ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 

༼༤༧༣༽

པ་དང་། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང་གསུམ་པོ་སྔར་་་་་་ཁང་པའི་སྐབས་དང་འདྲའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་སྔ་མ་བཞིན་ནོ། །ཀུན་སློང་ནི་དཀོན་མཆོག་གསུམ་གའམ་དེ་གསུམ་གང་རུང་གི་ཆེད་དུ་མངོན་གྱུར་གྱི་བདག་པོ་བཞི་ཡན་ཆད་ཚོགས་ལོངས་ཀྱི་དོན་དུ་གནས་བརྩིག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གང་ལ་བསམས་པ་དེ་ཉིད་ལ་རང་ངམ་བསྐོས་པས་གནས་བརྩིག་པར་ཞུགས་པའོ། །མཐར་ཐུག་ནི་ཐོག་ཕལ་ཆེར་གཡོགས་ཟིན་པ་སྟེ་སྔར་དང་འདྲའོ། །ཡན་ལག་གི་དོན་ནི་འདིར་ཚིགས་སུ་བཅད་པ། བཙལ་དང་ཚད་ལས་ལྷག་པ་འདིར་མི་དགོས། གཅིག་དོན་གནས་སུ་འདིར་ནི་ཚོགས་དོན་ཏེ། དེ་དག་ལས་གཞན་ཁང་པའི་སྐབས་་་་་་རྣམ་འབྱེད་ཀྱི་གཞུང་། དེ་དག་ཁང་ཆེན་གྱི་ཡང་ཐུན་མོང་ཡིན་ཞེས་གཟུང་བར་བྱ་སྟེ། སྔར་ནི་གཅིག་གི་དོན་དུའོ་ཞེས་བསྟན་པ་དེ་ལས་ཁྱད་པར་ནི་འདིར་ཁང་ཆེན་གྱི་ལྷག་མ་བསྐྱེད་པ་ལ། ཚོགས་ཀྱི་དོན་དུའོ་ཞེས་གསུངས་ཏེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་འདིར་ཁྱིམ་པ་ཡན་ཆད་རབ་ཏུ་བྱུང་བ་དང་རབ་ཏུ་མ་བྱུང་བ་ཡང་རུང་སྟེ་གང་ཟག་བཞི་ཡན་ཆད་ལ་ཚོགས་ཞེས་བྱ་བར་དགོངས་སོ་ཞེས་སོ། །འོ་ན་ལུང་རྣམ་འབྱེད་ལས། ཚོགས་ཀྱི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། རང་གི་རྣམ་བཤད་དང་ཊཱི་ཀ་ལས་དེ་ནི་གླེང་གཞིའི་དབང་གིས་ཏེ་དཔེ་ཙམ་དུ་ཟད་པས་འདིར་ལ་ཉེས་པ་མེད་དོ་ཞེས་སོ། །དེས་ན་འདིར་ཁྱད་པར་ལྔ་ལས། བདག་པོའི་གྲངས་ཀྱི་ཁྱད་པར་ནི། ཁང་པའི་ལྷག་མ་བསྐྱེད་པ་ལ་ནི། མངོན་གྱུར་གྱི་བདག་པོ་གཅིག་དོན་ཡན་ལག་ཏུ་དགོས་ལ། ཁང་ཆེན་གྱི་ལྷག་མ་བསྐྱེད་པ་ལ་ནི་མངོན་གྱུར་གྱི་བདག་པོ་ཚོགས་དོན་ཡན་ལག་ཏུ་དགོས་པའོ། །ཆེད་དུ་བྱ་བའི་ཁྱད་པར་ནི་དཀོན་མཆོག་ལས་གཞན་པའི་ཆེད་དུ་བརྩིགས་པའི་གནས་ནི་ཁང་པ་ཡིན་ལ། དཀོན་མཆོག་གི་ཆེད་དུ་བརྩིགས་པའི་གནས་ནི་ཁང་ཆེན་ཡིན་ནོ། །བཙལ་བ་དགོས་མི་དགོས་ཀྱི་ཁྱད་པར་ནི། ཁང་པའི་ལྷག་མ་བསྐྱེད་པ་ལ་ནི་ས་གཞི་དང་ཡོ་བྱད་བཙལ་བ་ཡན་

༼༤༧༤༽

ལག་ཏུ་དགོས་ལ། ཁང་ཆེན་ལ་དེ་ལྟར་མ་ཡིན་ཏེ། བཙལ་རུང་མ་བཙལ་རུང་ལྷག་མར་འགྱུར་རོ། །ཚད་ལས་ལྷག་པ་དགོས་མི་དགོས་ཀྱི་ཁྱད་པར་ནི་ཁང་པ་ལ་ནི་ཚད་ལས་ལྷག་པ་དངོས་གཞིའི་ཡན་ལག་ཏུ་དགོས་ལ་ཁང་ཆེན་ལ་མི་དགོས་སོ། །གནས་ཀྱི་མཐའ་ཚད་ཀྱི་ཁྱད་པར་ནི། སྤྱོད་ལམ་བཞི་ཤོང་ཙམ་གྱི་གནས་བརྩིགས་ན། ཁང་པའི་ལྷག་མར་མི་འགྱུར་ཏེ། ཚད་ལས་ལྷག་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །སྤྱོད་ལམ་བཞི་ཤོང་ཙམ་གྱི་གཙུག་ལག་ཁང་བརྩིགས་ན་ཁང་ཆེན་གྱི་ལྷག་མར་འགྱུར་རོ། །འདི་ལ་ནི་ཚད་ལས་ལྷག་པ་ཡན་ལག་ཏུ་མི་དགོས་ཏེ། ཊཱི་ཀ་ལས་གཙུག་ལག་ཁང་ལ་ནི་ཚད་ངེས་པ་མེད་དོ་ཞེས་སོ། །བདག་པོའི་གྲངས་དང་ཆེད་དུ་བྱ། །བཙལ་དང་ཚད་ལས་ལྷག་པ་དང་། །གནས་ཀྱི་མཐའ་ཆད་ཁྱད་པར་ཏེ། །ཁང་པ་ཁང་ཆེན་ཁྱད་པར་ལྔ། །ཞེས་གཟུང་ངོ་། །ད་ནི་ཞུ་བའི་སྐབས་འཆད་དེ། ཁང་པ་ཁང་ཆེན་བརྩིག་པར།་་་་་རྩོམ་པ་ནི་་་་་་རྨང་གདིངས་པ་ལ། སྦྱོར་བ་ཉིད་ཡིན་པས་ལྷག་མ་བསྐྱེད་ནུས་ཀྱི་སྦྱོར་བའི་རིག་བྱེད་ཡིན་པ་དང་། སྦྱོར་བ་མཚན་ཉིད་པའི་སྦོམ་པོ་བསྐྱེད་པ་དང་། འདུན་པ་ལོག་ན་སྦྱོར་བའི་རྣམ་པའི་སྦོམ་པོར་འགྱུར་བ་སྟེ། དོན་གསུམ་