་་་་འདུ་ཤེས་གཙོ་བོ་རྣམས་ཀྱིས་སྦྱོར་ལྟུང་རྫོགས་པར་སྐྱེ་བ་ལ་དོན་ཡན་ལག་ཏུ་དགོས་པའི་གཞུང་དེ་གཉིས་ལས་གཞན་མེད་དེ། འདུལ་བའི་ལུང་དང་བསྟན་བཅོས་གང་ནའང་མི་སྣང་བའི་ཕྱིར་རོ། །རིགས་པས་ཀྱང་་་་་་བདག་པོ་གཏན་མེད་ལ་མིའི་རྒྱུད་ཀྱིས་ཡོངས་སུ་གཟུང་བར་འདུ་ཤེས་པ་ལྟ་བུ་སྟེ་འདུ་ཤེས་དེ། དོན་དང་མ་ཕྲད་ན་ནི་དགག་བྱ་མི་རྫོགས་པའི་ཕྱིར་སྦྱོར་ལྟུང་རྫོགས་པར་མི་རིགས་ཏེ། དཔེར་ན་དོན་དང་མ་ཕྲད་ན་དངོས་གཞིའི་ལྟུང་བ་མི་རྫོགས་པ་བཞིན་ནོ། །འོ་ན་སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་ནོ་ཞེས་པ་མདོ་རྩ་འགྲེལ་གྱི་དོན་གང་ཞེ་ན་སྦྱོར་བ་ལ་ནི་འདུ་ཤེས་གཙོ་ཆེ་བའི་ཡན་ལག་ཡིན་གྱི། དོན་ཉིད་ནི་གཙོ་ཆེ་བའི་ཡན་ལག་མ་ཡིན་ཞེས་བསྟན་པའོ། །དེས་ན་མཐོ་ལ་མི་ཡིན་པར་འདུ་ཤེས་པ་ལ་སོགས་པའི་་་་་་སྤྲུལ་བ་བསད་པའི་ཊཱི་ཀ་ལས་སེམས་ཅན་དུ་བགྲངས་པ་ཡིན་པའི་སྤྲུལ་བ་ལ་མིར་འདུ་ཤེས་པས་གསོད་པའི་བྱེད་པ་ལ་ནི་སྦྱོར་བ་ལ་སྦོམ་པོ་སྟེ། མིར་འདུ་ཤེས་པས་ཞུགས་པའི་ཕྱིར་ཞེས་སོ། །ལྟུང་མེད་ཀྱི་ཡུལ་ལ་དངོས་གཞིའི་ཡུལ་དུ་འདུ་ཤེས་པས་ཞུགས་པའི་སྦྱོར་བ་ལ་སྦོམ་པོར་བཤད་པ་རྣམས་ཉེས་བྱས་ལྕི་བ་ལ་སྦོམ་པོར་བཏགས་པའོ། །གཉིས་པ་ཡན་ལག་གི་དོན་ལ་གསུམ་ལས། དང་པོ་གཞི་ལ་ཐེ་ཚོམ་ཟ་བའི་བྱང་ས་ནི། སྲོག་གཅོད་པ་ལྟ་བུའི་གཞི་ཐམས་ཅད་ལ་རང་རང་གི་གཞིའི་རྣམ་པ་མདོར་བའི་་་་་་ཡིད་གཉིས་ཟ་བའི་འདུ་ཤེས་ཞེས་ཊཱི་ཀ་ལས་སྔར་བཤད་པ་ལྟར་མི་འདུ་ཤེས་པས་ཞུགས་པའི་ཕྱིར་ཞེས་ཐེ་ཚོམ་ཟ་བའི་ཞུགས་པ་ནི་འདུ་ཤེས་ཀྱི་ཆ་ནས་དངོས་གཞི་བསྐྱེད་ནུས་ཀྱི་བསམ་པ་དང་བཅས་པ་ཡིན་ཏེ་ངེས་པའི་འདུ་ཤེས་དང་འདྲ་བའི་ཕྱིར་རོ། །ལུང་རྣམ་འབྱེད་ལས་ལྟུང་བ་མང་པོ་ཞིག་ལ་གསུངས་ཀྱང་་་་་་མདོ་འདི་ནི་ལུང་ཞུ་བ་ལས། རྐུ་དང་སྲོག་གཅོད་བཞི་དང་རེག །དྲུག་ལ་གསུངས་བསྡུས་གཞན་ལའང་སྦྱར། །ཞེས་གཟུང་ངོ་། །གཉིས་པ་འདུ་ཤེས་གཙོ་བོ་རྣམས་ཀྱི་ཡན་ལག་ནི་སྲོག་གཅོད་པ་ལྟ་བུ་འདུ་ཤེས་གཙོ་བོ་རྣམས་ནི་སྦྱོར་བའི་ལྟུང་བ་རྫོགས་པར་བསྐྱེད་པ་ལ་ནི་འདུ་ཤེས་གཙོ་ཆེ་བའི་ཡན་ལག་ཡིན་་་་་་འདུ་ཤེས་གཙོ་ཆེ་བའི་རྒྱུ་མཚན་ནི་དོན་དང་འདུ་ཤེས་མི་མཐུན་པའི་ཚེ་ན་སྦྱོར་ལྟུང་ཙམ་བསྐྱེད་པ་ལ་ནི་འདུ་ཤེས་ཀྱི་ཆ་ནས་ལྟུང་བར་འཇོག་གི དོན་གྱི་ཆ་ནས་མི་འཇོག་པའི་ཕྱིར་རོ། །ནོ། །སྲོག་གཅོད་པའི་ཕམ་པ་ལྟ་བུ་འདུ་ཤེས་གཙོ་བོ་རྣམས་ཀྱི་དངོས་གཞི་རྫོགས་པར་བསྐྱེད་པ་གང་ལ་བསམ་པའི་དོན་དང་ཕྲད་པ་ནི་ཡན་ལག་དེ་ཉིད་ཡིན་ནོ། །དེས་ན་འདུ་ཤེས་ཀྱིས་གང་ལ་བསམ་པའི་དོན་དེ་དང་ཕྲད་ན་དངོས་གཞི་སྐྱེད་་་་་་ཀྱི་བསམ་པའི་དོན་དང་མ་ཕྲད་ན་དངོས་གཞི་མི་སྐྱེད། པ་ཉིད་དོ། །མདོ་གཉིས་ཞུ་བ་ལས། ཁང་པ་ཁང་ཆེན་བསྒོ་གྱུར་ལྔ། །སྣོད་འཆང་བཤེས་ངོ་ཁྱད་དུ་གསོད། །བུད་མེད་དང་ཉལ་ཁབ་རལ་འཆོས། །བཅུ་གཉིས་ལས་ནི་གཞན་དག་ལ། །དངོས་སུ་གསུངས་པ་འདིར་བསྡུས་ཤིང་། །བཅུ་གཉིས་པོ་་་་་་དེ་དག་རྣམས་ལ་མདོར་བསྡུས་སྦྱར། །ཞེས་གཟུང་ངོ་། །གསུམ་པ་དངོས་པོ་གཙོ་བོའི་ཁྱད་པར་བསྟན་པ་ནི། མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པའི་ལྟུང་བ་གཉིས་ལ་ནི་འདུ་ཤེས་ཀྱིས་བསམ་པའི་དོན་དང་ཕྲད་པ་ལ་དངོས་གཞི་བསྐྱེད་པ་དེར་མ་ཟད་ཀྱི། མ་བསམས་པའི་དོན་དང་ཕྲད་པ་ལས་ཀྱང་དངོས་གཞི་བསྐྱེད་དེ། དངོས་པོ་གཙོ་བོ་ཡིན་པའི་ཕྱིར་ཏེ། མི་ཚངས་སྤྱོད་ནི་རྟེན་འདོད་ཁམས་པ་ལ་འབྱུང་ཉེ་ཞིང་སྤང་དཀའ་བས་དོག་ཏུ་བཀག་པའི་ཕྱིར་དང་། འབྱིན་པ་ཡང་དེ་དང་རྣམ་པ་འདྲ་བའི་ཕྱིར་དོག་ཏུ་བཀག་པའོ། །དེ་ཡང་ལུང་ཞུ་བ་ལས། གཞི་ལ་འདུ་ཤེས་འཁྲུལ་ན་ཡང་། །ཕམ་པ་དང་པོ་རྫོགས་པར་་་་་་འབྱུང་བར་གསུངས། །འབྱིན་དང་རྫུན་སྨྲའི་ཡུལ་ལ་ནི། །འདུ་ཤེས་འཁྲུལ་ཡང་ལྟུང་བ་རྫོགས་པའི་གཞུང་་་་་་དེང་སང་ལུང་ན་མི་སྣང་ངོ་། །ཞེས་གཟུང་ངོ་། །གཉིས་པ་ཞར་ལ་བྱུང་བ་ལ་གཉིས་ལས། དང་པོ་རྫུན་སྨྲ་ཡུལ་གྱི་བྱེད་པ་ནི། མི་བདེན་བརྫུན་དུ་སྨྲ་བའི་ལྟུང་བ་བསྐྱེད་པ་ལ་ནི་ཉན་པ་པོ་ཡང་། དེར་མ་ཟད་དོ་ཞེས་སྔ་མར་སྦྱར་ཏེ། ཉན་པ་པོ་བསམ་པའི་དོན་དང་ཕྲད་པ་ལས་དངོས་གཞི་རྫོགས་པར་མ་ཟད་ཀྱི། ཉན་པ་པོ་མ་བསམས་པའི་དོན་དང་ཕྲད་པ་ལས་ཀྱང་དངོས་གཞི་རྫོགས་པར་འབྱུང་ངོ་། །སུ་དང་ཕྲད་ན་ཡང་རྫུན་སྨྲ་བར་འོ་སྙམ་དུ་་་་་་འདི་ནི་ཀུན་སློང་སྤྱི་ཞུགས་ཀྱི་དབང་དུ་བྱས་པའོ། །འོ་ན་ཀུན་སློང་སྤྱི་ཞུགས་་་་་་ཞེས་མང་དུ་སྨྲ་མོད་དེ་གཞུང་གང་ནས་བཤད་ཅེས་འདྲི་ན།་་་་་ནགས་ལ་མེ་གཏོང་བའི་སྐབས་སུ་འོད་ལྡན་ལས། ངེས་པར་མ་བྱས་པར་འདི་ན་གང་ཅི་ཡོད་བརླག་པར་གྱུར་ཅིག་སྙམ་པ་དེས་དེ་རྣམས་ཤི་ན་སྲོག་ཆགས་་་་་་མི་དང་དུད་འགྲོ་ཇི་ལྟ་བུ་དང་སྲོག་ཆགས་བརྒྱ་སྟོང་ལ་སོགས་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་ལྟུང་བ་་་་་་ཕམ་པ་དང་ལྟུང་བྱེད་རྣམས་ཀྱང་དེ་ལྟ་བུ་དང་དེ་སྙེད་འབྱུང་བར་འགྱུར་རོ། །ཞེས་གསུངས་སོ། །འདུ་ཤེས་གཙོ་བོ་རྣམས་ལ་གཞིའི་བྱེ་བྲག་ཕན་ཚུན་འདུ་ཤེས་འཁྲུལ་ན་ཡང་ཀུན་སློང་སྤྱི་ལ་ཞུགས་ནས་དངོས་གཞི་རྫོགས་པར་བཞེད་དོ། །གལ་ཏེ་ཀུན་སློང་སྤྱི་ལ་ཞུགས་ཀྱང་བྱེ་བྲག་ལ་འདུ་ཤེས་འཁྲུལ་ན། འདུ་ཤེས་གཙོ་བོའི་ལྟུང་བ་དངོས་གཞི་མི་བསྐྱེད་པར་ཐལ། ས་བོན་ལ་ས་བོན་གཞན་དུ་འདུ་ཤེས་པའམ། ལྷས་བྱིན་ལ་མཆོད་སྦྱིན་དུ་འདུ་ཤེས་པ་ལ་སོགས་པ་་་་་་འདུ་ཤེས་འཁྲུལ་བའི་མཚན་ཉིད་ལས་མ་འདས་པའི་ཕྱིར་རོ་ཞེ་ན། ཁྱབ་པ་མ་གྲུབ་སྟེ། རྩོད་པ་ལ་རྩོད་པ་གཞན་དུ་འདུ་ཤེས་པ་དང་། ས་བོན་ལ་ས་བོན་གཞན་དུ་འདུ་ཤེས་པ་དང་། དགྲ་བཅོམ་པ་ལ་སོ་སོའི་སྐྱེ་བོར་འདུ་ཤེས་འཁྲུལ་ཏེ་བསད་པ་ཆོས་ཅན། ཐལ་འགྱུར་དང་རྟགས་ས་བོན་ལ་ཁྱེད་ཀྱིས་བརྗོད་པ་བཞིན་ནོ། །འདོད་ན་སྐྱོ་སྔོགས་བྱེད་པ་དང་ས་བོན་སྐྱེ་འཇིག་གི་གཞུང་དང་འགལ་ཞིང་། འོད་ལྡན་ལས་ལུས་གཅིག་ལ་དགྲ་བཅོམ་ཉིད་ཀྱི་ཆོས་མེད་པར་ནོར་པས་གསོད་ན་མཚམས་མེད་པར་གྱུར་ན་མི་རུང་གིས་ཕམ་པ་ནི་སུས་ཀྱང་བཟློག་པར་དཀའ་འོ་ཞེས་བཤད་པ་དང་འགལ་ལོ། །གཉིས་པ་བསྟེན་དུ་རུང་བའི་ཚད་གཟུང་ནི། མི་ཚངས་སྤྱོད་དང་རེག་པ་ལ་སོགས་པའི་ཡུལ་དེ་ནི། ལག་པས་ལག་པར་དང་རྐང་པས་རྐང་པར་དང་ཞེས་པ་ལ་སོགས་པ་སྨོས་པ་ལྟ་བུ་ཡན་ལག་ཐམས་ཅད་ཅེས་སྨོས་ཀྱང་མཚོན་པ་སྟེ། མཚན་བསྟེན་དུ་རུང་བའི་ལམ་དང་ཡན་ལག་དང་དུ་བླང་དུ་རུང་བ་ཉིད་ནི་འཁྲིག་པ་བསྟེན་་་་་་ནུས་པ་དང་ལྡན་པའི་ཕྱིར་མཐུ་དང་ལྡན་པ་ཡན་ལག་ཉིད་ཡིན་པས་དེ་ལས་ལྟུང་བ་རྫོགས་པར་བསྐྱེད་ལ། མཚན་བསྟེན་དུ་མི་རུང་བ་ལ་ནི་རང་རང་གི་ན་སྨད་དོ། །མདོ་འདི་ལུང་ཞུ་བ་ལས། སྨྱན་དང་དབེན་གཉིས་ཉལ་ཤོ་གཉིས། །ལྷན་ཅིག་ལམ་འགྲོ་བདུན་ལ་གསུངས། །མི་ཚངས་སྤྱོད་དང་རེག་པ་དང་འཁྲིག་ཚིག་བསྙེན་བཀུར་ལ་སོགས་པ་ནང་སེམས་ཅན་ལ་ཆགས་པ་དངོས་དང་ཆགས་པ་རྒྱུར་འགྱུར་ལས་གྱུར་པ་གཞན་རྣམས་ལ་མདོར་བསྡུས་སྦྱར་བའོ། །ལྔ་པ་སེལ་བ་དབང་དུ་བྱེད་པ་ཡན་ལག་དང་བཅས་ཏེ་བསྟན་པ་ལ་གཉིས་ཏེ། སེལ་བ་དབང་དུ་བྱེད་པ་དངོས་དང་། ཡན་ལག་སོ་སོའི་དབྱེ་བ་བསྟན་པའོ། །དང་པོ་ནི་གཞུང་འདིའི་སྐབས་འོག་མ་ནས་འཆད་པར་འགྱུར་བའི་ཡན་ལག་བཅོ་བརྒྱད་པོ་དག་ལ་ནི་ཡན་ལག་ཚང་བ་ལས་གཞན་ཡན་ལག་མ་ཚང་བ་ལ་ན་སྨད་པ་ཉིད་ཡིན་ནོ། །དེ་ཡང་ཡན་ལག་བཅོ་བརྒྱད་ནི། རྫུ་འཕྲུལ་ཅན་མིན་མ་ཉམས་ལུས་དངོས་དང་། །ཐ་སྙད་ཡན་ལག་ལྔ་དང་ཁྱིམ་པ་དང་། །བསྙེན་རྫོགས་རྣམ་དག་མཚན་དང་ལྟ་བ་མཐུན། །རུང་དང་ཚད་ལྡན་རང་དོན་རང་ཉིད་ཀྱིས། །བདག་དང་འབྲེལ་བ་ངག་ཏུ་སྨྲས་པ་སྟེ། །འོག་ནས་སྟོན་པའི་ཡན་ལག་བཅོ་བརྒྱད་དོ། །ཞེས་གཟུང་ངོ་། །ཡན་ལག་་་་་་བཅོ་བརྒྱད་པོ་དེ་དག་ལས་ཡན་ལག་གཅིག་མ་ཚང་བ་ལ་ན་སྨད་དུ་འགྱུར་བ་་་་་་རེག་པ་ལྟ་བུ་འདི་ལ་དམིགས་བསལ་གསུམ་ལ། ཡན་ལག་གཅིག་མ་ཚང་བ་ལ་ཆེས་ན་སྨད་དུ་འགྱུར་བ་མི་་་་་་རེག་པ་ལྟ་བུ་མི་་་་་་ཡན་ལག་ཏུ་དགོས་པ་ལ་དུད་འགྲོ་ཡང་ངོ་ཞེས་གསུངས་པ་དང་། བརྡེག་གཟས་ལྟ་བུ་་་་་་དགེ་སློང་ལས་གྱུར་པ་རྣམས་ཀྱི་སེལ་བ་ཁྱིམ་པ་ཡིན་ན་ཆེས་ན་སྨད་དུ་འགྱུར་བའོ། །ཡན་ལག་གཅིག་མ་ཚང་བ་ལ་དངོས་གཞི་གཞན་དུ་འགྱུར་བ་ནི། དགེ་སློང་མ་དང་ལམ་དུ་འགྲོ་བའི་སེལ་བ་ཁྱིམ་པ་མེ་དང་ལམ་དུ་འགྲོ་ན་ལྟུང་བྱེད་གཞན་དུ་འགྱུར་བ་ལྟ་བུ་སྟེ། དེ་ལས་བཟློག་པ་ཡང་དེ་བཞིན་ནོ། །ཡན་ལག་གཅིག་མ་ཚང་ལ་ལྟུང་མེད་དུ་འགྱུར་བ་ནི། མ་སྨྲས་པར་ཕྱི་དྲོ་གྲོང་དུ་འགྲོ་བ་ལ་སོགས་པ་རྣམས་ལ་ཁྱིམ་པའི་སེལ་བ་རབ་ཏུ་བྱུང་བ་ཡིན་ན་རབ་ཏུ་བྱུང་བའི་གནས་ཁང་དུ་ཕྱི་དྲོ་འཇུག་པ་ལ་ལྟུང་བ་མེད་པ་ལྟ་བུའོ། །དུ་མ་མ་ཚང་བ་ཞེས་པ་ནི། འོག་ནས་འཆད་པར་འགྱུར་བའི་ཡན་ལག་དུ་མ་མ་ཚང་བ་སྟེ། ཡན་ལག་གཉིས་མ་ཚང་བ་ལ་ནི་ན་སྨད་