པར་གསུངས་པ་དེ་ཡང་། དབྱུག་གུས་ཉ་བའི་མར་ངོ་ནས་ལོ་འགོ་བཟུང་ན་འགལ་བར་འགྱུར་ལ། སྨིན་དྲུག་གིས་ཉ་བའི་མར་ངོ་ནས་ལོ་འགོ་བཟུང་ན་གཞུང་དེ་གཉིས་དང་ཡང་ཤིན་ཏུ་མཐུན་ཏེ། རྒྱ་གར་གྱི་ལུགས་ཀྱིས་ཟླ་བ་རང་རང་གི་མར་ངོ་སྔོན་དུ་འབྱུང་ཞིང་། ཡར་ངོ་ཕྱིས་འབྱུང་སྟེ། མར་ངོའི་ཚེས་གཅིག་ལ་ཟླ་བའི་འགོ་བྱས་ནས། ཉ་ནི་ཟླ་བའི་མཇུག་ཡིན་པར་སྡེ་སྣོད་གསུམ་ག་ལས་གསུངས་སོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号