སྟོན་པའོ་ཞེས་གསུང་ངོ་། །མ་གཡོགས་པར་བྱེད་དུ་བཅུག་པའི་མཐའ་སྟེ། མ་གཡོགས་པ་དེ་ཟིན་པ་ན་སྦྱོར་བའི་རྣམ་པའི་སྦོམ་པོར་འགྱུར་ལ། ཕྱིས་སྟེང་གཡོགས་བྱ་བའི་བློ་སྐྱེས་ཏེ་ཐོག་བཀལ་ན་ནི་དངོས་གཞིའི་རྣམ་པའི་སྦོམ་པོར་འགྱུར་རོ། །མ་བསྐོས་པར་ཞེས་པ་འདི་ལ་ཁ་ཅིག་ན་རེ་གཞན་ཆེད་དུ་བརྩིག་པའི་ལྷག་མ་བསྐྱེད་པ་ལ། གཞན་དེས་བསྐོས་པ་ཡན་ལག་ཏུ་དགོས་པ་ལ། བསྐོས་པའི་ཡན་ལག་མ་ཚང་བའི་སྦོམ་པོ་ཞེ་ན། བསྐོས་པ་ཉིད་དང་མ་བསྐོས་པ་ཉིད་དག་ནི་གཙོ་བོ་ཉིད་མ་ཡིན་ཞེས་གསུངས་པ་དང་འགལ་ལ། བསྐོས་པའི་ཡན་ལག་མ་ཚང་བ་ཉིད་ཡིན་ན། ཊཱི་ཀ་ལས་བཙལ་བའི་ཡན་ལག་མེད་པའི་ཕྱིར་རོ་ཞེས་གསུངས་པ་དང་འགལ་བའི་ཕྱིར་ན་མི་རིགས་སོ། །་་་་་མ་བསྐོས་པར་རོ་ཞེས་པ་ནི་རྩིག་པ་པོ་ལ་ཁང་པ་བརྩིག་པའི་ས་གཞི་ཚོལ་ཅིག་ཅེས་ས་གཞི་འཚོལ་བར་མ་བསྐོས་པར་རང་ཉིད་དབང་བའི་གཞིར་ཁང་པ་བརྩིག་ན་སྦོམ་པོར་འགྱུར་རོ། །ཁང་པའི་ལྷག་མར་མི་འགྱུར་ཏེ། ས་གཞི་བཙལ་བའི་ཡན་ལག་མེད་པའི་ཕྱིར་རོ།་་་་་ཊཱི་ཀ་ལས་དངོས་གཞིར་ཡང་མི་འགྱུར་ཏེ། བཙལ་བའི་ཡན་ལག་མེན་པའི་ཕྱིར་ཞེས་སོ། །དེས་ན་ས་གཞི་འཚོལ་བར་མ་བསྐོས་པར་རོ་ཞེས་པ་འདི་ནི་ས་གཞི་བཙལ་

༼༤༧༥༽

བ་ལའོ་ཞེས་གསུངས་པ་དེའི་སིལ་བ་ཡིན་ནོ། །དེས་ན་མདོ་འདིས་ཁང་པ་འབའ་ཞིག་གི་དོན་བསྟན་པའོ། །འོ་ན་ཊཱི་ཀ་་་་་་འོ་ན་མ་བསྐོས་པར་རོ་ཞེས་པ་འདི་ཉིད་ཀྱི་ཊཱི་ཀ་ལས། དངོས་པོ་ཚང་ན་ཡང་ཕམ་པར་མི་འགྱུར་ཏེ། གཞི་གང་དབང་བ་དེ་ཉིད་ཀྱི་ཕྱིར་གཙུག་ལག་ཁང་བརྩིག་ཏུ་འཇུག་པའི་ཕྱིར་རོ། །ཞེས་གསུངས་པ་དེ་དང་འགལ་ཞེ་ན་གཙུག་ལག་ཁང་བརྩིག་ཏུ་འཇུག་པ་ལ་མཚོན་པ་དེ་ཞར་བྱུང་དུ་བསྟན་པའོ། །ལས་ཞུ་བའི་སྐབས་འདི་ཐམས་ཅད་ཁང་པ་དང་གཙུག་ལག་ཁང་གཉིས་ཀའི་དབང་དུ་བྱས་པ་ལས། གང་ཟག་གིས་སོ་ཞེས་བྱ་བ་འདི་འབའ་ཞིག་མ་གཏོགས་ཏེ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། མ་བསྐོས་པར་རོ་ཞེས་པ་འདི་ཡང་། ས་གཞི་གང་ཟག་རང་ཉིད་དབང་བ་བསྟན་པ་ཡིན་པས། ས་གཞི་གང་ཟག་གིས་སོ་ཞེས་བྱ་བར་འགྱུར་བས། ཊཱི་ཀ་དང་འགལ་བ་མེད་དོ་ཞེས་་་་་་སོག་འཆད་དོ། །ཡོ་བྱད་རྣམ་པ་དེ་ལྟ་བུས་སོ་ཞེས་གསུངས་པ་དེའི་སེལ་བ་ནི།་་་་་ཡོ་བྱད་གཞན་ལ་མ་བཙལ་བར་གང་ཟག་རང་གི་ཡོ་བྱད་དག་གིས་ཁང་པ་བརྩིགས་ན་སྦོམ་པོར་འགྱུར་རོ། །རྒྱ་ཆེ་འགྲེལ་པ་ཆེ་ཤོས་ཀྱི་རྩ་བ་ལས་་་་་་སྔར་གཞན་གྱིས་ཕྱེད་བྱས་པ་དང་དེའི་འཕྲོ་རང་གིས་ཟིན་པར་བྱེད་པ་གཉིས་ཟིན་པར་བྱེད་པར་བྱེད་ན་ཡང་སྦོམ་པོ་འབྱུང་། རང་བཞིན་མི་མཐུན་པ་ཡང་ངོ་ཞེས་པ་དེ་དང་། རྒྱ་ཆེ་འགྲེལ་ཆུང་ཤོས་ཀྱི་རྩ་བ་ལས་འཕྲོ་ཟིན་པར་བྱེད་ན་ཡང་ངོ་ཞེས་པ་་་་་་སྔ་མ་ནི་ཚིག་འགྱུར་དང་ཕྱི་མ་ནི་དོན་འགྱུར། འགྱུར་ཐ་དད་ཡིན་གྱི་དོན་གཅིག་པ་སྟེ། དཔེར་ན་ཉམས་པ་་་་་་རྒྱ་ཆེ་འགྲེལ་བ་ཆེ་ཤོས་ཀྱི་རྩ་བ་ལས། དང་མ་ཆགས་པ་གཉིས་ཞེས་པ་དང་། ཆུང་ཤོས་ཀྱི་རྩ་བ་ལས།་་་་་ཉམས་པ་དང་མ་སྐྱེས་པ་གཉིས་ཞེས་པ་དང་འདྲའོ། །དགེ་འདུན་ལ་གནང་བ་གསོལ་བའི་འོག་ཏུ་མ་གྲུབ་ན་དགེ་འདུན་གྱི་གནང་བ་དོན་མེད་དུ་བྱས་པའི་ཉེས་བྱས་སོ། །ཞེས་ཁང་པ་ཁང་ཆེན་གཉིས་ཀའི་ཐུན་མོང་ངོ་། །ས་གཞིའི་བདག་པོ་ལ་གནང་བ་གསོལ་བའི་འོག་ཏུ་མ་གྲུབ་ན་ས་གཞིའི་བདག་པོས་གནང་བ་དོན་མེད་དུ་བྱས་པའི་ཉེས་བྱས་སོ། །ཉེས་བྱས་འདི་ནི་ཁང་ཆེན་ཁོ་ནའི་ཡིན་གྱི། ཁང་པའི་སྐབས་སུ་ཉེས་་་་་་ས་གཞིའི་བདག་པོ་ལ་གསོལ་བའི་འོག་ཏུ་ཁང་པ་བརྩིག་པ་མ་གྲུབ་ན་བྱས་འདི་བསྐྱེད་ན་ནི་འགལ་བར་འགྱུར་ཏེ། ཁང་པའི་ས་གཞི་བཙལ་བ་ལས་བརྩིགས་ན་མཐར་ཐུག་ལ་སྦོམ་པོར་འགྱུར་བས། ཉེས་པ་སྦོམ་པོ་མི་སྒྲུབ་ན། ཉེས་བྱས་བསྐྱེད་པར་མི་རིགས་