པ་དེ་བས་ཀྱང་ན་སྨད་པ་སྟེ་ཆེས་ན་སྨད་དུ་འགྱུར་རོ། །དེ་ཡང་རེག་པར་བྱ་བའི་ལུས་མ་ཉམས་པ་དང་རེག་པར་བྱེད་པའི་ལུས་མ་ཉམས་པ་ཡན་ལག་གཉིས་མ་ཚང་བ་་་་་་ཊཱི་ཀ་ལས་རྨ་དང་ཤུ་བ་དང་གཡན་པ་དང་ཁྱི་རྔོ་ལ་སོགས་པས་བུད་མེད་ཀྱི་ལུས་ཉམས་པ་ལ་ཁྱི་རྔོ་ལ་སོགས་པས་དགེ་སློང་གི་་་་་་ལུས་ཉམས་པས་རེག་ན་ཉེས་བྱས་སུ་འགྱུར་བར་ལུང་ཞུ་བ་ལས་གསུངས་པ་དང་། སྐྱོན་ནས་སྨྲ་བའི་ལྟུང་བྱེད་བསྐྱེད་པ་ལ། ཡུལ་རྟེན་མཚན་མཐུན་ཞིང་ལྟ་བ་མཐུན་པ་ཡན་ལག་ཏུ་དགོས་པ་ལ། ཡན་ལག་གཉིས་མ་ཚང་བ་སྟེ། དགེ་སློང་གིས་དགེ་སློང་མ་ལ་ལྟ་བ་ཐ་དད་པའི་སྐྱོན་ནས་སྨྲས་ན་ཆེས་ན་སྨད་དུ་འགྱུར་བ་ལྟ་བུའམ། གོས་ལས་གྱུར་པའི་ལྟུང་བ་དངོས་གཞི་བསྐྱེད་པ་ལ་གོས་རུང་ཞིང་ཚད་དང་ལྡན་པ་ཡན་ལག་ཏུ་དགོས་པ་ལ་ཡན་ལག་གཉིས་མ་ཚང་བ་སྟེ་གོས་མི་རུང་ཞིང་ཚད་དང་མི་ལྡན་ན་ཆེས་ན་སྨད་དུ་འགྱུར་བ་ལྟ་བུའོ། །རེག་པ་འཁྲིག་ཚིག་བསྙེན་བཀུར་བསྔགས་པའི་ལྷག་མ་ལྟ་བུ་སྟེ། ཡུལ་དེ་མི་ཡིན་པ་ཡན་ལག་ཏུ་དགོས་པ་རྣམས་ལ་སེལ་བ་དུད་འགྲོ་ཡིན་ན་ཡང་ངོ་སྟེ་ཆེས་ན་སྨད་དུ་འགྱུར་རོ་ཞེས་སྔ་མར་སྦྱར་རོ། །་་་་་རེག་པའི་སྐབས་ཀྱི་བཅས་ལྡན་དགེ་སློང་གིས་ཆགས་སེམས་ཀྱིས་དུད་འགྲོ་མོ་ལ་རེག་པ་ཆོས་ཅན་ལྟུང་བ་ཆེས་ན་སྨད་དུ་འགྱུར་ཏེ་དགག་བྱ་ཆེས་མ་རྫོགས་པའི་ལྟུང་བར་འགྱུར་བའི་ཕྱིར་རོ། །མདོ་འདི་ནི་ལུང་རྣམ་འབྱེད་ལས། དུད་འགྲོ་མོ་ལ་་་་་་རེག་པ་འཁྲིག་ཚིག་བསྙེན་བཀུར་་་་་་བསྔགས་པ་དང་གསུམ་ལ། །ཉེས་བྱས་ཉིད་དུ་གསུངས་པ་བསྡུས། །རྐུ་དང་མི་གསོད་མ་གཏོགས་པ། །མི་ལས་གྱུར་པ་ཀུན་ལ་སྦྱར།་་་་་ཏོ་དེ་ཡང་ཡུལ་དུད་འགྲོ་ལས་ནི་ཆེས་ན་སྨད་དོ་ཞེས་མདོ་རྩ་བས་བསྟན་ཏོ། །དེ་ཡང་དུད་འགྲོ་ལས་བརྐུས་ན་སྦོམ་པོར་འགྱུར་ཞིང་། དུད་འགྲོ་བསད་ན་ལྟུང་བྱེད་དུ་འགྱུར་རོ། །དེ་གཉིས་མ་གཏོགས་པ་མི་ཡན་ལག་ཏུ་དགོས་པ་རྣམས་ལ་དུད་འགྲོ་ལས་ནི་ཆེས་ན་སྨད་དུ་འགྱུར་ཏེ། དུད་འགྲོ་བླུན་ཞིང་གཏི་མུག་པས་དགག་བྱ་ཤིན་ཏུ་མི་རྫོགས་པའི་ཕྱིར་རོ། །འོ་ན་འགྲེལ་ཆུང་ལས་དུད་འགྲོ་མོ་སྤུ་མེད་ལ་རེག་ན་སྦོམ་པོའོ་ཞེས་བཤད་པ་དང་འགལ་ཞེ་་་་་་ཕྱུགས་ལ་རེག་པ་ཡང་མཆུའམ་མོ་མཚན་ནམ་རྙིལ་ལ་སོགས་པ་སྤུ་མེད་པ་ལ་རེག་པ་ནི་སྦོམ་པོའོ་ཞེས་འགྲེལ་ཆུང་ལས་བཤད་དོ། །ལུང་ཞུ་བ་ལས་དུད་འགྲོ་མོ་སྤུ་མེད་པ་ལ་རེག་ན་སྦོམ་པོར་འགྱུར་ཞེས་བཤད་ཅེས་བླ་མ་རྣམས་གསུང་ཡང་ལུང་ལས་ཡེ་མ་བཤད་དོ། །ན། ཁ་ཅིག་ན་རེ་སྤྱིར་དུད་འགྲོ་མོ་ལ་རེག་ན་ཉེས་བྱས་ཡིན་ཡང་། དམིགས་བསལ་སྤུ་མེད་ལ་རེག་ན་ཆགས་པ་མངོན་འགྱུར་ཆེ་བས་སྦོམ་པོ་ཡིན་ཞེས་ཟེར་རོ། །དེ་ལྟར་ན་སྒོས་ཀྱི་དགག་བྱ་ཡན་ལག་ཏུ་འགྱུར་རོ། །འདོད་ན་མིའམ་ཅིའི་བུ་མོ་ཡིད་འཕྲོག་མ་ལ་རེག་ན་ཕམ་པ་སྐྱེད་པར་ཐལ་བར་འགྱུར་ཏེ། མིའི་བུད་མེད་ལ་རེག་པ་བས་ཀྱང་ཆགས་པ་མངོན་གྱུར་ཆེ་བའི་ཕྱིར་རོ། །དེ་གང་གིས་གྲུབ་ན་ལུང་གཞི་ལས། རྒྱལ་བུ་ནོར་བཟང་གི་བྱུང་བ་ལས་གྲུབ་བོ། །གཞན་ཡང་བུད་མེད་གཟུགས་མི་སྡུག་པ་ལ་རེག་ཀྱང་ལྷག་མ་མི་སྐྱེད་པར་ཐལ་བའི་སྐྱོན་ཡང་གནས་སོ། །འོ་ན་གང་ཞེ་ན་དུད་འགྲོ་མོ་ཡི་ལུས་ཀྱི་ཆ་ཤས་སྤུ་མེད་པ་དེ་ནི་ཆགས་པ་མངོན་གྱུར་ཤས་ཆེར་སྐྱེ་བས་ཉེས་བྱས་ལྕི་བ་ལ་དགོངས་ནས་ཉེས་བྱས་ལ་མིང་སྦོམ་པོར་བཏགས་པའོ། །་་་་་ལུང་རྣམ་འབྱེད་འགྲེལ་བའི་འཁྲིག་ཚིག་སྨྲ་བའི་སྐབས་ལས་དུད་འགྲོ་མོ་ནུས་པ་ལ་སྦོམ་པོའོ་ཞེས་བཤད་དེ། ཉེས་བྱས་ལ་མིང་སྦོམ་པོར་བཏགས་པའོ་ཞེས་བརྗོད་ན་ལེགས་སོ། །གཉིས་པ་ཡན་ལག་སོ་སོའི་དབྱེ་བ་བསྟན་པ་ལ་བཞི་ལས། གཞིའི་ཡན་ལག་བསྟན་པ་དང་། བསམ་པའི་ཡན་ལག་བསྟན་པ་དང་། གཞི་དང་མཐར་ཐུག་གི་ཡན་ལག་དང་། སྦྱོར་བའི་ཡན་ལག་བསྟན་པའོ། །དང་པོ་ལ་གཉིས་ཏེ། གཞི་སེམས་ཅན་ལས་གྱུར་པ་དང་། སེམས་ཅན་མ་ཡིན་པ་ལས་གྱུར་པའོ། །དང་པོ་ལ་བཞི་ལས། གཞི་མཚན་མི་མཐུན་པ་ལས་གྱུར་པ་དང་། གཞི་ཐ་སྙད་ལས་གྱུར་པ་དང་། གཞི་ཁྱིམ་པ་ལས་གྱུར་པ་དང་། གཞི་རབ་ཏུ་བྱུང་བ་ལས་གྱུར་པས་སོ། །དང་པོ་ལ་གསུམ་ལས། དང་པོ་སྐབས་ཀྱི་ཡན་ལག་ནི་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་ཞེས་སོ། །་་་་་སྐབས་འདིར་ཚན་པ་གསུམ་ཡིད་ལ་གཟུང་སྟེ། འབྲུ་སྣོན་དང་ཁྱབ་པ་དང་རྩོད་པ་སྤོང་ངོ་། །དེ་ཡང་རེག་པའི་གཙོ་བོ་གསུམ་སྟེ་མི་ཚངས་སྤྱོད་དང་རེག་པའི་ཕམ་པ་དང་རེག་པའི་ལྷག་མའོ། །ཡུལ་རྫུ་འཕྲུལ་ཅན་ལས་ཀྱང་རེག་པའི་ལྟུང་བ་གསུམ་པོ་དེ་དག་ནི་རྫོགས་པར་འགྱུར་རོ། །ཡུལ་བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པ་སྟེ་འཁྲིག་ཚིག་སྨྲ་བ་དང་བསྙེན་བཀུར་བསྔགས་པ་ལྟ་བུའི་ལྟུང་བ་དངོས་གཞི་རྫོགས་པའི་ཡན་ལག་ཡིན་ལ། ཡུལ་རྫུ་འཕྲུལ་ཅན་ལས་ནི་རང་རང་གི་ལྟུང་བ་ན་སྨད་པ་ཡིན་་་་་་བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ་ཆོས་ཅན། ཡུལ་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ཡན་ལག་ཏུ་གྱུར་པ་ལས་བྱུང་བ་ཡིན་ཏེ། དེ་ལ་དོན་གཞན་སྔ་མ་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་པོ་ཡིན་པའི་ཕྱིར། དཔེར་ན་འཁྲིག་ཚིག་སྨྲ་བའི་ལྷག་མ་བཞིན་ནོ། །རྫུ་འཕྲུལ་ཞེས་པ་ནི་རྫུ་བ་ལུས་ཀྱི་ཆོས། འཁྲུལ་བ་སེམས་ཀྱི་ཆོས་ཞེས་གསུངས་སོ། །ནོ། །མདོ་འདི་ནི་བུད་མེད་ལས་གྱུར་པ་ཉི་ཤུ་རྩ་གཉིས་ལ་སྤྱིར་བསྟན་པ་སྟེ། འཁྲིག་ཚིག་བསྙེན་བཀུར་སྨྱན་བྱེད་དང་། །ཁྲུ་འཇུག་ལེན་རྨེལ་ཚེས་སྟོན་དང་། །མ་བསྐོས་སྟོན་པའི་བཅུ་ཚན་ལས། །སྐུར་འདེབས་མ་གཏོགས་དགུ་དག་དང་། །ཉལ་ཤོམ་འདུག་འགྲེང་ལྷན་ཅིག་ཉལ། །སྐྱེས་པ་མེད་པར་ལམ་འགྲོ་དང་། །སོ་སོར་བཤགས་བྱ་རྣམ་བཞི་ཡི། །དང་པོ་གཉིས་ཏེ་ཉི་ཤུ་གཉིས། །ཞེས་བསྡུ་བའི་ཚིགས་སུ་བཅད་པ་སྟེ། དེ་ཡང་འཁྲིག་ཚིག་སྨྲ་བའི་ལྷག་མ་ལ་ནི་ལུང་འདུལ་བྱེད་ལས་་་་་་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ལ་སྨྲས་ན་དགེ་འདུན་ལྷག་མའོ། །རྫུ་འཕྲུལ་གྱི་ཆོས་ཅན་ལ་སྨྲས་ན་སྦོམ་པོའོ། །ཞེས། དངོས་སུ་གསུངས་ལ། གཞན་རྣམས་ལ་ནི་མདོར་བསྡུས་སྦྱར་བའོ། །ལྟུང་བ་བསྐྱེད་པའི་རྟེན་དགེ་སློང་མའི་དབང་དུ་བྱས་ན་ནི། སྐྱེས་པ་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན་ཞེས་ཀྱང་སྦྱར་་་་་་འགྲེལ་ཆུང་ལས་རྫུ་འཕྲུལ་གྱི་བུད་མེད་ནམ་མཁའ་ལ་འདུག་པ་ལ་འཁྲིག་ཚིག་དང་ཀུན་སྤྱོད་སྨྲས་པ་ནི་ལྷག་མར་མི་འགྱུར་ཏེ་སྦོམ་པོའོ། །བདག་ཉིད་འཕྲུལ་ཏེ་ནམ་མཁའ་ལ་འདུག་ནས་བུད་མེད་ལ་འཁྲིག་ཚིག་དང་ཀུན་སྤྱོད་སྨྲས་པ་ནི་བདག་གི་དབང་དུ་འགྱུར་བས་ལྷག་མར་འགྱུར་རོ་ཞེས་བཤད་དོ། །རོ། །སྐབས་འདིར་ཁ་ཅིག་་་་་་མྱང་མཚམས་པ་ན་རེ་བུད་མེད་ཀྱིས་རྫུ་འཕྲུལ་གྱི་ཆོས་ཐོབ་ཀྱང་ད་ལྟ་རྫུ་འཕྲུལ་དངོས་སུ་མི་བྱེད་ན་ནི་སེལ་བར་མི་འགྱུར་ཏེ། དངོས་སུ་མི་བྱེད་ན་རྫུ་འཕྲུལ་ཅན་གྱི་ཐ་སྙད་མི་འཐོབ་པའི་ཕྱིར་ཞེས་སྨྲའོ། །དེ་ལྟར་ན་ཊཱི་ཀ་ལས་གང་ལ་རྫུ་འཕྲུལ་གྱི་ཆོས་ཡོད་པ་དེ་ནི་རྫུ་འཕྲུལ་གྱི་ཆོས་ཅན་ནོ། །དེའི་དངོས་པོ་ནི་དེ་ཉིད་རྫུ་འཕྲུལ་ཐོབ་པའོ། །གང་ལ་རྫུ་འཕྲུལ་གྱི་ཆོས་མེད་པ་དེ་ནི་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པའོ། །དེའི་དངོས་པོ་ནི་རྫུ་འཕྲུལ་མ་ཐོབ་པའོ་ཞེས་ཐོབ་མ་ཐོབ་ལ་བཤད་ཀྱི་བྱེད་མི་བྱེད་ལ་མ་བཤད་པ་དང་འགལ་ལོ། །གཞན་ཡང་མངོན་ཤེས་ཀྱི་རྫུ་འཕྲུལ་ད་ལྟར་དངོས་སུ་མི་བྱེད་ཀྱང་། རྫུ་འཕྲུལ་ཐོབ་པ་ཡུལ་དུ་བྱས་པ་དེ་ལས་འཁྲིག་ཚིག་ལ་སོགས་པའི་ལྟུང་བ་དངོས་གཞི་བསྐྱེད་པར་མི་རིགས་ཏེ། མངོན་པར་ཞེན་པ་ཆུང་བའི་ཕྱིར་རོ། །དེ་གང་གིས་གྲུབ་ན་རྫུ་འཕྲུལ་མ་ཐོབ་པ་བ་ལང་ལྟ་བུ་འཛིན་པར་འདོད་ན་ཐག་རིང་བ་ན་འདུག་ཀྱང་ཟིན་པའི་མངོན་ཞེན་རྫོགས་པ་ལྟར། རྫུ་འཕྲུལ་གྱི་ཕྱོགས་གཅིག་ཐོབ་པ་བྱ་ལྟ་བུ་འཛིན་པར་འདོད་ན་རྫུ་འཕྲུལ་མི་བྱེད་པར། དྲུང་ན་འདུག་ཀྱང་ཟིན་པའི་མངོན་ཞེན་མི་རྫོགས་པར་མྱོང་བས་གྲུབ་བོ། །ཊཱི་ཀ་ལས་ཀྱང་རྫུ་འཕྲུལ་གྱི་ཆོས་ཅན་མོ་ཉིད་ལ་ནི་བརྟུལ་དུ་མི་རུང་སྟེ། གཟུང་བར་མི་ནུས་པའི་ཕྱིར་ཞེས་བཤད་དོ། །གལ་ཏེ་་་་་་མྱང་མཚམས་པ་ན་རེ་འདས་པ་དང་མ་འོངས་པའི་རྫུ་འཕྲུལ་ལུང་མ་བསྟན་ལ་ནི་ཐོབ་པ་ད་ལྟར་བ་མེད་དེ། མཛོད་ལས། ལུང་བསྟན་མིན་པ་སྟེ་ལུང་མ་བསྟན་རྣམས་ཀྱི་་་་་་ཐོབ་ལྷན་ཅིག་སྐྱེས་་་་་་ལྷན་ཅིག་སྐྱེས་པ་ཁོ་ན་སྟེ་སྔར་སྐྱེ་བ་ཡང་མེད་ལ། དུས་ཕྱིས་སྐྱེ་བ་ཡང་མེད་དོ། །ཞེས་མཛོད་འགྲེལ་ལོ། །ཞེས་བཤད་དོ་ཞེ་ན། རྫུ་འཕྲུལ་ལུང་མ་བསྟན་ཁ་ཅིག་ལ་དེ་ལྟར་ཡིན་ཡང་། མངོན་ཤེས་ཀྱི་རྫུ་འཕྲུལ་ལུང་མ་བསྟན་ལ་ནི་དེ་ལྟར་མ་ཡིན་ཏེ། མཛོད་ལས། མངོན་ཤེས་སྤྲུལ་པ་མ་གཏོགས་པ་ཞེས་བཤད་་་་་་མངོན་ཤེས་ལ་སོགས་པའི་རྫུ་འཕྲུལ་ལུང་མ་བསྟན་ལ་ཡང་ཆོས་འདས་པ་དང་མ་འོངས་པ་ལ་ཐོབ་པ་འདས་པ། ད་ལྟར་བ་ཡོད་དེ། དཔེར་ན་བཟོ་ལུང་མ་བསྟན་པ་ཡིན་ཡང་འདས་པ་ན་བཟོ་བྱས་པ་ལ་ད་ལྟར་བཟོ་མི་བྱེད་ཀྱང་དེའི་ཐ་སྙད་ཐོབ་པ་དང་འདྲའོ་ཞེས་བླ་མ་རྣམས་གསུང་ངོ་། །དོ། །རྫུ་འཕྲུལ་དགེ་བ་འདས་པ་དང་མ་འོངས་པ་རྣམས་ལ་ནི་ཐོབ་པ་ད་ལྟར་བ་ཤིན་ཏུའང་ཡོད་པའི་ཕྱིར། རྫུ་འཕྲུལ་དངོས་སུ་བྱེད་པ་དེ་ཁོ་ན་རྫུ་འཕྲུལ་ཐོབ་པ་ཡིན་པར་མི་རིགས་སོ། །གཉིས་པ་སྐབས་ཀྱི་ཞར་བྱུང་ནི་རེག་པའི་ལྷག་མ་བསྐྱེད་པ་ལ་ཡུལ་བུད་མེད་ལྟ་བུ་རེག་པར་བྱ་བ་དང་རེག་པར་བྱེད་པ་ཉིད་ནི་རྨ་དང་། ཤུ་བ་དང་། གཡན་པ་དང་། ཁྱི་རྔོ་ལ་སོགས་པས་ལུས་མ་ཉམས་པ་ཡན་ལག་ཡིན་ནོ་ཞེས་སྔ་མར་སྦྱར་རོ། །་་་་་རེག་པའི་དགེ་འདུན་ལྷག་མ་ཆོས་ཅན། གང་ལ་རེག་པར་བྱ་བ་དེ་མ་ཉམས་པ་ཡན་ལག་ཏུ་གྱུར་པ་ལས་བྱུང་བ་ཡིན་ཏེ། དོན་གཞན་སྔ་མ་གང་ལ་རེག་པར་བྱ་བ་དེ་མ་ཉམས་པ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་པོ་ཡིན་པའི་ཕྱིར་རོ། །ཉམས་པའི་ཚད་ནི་རེག་པའི་བདེ་བ་ཉམས་སུ་མྱོང་བ་ལ་གནོད་པ་སྟེ། དེ་ལྟར་གཞུང་འགྲེལ་ལས་བཤད་དོ། །དེ་ཡང་ལུང་ཞུ་བ་ལས། བུད་མེད་ཀྱི་དབང་པོ་ཉམས་པ་ལ་རེག་ན་ཅིར་འགྱུར་སྦོམ་པོར་འགྱུར་རོ། །དགེ་སློང་གི་ལུས་ཀྱི་དབང་པོ་ཉམས་པས་བུད་མེད་ལ་རེག་ན་ཅིར་འགྱུར་སྦོམ་པོར་འགྱུར་རོ། །གཉིས་ཀའི་ལུས་ཀྱི་དབང་པོ་ཉམས་པར་གྱུར་པ་གཅིག་ལ་གཅིག་རེག་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་སོ། །གཞན་ཡང་ལུང་ཞུ་བ་ལས། རྨས་རེག་ན་ཅིར་འགྱུར་སྦོམ་པོར་འགྱུར་རོ། །རྨ་ལ་རེག་ན་ཅིར་འགྱུར་སྦོམ་པོར་འགྱུར་རོ། །ཞེས་གསུངས་པའང་མདོ་འདིས་བསྡུས་ཏེ། དེའང་ལུས་ཉམས་པའི་བྱེ་བྲག་ཡིན་པའི་ཕྱིར་རོ། །སྐབས་འདིར་རང་གི་རྣམ་བཤད་དང་ཊཱི་ཀ་དང་བམ་པོ་ལྔ་བཅུ་པ་དང་གསུམ་ཆར་ལས། འདིར་རོ་ཉིད་ལ་ནི་ན་སྨད་པ་མེད་པའི་ཕྱིར་ཞེས་བཤད་དོ། །དེ་བཞིན་དུ་ལུང་ཞུ་བ་ཉུང་ཤོས་ལས། བུད་མེད་ཀྱི་རོ་དང་ལྷན་ཅིག་རེག་པར་བགྱིད་ན་ཅིར་འགྱུར། དགེ་འདུན་ལྷག་མར་འགྱུར་རོ་ཞེས་བཤད་ཅིང་། ཞུ་བའི་འགྲེལ་བ་ལས་ཀྱང་དགེ་འདུན་ལྷག་མར་བཤད་མོད་ཀྱི། ལུང་ཞུ་བ་མང་ཤོས་ལས། བུད་མེད་ཀྱི་རོ་དང་ལྷན་ཅིག་རེག་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ། །ཞེས་གསུངས་པ་དེ་གཙོ་བོར་བྱ་སྟེ། སྔར་རྒྱས་པར་་་་་་རེག་པའི་ལྷག་མའི་སྐབས་སུ་བཤད་ཟིན་ཏོ། །འོ་ན་ལུས་མ་ཉམས་པ་དེ་རེག་པ་ཁོ་ནའི་ཡན་ལག་ཡིན་ནམ་ཞེ་ན། ག་་་་་་ག་ག་ཚིལ་བྱེད་པའི་ལྟུང་བྱེད་ཆོས་ཅན། ཆོས་རྟགས་ནི་རེག་པའི་སྐབས་སུ་བརྗོད་པ་བཞིན་ནོ། །ག་ཚིལ་བྱེད་པ་ལ་ཡང་རེག་པར་བྱེད་པ་ཉིད་ནི་མ་ཉམས་པ་ཡན་ལག་ཡིན་ནོ་ཞེས་སྔ་མར་སྦྱར་རོ། །ཡུལ་རྟེན་གཉིས་ཀའི་ལུས་མ་ཉམས་པ་ཡན་ལག་ཡིན་ནོ། །དེ་ཡང་ཞུ་བ་ལས་དགེ་སློང་ལུས་ཀྱི་དབང་པོ་ཉམས་པས་བུད་མེད་ལུས་ཀྱི་དབང་པོ་མ་ཉམས་པ་ལ་ག་ག་ཚིལ་བགྱིས་ན་ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་ལུས་ཀྱི་དབང་པོ་མ་ཉམས་པས་བུད་མེད་ཀྱི་ལུས་ཀྱི་དབང་པོ་ཉམས་པ་ལ་ག་ག་ཚིལ་བགྱིས་ན་ཅིར་འགྱུར་ཉེས་བྱས་སོ། །དགེ་སློང་གི་རྨས་ག་ག་ཚིལ་བགྱིས་སམ། རྨ་ལ་ག་ག་ཚིལ་བགྱིས་ན་ཅིར་འགྱུར་ཉེས་བྱས་སོ། །ཞེས་གསུངས་པའི་ཤུགས་ཀྱིས་བརྗོད་པ་དེ་གཞུང་འདིར་བསྡུས་པ་ཡིན་ལ་ཉེས་བྱས་སོ་ཞེས་དངོས་སུ་གསུངས་པ་ནི་འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཞེས་པས་བསྡུས་སོ། །གསུམ་པ་དེ་དག་གི་སེལ་བ་བསྟན་པ་ནི། འོ་ན་རེག་པ་དང་ག་ག་ཚིལ་བྱེད་པ་གཉིས་ལ་ཐུན་མོང་བ་དེ་འབའ་ཞིག་ཏུ་ཟད་དམ་ཞེ་ན། རེག་པར་བྱ་བའི་ཡུལ་དང་ག་ག་ཚིལ་བྱ་བའི་ཡུལ་སེན་མོ་དང་སོ་དང་ཤ་མེད་པའི་རུས་པ་དང་སྤུ་དག་ནི་མ་ཉམས་པའོ་ཞེས་སྔར་སྨྲས་པ་དེ་ལས་གཞན་ལུས་ཉམས་པ་དང་ལྡན་པ་སྟེ་ལུས་ཉམས་པ་དང་འདྲ་བ་ཉིད་ཡིན་ནོ། །དེས་ན་་་་་་བུད་མེད་ཀྱི་སེན་མོ་དང་སོ་དང་སྤུ་དག་ལ་རེག་པ་དང་་་་་་དགེ་སློང་གིས་སེན་མོ་ལ་སོགས་པ་དེ་དག་གིས་རེག་པ་དང་། དགེ་སློང་གཞན་གྱི་སེན་མོ་ལ་སོགས་པ་་་་་་དེ་དག་ལ་ག་ག་ཚིལ་བྱེད་པ་དང་། དགེ་སློང་རང་གི་སེན་མོ་ལ་སོགས་པ་་་་་་དེ་དག་གིས་ག་ག་ཚིལ་བྱེད་པ་དག་ལ་ནི་རང་རང་གི་ལྟུང་བ་ན་སྨད་དུ་འགྱུར་་་་་་ཏེ་རེག་ན་སྦོམ་པོར་འགྱུར་ལ། ག་ག་ཚིལ་བྱེད་ན་ཉེས་བྱས་སོ། །རོ། །དེ་ཡང་ལུང་ཞུ་བ་ལས། སེན་མོ་ལ་རེག་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ། །སེན་མོས་རེག་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སོ་དང་སྤུ་ལ་ཡང་གསུངས་པ་དང་། དེ་བཞིན་དུ་སེན་མོ་ལ་སོགས་པ་དེ་དག་ལ་ག་ག་ཚིལ་བྱེད་པ་དང་། དེ་དག་གིས་ག་ག་ཚིལ་བྱེད་ན་ཉེས་བྱས་སོ་ཞེས་ལུང་ལས་གསུངས་སོ། །བུད་མེད་ཀྱི་ཤ་མེད་པའི་རུས་པ་ལ་དགེ་སློང་གིས་རེག་ན་ལུང་ཞུ་བ་ཉུང་ཤོས་ལས་སྦོམ་པོར་གསུངས་ཀྱང་སྦོམ་པོ་བཏགས་པ་བར་དགོངས་པ་བཀྲལ་ལ། ལུང་ཞུ་བ་མང་ཤོས་ལས། བུད་མེད་ཀྱི་ཀེང་རུས་ཤ་མེད་པ་ལ་རེག་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པ་དེའི་རྗེས་སུ་འབྲང་ངོ་། །ཤ་མེད་པའི་རུས་པ་ནི་རེག་བྱའི་ཡུལ་དུ་གསུངས་ཀྱི། རེག་བྱེད་དང་ག་ག་ཚིལ་ལ་ནི་གསུངས་པ་་་་་་ལུང་ན་མི་སྣང་ངོ་། །འོ་ན་སྤུ་ལ་རེག་ན་ལྟུང་བ་ན་སྨད་དུ་གསུངས་པ་དང་། འདིར་ལན་བུ་ནི་དེ་དང་ལྡན་པ་ཉིད་དོ། །ཞེན་ལན་བུ་ལ་རེག་ན་དགེ་འདུན་ལྷག་མར་གསུངས་པ་འགལ་ལོ་ཞེ་ན། དེའི་འགལ་སྤོང་ནི། སྔར་རེག་པའི་ལྷག་མའི་སྐབས་སུ་རྒྱས་པར་བཤད་ཟིན་ཏོ། །གཉིས་པ་གཞི་ཐ་སྙད་ལས་གྱུར་པ་ནི་མིའི་འགྲོ་བ་པ་ཞེས་པ་ལ་སོགས་པས་བསྟན་ཏོ། །འདི་ལ་གཉིས་ལས། དང་པོ་སྤྱིའི་དོན་ཏོ། །དེ་ལ་ལྔ་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ལ་གཉིས་ཏེ། གཞིའི་ཡན་ལག་གི་ཐ་སྙད་ཀྱི་ཁྱབ་པ་སྦྱར་བ་དང་། བཅོལ་བའི་ཡུལ་གྱི་ཐ་སྙད་ཀྱི་ཁྱབ་པ་སྦྱར་བའོ། །དང་པོ་ནི། རྐུ་དང་སྲོག་གཅོད་མ་གཏོགས་པ། གཞིའི་ཡན་ལག་ཏུ་་་་་་།མི་ཡིན་ངེས་གཟུང་་་་་་དུ་དགོས་ཞེས་ཀུན་ལ་་་་་་ཐ་སྙད་ཀྱི་ཁྱབ་པ་སྦྱར། །ཁང་པ་ཁང་ཆེན་བསྒོ་གྱུར་ལྔ། །བརྟད་དང་འབྱུང་དང་རིམ་པ་གཉིས། །དུས་མིན་སྐྱ་རེངས་ཁྲི་རྐང་བརྡལ། །བཅུ་བཞི་མ་གཏོགས་གཞན་རྣམས་ལ། །གསུངས་སོ་དེ་དག་ལ་ཡང་སྦྱར། །ཞེས་གཟུང་ངོ་། །གཉིས་པ་ནི། བཅོལ་ཡང་རྫོགས་པ་སུམ་ཅུ་གཉིས། །རྐུ་དང་སྲོག་གཅོད་བཞི་བཀོལ་བའི། །ལྷག་མ་ཉི་ཤུ་བདུན་ལ་སྦྱར། །སྨྱན་དང་ཁང་པ་ཁང་ཆེན་དང་། །ཆ་གཉིས་དྲུག་དང་བྱིན་འཕྲོག་དང་། །ཐ་ག་གཉིས་སྐྲོད་རིན་ཆེ་ན་རེག །དངངས་སྦེད་བཅུ་གཉིས་མ་གཏོགས་ལ། །གསུངས་སོ་དེ་དག་ལ་ཡང་སྦྱར། །ཞེས་གཟུང་ངོ་། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི། ཐ་སྙད་ལྔ་ལྡན་དང་བཞི་ལྡན་ལ་སོགས་པའོ། །དེ་ཡང་ཐ་སྙད་ལྔ་ལྡན་ནི། མི་ཡིན་པ་དང་སྨྲ་ཤེས་པ་དང་། དོན་གོ་བ་དང་ཤེས་པ་རང་བཞིན་དུ་གནས་པ་དང་། མ་ནིང་དང་མཚན་གཉིས་པ་མ་ཡིན་པ་སྟེ་ལྔ་པོ་དེ་རྣམས་གང་གི་རྒྱུད་ལ་ལྡན་པའོ། །དེ་ལྟར་ཡང་མིའི་འགྲོ་བ་པོ་ནི་ཐ་སྙད་དུ་བྱ་བ་ཉིད་ཡིན་ནོ། །སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ། རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ། །རང་བཞིན་ཉམས་པ་ནི་མ་ཡིན་ནོ། །མ་ནིང་དང་མཚན་གཉིས་པ་དག་ནི་དེ་དང་ལྡན་པ་ཉིད་དོ། །ཞེས་གསུངས་སོ། །དེ་ལྟར་ཐ་སྙད་ལྔ་ལྡན་གཞིའི་ཡན་ལག་ཏུ་དགོས་པ་ནི། ཁྱིམ་པ་སྤྱིས་བསྐྱེད་ཉི་ཤུ་རྩ་བདུན་དང་། །བསྙེན་པར་མ་རྫོགས་པ་སྤྱིས་བསྐྱེད་བཞི་དང་། །ཐ་སྙད་སྤྱིས་བསྐྱེད་བཅུ་གཉིས་པོ་རྣམས་སོ། །དེ་ཡང་ཉི་ཤུ་རྩ་བདུན་པོ་དང་། །བཞི་པོ་ནི་སྐབས་གཞན་དུ་སྟོན་ཅིང་། །ཐ་སྙད་སྤྱིས་བསྐྱེད་བཅུ་གཉིས་ནི། །ཕམ་རྫུན་གཞི་མེད་བག་ཙམ་དང་། །ཁྱིམ་སུན་འབྱིན་དང་ཤེས་བཞིན་དང་། །ཟས་ཕྱིར་ཆོས་སྟོན་སྡིག་ལྟ་འཛིན། །ལྷག་མས་སྐུར་འདེབས་གོ་བྱ་དང་། །ཁང་པའི་བཙལ་ཡུལ་ཁང་ཆེན་དག །བཤེས་ངོའི་བསྔོ་ཡུལ་རིམ་གཉིས་བདག །ཅེས་གཟུང་ངོ་། །དེ་དག་གི་རང་བཞིན་ནི་ཐ་སྙད་ལྔ་དང་ལྡན་ན། ཁྱིམ་པ་ཡིན་ཡང་རུང་། རབ་བྱུང་ཡིན་ཡང་རུང་། སྐྱེས་པ་དང་བུད་མེད་དང་ཉེ་དུ་དང་ཉེ་དུ་མ་ཡིན་པ་གང་ཡིན་ཡང་རུང་སྟེ། ལྟུང་བ་དངོས་གཞི་བསྐྱེད་པའི་ཡུལ་དུ་འདྲ་བའོ། །ཐ་སྙད་བཞི་ལྡན་གཞིའི་ཡན་ལག་ཏུ་དགོས་པ་ནི། དམག་ལྟུང་གསུམ་ལྟ་བུ་་་་་་གཞིའི་ཡན་ལག་ཏུ་སྐྱེས་པ་ངེས་གཟུང་དུ་དགོས་པའམ། ཁྱིམ་པ་མོ་ལ་ཆོས་སྟོན་པ་ལྟ་བུ་་་་་་བུད་མེད་ངེས་གཟུང་དུ་དགོས་པ་རྣམས་སོ། །དེ་རྣམས་ལ་ཡང་དོན་ལ་ཐ་སྙད་ལྔ་ལྡན་ཡན་ལག་ཏུ་དགོས་མོད་ཀྱི། བཞི་ལྡན་ཞེས་བརྗོད་པ་ནི་མ་ནིང་དང་མཚན་གཉིས་པ་མ་ཡིན་པ་ཕྲི་བ་སྟེ། ཐ་སྙད་བཞི་ལྡན་གཞིའི་ཡན་ལག་ཏུ་སྦྱོར་བའི་ལྟུང་བ་རྣམས་ལ། སྐྱེས་པའི་མཚན་དོན་ཡོད་པའམ་བུད་མེད་ཀྱི་མཚན་དོན་ཡོད་པ་ཡན་ལག་ཏུ་བགྲངས་པ་ན། མ་ནིང་དང་མཚན་གཉིས་པ་མ་ཡིན་པར་གྲུབ་ཟིན་པའི་ཕྱིར་རོ། །ཐ་སྙད་གསུམ་ལྡན་གཞིའི་ཡན་ལག་ཏུ་དགོས་པ་ནི། གཞི་དགེ་སློང་ལས་གྱུར་པ་བཞི་བཅུ་རྩ་དྲུག་དང་། དགེ་སློང་མ་ལས་གྱུར་པ་བཅུ་བཞི་དང་། བསྙེན་རྫོགས་སྤྱིས་བསྐྱེད་གསུམ་དང་། དགེ་ཚུལ་ལས་གྱུར་པ་བསྙིལ་བ་སྡུད་པ་དང་། སྡེ་ལྔ་སྤྱིས་བསྐྱེད་པ་གཉིས་ཏེ། སྦེད་པ་དང་མ་སྨྲས་པར་གྲོང་དུ་འགྲོ་བའོ། །དེ་རྣམས་ལ་ཡང་དོན་ལ་ཐ་སྙད་ལྔ་ལྡན་ཡན་ལག་ཏུ་དགོས་མོད་ཀྱི། གསུམ་ལྡན་ཞེས་བརྗོད་པ་ནི། མི་ཡིན་པ་དང་མ་ནིང་དང་མཚན་གཉིས་པ་མ་ཡིན་པ་ཕྲི་བ་སྟེ། ཐ་སྙད་གསུམ་ལྡན་གཞིའི་ཡན་ལག་ཏུ་སྦྱོར་བའི་ལྟུང་བ་རྣམས་ལ། དགེ་སློང་གི་སྡོམ་པ་རྣམ་པར་དག་པའམ་དགེ་སློང་མ་ལ་སོགས་པའི་སྡོམ་པ་རྣམ་དག་ཡན་ལག་ཏུ་བགྲངས་པ་ན། མི་ཡིན་པར་གྲུབ་ཟིན་པའི་ཕྱིར་དང་མ་ནིང་དང་མཚན་གཉིས་པ་མ་ཡིན་པར་གྲུབ་ཟིན་པའི་ཕྱིར་རོ། །དེ་ཡང་མི་ཡིན་པ་དང་མ་ནིང་དང་མཚན་གཉིས་པ་མ་ཡིན་པ་སྨོས་མི་དགོས་པ་ཡིན་གྱི། དོན་ལ་མི་དགོས་པ་ནི་མ་ཡིན་ཏེ། མི་མ་ཡིན་དང་མ་ནིང་དང་མཚན་གཉིས་པ་ཡུལ་དུ་བྱས་པ་ལས་ནི། དགེ་སློང་ལས་གྱུར་པ་ལ་སོགས་པ་དེ་དག་གི་ལྟུང་བ་དངོས་གཞི་བསྐྱེད་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ཡང་ལུང་ཞུ་བ་ལས། དགེ་་་་་་འགྲོ་བ་གཞན་དུ་གནས་པ་དང་ལྐུག་པ་དང་གླེན་པ་དང་དགེ་སློང་སྨྱོན་པ་ལ་བརྡེག་ན་ཅིར་འགྱུར་ཉེས་བྱས་སོ། །མ་ནིང་ལ་བརྡེག་ན་ཉེས་བྱས་སོ་ཞེས་གསུངས་ཏེ་དེ་དག་ལ་སོགས་པ་སློང་གིས་བསྐྱེད་པ་ལ་སོགས་པ་ལ་ཡང་ཐ་སྙད་ལྔ་ལྡན་ཡན་ལག་ཏུ་དགོས་པར་སེལ་བའི་སྒོ་ནས་གསུངས་པས་སོ། །ཐ་སྙད་ཕྱེད་དང་གཉིས་ལྡན་གཞིའི་ཡན་ལག་ཏུ་དགོས་པ་ནི་རེག་པའི་ལྷག་མ་སྟེ། གང་ལ་རེག་པའི་ཡུལ་དེ་མི་ཡིན་པ་ཡན་ལག་ཏུ་དགོས་ལ། ཤེས་པ་རང་བཞིན་དུ་གནས་པའི་ཕྱེད་ཀྱང་སྟེ། དེ་ཡང་སྨྱོ་བ་ལ་སོགས་པ་མ་ཡིན་པ་ནི་ཡན་ལག་ཏུ་དགོས་ལ། གཉིད་ལོག་པ་ལ་སོགས་པ་མ་ཡིན་པ་ནི་ཡན་ལག་ཏུ་མི་དགོས་པའི་ཕྱིར་རོ། །དེ་ལྟར་ཡང་ལུང་ཞུ་བ་ལས་སྨྱོ་བ་དང་ལྷན་ཅིག་ཏུ་ལུས་ཀྱིས་རེག་པར་བགྱིད་ན་ཅིར་འགྱུར་སྦོམ་པོར་འགྱུར་ཞེས་པ་ལ་སོགས་པ་་་་་་དེ་བཞིན་དུ་སེམས་འཁྲུགས་པ་དང་། ཚོར་བས་གཟིར་བ་དང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་རང་བཞིན་གནས་པའི་འདུ་ཤེས་མེད་པ་སྟེ་གསུངས་པས་ཤེས་པ་རང་བཞིན་མི་གནས་པ་གཙོ་བོ་བཞི་ལ་རེག་ཀྱང་རེག་པའི་ལྷག་མ་མི་སྐྱེད་ལ། ཤེས་པ་རང་བཞིན་དུ་མི་གནས་པ་གཙོ་བོ་མ་ཡིན་པ་བཞི་་་་་་སྟེ་གཉིད་ལོག་པ་དང་ར་རོ་བ་དང་རྫས་ཀྱིས་མྱོས་པ་དང་སྙོམས་པར་ཞུགས་པ་མོ་དང་བཞི་ལ་རེག་ན་ནི་རེག་པའི་ལྷག་མ་བསྐྱེད་དེ། ལུང་ཞུ་བ་ལས། བུད་མེད་གཉིད་ལོག་པ་དང་ལྷན་ཅིག་ཏུ་ལུས་ཀྱིས་རེག་པར་བགྱིད་ན་ཅིར་འགྱུར་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་སྙོམས་པར་ཞུགས་པ་མོ་ལ་རེག་ན་ཅིར་འགྱུར་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གསུམ་པ་སེལ་བ་ནི་་་་་་མིའི་སེལ་བ་མི་མ་ཡིན་པ་དང་་་་་་སྨྲ་ཤེས་ཀྱི་སེལ་བ་ལྐུག་པ་དང་དོན་མི་གོ་བ་དང་སྨྱོ་བ་ལ་སོགས་པ་དང་མ་ནིང་དང་མཚན་གཉིས་པ་སེལ་བར་གཏོགས་པའོ། །བཞི་པ་ཅིར་འགྱུར་ནི་ཐ་སྙད་ཀྱི་ཡན་ལག་ལྔ་པོ་རེ་རེ་མ་ཚང་བ་ལ་ནི་སྤྱིར་བཏང་ལ་རང་རང་གི་ན་སྨད་དུ་འགྱུར་ཏེ། འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ་ཞེས་བཤད་པས་སོ། །དམིགས་བསལ་ནི་མི་ཡིན་པའི་སེལ་བ་དུད་འགྲོ་ལས་ནི་ཆེས་ན་སྨད་དུ་འགྱུར་ལ། གནས་ངན་ལེན་འཆབ་པའི་ཡུལ་་་་་་མི་དང་སྨྲ་ཤེས་སོགས་ཐ་སྙད་དང་མི་ལྡན་ན་ནི་འཆབ་པའི་ལྟུང་བ་མེད་དོ། །་་་་་དེ་དུས་དང་དུས་མིན་བསྡུས་པའི་གཞི་ལས་བཤད། ཡན་ལག་གཉིས་མ་ཚང་བ་ན་ཆེས་ན་སྨད་དུ་འགྱུར་ཏེ། དུ་མ་མ་ཚང་བ་ལ་ནི་དེ་བས་ཀྱང་ངོ་ཞེས་སོ། །ལྔ་པ་དེ་རྣམས་ཀྱི་རྒྱུ་མཚན་ནི། ཐ་སྙད་དང་མི་ལྡན་པ་ལ་རང་རང་གི་དགག་བྱ་ངོ་བོའི་སྒོ་ནས་མི་རྫོགས་པའི་ཕྱིར་རོ། །དེ་ཡང་མི་མ་ཡིན་ནི་རང་བཞིན་གྱིས་བསྐལ་བ་ཡིན་པས་ཐ་སྙད་མཐུན་སྣང་དུ་མེད་པའི་ཕྱིར་དང་། སྨྲ་མི་ཤེས་ནི་བུམ་ནང་གི་མར་མེ་དང་འདྲ་བར་གང་དུ་ཡང་གསལ་བར་མི་ནུས་པའི་ཕྱིར་དང་། གླེན་པ་ལ་སོགས་པ་དོན་མི་གོ་ན་ནི་རྣམ་པར་རིག་བྱེད་ཀྱི་འབྲས་བུས་དོན་རྟོགས་པ་མེད་པའི་ཕྱིར་དང་། སྨྱོ་བ་ལ་སོགས་པ་ཤེས་པ་རང་བཞིན་དུ་མི་གནས་པ་ནི་ཤེས་པ་གཏད་ཐུབ་ཏུ་གནས་པའི་རང་བཞིན་ལས་ཉམས་པའི་ཕྱིར་དང་། མ་ནིང་དང་མཚན་གཉིས་པ་ནི་ཊཱི་ཀ་ལས་ལུས་ནི་རོ་ལྟ་བུར་ཡིད་ལ་སྣང་ངོ་། །སེམས་ནི་གདོན་གྱིས་བརླམས་པ་དང་འདྲ་བར་མི་གསལ་བས་ནད་པ་ལྟ་བུ་ཡིན་ནོ་ཞེས་གསུངས་ཏེ། རང་བཞིན་ཉམས་པ་དངོས་མ་ཡིན་ཡང་ཉམས་པའི་བྱ་བ་དང་ལྡན་པའི་ཕྱིར་རོ། །ཊཱི་ཀ་ལས་ཟ་མ་ནི་དེ་ལྟ་མ་ཡིན་ཏེ། དེ་ལ་མི་ཁྱད་པར་ཅན་གྱི་ཐ་སྙད་དུ་བྱ་བ་སྲིད་པའི་ཕྱིར་རོ། །མཚན་མེད་པ་ནི་འདིར་མ་ནིང་སྨོས་པ་ལས་ཐ་མི་དད་པས་ལོགས་ཤིག་ཏུ་མ་སྨྲས་སོ། །ཉམས་པ་མ་ནིང་ནི་ཇི་སྲིད་དུ་འགྱུར་བ་བསྟེན་པར་མི་བྱེད་པ་སྟེ་དེ་སྲིད་དུ་དེ་ཐ་སྙད་བྱར་མི་རུང་བ་ཉིད་མ་ཡིན་ནོ། །འགྱུར་བ་བསྟེན་པའི་དུས་ན་ནི་དེ་ཡང་ཐ་སྙད་དུ་བྱར་མི་རུང་བ་ཉིད་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ཡན་ལག་གི་དོན་ལ་གསུམ་ལས། དང་པོ་གཞིའི་ཡན་ལག་ནི། ཡུལ་ཕ་རོལ་པོ་མིའི་འགྲོ་བ་པོ་ནི་རྫུན་སྨྲ་བ་དང་འཁྲིག་ཚིག་སྨྲ་བ་ལ་སོགས་པ་ཐ་སྙད་དུ་བྱ་བ་རྣམས་ཀྱི་གཞིའི་ཡན་ལག་ཉིད་ཡིན་ནོ། །དེས་ན་མི་མ་ཡིན་པའི་དྲུང་དུ་སྨྲ་བ་ལ་ནི་ན་སྨད་པ་སྟེ། ལུང་ཞུ་བ་ལས་འགྲོ་བ་གཞན་དུ་གྱུར་པ་རྣམས་ཀྱི་དྲུང་དུ་མི་ཆོས་བླ་མར་གྱུར་པའི་རྫུན་སྨྲས་ན་སྦོམ་པོར་འགྱུར་རོ་ཞེས་པ་ལ་སོགས་པ་མང་དུ་གསུངས་སོ། །གཉིས་པ་གཞིའི་སེལ་བ་ནི། མིའི་འགྲོ་བ་པ་ཡིན་ཡང་ཤེས་པ་རང་བཞིན་གནས་པ་ལས་ཉམས་པ་སྨྱོ་བ་སེམས་འཁྲུགས་ཚོར་བས་གཟིར་བ་ནི་མ་ཡིན་ནོ་ཞེས་ཏེ་ཐ་སྙད་དུ་བྱ་བ་རྣམས་ཀྱི་དངོས་གཞིའི་ཡན་ལག་མ་ཡིན་ནོ། །དེ་ཡང་ལུང་ཞུ་བ་ལས། དགེ་སློང་གིས་སྨྱོན་པ་ལ་མི་ཆོས་བླ་མར་གྱུར་པའི་རྫུན་སྨྲས་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་པ་ལ་སོགས་པ་མང་དུ་གསུངས་སོ། །རྒྱུད་གཅིག་ལ་འདོད་ཆགས་གཉིས་ཀྱིས་གནོད་པའི་མ་ནིང་དང་ལུས་གཅིག་ལ་སྐྱེས་པ་བུད་མེད་གཉིས་ཀའི་མཚན་དུས་གཅིག་ཏུ་ལྡན་པའི་མཚན་གཉིས་པ་དག་ནི་རང་བཞིན་ཉམས་པའི་བྱ་བ་དེ་དང་ལྡན་པ་སྟེ། མ་ནིང་དང་མཚན་གཉིས་པ་ཡུལ་དུ་བྱས་ན་རེག་པ་ལ་ན་སྨད་དུ་འགྱུར་བའི་སྒོ་ནས་སྨྱོ་བ་ལ་སོགས་པ་དང་འདྲ་བ་ཉིད་དོ། །དེས་ན་མ་ནིང་དང་མཚན་གཉིས་པ་དག་ལ་རྫུན་དུ་སྨྲ་བའམ་མ་ནིང་དང་མཚན་གཉིས་པ་ལ་སྐུར་པ་འདེབས་པའམ་རྡེག་གཟས་ལ་སོགས་པ་བྱེད་ན་ལྟུང་བ་ན་སྨད་པ་སྟེ། མདོར་ན་མ་བྱིན་ལེན་དང་སྲོག་གཅོད་པ་མ་གཏོགས་པ་གནོད་པ་ལས་གྱུར་པ་ཐམས་ཅད་དུ་ཡང་ན་སྨད་དོ། །མ་བྱིན་ལེན་མ་གཏོགས་པ་གོས་སློང་བ་ལ་སོགས་པ་ཕྱི་ལོངས་སྤྱོད་ལ་ཆགས་པའི་འདོད་པ་ལས་གྱུར་པ་ཐམས་ཅད་དུ་ཡང་ན་སྨད་དོ། །ནང་སེམས་ཅན་ལ་ཆགས་པའི་འདོད་པ་ལས་གྱུར་པ་ལ་ནི་མཚན་གཉིས་པ་ལ་རེག་པ་ལ་སོགས་པ་བྱས་ན་ལྟུང་བ་དངོས་གཞི་རྫོགས་པར་བསྐྱེད་པ་ཡོད་དེ། མཚན་ཅིག་ཤོས་དོན་མེད་དོ། །་་་་་གོང་དུ་བཤད་ཟིན་ཏོ། །གསུམ་པ་གཞིའི་ཆ་ནས་འདྲ་བ་ནི། ལྷག་མ་སྐྱེད་བྱེད་ཀྱི་རེག་པའི་ཡུལ་ནི་སྨྲ་བའི་ཐ་སྙད་ཀྱི་ཡུལ་དང་འདྲ་སྟེ། རེག་པའི་ལྷག་མ་བསྐྱེད་པ་ལ་གང་ལ་རེག་པའི་ཡུལ་དེ་མི་ཡིན་པ་དང་། སྨྱོ་བ་སེམས་འཁྲུགས་ཚོར་བས་གཟིར་བ་མ་ཡིན་པ་ཡན་ལག་ཏུ་དགོས་ཏེ་ཡུལ་དེའི་ཆ་ནས་ཐ་སྙད་དང་འདྲའོ། །དེས་ན་མི་མ་ཡིན་མེ་ལ་རེག་པ་དང་སྨྱོན་མ་དང་སེམས་འཁྲུགས་མ་དང་ཚོར་བས་གཟིར་བ་མོ་ལ་རེག་ན་སྦོམ་པོར་འགྱུར་ལ། བུད་མེད་གཉིད་ལོག་པ་དང་ར་རོ་བ་དང་རྫས་ཀྱིས་མྱོས་པ་དང་སྙོམས་པར་ཞུགས་པ་མོ་ལ་རེག་ན་ནི་དགེ་འདུན་ལྷག་མར་འགྱུར་རོ། །་་་་་ལུང་མཚན་དུ་བྲི་རེག་པའི་ལྷག་མ་འདི་ལ་སྨྲ་ཤེས་པ་དང་དོན་གོ་བ་ནི་ཡན་ལག་ཏུ་མི་དགོས་ཏེ། ལྐུག་མ་དང་དོན་མི་གོ་བ་ལ་རེག་ན་ཡང་དགེ་འདུན་ལྷག་མར་འགྱུར་རོ། །གསུམ་པ་ཁྱིམ་པ་ལས་གྱུར་པ་ནི། ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་ཞེས་སོ། །འདི་ལ་གཉིས་ལས། དང་པོ་སྤྱིའི་དོན་ཏོ། །དེ་ལ་ལྔ་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ནི། ཁྱིམ་པ་ལས་གྱུར་པ་སུམ་ཅུ་རྩ་ལྔ་ལ་སྦྱར་ཏེ། དེ་ཡང་ལུང་ཞུ་བ་ལས་ཁྱིམ་སུན་འབྱིན་དང་གོས་སློང་དང་། །སློང་རིགས་རིན་ཐང་སོ་སོར་བསྐུར། །ལྷུང་བཟེད་སློང་དང་རས་ཆེན་འཚོལ། །སྦྱོར་བཅུག་ཡང་ཡང་འདུག་གནས་དང་། །ཕྱེ་དང་བསོད་པ་མགྲོན་གཉེར་དང་། །ཟས་བཅས་བཅོ་ལྔའི་ཡུལ་ལ་གསུངས། །ཞེས་གཟུང་སྟེ། དེ་རྣམས་ལ་ཁྱིམ་པ་ཡན་ལག་ཏུ་དགོས་པར་ལུང་ཞུ་བ་ལས་གསུངས་སོ། །མངོན་མཚན་ཉོ་ཚོང་ཐ་ག་གཉིས། །བརྟད་བྱུང་དང་ནི་སྟོན་པ་དང་། །ཉལ་ཤོམ་གཉིས་དང་དམག་གསུམ་པ་དེ། །སྐྱེས་མེད་འགྲོ་རྐུ་དུས་མིན་དང་། །སྐྱ་རེངས་སོ་སོར་བཤགས་པ་བཞི། །ཉི་ཤུ་ལ་ཡང་དེ་བཞིན་སྦྱར། །ཞེས་སྦྱར་ཏེ། ཉི་ཤུ་པོ་དེ་དག་ལ་ཁྱིམ་པ་ཡན་ལག་ཏུ་དགོས་པར་ལུང་ཞུ་བ་ལས་མ་གསུངས་ཀྱང་། དེ་དག་ཕལ་ཆེར་ལུང་རྣམ་འབྱེད་ལས་ནི་ཡུལ་ཁྱིམ་པ་ཡན་ལག་ཏུ་དགོས་པར་དངོས་སུ་གསུངས་སོ། །དེ་ཡང་དགེ་སློང་མ་ལས་ཁ་ཟས་ལེན་པ་ནི་གནས་ཀྱི་ཆ་ནས་འདིར་་་་་་ཁྱིམ་པ་ལས་གྱུར་པར་བགྲངས་པའོ། །དེ་དག་ལ་ཡང་དམག་གི་ལྟུང་བ་གསུམ་དང་རྐུན་མ་དང་ལམ་དུ་འགྲོ་བ་ནི་ཁྱིམ་པ་ཕོ་ལས་གྱུར་པའོ། །ཆོས་སྟོན་པ་དང་ལམ་དུ་འགྲོ་བ་གཉིས་ནི་ཁྱིམ་པ་མོ་ལས་གྱུར་པའོ། །ཉལ་ཤོམ་འདུག་འགྲེང་གཉིས་ནི་གཉིས་ཀ་ཚོགས་པ་ལས་གྱུར་པའོ། །དེ་དག་གི་ལྷག་མ་ཉི་ཤུ་རྩ་བདུན་ནི་ཁྱིམ་པ་ཕོ་གང་རུང་ལས་གྱུར་པའོ། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི། ཁྱིམ་པ་ཡིན་པ་སྟེ། ཁྱིམ་པ་གཞིའི་ཡན་ལག་ཏུ་དགོས་པའོ། །ཁྱིམ་པ་ཞེས་པ་ནི། ཆུང་མ་དང་བཅས་པ་ཁོ་ནར་མ་ཟད་ཀྱི་་་་་་ཡང་དག་པར་བླང་བ་སྔོན་དུ་བཏང་བའི་སྒོ་ནས་རབ་ཏུ་བྱུང་བ་རྣམ་གཉིས་ཀྱི་ཆ་ལུགས་དང་སྡོམ་པ་གང་ཡང་མི་ལྡན་པའི་གང་ཟག་སྟེ། འདི་ཉིད་དང་ཞུ་བ་ལས་རབ་ཏུ་བྱུང་བ་རྣམ་གཉིས་སེལ་བར་གསུངས་པས་སོ། །ཁྱིམ་པ་རང་གིས་རྟགས་བླངས་པ་ནི་་་་་་རབ་བྱུང་གི་ཆ་ལུགས་གནས་ཀྱང་ཁྱིམ་པ་ཉིད་ཡིན་པར་གསལ་ཏེ། ཊཱི་ཀ་ལས་ཁྱིམ་པ་རང་གིས་རྟགས་བླངས་པ་ནི་ངོ་བོ་ཉིད་ཀྱི་རབ་ཏུ་བྱུང་བ་མེད་པས་དེ་ལ་ནི་ཉེས་བྱས་སུ་རྣམ་པར་བཞག་པ་མ་མཛད་དེ་བསོད་ནམས་མ་ཡིན་པ་མང་པོ་སྐྱེའོ་ཞེས་གསུངས་པས་སོ། །གསུམ་པ་སེལ་བ་ནི་ཡུལ་དེ་ཁྱིམ་པ་མ་ཡིན་པ་སྟེ། ཡུལ་དེ་རབ་ཏུ་བྱུང་བ་རྟགས་ཅན་དྲུག་དང་། བསྙེན་རྫོགས་ཀྱི་སྡོམ་པ་རྣམ་དག་དང་ལྡན་པ་ཡིན་ནའོ། །བཞི་པ་ཅིར་འགྱུར་ནི་ཁྱིམ་པ་ལས་གྱུར་པ་རྣམས་ཀྱི་སྐབས་སུ། སེལ་བ་དགེ་ཚུལ་ཕ་མ་གཉིས་དང་དགེ་སློབ་མ་དང་ཉམས་པ་དང་མ་སྐྱེས་པ་དང་ཕྱི་རོལ་པའི་རབ་ཏུ་བྱུང་བ་སྟེ་རྟགས་ཅན་དྲུག་པོ་ཡུལ་དུ་བྱས་ན་རང་རང་གི་ན་སྨད་དུ་འགྱུར་ཏེ། འོག་མ་དག་ལ་ནི་ཞེས་གསུངས་པས་སོ། །སེལ་བ་བསྙེན་རྫོགས་རྣམ་དག་ཡུལ་དུ་བྱས་ན་ནི་ཆེས་ན་སྨད་དུ་འགྱུར་ཏེ། འདིར་གཏོགས་པ་ལ་ཁྱིམ་པ་ལ་ནི་རྟགས་ཅན་ཉིད་ཀྱི་བས་ན་སྨད་དོ་ཞེས་བཤད་པས། ཁྱིམ་པ་ལས་གྱུར་པ་འདིར་གཏོགས་པ་ལ་བསྙེན་རྫོགས་རྣམ་དག་ལ་ནི་རྟགས་ཅན་ཉིད་པས་ན་སྨད་དོ་ཞེས་དོན་གྱིས་འཐོབ་བོ། །དམིགས་བསལ་ནི། ཁྱིམ་པ་ལ་་་་་་གོས་སློང་བ་དང་ཁྱིམ་པ་མོ་དང་་་་་་ལམ་དུ་འགྲོ་བ་་་་་་སེལ་བ་ལ་ནི་དགེ་སློང་མ་ལ་གོས་བླངས་པ་དང་་་་་་དགེ་སློང་མ་དང་མགྲོན་ལམ་དུ་ཞུགས་ན་དངོས་གཞིར་འགྱུར་ལ། ཚིགས་ལྔའམ་དྲུག་ལས་ལྷག་པར་་་་་་ཁྱིམ་པ་མོ་ལ་ཆོས་སྟོན་པ་དང་མ་སྨྲས་པར་གྲོང་དུ་འགྲོ་བ་དང་སྔ་དྲོའམ་ཕྱི་དྲོ་་་་་་གྲོང་དུ་རྒྱུ་བ་དང་གསུམ་ལས། སེལ་བ་རབ་བྱུང་རྣམ་དག་ལ་་་་་་ཚིགས་ལྔའམ་དྲུག་ལས་ལྷག་པར་ཆོས་སྟོན་པ་དང་། ཕྱི་དྲོ་མ་སྨྲས་པར་རབ་ཏུ་བྱུང་བ་རྣམ་དག་་་་་་དེའི་གནས་ཁང་དུ་འཇུག་པ་ལ་ལྟུང་བ་མེད་དེ་དགག་བྱ་མེད་པའི་ཕྱིར་རོ། །ལྔ་པ་རྒྱུ་མཚན་ལ་གཉིས་ལས། དང་པོ་ན་སྨད་དུ་འགྱུར་བའི་རྒྱུ་མཚན་ནི། དེ་དག་གི་དགག་བྱ་མི་རྫོགས་པའི་ཕྱིར་རོ། །དེ་ཡང་གོས་སློང་བ་ལ་སོགས་པ་ཕྱི་ལོངས་སྤྱོད་དང་འབྲེལ་བ་རྣམས་ལ། རབ་ཏུ་བྱུང་བ་རྣམ་པ་གཉིས་ཀྱིས་ཡོ་བྱད་མང་པོ་གསོག་པ་རང་རང་གི་སྟོན་པས་བཀག་པས་དེ་དག་ལ་གོས་སློང་བ་ལ་སོགས་པ་འབྱུང་རིང་བའམ་་་་་་ཕྱི་རོལ་པའི་རབ་ཏུ་བྱུང་བ་ལ་ཡོ་བྱད་མང་པོ་གསོག་པར་བཀག་པ་ཅིས་ཤེས་ན་འོད་སྲུངས་ཆེན་པོའི་བྱུང་བ་ལས། རས་ཆོས་ཟུང་ནི་བཅང་བར་བྱ། །བྲེ་ཆུང་གང་གིས་འབྲས་ཆེན་རུང་། །མལ་གཅིག་གིས་ནི་བདེ་བར་འཚོ། །ལྷག་མ་གཏི་མུག་འཛིན་པ་ཡིན་ཞེས་བཤད་པས་སོ། །གྲུབ་མཐས་བློ་བསྒྱུར་བས་མ་དད་པ་སྐྱེ་བའི་དགག་བྱ་མི་རྫོགས་པའི་ཕྱིར་དང་། ཉལ་ཤོམ་གཉིས་དང་དམག་ལྟུང་གསུམ་དང་རྐུན་མ་དང་ལམ་འགྲོ་རྣམས་ལ། རབ་ཏུ་བྱུང་བས་བྱ་བ་དེ་དག་ལ་འཇུག་པ་འབྱུང་རིང་བའི་ཕྱིར་རོ། །གཉིས་པ་ཆེས་ན་སྨད་དུ་འགྱུར་བའི་རྒྱུ་མཚན་ནི། ཡུལ་དགེ་སློང་ཕ་མ་རྣམ་དག་ཡིན་ན་རྟགས་ཅན་ཉིད་པས་ཀྱང་དགག་བྱ་ཆེས་མི་རྫོགས་པའི་ཕྱིར་རོ། །གཉིས་པ་ཡན་ལག་གི་དོན་ནི། ཁྱིམ་སུན་འབྱིན་པའི་ལྷག་མ་ལ་སོགས་པ་ཁྱིམ་པ་ལས་གྱུར་པ་རྣམས་ཀྱི་སྐབས་སུ་ཕྱི་རོལ་མུ་སྟེགས་པའི་རབ་ཏུ་བྱུང་བ་་་་་་གཅེར་བུ་པ་དང་ཀུན་ཏུ་རྒྱུ་ལ་སོགས་པ་དང་ཆོས་འདི་པའི་སྡོམ་པ་བླངས་ཀྱང་སྡོམ་པ་མ་ཆགས་ཏེ་སྡོམ་པ་མ་སྐྱེས་པ་དང་སྡོམ་པ་སྐྱེས་ཀྱང་ཕམ་པའི་ལྟུང་བས་ཉམས་པ་དག་ནི་ཕྱེད་ཉིད་ཁྱིམ་པ་སྟེ་ཡུལ་དེ་དག་ལ་བརྟེན་ནས་ཁྱིམ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའི་ཕྱེད་བསྐྱེད་པ་སྟེ་རང་རང་གི་ན་སྨད་དུ་འགྱུར་བའོ། །བཞི་པ་གཞི་རབ་ཏུ་བྱུང་བ་ལས་གྱུར་པ་དགེ་སློང་དང་དགེ་སློང་མ་ཞེས་པ་ལ་སོགས་པས་བསྟན་ཏོ། །འདི་ལ་གཉིས་ཏེ། གཞི་རབ་བྱུང་ལས་གྱུར་པ་སྤྱིར་དབྱེ་བ་དང་། ཡན་ལག་གི་དོན་ཏོ། །དང་པོ་ནི། གཞི་དགེ་སློང་ཕ་ལས་གྱུར་པ་བཞི་བཅུ་རྩ་དྲུག་དང་། དགེ་སློང་མ་ལས་གྱུར་པ་བཅུ་བཞི་དང་། བསྙེན་རྫོགས་ཙམ་ལས་གྱུར་པ་གསུམ་དང་། སྡེ་ལྔ་གང་ཡང་རུང་བ་ལས་གྱུར་པ་གཉིས་དང་། དགེ་ཚུལ་ལས་གྱུར་པ་གཅིག་གོ །གཉིས་པ་ཡན་ལག་གི་དོན་ལ་གཉིས་ཏེ། གཞིའི་ཡན་ལག་དང་། གཞིའི་སེལ་བའོ། །དང་པོ་ནི་དགེ་སློང་བསྙེན་པར་རྫོགས་པ་ཅན་ཞེས་པ་ནས་སོ། །འདི་ལ་གསུམ་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ནི་གཞི་དགེ་སློང་ལས་གྱུར་པ་བཞི་བཅུ་རྩ་དྲུག་ལ་སྦྱར་ཏེ། བསྒོ་ལྔ་འཕྲོག་དང་དངོས་བསྒྱུར་སྐྱོན། །ཕྲ་མ་སྐྱོ་སྔོགས་ལྟུང་བརྗོད་བཤེས། །ཁྱད་གསོད་འཕྱ་བསྒོ་ཁྲི་གདིང་སྐྲོད། །ཕྱིས་གནོན་འབྱུང་ཟས་སྟོབས་འདུས་དང་། །བརྡེག་གཟས་འཆབ་དང་བདེ་འདུན་ཆོས། །སྤངས་བསྙིལ་འགྱོད་དང་སོར་མོ་དང་། །དངངས་སྦེད་གདེང་མེད་ཉི་ཤུ་བསླབ། །འཐབ་དང་མི་སྨྲ་མ་གུས་དང་། །ཟས་བཅས་ད་གདོད་ཁྲི་རྐང་བརྡལ། །སོ་སོར་བཤགས་བྱ་ཐ་མ་གསུམ། །ཞེས་གཟུང་ངོ་། །དེ་དག་ལ་ཡང་གཉིས་ཏེ། དགེ་སློང་གི་དགེ་འདུན་ལས་གྱུར་པ་དང་། དགེ་སློང་གང་ཟག་ལས་ཀྱང་གྱུར་པའོ། །དང་པོ་ནི་བསྒོ་བ་ལས་གྱུར་པ་ལྔ་དང་། ལོ་ཉི་ཤུ་མ་ལོན་པ་བསྙེན་རྫོགས་བྱེད་པའི་ལྟུང་བྱེད་ལྟ་བུའོ། །གཉིས་པ་ནི་སྐྱོན་ནས་སྨྲ་བ་དང་བརྡེག་གཟས་བྱེད་པའི་ལྟུང་བྱེད་ལྟ་བུའོ། །གཉིས་པ་ཡན་ལག་གི་ངོ་བོ་ནི་དགེ་སློང་ཕའི་སྡོམ་པ་སྐྱེས་ལ་ཕམ་པས་མ་ཉམས་པ་སྟེ། གཞུང་འདིའི་དོན་ནི། རྟེན་དགེ་སློང་རྣམ་དག་གིས་ཕྲ་མ་བྱེད་པའི་ལྟུང་བྱེད་ལྟ་བུའི་དངོས་གཞི་བསྐྱེད་པ་ལ་ཡུལ་དགེ་སློང་བསྙེན་པར་རྫོགས་པའི་སྡོམ་པ་བསྐྱེད་པ་ཅན་ཕམ་པའི་ལྟུང་བས་མ་ཉམས་པ་ཉིད་ནི་ཡུལ་གྱི་བསླབ་པ་དག་ལ་ཡན་ལག་ཡིན་ནོ་ཞེས་བསྟན་ཏོ། །འདི་ལ་དམིགས་བསལ་ལྔ་སྟེ། སྐུར་འདེབས་གསུམ་དང་ཕམ་པ་འཆབ་བརྗོད་གཉིས་སོ། །འདི་ཉིད་ལས་་་་་་དེ་ཡང་དགེ་སློང་ཉམས་པ་ལ་ཡང་ངོ་ཞེས་གསུངས་པ་དང་། ཕམ་པ་མ་བྱུང་ན་ཕམ་པ་འཆབ་བརྗོད་མི་སྲིད་པའི་ཕྱིར་རོ། །ཡུལ་ཕམ་པའི་ལྟུང་བ་མ་ཉམས་པ་ཡན་ལག་ཏུ་དགོས་་་་་་པ་དང་འགལ་བ་སྤང་བ་ནི་མ་ཉམས་པ་ཡན་ལག་ཏུ་དགོས་ན། ཊཱི་ཀ་ལས་ཇི་ལྟར་དགེ་སློང་གིས་དགེ་སློང་ལ་བརྡེག་པ་དང་གཟས་པ་དང་འགྱོད་པ་བསྐྱེད་པ་དང་སྐྲོད་པ་ལ་སོགས་པ་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་དགེ་སློང་གིས་བསླབ་པ་བྱིན་པ་ལ་དེ་དག་བྱས་ན་ཡང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། བསླབ་པ་བྱིན་པའི་དགེ་སློང་གིས་བསླབ་པ་བྱིན་པའི་དགེ་སློང་ལ་དེ་དག་བྱས་ན་ཡང་བསླབ་པ་བྱིན་པའི་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་ཡུལ་རྟེན་གཉིས་ཀ་བསླབ་པ་བྱིན་པའི་དབང་དུ་བྱས་པ་སྟེ། དེ་ལ་ནི་མ་ཡིན་ནོ་ཞེས་གསུངས་སོ། །གལ་ཏེ་རྟེན་དགེ་སློང་རྣམ་དག་གིས་བསླབ་པ་བྱིན་པ་ཡུལ་དུ་བྱས་ན་ནི། སྔར་གྱི་དམིགས་བསལ་ལྔ་མ་གཏོགས་པ་ཡུལ་དགེ་སློང་ལས་གྱུར་པའི་ལྟུང་བ་རྫོགས་པར་མི་བསྐྱེད་དེ། ཡུལ་ཕམ་པས་མ་ཉམས་པ་མ་ཚང་བའི་ཕྱིར་རོ། །དེ་ཡང་ལུང་ཞུ་བ་ལས་བསླབ་པ་སྩལ་བ་རྣམས་ལ་རྙེད་པ་བསྔོས་པ་བདག་ཉིད་ལ་བསྒྱུར་ཏེ་རྙེད་པ་མངོན་དུ་གྲུབ་