༼༤༧༦༽

པའི་ཕྱིར་རོ། །འོ་ན་ཊཱི་ཀ་ལས་ཞུ་བའི་སྐབས་འདི་ཐམས་ཅད་ཁང་པ་དང་གཙུག་ལག་ཁང་གཉིས་ཀའི་དབང་དུ་བྱས་པ་ལས། གང་ཟག་གིས་སོ་ཞེས་བྱ་བ་འདི་འབའ་ཞིག་མ་གཏོགས་ཏེ་ཞེས་བཤད་པ་དང་འགལ་ཞེ་ན། དགེ་འདུན་ལ་གནང་བ་གསོལ་བའི་འོག་ཏུ་མི་སྒྲུབ་ན་ཉེས་བྱས་ཞེས་བསྟན་པ་དེ། ཁང་པ་དང་ཁང་ཆེན་གཉིས་ཀའི་ཐུན་མོང་ཡིན་པས་འགལ་བའི་སྐྱོན་མེད་དོ། །ད་ནི་གཞི་མེད་སྐུར་འདེབས་ཀྱི་ལྷག་མ་འཆད་དེ། ཕམ་པར་འགྱུར་བ་ལྷག་པར་སྤྱོད་པས་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་གྱད་བུ་ནོར་ལ་གཞི་མེད་པར་སྦྱོར་བ་གསལ་པོའི་སྒོ་ནས་ཕམ་པས་སྐུར་བ་བཏབ་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་སྡོམ་པ་ལ་སྐུར་བ་བཏབ་པའི་སྒོ་ནས་རང་རིགས་ཙམ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ལྟ་བ་རང་ཕྱོགས་ཡིན་ན་མཚན་མཐུན་རུང་མི་མཐུན་རུང་སྟེ་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པའམ། ལྟ་བ་གཞན་ཕྱོགས་བསྙེན་རྫོགས་ཀྱི་སྡོམ་པ་ཕམ་པས་མ་གོས་པ་དང་ལྡན་པ་ལ་བསམ་པ་ཉམས་འདུན་གྱིས་སྦྱོར་བ་གསལ་པོས་ཕམ་པས་སྐུར་བ་བཏབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་སྐུར་པ་གདབ་པའི་ཡུལ་དང་། གང་གིས་སྐུར་པ་གདབ་པའི་དངོས་པོ་དང་། གང་ལ་གོ་བར་བྱ་བའི་ཡུལ་ལོ། །དང་པོ་ལ་བཞི་སྟེ། ལྟ་བ་རང་ཕྱོགས་ཡིན་ན། མཚན་མཐུན་རུང་མི་མཐུན་རུང་སྟེ་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པའམ། ལྟ་བ་གཞན་ཕྱོགས་བསྙེན་རྫོགས་ཀྱི་སྡོམ་པ་ཕམ་པས་མ་གོས་པ་དང་ལྡན་པ་དང་། ཐ་སྙད་གསུམ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་། བདག་ལས་ཐ་དད་པའོ། །དང་པོ་ནི། དགེ་སློང་ཉམས་པ་ལ་ཡང་ངོ་ཞེས་པ་དང་། ཊཱི་ཀ་ལས་་་་་་ཆོས་འདི་པའི། ལྟ་བ་ཁས་མི་ལེན་པ་ལ་སྐུར་པ་འདེབས་པ་ལ་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཕམ་པར་མ་གྱུར་པའི་ཕྱིར་རོ་ཞེས་བཤད་དོ། །དགེ་སློང་ལྟ་བ་ཆོས་མིན་ཕྱོགས་སུ་སོང་ཞིང་ཕམ་པ་བྱུང་ན་ནི། དེ་ལ་སྐུར་པ་བཏབ་ཀྱང་དགག་བྱ་མི་རྫོགས་པའོ། །གཉིས་པ་ཐ་སྙད་གསུམ་ལྡན་ནི། སྨྲ་ཤེས། དོན་གོ ཤེས་པ་རང་བཞིན་དུ་གནས་པ་སྟེ། སྨྲ་བ་

༼༤༧༧༽

པོ་ཉིད་ལ་ཡོད་པ་སྟེ་ཞེས་དང་། རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ། །ཞེས་པ་དང་། ལུང་ཞུ་བ་ལས། དགེ་སློང་གིས་དགེ་སློང་སྨྱོན་པ་ལ་སྐུར་བ་བཏབ་ན་ཅིར་འགྱུར་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་ཚོར་བས་གཟིར་བ་ལ་སྐུར་པ་བཏབ་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་པས་ཤེས་པ་རང་བཞིན་དུ་གནས་པ་དགོས་པ་ཤུགས་ཀྱིས་བསྟན་ཏོ། །གསུམ་པ་ནི་རེག་པའི་སྐབས་སུ་བཤད་ཟིན་པ་བཞིན་ནོ། །བཞི་པ་ནི་དགེ་སློང་ཕ་རོལ་པོས་ཞེས་རྡེག་པ་ལ་བཤད་པའི་གནད་ཀྱིས་སོ། །གཉིས་པ་གང་གིས་སྐུར་བ་གདབ་པའི་དངོས་པོ་ནི། ཕམ་པའི་དངོས་གཞིས་སྐུར་པ་བཏབ་པ་ཡིན་པ་དང་། མཐོང་ཐོས་དོགས་གསུམ་གྱི་གཞི་མེད་པ་སྟེ། ཕམ་པར་འགྱུར་བ་ལྷག་པར་སྤྱོད་པས་ཞེས་པ་དང་། གཞི་མེད་པ་ཞེས་པས་གྲུབ་བོ། །གསུམ་པ་གང་ལ་གོ་བར་བྱ་བའི་ཡུལ་ནི། ཐ་སྙད་ལྔ་དང་ལྡན། ལུས་ཐ་མལ་པར་གནས་བདག་ལས་ཐ་དད་པ་སྟེ། རྫུན་སྨྲ་ཕམ་པའི་སྐབས་སུ་སྔར་བཤད་ཟིན་པ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་གི་རྣམ་པ་མ་དོར་བར་འཛིན་པའི་ཤེས་པའོ། འདིར་དམིགས་ཀྱིས་བསལ་བ་ནི།་་་་་མ་དག་པའི་ཕྱོགས་གཅིག་ལ་ནི་འཁྲུལ་ཏེ། ཕམ་པས་མ་དག་པ་ལ་དག་པར་འདུ་ཤེས་འཁྲུལ་ཏེ་སྐུར་པ་བཏབ་ན་ལྷག་མར་འགྱུར་རོ། །ཀུན་སློང་ནི་ཉམས་འདུན་གྱིས་ཕམ་པས་སྐུར་པ་འདེབས་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གང་ལ་བསམས་པ་དེ་ཉིད་ལ་ངག་གི་རིག་བྱེད་ཀྱིས་ཕམ་པས་སྐུར་པ་འདེབས་པར་ཞུགས་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བ་སྟེ། གོ་བར་བྱས་ནའོ་ཞེས་སོ། །ཡན་ལག་གི་དོན་ནི། ཕམ་པར་འགྱུར་བ་ལྷག་པར་སྤྱོད་པས་ཡུལ་དགེ་སློང་ཕ་དང་། དགེ་སློང་མ་འཆབ་མེད་ཀྱི་ཕམ་པས་ཉམས་པ་ལ་ཡང་སྐུར་པ་བཏབ་ན་ལྷག་མར་འགྱུར་རོ། །དེ་ཡང་རང་གི་རྣམ་བཤད་ཀྱི་དགེ་སློང་ཕའི་རྣམ་འབྱེད་ཀྱི་སྐབས་ལས། ཉམས་པ་ལ་ཡང་ངོ་ཞེས་བྱ་བའི་ཚིག་ནི་དགེ་སློང་ཕ་དང་དགེ་སློང་མ་ཉིད་ཉམས་པ་ཞེས་བྱ་བ་ནི་འདི་ལ་སྐུར་པ་འདེབས་པའི་དོན་དུའོ་ཞེས་གསུངས་སོ། །མཚན་དང་ལྟ་བའི་ཕྱོགས་ལས་རང་ཉིད་ནི་སྐུར་འདེབས་ཀྱི་སྐབས་འདིར་ཡན་ལག་མ་ཡིན་ནོ། །དེ་ཡང་དགེ་སློང་ཕ་མ་ལས་གྱུར་པ་གཞན་རྣམས་ལ་ཡུལ་ཕ་