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་དང་། ཊཱི་ཀ་ལས་དེ་ལ་ཕྲ་མ་བྱས་ན་ཡང་དགེ་སློང་ལ་ཕྲ་མ་བྱས་པའི་ལྟུང་བྱེད་དུ་མི་འགྱུར་བ་དང་ཞེས་གསུངས་ཏེ། བསླབ་པ་བྱིན་པ་དེ་ལ་ཕྲ་མ་བྱས་ན་ཡང་ཞེས་བསྟན་ཏོ། །གསུམ་པ་སེལ་བ་ནི་ཡུལ་དགེ་སློང་གི་སྡོམ་པ་བླངས་ཀྱང་མ་སྐྱེས་པ་དང་། སྐྱེས་ཀྱང་ཕམ་པའི་ལྟུང་བས་ཉམས་པའོ། །དེ་དག་ཡུལ་དུ་བྱས་ན་ལྟུང་བ་ན་སྨད་པ་སྟེ། འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ་ཞེས་སོ། །ཡུལ་དགེ་སློང་མ་ལས་གྱུར་པ་ནི་དགེ་སློང་མ་བསྙེན་པར་རྫོགས་པ་ཅན་ཞེས་སོ། །འདི་ལ་གསུམ་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ནི། གཞི་དགེ་སློང་མ་ལས་གྱུར་པ་བཅུ་བཞི་ལ་སྦྱར་ཏེ། དེ་ཡང་འཁྲུར་འཇུག་ལེན་དང་རྨེལ་འཇུག་དང་། །མ་བསྐོས་སྟོན་པའི་བཅུ་ཚན་ལས། །འདུག་པ་མ་གཏོགས་དགུ་དག་དང་། །གྲོང་དང་ཁྱིམ་གཞན་བཅུ་བཞིའོ། །ཞེས་གཟུང་ངོ་། །གཉིས་པ་ཡན་ལག་གི་ངོ་བོ་ནི་ཡུལ་དེ་དགེ་སློང་མའི་སྡོམ་པ་སྐྱེས་པ་ཕམ་པས་མ་ཉམས་པ་སྟེ། གཞུང་འདིའི་དོན་ནི་རྟེན་དགེ་སློང་རྣམ་དག་གིས་ཆོས་གོས་འཁྲུར་འཇུག་ལ་སོགས་པའི་ཡུལ་དགེ་སློང་མ་བསྙེན་པར་རྫོགས་པའི་སྡོམ་པ་སྐྱེས་པ་ཅན་ཕམ་པའི་ལྟུང་བས་མ་ཉམས་པ་ཉིད་ནི་ཡུལ་གྱི་བསླབ་པ་དག་ལ་ཡན་ལག་ཡིན་ཞེས་བསྟན་ཏོ། །འོ་ན་ལུང་ཞུ་བ་ལས་དགེ་སློང་གིས་དགེ་སློང་མ་བསླབ་པ་སྩལ་བ་རྣམས་ལ་འཁྲུར་སྩལ་ན་ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་བསླབ་པ་སྩལ་བ་རྣམས་ལ་གོས་བླངས་ན་ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ་ཞེས་ན། ལུང་དེ་ནི་ཡུལ་རྟེན་གཉིས་ཀ་བསླབ་པ་བྱིན་པ་ཡིན་པའི་དབང་དུ་བྱས་པ་སྟེ། དེ་ལ་ནི་མ་ཡིན་ནོ་ཞེས་གསུངས་སོ། །གསུམ་པ་སེལ་བ་ནི་ཡུལ་དགེ་སློང་མའི་སྡོམ་པ་བླངས་ཀྱང་མ་སྐྱེས་པ་དང་སྐྱེས་ཀྱང་ཕམ་པའི་ལྟུང་བས་ཉམས་པའོ། །དེ་དག་ཡུལ་དུ་བྱས་ན་ལྟུང་བ་ན་སྨད་པ་སྟེ། འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ་ཞེས་སོ། །འོན་ཀྱང་དགེ་སློང་ཕམ་པས་ཉམས་པ་ལ་སྐུར་པ་བཏབ་ན་ལྷག་མར་འགྱུར་བ་ཡོད་དེ་དམིགས་བསལ་ཡིན་ནོ། །མཚན་མཐུན་དང་ལྟ་བ་མཐུན་པ་ནི་མཚན་དང་ལྟ་བ་ཁས་བླངས་པ་ཞེས་སོ། །འདི་ལ་གཉིས་ལས། དང་པོ་སྤྱིའི་དོན་ཏོ། །དེ་ལ་ལྔ་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ནི། ལུང་ཞུ་བ་ལས་་་་་་ཡུལ་དགེ་སློང་གིས་བསྐྱེད་པ་ཐམས་ཅད་ལ། མཚན་མཐུན་ཡན་ལག་ཏུ་དགོས་པར་གསུངས། ལྟ་བ་མཐུན་པའི་ཡན་ལག་ནི། །བསྒོ་བཞི་གནས་ངན་ཁྱད་དུ་གསོད། །ཕྱིས་གནོན་འབྱུང་དང་ཉི་ནུབ་ཟས། །དབེན་འགྲེང་སྤངས་བསྙིལ་མི་སྨྲ་འགྲོ། །ཟས་བཅས་ཁྲི་བརྡལ་བསླབ་དྲལ་ནགས། །བཅུ་དགུ་མ་གཏོགས་གཞན་ལ་གསུངས། །དེ་དག་ལ་ཡང་མདོར་བསྡུས་སྦྱར་བར་བྱ་སྟེ། སྤངས་པ་རྗེས་ཕྱོགས་དང་བསྙིལ་བ་སྡུད་པ་ནི་མ་གཏོགས་སོ། །གཉིས་པ་ཡན་ལག་གི་ངོ་བོ་ནི། ལྟུང་བ་བསྐྱེད་པའི་ཡུལ་དང་རྟེན་མཚན་མཐུན་པ་དང་། ཡུལ་དང་རྟེན་ལྟ་བ་མཐུན་པའོ། །འོ་ན་ལྟ་བ་མཐུན་པ་དེ་རང་གང་ཞེ་ན། འོད་ལྡན་མཁན་པོའི་བཞེད་པ་ནི། ལྟུང་བ་བསྐྱེད་པའི་གཞི་ལ་ལྟུང་བ་བསྐྱེད་པའི་གཞིར་འདོད་པ་མཐུན་པ་ནི་ལྟ་བ་མཐུན་པ་ཡིན་ནོ། །ཞེས་འོད་ལྡན་ལས་ཕམ་པའི་གཞི་དེ་ལ་ཕམ་པའི་གཞི་ཡིན་ནོ་ཞེས་དེ་ལྟར་བསམ་པ་མཐུན་པ་གང་ལ་ཡོད་པ་དེ་ནི་ལྟ་བ་མཐུན་པ་ཡིན་ནོ། །གང་དག་མེར་མེར་པོ་བླུགས་པར་བྱས་པ་ཕམ་པའི་གཞི་ལ་ཉེས་བྱས་ཀྱི་གཞིར་ལྟ་བ་ནི་ལྟ་བ་ཐ་དད་པ་ཡིན་ནོ་ཞེས་བཤད་དོ། །པཎྜི་ཏ་གཞན་གྱི་ལུགས་ལྟར་ན་ནི། བར་དུ་གཅོད་པའི་གཞི་ལ་བར་དུ་གཅོད་པའི་གཞིར་འདོད་པ་མཐུན་པ་ནི་ལྟ་བ་མཐུན་པ་ཡིན་ནོ། །ཞེས་འདོད་དེ། འོད་ལྡན་ལས་གཞན་དག་ན་རེ། གཞི་དེ་ལ་ཞེས་བྱ་བ་བསླབ་པའི་བར་དུ་གཅོད་པའི་གཞི་ལ་ལྟ་བ་མཐུན་པ་ཡིན་ནོ། །གང་ལ་ཡོད་པ་དེ་ནི་ལྟ་བ་མཐུན་པ་དེའི་ཕྱིར་འཆི་ལྟས་ལ་སོགས་པ་དག་ནི་ལྟ་བ་མཐུན་པ་མ་ཡིན་པར་རིག་པར་བྱ་སྟེ་ཞེས་འཆད་དོ་ཞེས་གཞན་གྱི་འདོད་པ་བཀོད་དེ་དགག་པ་མ་བྱས་སོ། །འོ་ན་ལུགས་དེ་གཉིས་གང་འཐད་ཅེ་ན། སྔ་མ་ནི་མི་རིགས་ཏེ། དེ་ལྟར་ན་ལྟ་བ་མཐུན་པ་མི་སྲིད་པར་ཐལ། ལྟུང་བ་བསྐྱེད་པའི་གཞིའི་ཡན་ལག་ནི་དཔག་ཏུ་མེད་ལ། གང་ཟག་གི་རྟོག་པ་ཐ་དད་ཀྱིས་གཞི་དཔག་མེད་དེ་རྣམས་ལ་འདོད་པ་མཐུན་པ་མི་སྲིད་པའི་ཕྱིར་རོ། །ལྟ་བ་མཐུན་པ་མི་སྲིད་པར་འདོད་ན་ཁས་བླངས་པ་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་སོ་ཞེས་ལྟ་བ་མཐུན་པ་གསུངས་པ་དང་འགལ་ལོ། །འོ་ན་གང་ཞེ་ན། ལྟ་བ་མཐུན་པའི་དོན་ནི་ཕྱི་མ་་་་་་ལུགས་ཕྱི་མ་ལའང་གཞན་ལ་བརྗོད་པའི་སྐྱོན་འཇུག་སྟེ། བསླབ་པའི་བར་དུ་གཅོད་པའི་གཞི་དཔག་ཏུ་མེད་པས་དེ་རྣམས་ལ་གང་ཟག་གི་རྟོག་པ་ཐ་དད་པ་རྣམས་འདོད་པ་མཐུན་པ་མི་སྲིད་པའི་ཕྱིར་རོ། །གསུམ་ཁས་བླངས་སོ། །ལྟར་ཡིན་ཏེ། བམ་པོ་ལྔ་བཅུ་པ་ལས། མི་རྟག་པ་དང་སྟོང་པ་དང་སྡུག་བསྔལ་བ་དང་བདག་མེད་པར་ལྟ་བའོ་ཞེས་བཤད་པ་དང་ཡང་ཕྱི་མ་མཐུན་ནོ། །གསུམ་པ་སེལ་བ་ནི་མཚན་མི་མཐུན་པ་དང་ལྟ་བ་མི་མཐུན་པའོ། །དམིགས་བསལ་ནི་སྡིག་ལྟ་མི་གཏོང་བ་དང་སྤངས་པ་རྗེས་ཕྱོགས་དང་བསྙིལ་བ་སྡུད་པ་དང་ཉན་རྣ་དང་བཞི་ལ་ནི། ལྟ་བ་མི་མཐུན་པ་ལ་སེལ་བར་མི་འགྱུར་ཏེ། ལྟ་བ་མི་མཐུན་པ་ཡན་ལག་ཡིན་པའི་ཕྱིར་དང་། སྡིག་ལྟ་ཅན་ལ་སྤང་བ་དང་བསྙིལ་བའི་ལས་བྱེད་པའི་ཕྱིར་དང་། ལྟ་བ་ལ་ཡང་རྩོད་པར་འགྱུར་བའི་ཕྱིར་ཞེས་གོ་རིམ་བཞིན་ནོ། །བཞི་པ་སེལ་བ་ལ་ཅིར་འགྱུར་ནི། རང་རང་གི་ན་སྨད་དུ་འགྱུར་ཏེ་འོག་མ་དག་ལ་ནི་གཞན་ལ་ཞེས་སོ། །ལྔ་པ་རྒྱུ་མཚན་ནི་མཚན་དང་ལྟ་བའི་ཕྱོགས་ནས་རང་ཕྱོགས་ལ་གནོད་པ་འཆང་ཆེ་བ་ལྟར་གཞན་ཕྱོགས་ལ་དེ་ལྟར་མ་ཡིན་པའི་ཕྱིར་ཏེ། ཊཱི་ཀ་ལས་རང་གི་ཕྱོགས་ལ་ལོག་པར་སྒྲུབ་པ་སྨད་པར་བྱ་བ་ཉིད་ཡིན་པ་དེ་ལྟར་གཞན་ལ་ལོག་པར་བསྒྲུབ་པ་ནི་སྨད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་སོ། །གཉིས་པ་ཡན་ལག་གི་དོན་ནི། བརྡེག་གཟས་ལ་སོགས་པའི་ལྟུང་བ་དངོས་གཞི་བསྐྱེད་པ་ལ་ཡུལ་དེ་མཚན་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡན་ལག་ཡིན་ནོ་ཞེས་སྦྱར་ཏེ། ཡུལ་རྟེན་མཚན་མཐུན་པ་ཡན་ལག་ཏུ་དགོས་སོ། །བརྡེག་གཟས་ལ་སོགས་པའི་ལྟུང་བ་དངོས་གཞི་བསྐྱེད་པ་ལ་རང་དང་མཐུན་པའི་ལྟ་བ་ཁས་བླངས་པ་དག་གིས་ནི་ལྟ་བ་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡན་ལག་ཡིན་ནོ། །ཞེས་སྔ་མར་སྦྱར་ཏེ། ཡུལ་རྟེན་ལྟ་བ་མཐུན་པ་ཡན་ལག་ཏུ་དགོས་སོ། །བརྡེག་གཟས་ལ་སོགས་ཡུལ་དགེ་སློང་ཡན་ལག་ཏུ་དགོས་པ་རྣམས་དང་། འཁྲུར་འཇུག་ལ་སོགས་པ་ཡུལ་དགེ་སློང་མ་ཡན་ལག་ཏུ་དགོས་པའི་ལྟུང་བ་འདིར་གཏོགས་པ་ལ་ཡུལ་དགེ་སློང་ཕ་མའི་སེལ་བ་ཁྱིམ་པ་ཡུལ་དུ་བྱས་པ་ལ་ནི་ཅིར་འགྱུར་ཞེ་ན། རྟགས་ཅན་དྲུག་པོ་ཉིད་ཀྱི་ཡུལ་ལས་ན་སྨད་པ་དེ་བས་ཀྱང་ན་སྨད་པ་སྟེ་ཆེས་ན་སྨད་དོ། །དེ་ཡང་ཞུ་བ་ལས།་་་་་དགེ་སློང་གིས་ཁམ་པ་ལ་གཞི་མེད་པ་སྐུར་པ་བཏབ་ན་ཉེས་བྱས་སོ་ཞེས་པ་ལ་སོགས་པ། ལུང་དང་བསྟུན་དགོས། གཞི་མེད་པ་དང་བག་ཙམ་ལ། །གསུངས་པ་འདིར་བསྡུས་གཞན་ལ་སྦྱར། །ཞེས་གཟུང་ངོ་། །གཉིས་པ་གཞི་སེམས་ཅན་མ་ཡིན་པ་ལས་གྱུར་པ་ནི། རབ་ཏུ་བྱུང་བའི་རྫས་དག་ལ་ནི་རུང་བ་ཉིད་དང་ཚད་དང་ལྡན་པ་ལ་སོགས་པ་ཉིད་དོ་ཞེས་སོ། །འདི་ལ་གཉིས་ལས། དང་པོ་སྤྱིའི་དོན་ཏོ། །དེ་ལ་ལྔ་ལས་དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ནི། གོས་ལས་གྱུར་པ་སུམ་ཅུ་རྩ་དྲུག་དང་། ཟས་སྐོམ་ལས་གྱུར་པ་ཉི་ཤུ་རྩ་གསུམ་དང་། སྣོད་སྤྱད་ལས་གྱུར་པ་གསུམ་མོ། །དང་པོ་ནི་སྤང་ལྟུང་བཅུ་ཚན་དང་པོ་དང་། །སྲིན་བལ་འབའ་ཞིག་ཆ་གཉིས་དང་། །དྲུག་དང་མཐོ་གང་ལམ་དང་ནི། །རྨེལ་བ་དང་ནི་ཐ་ག་གཉིས། །བྱིན་འཕྲོག་སྟོན་ཟླ་ཐ་ཆུང་དང་། །དགོན་པ་བ་དང་རས་ཆེན་དང་། །བསྔོ་བསྒྱུར་བཤེས་ངོར་གནས་མལ་དང་། །གོས་གཉིས་ཁ་བསྒྱུར་སྦེད་དང་གདེང་། །བརྡལ་ལ་སོགས་པ་ཐ་མ་ལྔ། །དམིགས་བསལ་གནས་མལ་དང་བརྡལ་བ་ནི་ཁྲི་དང་ཁྲིའུ་ལས་ཀྱང་རྫོགས་པར་སྐྱེད་དོ། །གཞན་ཡང་རུང་བ་ཚད་ལྡན་དགོས་པ་ནི་གནས་ལས་གྱུར་པ་རྣམས་ལ། ཕལ་ཆེར་གཡོགས་ཤིང་བསྐོར་བའི་སྒོ་ནས་རུང་བ་དགོས། ཁང་པ་ལ་ནང་རོལ་ནས་བདེ་བར་གཤེགས་པའི་དཀྱུས་མཐོ་བཅུ་གཉིས་དང་། ཞེང་མཐོ་བདུན་དུ་ལོངས་པ་དགོས་ཤིང་གཞན་རྣམས་ལ། སྤྱོད་ལམ་བཞི་ཤོང་གི་ཚད་དུ་ལོངས་པ་དགོས་སོ། །ནོར་ལས་གྱུར་པ་གསེར་དངུལ་ལ་རེག་པ་དང་། མངོན་མཚན་ཅན་ཉོ་ཚོང་གཉིས་དང་། རིན་པོ་ཆེ་ལ་རེག་པ་ལ་སོགས་པ་ལ་ཡང་གཞི་གཞན་གྱི་སྒོ་ནས་རུང་བ་དང་། རྒྱན་ཆའང་ཁྲུ་གང་རི་བའི་ཚད་དུ་ལོངས་པ་དགོས། ཁྲུས་བྱེད་པ། ཆུ་ལ་རྩེ་བ། མེ་ལ་རེག་པ། ས་བརྐོ་བ་ལས་གྱུར་པ་རྣམས་ལ་ཡང་རུང་བ་ཚད་དང་ལྡན་པ་དགོས་པར་རིགས་སོ། །གཉིས་པ་ནི། གསོག་འཇོག་འཕྱ་ཟས་སྦྱོར་བཅུག་དང་། །ཟས་ཀྱི་བཅུ་ཚན་ཟན་གཅོད་པ། །གཅེར་བུ་མགྲོན་གཉེར་ཆང་འཐུང་དང་། །ཟས་བཅས་སོ་སོར་བཤགས་པ་བཞི། །གསུམ་པ་ནི། ལྷུང་བཟེད་འཆང་བ་དང་། འཚོལ་བ་གཉིས། ཁབ་རལ་འཆོས་པའོ། །གཉིས་པ་ཡན་ལག་གི་རང་གི་ངོ་བོ་ནི་གསུམ་སྟེ། རུང་བ་དང་། ཚད་དང་ལྡན་པ་དང་། ཚད་ལས་ལྷག་པའོ། །དང་པོ་ནི་གོས་ལས་གྱུར་པ་རྣམས་ལ། རྒྱུ། དབྱིབས། གནས་སྐབས། ཁ་དོག་དང་ལྡན་པའོ། །རྒྱུ་ནི་གོས་ཀྱི་རྒྱུ་བདུན་ལྟ་བུའོ། །དབྱིབས་ནི་གྲུ་བཞི་ལྟ་བུའོ། །གནས་སྐབས་ནི་ལོངས་སྤྱོད་པར་བཟོད་པའོ། །ཁ་དོག་ནི་རུང་བ་གསུམ་དང་། འཆང་བ་ལ་སོགས་པ་ལ་་་་་་དཀར་པོ་དང་་་་་་འབའ་ཞིག་ལ་ནག་པོའོ། །ཟས་ལས་གྱུར་པ་ལ་གཉིས་ལས། ངོ་བོའི་སྒོ་ནས་རུང་བ་ནི། བཟའ་བ་དང་། བཅའ་བ་དང་། བཏུང་བ་མ་བཀག་ཅིང་གནང་བ་རྣམས་སོ། །ཆོ་གའི་སྒོ་ནས་རུང་བ་ནི་ལག་ཉ་དང་། མཚམས་བཙོས་དང་། ཞག་ལོན་དང་། རྗེན་ཚོད་དང་། གསོག་འཇོག་ཏུ་མ་སོང་བའོ། །དམིགས་བསལ་ནི་དུས་མ་ཡིན་པར་ཟ་བ་དང་། གསོག་འཇོག་ཏུ་གྱུར་པ་དང་། ཆང་ལས་གྱུར་པའོ། །སྣོད་སྤྱད་ནི་ལྷུང་བཟེད་ལ་བཞི་ལས། རྒྱུ་རུང་བ་ནི་ས་དང་ལྕགས་སོ། །དབྱིབས་ནི་ཟླུམ་པོའོ། །གནས་སྐབས་ནི་སྤྱད་བཟོད་པའོ། །ཁ་དོག་ནི་བསྲེག་པས་ནག་པའོ། །ཁབ་རལ་ལ་གསུམ་ལས། རྒྱུ་རུང་བ་ནི། བ་སོ་དང་། རུས་པ་དང་། རྭ་ལྟ་བུའོ། །དབྱིབས་ནི་སྦུ་གུའམ། ཆང་བ་ལྟ་བུའོ། །གནས་སྐབས་ནི་སྤྱད་བཟོད་པའོ། །གཉིས་པ་ཚད་དང་ལྡན་པ་དགོས་པ་ནི། གོས་ལ་སྤྱི་ཚད་དང་རང་ཚད་གཉིས་ལས། དང་པོ་ནི་ཁྲུ་གང་དུ་ལོངས་པའོ། །གཉིས་པ་ནི་འབྲལ་བ་གཉིས། མཐོ་གང་རས་ཆེན་བཙལ་སྔས། བཞག་འཕྱིས། གོས་ཀྱི་བཟོ་བྱེད་པ་རྣམས་ལ་རང་རང་གི་འཚོ་བའི་ཡོ་བྱད་ཀྱི་བྱིན་གྱིས་བརླབ་པ་ཡོངས་རྫོགས་ཆགས་པའི་ཚད་དང་ལྡན་པ་དགོས་སོ། །སྟན་ལས་གྱུར་པ་རྣམས་ལ། སྟན་གྱི་ཚད་དང་ལྡན་པ་དགོས་ཤིང་། ཁྱད་པར་དུ་ཆ་གཉིས་བསྲེ་བ་ལ། ནག་པོ་སྟན་གྱི་ཕྱེད་ལས་སྲང་ཕྱེད་ཀྱིས་ལྷག་པའོ། །བལ་ཁུར་བ་དང་། བརྡལ་བ་ལ། བལ་ཁུར་ཚད་དུ་ལོངས་པ་དང་། ཤིང་བལ་གྲགས་སྡེའི་ཚད་དུ་ཆོག་པ་དགོས་སོ། །ཟས་དང་སྐོམ་གྱི་ཚད་ནི་ཁམ་དང་ཧུབ་ཏུ་ལོངས་པའོ། །ལྷུང་བཟེད་ནི་བྱིན་གྱིས་བརླབ་ཏུ་རུང་བ་གསུམ་གྱི་ཚད་དང་ལྡན་པའོ། །ཁབ་རལ་ནི་གྲགས་སྡེའི་ཚད་ལས་མ་འདས་ཤིང་ཁབ་གཞུག་ནུས་པའོ། །གསུམ་པ་ཚད་ལས་ལྷག་པ་ནི་ཁྲི་རྐང་གདིང་བ་རས་ཆེན་གཡན་པ་དགབ་པའོ། །གོས་ཀྱི་སྤྱི་ཚད་ལས་གྱུར་པ་དང་། ལྟུང་བྱེད་ཐ་མ་་་་་་བདེ་གཤེགས་ཆོས་གོས་ལས་གྱུར་པ་དང་སྟན་དང་། ཟས་ལས་གྱུར་པ་རྣམས་ལ་ཚད་དང་ལྡན་པའི་ཚད་ལས་ལྷག་པ་གང་ཡང་རུང་བས་བསྐྱེད་དེ། ཊཱི་ཀ་ལས་སོགས་པའི་སྒྲས་ནི་ཚད་ལས་ལྷག་པ་བསྡུས་ཏེ། ཆོས་གོས་རང་གི་ཁྲུ་ཚད་ལས་ལྷག་པ་དང་། གོས་ལྷག་ཀྱང་ཁྲུ་གང་གི་ཚད་ལས་ལྷག་པ་དང་། ལྷུང་བཟེད་ཀྱང་བྱིན་གྱིས་བརླབ་ཏུ་རུང་བ་གསུམ་གྱི་ཚད་ལས་ལྷག་པའོ། །དེ་ལྟར་ན་རབ་ཏུ་བྱུང་བའི་རྫས་དག་ལས་ནི་རུང་བ་ཉིད་དང་ཚད་དང་ལྡན་པའམ། ཚད་ལས་ལྷག་པ་ཉིད་ལ་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་སོ། །སྟན་ལ་ཡང་ཊཱི་ཀ་ལས། འདིར་ཚད་ལས་ལྷག་པ་ཡན་ལག་ཡིན་པའི་གཞུང་ནི་སྲིན་བལ་གྱི་སྟན་གྱི་སྐབས་ནས་བདེ་བར་གཤེགས་པའི་གདན་གྱི་ཚད་བགྱིད་ན། ལྟུང་བ་ཅིར་འགྱུར་སྤང་བའི་ལྟུང་བྱེད་དོ་ཞེས་སོ། །འོན་ཀྱང་ལྷུང་བཟེད་ལ་དེ་ལྟ་མ་ཡིན་ཏེ། སྐྱ་བ་དང་། དཀར་བ་དང་། ཆེ་བ་རྣམས་ནི་རུང་བ་ཉིད་མ་ཡིན་ནོ་ཞེས་པའི་སྐབས་ཀྱི་ཊཱི་ཀ་དང་ལུང་ལས་དེ་དག་འཆང་ན་ཉེས་བྱས་སོ་ཞེས་སོ། །ལྷུང་བཟེད་འཚོལ་བ་ལ་ཡང་དེ་དག་རུང་ཞིང་སྤྱད་བཟོད་པའོ་ཞེས་གསུངས་པས། ཚད་ལས་ཆེ་བ་དང་ཆུང་བ་ལ་ཉེས་བྱས་ལས་མི་བསྐྱེད་དོ། །གསུམ་པ་སེལ་བ་ནི་དེ་དག་ལས་བཟློག་པ་སྟེ། མི་རུང་བ་དང་། ཚད་དུ་མ་ལོངས་པ་དང་། འབྲལ་བ་ལྟ་བུ་ལ་ཚད་ལས་ལྷག་པ་དང་། ཁྲི་རྐང་ལ་སོགས་པ་ལ་ཚད་ལས་མ་ལྷག་པའོ། །བཞི་པ་ཅིར་འགྱུར་ནི་མི་རུང་བ་དང་ཚད་དུ་མ་ལོངས་པ་ལ་ནི་རང་རང་གི་ན་སྨད་དུ་འགྱུར་རོ། །འབྲལ་བ་གཉིས་མཐོ་གང་། རས་ཆེན་བཙལ་སྔས་བཞག་འཕྱིས་གོས་བཟོ་བྱེད་པ་སྣོད་སྤྱད་ལས་གྱུར་པ་རྣམས་ལ་ཚད་ལས་ལྷག་ནའང་ན་སྨད་དུ་འགྱུར་ཏེ། དམིགས་བསལ་སྲ་བརྐྱང་ལས། འབྲལ་ལྟུང་འབྱུང་བ་ལ་ནི་ཚད་ལས་ལྷག་པ་ལས་ཀྱང་འབྱུང་ངོ་། །ཚད་ལས་ལྷག་པ་དགོས་པ་རྣམས་ལ། ཚད་ལས་མ་ལྷག་ན་ལྟུང་བ་མེད་དོ། །ལྔ་པ་རྒྱུ་མཚན་ནི་ན་སྨད་དུ་འགྱུར་བ་ནི་དགག་བྱ་མ་རྫོགས་པའོ། །ལྟུང་མེད་དུ་འགྱུར་བ་ནི་དགག་བྱ་མེད་པའོ། །ཁྱད་པར་དུ་ཚད་ལས་ལྷག་ན་ན་སྨད་དུ་འགྱུར་བའི་རྒྱུ་མཚན་ནི། དེ་དག་ནི་འཚོ་བའི་ཡོ་བྱད་ཀྱི་བྱིན་རླབས་ཡོངས་རྫོགས་ཆགས་པ་ལས་གྱུར་པ་ཡིན་ལ། ཚད་ལས་ལྷག་ན་བྱིན་རླབས་ཡོངས་རྫོགས་མི་ཆགས་པའི་ཕྱིར། ཊཱི་ཀ་ལས་ཆོས་གོས་གསུམ་པོ་བྱིན་གྱིས་བརླབ་ཏུ་རུང་བ་གང་དག་གི་ཞེང་དུ་རང་གི་ཁྲུ་གསུམ། ཆུར་རང་གི་ཁྲུ་ལྔའི་ཚད་ཇི་སྐད་བསྟན་པ་དེ་ལས་ལྷག་པར་བྱེད་ན་སྤང་བར་འགྱུར་བ་ཉིད་དོ་ཞེས་བྱིན་རླབས་མི་ཆགས་པར་གསུངས་སོ། །གོས་ཀྱི་བཟོ་བྱེད་པའི་སྐབས་སུ་ལུང་ཞུ་བ་ལས། དགེ་སློང་གི་གཉེན་མ་ལགས་པའི་དགེ་སློང་མའི་གོས་ཚད་ལས་ལྷག་པར་བགྱིས་ན་བྱིན་གྱིས་བརླབ་ཏུ་མི་རུང་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་སོ། །ལྷུང་བཟེད་ལ་ཡང་སྔར་བཤད་ཟིན་ཏོ། །ཁབ་རལ་གྲགས་སྡེའི་ཚད་ལས་འདས་ནའང་དགག་བྱ་མི་རྫོགས་པའི་ཕྱིར་རོ། །གཉིས་པ་ཡན་ལག་གི་དོན་ནི། རབ་ཏུ་བྱུང་བ་སྡེ་ལྔའི་རྫས་གོས་དང་ཟས་དང་སྣོད་སྤྱད་དག་ལ་ནི་རྒྱུ་དབྱིབས་ཁ་དོག་ལ་སོགས་པ་གཞི་དེ་ཉིད་དམ། གཞི་གཞན་གྱི་སྒོ་ནས་རུང་བ་ཉིད་དང་། སྤྱི་ཚད་དམ་རང་ཚད་དང་ལྡན་པ་ལ་སོགས་པ་ཡན་ལག་ལྡན་པ་ཉིད་དོ། །ཊཱི་ཀ་ལས་སོགས་པ་ཞེས་བྱ་བའི་སྒྲས་ནི་ཚད་ལས་ལྷག་པ་བསྡུས་ཏེ་ཞེས་གསུངས་པས། ཁྲི་རྐང་འཆོས་པའི་ལྟུང་བྱེད་ལ་སོགས་པ་གཞི་ལ་ཚད་ལས་ལྷག་པ་ངེས་གཟུང་དུ་དགོས་སོ། །སྤྱི་ཚད་དང་། སྟན་དང་། སྲ་བརྐྱང་དང་འབྲལ་བ་དང་། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བ་རྣམས་ནི་ཚད་ལས་ལྷག་པ་ལས་ཀྱང་འབྱུང་ངོ་། །རུང་བ་མ་ཡིན་པ་དང་ཚད་དང་མི་ལྡན་པ་ལ་སོགས་པ་ལ་ནི་དངོས་གཞི་མི་རྫོགས་སོ། །གཉིས་པ་བསམ་པའི་ཡན་ལག་བསྟན་པ་ནི། རང་གི་དོན་ཉིད་གཙོ་ཆེར་ཡོད་པའོ་ཞེས་སོ། །འདི་ལ་གཉིས་ལས་སྤྱིའི་དོན་ཏོ། །དེ་ལ་ལྔ་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ནི། རང་དོན་ཡན་ལག་ཏུ་དགོས་པའི་ལྟུང་བ་བཞི་བཅུ་རྩ་དྲུག་ལ་སྦྱོར། རྫུན་སྨྲ་འཁྲིག་ཚིག་བསྙེན་བཀུར་དང་། །ཟླ་འཇོག་དང་ནི་འཁྲུར་འཇུག་དང་། །རིན་ཐང་སོ་སོར་བསྐུར་བ་དང་། །དྲུག་དང་མཐོ་གང་ལམ་དང་རྨེལ། །མངོན་མཚན་ཉོ་ཚོང་ལྷུང་བཟེད་འཚོལ། །བདེན་སྨྲ་བསོད་པ་ཆུ་ལ་རྩེ། ཁབ་རལ་གདིང་གཡན་རས་ཆེན་དང་། །བདེ་གཤེགས་གྲོང་དང་ཁྱིམ་གཞན་དང་། །ཉི་ཤུ་ལྔ་ལ་ཚིག་ཚོགས་བསྐྱུང་། །ལེན་དང་སློང་དང་སློང་བར་རིགས། །སྲིན་བལ་འབའ་ཞིག་ཆ་གཉིས་དང་། །ཐ་ག་གཉིས་དང་བརྟད་པ་དང་། །རས་ཆེན་བསྔོས་དང་གསོག་འཇོག་དང་། །ཁྲི་དང་གདིང་ལ་རུང་མཐུན་སྦྱར་ཅེས་སོ། །རྐུ་དང་འཆང་གཉིས་གསེར་དངུལ་ལེན། །འཕྱ་དང་སྦྱོར་བཅུག་་་་་་པ་དང་དྲུག་ལ་མདོར་བསྡུས་སྦྱར་དོ་གསུམ་ཙམ། ་་་་་དངོས་སུ་གསུངས། །བདུན་པོ་དེ་དང་བརྟད་པ་ལས། །བྱུང་བ་ནི་རང་གཞན་མཐུན་མོང་གི་དོན་ལས་ཀྱང་བསྐྱེད་དོ། །འདི་དག་ཀྱང་རང་དོན་ཡན་ལག་ཏུ་དགོས་པར་འདུས་སོ། །་་་་་ལུང་ཞུ་བ་ལས། སྐུར་འདེབས་གསུམ་དང་བྱིན་འཕྲོག་དང་། །གཅེར་བུ་རྡེག་གཟས་བདེ་མེ་བདུན། །འགྱོད་དངངས་བྱེད་དང་སྦེད་གདེང་མེད། །མགྲོན་དང་བསླབ་པ་ཉན་རྣ་དང་། །བསླབ་པ་རྣམས་དང་དགོན་པ་སྟེ། །བཅུ་དགུ་ལ་གསུངས་དགོངས་པ་ཅན། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི། རང་ཁོ་ནའི་དོན་དང་རང་གཞན་ཐུན་མོང་གི་དོན་ཏོ། །གསུམ་པ་སེལ་བ་ནི། དེ་གཉིས་ལས་བཟློག་པའོ། །བཞི་པ་ཅིར་འགྱུར་ནི་འཆང་བ་གཉིས་ཟླ་འཇོག་རས་ཆེན་བརྟད་བྱུང་ལྔ་ལ། གཞན་ཁོ་ནའི་དོན་ཡིན་ན་ཉེས་པ་མེད་དོ། །གཞན་རྣམས་ལ་རང་རང་གི་ན་སྨད་དུ་འགྱུར་རོ། །རང་ཁོ་ནའི་དོན་ཡན་ལག་ཏུ་དགོས་པ་རྣམས་ལ་རང་གཞན་གཉིས་ཀའི་དོན་ཡིན་ན་རང་རང་གི་ན་སྨད་དུ་འགྱུར་རོ། །ལྔ་པ་རྒྱུ་མཚན་ནི་ལྟུང་མེད་དུ་འགྱུར་བ་རྣམས་ནི་དགག་བྱ་མེད་པའི་ཕྱིར་རོ། །ན་སྨད་དུ་འགྱུར་བ་རྣམས་ནི་དགག་བྱ་མ་རྫོགས་པའི་ཕྱིར་རོ། །གཉིས་པ་ཡན་ལག་གི་དོན་ནི། འཁྲུར་འཇུག་གི་སྤང་བ་ལྟ་བུ་ལ་རང་འབའ་ཞིག་གི་དོན་ཉིད་ཀྱི་ཀུན་སློང་དང་། མ་བྱིན་ལེན་པ་ལྟ་བུ་ལ་རང་གི་དོན་ཉིད་གཙོ་ཆེར་ཡོད་པ་ཀུན་སློང་ཡན་ལག་ཡིན་པའོ། །གསུམ་པ་གཞི་དང་མཐར་ཐུག་གི་ཡན་ལག་ནི། རྣམ་པར་རིགས་བྱེད་ལ་ནི་དོན་གོ་བའོ། །ཞེས་སོ། །འདི་ལ་གཉིས་ལས། དང་པོ་སྤྱིའི་དོན་ཏོ། །འདི་ལ་ལྔ་ལས་དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ནི། མཐར་ཐུག་གི་དོན་གོ་ཡན་ལག་ཏུ་དགོས་པ་ཉི་ཤུ་རྩ་དགུ་དང་། བཅོལ་ཡང་རྫོགས་པས་བསྐྱེད་པ་སུམ་ཅུ་རྩ་གཉིས་དང་། བསྒོ་བ་ལ་སོགས་པ་ཉི་ཤུ་རྩ་དྲུག་རྣམས་ལ་སྦྱོར་རོ། །དང་པོ་ནི་རྫུན་དང་འཁྲིག་ཚིག་བསྙེན་བཀུར་གཞི་མེད་དང་། །བག་ཙམ་ཤེས་བཞིན་སོགས་བཅུ་འདོན་མ་གཏོགས། །འཕྱ་བ་བསྒོ་བ་མ་བསྐོས་ཉི་ནུབ་ཟས། །སྟོབས་བདེ་འདུན་བསྒྱུར་འགྱོད་དངངས་ལྷག་མས་སྐུར། །བསླབ་པ་ཉན་རྣ་མ་གུས་ད་གདོད་ཤེས། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི། དོན་གོ་བའོ། །གསུམ་པ་སེལ་བ་ནི། སྨྱོ་བ་དང་སེམས་འཁྲུགས་པ་དང་། ཚོར་བས་གཟིར་བ་དང་། གླེན་པ་དང་དབུས་པ་ལ་མཐའ་འཁོབ་པའི་སྐད་ཀྱིས་དང་མཐའ་འཁོབ་པ་ལ་དབུས་པའི་སྐད་ལ་སོགས་པས་དོན་མ་གོ་བའོ། །བཞི་པ་ཅིར་འགྱུར་ནི། རང་རང་གི་ན་སྨད་པར་འགྱུར་རོ། །ལྔ་པ་རྒྱུ་མཚན་ནི། དགག་བྱ་མ་རྫོགས་པའི་ཕྱིར་རོ། །གཉིས་པ་ཡན་ལག་གི་དོན་ནི། སྦྱོར་བ་ངག་གི་རྣམ་པར་རིག་བྱེད་ཀྱིས་སྨྲས་པ་རྣམས་ཀྱི་དངོས་གཞི་ལ་ནི་ཡུལ་ཕ་རོལ་པོས་དོན་གོ་བ་ཡན་ལག་ཡིན་པའོ། །ཞེས་སྔ་མ་སྦྱར་རོ། །དེས་ན་རྫུན་དུ་སྨྲ་བ་ལ་སོགས་པ་དང་གོས་སློང་བ་ལ་སོགས་པ་ལ་དོན་མ་གོ་ན་རང་རང་གི་ན་སྨད་དོ། །བཞི་པ་སྦྱོར་བའི་ཡན་ལག་བསྟན་པ་ལ་གཉིས་ལས། དང་པོ་སྦྱོར་བ་འཇུག་པའི་ཡུལ་ལོ། །དེ་ལ་གཉིས་ལས། དང་པོ་སྦྱོར་བ་འཇུག་པའི་ཡུལ་དངོས་ནི། སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ་གསོད་པ་དང་རང་གི་དོན་དུ་རྐུ་བ་དག་ལས་གཞན་པའི་འོ་ཞེས་སོ། །འོ་ན་ལྐུགས་པས་དོན་གོ་བ་ཡང་། དངོས་གཞིའི་ཡན་ལག་ཡིན་ནམ་ཞེ་ན། སྨྲ་བ་པོ་ཉིད་ལ་ཡོད་པའི་དོན་གོ་བ་་་་་་ཡན་ལག་ཡིན་ཏེ། སྨྲ་མི་ཤེས་ལ་ཡོད་པའི་དོན་གོ་བ་ནི་མ་ཡིན་ནོ། །འོ་ན་སྨྲ་མི་ཤེས་ལ་ཡོད་པའི་དོན་གོ་བ་དེ། དེ་དག་ཐམས་ཅད་ཀྱི་དངོས་གཞིའི་ཡན་ལག་མ་ཡིན་ནམ་ཞེ་ན་ཊཱི་ཀ་དང་བམ་པོ་ལྔ་བཅུ་པ་ལས། སྨྲ་མི་ཤེས་ལ་ཡོད་པའི་དོན་གོ་བ་དེ་ནི་གསོད་པའི་ལྟུང་བ་བཞི་དང་། རང་གི་དོན་དུ་རྐུ་བ་སྟེ་ལྔ་པོའི་ཡན་ལག་ཡིན་ནོ། །དེ་དག་ལས་གཞན་པའི་སྐབས་སུ་རྣམ་པར་རིག་བྱེད་ཀྱི་ཡུལ་གྱི་ཡན་ལག་མ་ཡིན་ནོ་ཞེས་སོ། །དེས་ན་ལྔ་པོ་དེ་ལས་གཞན་པའི་སྐབས་སུ་སྨྲ་བ་པོ་ཉིད་ལ་ཡོད་པའི་དོན་གོ་བ་དངོས་གཞིའི་ཡན་ལག་ཡིན་ནོ། །དེ་ནི་དེར་མ་ཟད་དེ་ལས་ཀྱི་ཁ་སྐོང་བ་དང་ལྟུང་བ་མཐོལ་བ་དང་། བཤགས་པ་ལ་སོགས་པའི་ཡུལ་ལ་ཡང་དགོས་སོ། །གཉིས་པ་ཞར་ལས་བྱུང་བ་ནི། ཡང་དག་པར་ལེན་པར་བྱེད་པ་ལ་དེར་མ་ཟད་དོ་དེ་ནི་སྣོད་ཡིན་ནོ། །ཞེས་སོ། །སྡོམ་པ་ཡང་དག་པར་ལེན་པར་བྱེད་པ་ལ་ནི་སྨྲ་བ་པོ་ལ་ཡོད་པའི་དོན་གོ་བ་ཡན་ལག་ཡིན་པར་དེར་མ་ཟད་ཀྱི། སྨྲ་མི་ཤེས་པ་ལ་ཡོད་པའི་དོན་གོ་བ་ཡང་ཡན་ལག་ཡིན་ནོ། །དེས་ན་ལྐུགས་པ་ལ་ཡང་སྡོམ་པ་དང་བར་མའི་དགེ་བ་བསྐྱེད་པ་ཡོད་དེ། གཞུང་དམ་པ་ལས་བཙན་པ་སྨྱོ་བ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པར་བགྱིའམ། ཨུ་པ་ལི་དེ་སྟེ་བསྙེན་པར་རྫོགས་པའི་འདུ་ཤེས་ཡོད་ལ། ལུས་སམ་ཚིག་གི་དམིགས་པས་ཁས་བླངས་ན་བསྙེན་པར་རྫོགས་པ་ཞེས་བྱའོ། །ཅི་ལྟར་སྨྱོ་བ་བཞིན་དུ། སེམས་འཁྲུགས་པ་དང་ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་ཀྱང་རྒྱ་ཆེར་བརྗོད་པར་བྱའོ། །ཊཱི་ཀ་ལས་ཀྱང་ལྐུགས་པའམ། སྨྲ་བ་པོ་ཉིད་མ་ཡིན་པ་གཞན་དག་ལ་ཡང་སྲོག་གཅོད་པ་སྤང་བ་ལ་སོགས་པ་ཡང་དག་པར་ལེན་པར་འབྱུང་བའི་ཕྱིར་རོ་ཞེས་སོ། །དེ་ནི་སྣོད་ཡིན་ནོ་ཞེས་པ་ནི། སྨྲ་ཤེས་ཤིང་དོན་གོ་བ་དེ་ནི་ལྟུང་བ་མཐོལ་བ་ལ་སོགས་ཀྱི་སྣོད་དམ་ཡུལ་ཡིན་ནོ། །དེས་ན་ཕ་རོལ་པོ་དེས་སྨྲ་མི་ཤེས་སམ། དོན་མི་གོ་ན་དེ་ལ་རང་ངམ་གཞན་གྱི་ལྟུང་བ་མ་བརྗོད་ཀྱང་བཅབ་པའི་ཉེས་པར་མི་འགྱུར་རོ། །གཉིས་པ་སྦྱོར་བའི་ཡན་ལག་དངོས་ལ་གཉིས་ཏེ། ངག་གི་རིག་བྱེད་ཀྱི་ཁྱད་པར་ཡན་ལག་ཏུ་བསྟན་པ་དང་། རང་གི་མངོན་སུམ་དུ་བསྐོས་པ་ཡན་ལག་ཏུ་བསྟན་པའོ། །དང་པོ་ནི་ངག་གིའོ། །རང་གིའོ། །བདག་ཉིད་དང་འབྲེལ་བའོ་ཞེས་སོ། །འདི་ལ་གཉིས་ལས། དང་པོ་སྤྱིའི་དོན་ཏོ། །དེ་ལ་ལྔ་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ནི། བརྒྱད་ཅུ་ལའོ། །བསྒོ་བ་ལ་སོགས་ཉི་ཤུ་རྩ་དྲུག་དང་། མཐར་ཐུག་དོན་གོ་དགོས་པ་རྩ་དགུ་ལས་དངངས་བྱེད་ཉན་རྣ་མ་གཏོགས་པ་རྣམས་དང་། བཅོལ་ཡང་རྫོགས་པ་སོ་གཉིས་ལས། སྲོག་གཅོད་བཞི་དང་རྐུ་བ་མ་གཏོགས་པ་རྣམས་དངངས་བྱེད་ཀྱི་གོང་དུ་བགྲངས་ཟིན་འདིར་མ་གཏོགས་སོ། །་་་་་སོ། །འོག་མ་གཉིས་གཞན་དུ་ཤེས་པར་བྱའོ། །དང་པོ་རྩ་དྲུག་ནི། དབྱེན་བྱེད་ལ་སོགས་བསྒོ་གྱུར་བཞི། །འཁྲུར་འཇུག་པ་དང་ལེན་པ་དང་། །སློང་དང་སྟོད་གཡོགས་སྨད་གཡོགས་བཅས། །རིན་ཐང་སོ་སོར་རྨེལ་འཇུག་དང་། །མངོན་མཚན་ཉོ་ཚོང་ལྷུང་བཟེད་འཚོལ། །རས་ཆེན་བསྔོས་བསྒྱུར་འདོན་པ་དང་། །གོས་སྟེར་དང་ནི་འདུག་གནས་ཟ། །ཕྱེ་དང་གསོད་གཅེར་ཆོས་གཏམ་སྨྲ། །མ་ལོན་ཁྱིམ་དང་བསླབ་པ་དྲལ། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི། ངག་མཚན་ཉིད་ལྔ་ལྡན་ཏེ། རང་གི་དང་བདག་ཉིད་དང་འབྲེལ་བར་གང་ལ་བསམ་པའི་དོན་གསལ་པོར་སྨྲ་བའོ། །གསུམ་པ་སེལ་བ་ནི། དེ་ལས་བཟློག་པ་སྟེ། གཞན་སྨྲ་བཅུག་པ་དང་། སྤྲིང་ཡིག་དང་ལག་བརྡ་ལ་སོགས་པ་དང་། གཞན་ཟེར་རོ་ཞེས་སྙད་འདོགས་པ་དང་། ནོར་བ་དང་། གཞོགས་སྨོས་སོ། །བཞི་པ་ཅིར་འགྱུར་ནི། ཡན་ལག་གཅིག་མ་ཚང་ན་ན་སྨད་དུ་འགྱུར་ཏེ། འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ་ཞེས་སོ། །ཡན་ལག་ཏུ་མ་མ་ཚང་ན་ཆེས་ན་སྨད་དུ་འགྱུར་ཏེ། དུ་མ་མ་ཚང་བ་ལ་ནི་དེ་བས་ཀྱང་ངོ་ཞེས་སོ། །ལྔ་པ་རྒྱུ་མཚན་ནི་དགག་བྱ་མ་རྫོགས་པ་དང་། ཆེས་མ་རྫོགས་པས་སོ། །གཉིས་པ་ཡན་ལག་གི་དོན་ནི་རྫུན་སྨྲའི་ཕམ་པ་ལ་སོགས་པ་ལ་ངག་གི་རྣམ་པར་རིག་བྱེད་ཡན་ལག་ཡིན་པའོ། །དེས་ན་སྤྲིང་ཡིག་དང་ལག་བརྡ་ལ་སོགས་པ་ལུས་ཀྱི་རྣམ་པར་རིག་བྱེད་ལ་ན་སྨད་དོ། །འོ་ན་གཞན་གྱི་ངག་གིས་ཀྱང་འགྱུར་རམ་ཞེ་ན་རང་གི་ངག་ཏུ་སྨྲ་བ་ཡན་ལག་ཡིན་པའོ། །དེས་ན་གཞན་སྨྲར་བཅུག་པ་ལ་ན་སྨད་དོ། །རང་གི་ངག་དེ་ཡང་བདག་ཉིད་དང་འབྲེལ་བའི་རང་གི་ངག་ཡན་ལག་ཡིན་པའོ། །དེས་ན་ཆེ་གེ་མོ་ཞིག་ན་རེ་འདི་སྐད་ཟེར་རོ། །ཞེས་བྱ་བ་ལ་སོགས་པ་གཞན་ལ་སྙད་འདོགས་ཤིང་སྨྲ་བ་ལ་ནི་ན་སྨད་དོ། །གཉིས་པ་རང་གི་མངོན་སུམ་དུ་བསྐོ་བ་ཡན་ལག་ཏུ་བསྟན་པ་ནི་རང་གིས་བསྐོས་པ་ཉིད་བྱེད་དུ་བཅུག་པ་ཡིན་ནོ། །ཞེས་སོ། །འདི་ལ་གཉིས་ལས། དང་པོ་སྤྱིའི་དོན་ཏེ། དེ་ལ་ལྔ་ལས། དང་པོ་ཡན་ལག་གི་ཁྱབ་པ་ནི། བཅོལ་ཡང་རྫོགས་པ་སུམ་ཅུ་རྩ་གཉིས་ལ་སྦྱར་ཏེ། མ་བྱིན་ལེན་དང་སྲོག་གཅོད་བཞི། །སྨྱན་དང་ཁང་པ་ཁང་ཆེན་དང་། །སྲིན་བལ་འབའ་ཞིག་ཆ་གཉིས་དང་། །ལོ་དྲུག་གསེར་དངུལ་ཐ་ག་གཉིས། །བྱིན་འཕྲོག་ས་བོན་སྐྲོད་པ་དང་། །རིམ་གཉིས་མེ་རེག་རིན་ཆེན་རེག །རྩེ་དང་དངངས་བྱེད་སྦེད་དང་རྐོ། །ཁབ་རལ་ལ་སོགས་ཐ་མ་བདུན། །གཡན་པ་རས་ཆེན་བདེ་གཤེགས་གོས་སོ། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི། རང་གི་དོན་དུ་རྐུ་བ་དང་སྲོག་གཅོད་བཞི་ལ་ནི། རང་གིས་བསྐོས་པ་ཉིད་ཀྱིས་བྱེད་དུ་བཅུག་པ་ཡན་ལག་ཡིན་གྱི་མངོན་སུམ་བསྐས་པ་ཡན་ལག་ཏུ་མི་དགོས་སོ། །དེ་དག་ལས་གཞན་ལ་ནི། རང་གི་མངོན་སུམ་བསྐོས་པ་ཉིད་ཀྱིས་བྱེད་དུ་བཅུག་པ་ཡན་ལག་ཡིན་ནོ། །གསུམ་པ་སེལ་བ་ནི་ལྐོག་ནས་བྱེད་དུ་བཅུག་པའོ། །བཞི་པ་ཅིར་འགྱུར་ནི། རང་རང་གི་ན་སྨད་དུ་འགྱུར་རོ། །ལྔ་པ་རྒྱུ་མཚན་ནི་མངོན་པར་ཞེན་པ་མི་རྫོགས་པའི་ཕྱིར་ཏེ། ཊཱི་ཀ་ལས་ལྐོག་ནས་བྱེད་དུ་བཅུག་པ་ལ་ནི་དེ་ལྟར་མངོན་པར་ཞེན་པ་མི་འབྱུང་བའི་ཕྱིར་རོ། །ཞེས་སོ། །གཉིས་པ་ཡན་ལག་གི་དོན་ལ་གཉིས་ལས། དང་པོ་གཞན་ལུགས་དགག་པ་ནི། མངའ་རིས་པ་ཁ་ཅིག་ན་རེ། ཅོལ་བ་ཐམས་ཅད་མངོན་སུམ་ཡིན་ལ། བྱས་པ་ཐམས་ཅད་ལྐོག་ཏུ་བྱས་ཀྱང་ལྟུང་བ་རྫོགས་པར་བསྐྱེད་པ་ཡིན་ཏེ། དུལ་ལྷས་དེ་འདི་ཉིད་ཀྱིས་སྐབས་སུ་བཤད་པས་ཤེས་སོ་ཞེས་ཟེར་རོ། །འོ་ན་རིན་པོ་ཆེ་ལ་རེག་པ་གཉིས་མངོན་སུམ་དུ་བཅོལ་ནས། ལྐོག་ཏུ་རེག་པ་བྱས་པ་ཆོས་ཅན། ལྟུང་བ་མི་རྫོགས་པར་ཐལ། ལྟུང་བ་ན་སྨད་ལས་མི་བསྐྱེད་པའི་ཕྱིར། རྟགས་ནི་དེ་བས་ཕ་ཟད་ན་ནི་ཕྱེད་ཉིད་དེ་ཞེས་པས་གྲུབ་བོ། །རིགས་པས་ཀྱང་དེ་ལ་མངོན་པར་ཞེན་པ་མི་རྫོགས་པའི་ཕྱིར་རོ། ། 2/5 མདུན་ངོས། 上一页 1 2 3 4 5 下一页 尾页 |