༼༤༧༨༽

རོལ་པོ་དེ་ཕམ་བསམ་ཉམས་པ་དང་མཚན་མཐུན་པ་དང་ལྟ་བ་མཐུན་པ་ཡན་ལག་ཏུ་དགོས་ཀྱང་། དམིགས་བསལ་སྐུར་འདེབས་ཀྱི་སྐབས་འདིར་དེ་རྣམས་ཡན་ལག་ཏུ་མི་དགོས་པའི་རྒྱུ་མཚན་ནི། སྐུར་འདེབས་འདི་སྡིག་ཤིན་ཏུ་ཆེ་བས་དོག་ཏུ་བཀག་པ་སྟེ། ལུང་གཅིག་ལས་འཕྲོས་པ་ལས་ངག་ལས་བྱུང་བའི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ན་སྐུར་པ་བཏབ་པ་གཅིག་པུ་ཉེས་པ་ཆེའོ་ཞེས་གསུངས་སོ། །འོ་ན་སྐུར་འདེབས་འདི་ལ་ཡུལ་སྨྲ་ཤེས་དོན་གོ་བ་ཡན་ལག་ཏུ་དགོས་སམ་མི་དགོས་ཞེ་ན། རྒྱ་གར་ན་བཤད་ལུགས་གཉིས་ལས། སློབ་དཔོན་ཡོན་ཏན་འོད་དང་ཆོས་ཀྱི་བཤེས་གཉེན་ནི། གང་ལ་སྐུར་པ་གདབ་པའི་ཡུལ་དེ་སྨྲ་ཤེས་དོན་གོ་ཡན་ལག་ཏུ་དགོས་པར་བཞེད་དེ། སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ་ཞེས་པ་དང་། རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ། །ཞེས་པའི་རང་གི་རྣམ་བཤད་དང་རྒྱ་ཆེ་འགྲེལ་ལས་ལྐུགས་པ་ལ་གཞི་མེད་པ་དང་བག་ཙམ་དག་གིས་སྐུར་པ་འདེབས་པ་ལ་སྦོམ་པོའོ། །གླེན་པ་དང་འོན་པ་དག་ལ་གཞི་མེད་པ་དང་བག་ཙམ་གྱིས་སྐུར་པ་འདེབས་པ་ལ་ཡང་སྦོམ་པོའི་ཞེས་གསུངས་སོ། །དེ་ཡང་ལུང་ཞུ་བ་ལས་ལྐུགས་པ་དང་གླེན་པ་དང་འོན་པ་ལ་སྐུར་པ་བཏབ་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བཤད་པ་ལ་བརྟེན་ནས་སོ། །སློབ་དཔོན་དགེ་ལེགས་བཤེས་གཉེན་ནི་ལུང་དེ་ཡི་གེ་ལྷག་པ་ཡིན་པར་བཞེད་དེ། ཞུ་འགྲེལ་ལས་གལ་ཏེ་ལྐུགས་པ་ལ་སྐུར་པ་བཏབ་པ་སྦོམ་པོར་འདོད་ན་ལོང་བ་དང་འཐེང་པོ་ལ་སོགས་པ་ལ་ཡང་དེ་དང་འདྲ་བར་ཐལ་བར་འགྱུར་བས། དེ་ལྟ་བས་ན་འདི་ནི་གདོན་པར་མི་བྱའོ། །དེའི་བས་ན་འདི་ལ་སྐུར་པ་བཏབ་ན་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་ཤེས་པར་བྱའོ་ཞེས་བཤད་དོ། །དེའི་བསམ་པ་ནི་སྐུར་འདེབས་ཀྱི་ལྷག་མའི་སྐབས་འདིར་ཡུལ་ཕམ་པས་མ་ཉམས་པ་ཡན་ལག་ཏུ་མི་དགོས་ཤིང་མཚན་མཐུན་ལྟ་མཐུན་ཡན་ལག་ཏུ་མི་དགོས་པ་བཞིན་དུ། ཡུལ་སྨྲ་ཤེས་དོན་གོ་ཡན་ལག་ཏུ་མི་དགོས་པར་ཡང་རྒྱུ་མཚན་མཚུངས་སོ་སྙམ་དུ་བསམ་པའོ། །འོན་ཀྱང་སློབ་དཔོན་ཡོན་ཏན་འོད་ཀྱི་རྗེས་སུ་འབྲང་བར་བྱའོ། །བདེན་་་་་་ཕམ་པ་བྱུང་བ། པར་སྨྲ་བས་་་་་་ནི་གནས་ངན་ལེན་བརྗོད་པའམ་སྐྱོན་ནས་སྨྲ་བའི་ལྟུང་བ་བསྐྱེད་ཀྱང་སྐུར་འདེབས་ཀྱི། ལྟུང་བ་འདི་མི་སྐྱེད་ཀྱི། བདེན་པའི་འདུ་ཤེས་སྒྱུར་

༼༤༧༩༽

ཏེ། རྫུན་དུ་སྨྲ་བས་སོ།་་་་་སྐུར་པ་བཏབ་པས། དེ་ཡང་མཐོང་ཐོས་དྭོགས་གསུམ་གྱི་གཞི་མེད་པར་བདག་གིས་མཐོང་ངོ་ཐོས་སོ་དྭོགས་སོ་ཞེས་སྨྲ་ནའོ། །ཐོས་སོ་ཞེས་སྨྲས་པ་དེ་ཡང་ཕམ་པའི་སྦྱོར་བ་བྱེད་པའི་སྒྲ་བདག་གིས་ཐོས་སོ་ཞེས་བརྗོད་ན་ལྷག་མར་འགྱུར་གྱི། ཕམ་པ་བྱུང་ངོ་ཞེས་གཞན་ཟེར་བའི་གཏམ་བདག་གིས་ཐོས་སོ་ཞེས་བརྗོད་པས་ནི་ལྷག་མར་མི་འགྱུར་ཏེ། ལུང་ཞུ་བ་ལས་གཞན་ཟེར་བ་དང་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྐུར་བ་བཏབ་ན་ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་དང་། སྤྱིར་བསྟན་ལས་་་་་་གཞན་ཟེར་རོ་ཞེས་གཞན་ལ་སྙད་འདོགས་པ་མ་ཡིན་གྱི། བདག་ཉིད་དང་འབྲེལ་བར་རོ། །འོག་མ་དག་ལ་་་་་་བདག་ཉིད་དང་འབྲེལ་བར་སྨྲ་བ་འམ། གཞན་ལ་་་་་་སྟེ་གཞན་སྨྲའོ་ཞེས་ཟེར་རོ་ཞེས་སྨྲ་བ། ན་སྨད་པ་ཉིད་དོ་ཞེས་པས་གྲུབ་བོ། །དེ་དང་མཐུན་པར་རྣམ་འབྱེད་འགྲེལ་ལས། ཐོས་པ་ནི་གཞན་ལས་གཏམ་ཐོས་པ་མ་ཡིན་གྱི། ཡོལ་བ་ལ་སོགས་པས་བསྒྲིབས་པའི་ཕག་ན་མི་ཚངས་པར་སྤྱོད་པ་ལ་སོགས་པ་བྱེད་པའི་སྒྲ་བདག་ཉིད་ཀྱི་རྣ་བས་ཐོས་པའོ་ཞེས་བཤད་དོ། །བསམ་པ་ནི་དགེ་སློང་ཕ་རོལ་པོ་དེ་ཉམས་པར་འདུན་པས་སོ། །འདིའི་ཁུངས་ནི་སོ་སོ་ཐར་པ་དང་ལུང་རྣམ་འབྱེད་ལས། ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་འབྲལ་ལོ་སྙམ་ནས་ཞེས་གསུངས་སོ། །ཊཱི་ཀ་ལས་ཉམས་པར་བྱ་བའི་བསམ་པས་ཡིན་གྱི། ཁྲོས་པའམ་རྒོད་བག་གམ་བྱུང་རྒྱལ་གྱིས་ནི་མ་ཡིན་སོ་ཞེས་སོ། །འོ་ན་སོ་སོ་ཐར་པའི་མདོ་ལས་ཁྲོས་འཁྲུགས་པས་སྐུར་པ་འདེབས་ན་ཞེས་གསུངས་པ་དེ་ཇི་ལྟར་ཡིན་ཞེ་ན། ཊཱི་ཀ་ལས་དེ་ནི་གླེང་གཞིའི་དབང་ཁོ་ནས་གསུངས་པ་ཡིན་གྱི་ཡན་ལག་ནི་མ་ཡིན་ཏེ། འདིར་སྐུར་པ་གདབ་པའི་བསམ་པ་ཡན་ལག་ཡིན་ནོ། །ཞེས་སོ། །གང་ཐོས་པ་དེ་ནི་ཐོས་པ་ལས་གཞི་གཞན་མཐོང་བ་མ་ཡིན་པས། ཐོས་པ་ལ་མཐོང་ངོ་ཞེས་སྨྲ་ན་གཞི་མེད་པར་སྐུར་འདེབས་ཀྱི་ལྷག་མར་འགྱུར་རོ། །དོགས་པ་ལ་མཐོང་ངོ་ཞེས་སྨྲ་བ་ལ་སོགས་པ་ལ་ཡང་དེ་བཞིན་ནོ།་་་་་ཊཱི་ཀ་ལས་གང་མཐོང་བ་དེ་ཐོས་པ་མིན་ལ། གང་ཐོས་པ་དེ་མཐོང་བ་མིན་ཞིང་དོགས་པ་ཡང་མ་ཡིན་ཞིང་། གང་དོགས་པ་དེ་མཐོང་བ་མ་ཡིན་ཐོས་པ་ཡང་མ་ཡིན་ནོ། །གཞི་གཞན་ཡོད་དུ་ཟིན་ཀྱང་། གང་གིས་གླེང་བའི་གཞི་དེ་མེད་ན། གཞི་མེད་ཀྱི་ལྷག་མར་འགྱུར་རོ་ཞེས་སོ། །འདིའི་ཁུངས་ནི་ལུང་རྣམ་

༼༤༨༠༽

འབྱེད་ལས། ཐོས་པ་ལས་ཡིད་ཆེས་ནས་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་དོགས་པ་ལ་བདག་གིས་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་སོ། །སྔོན་ཕམ་པའི་ཉེས་སྤྱོད་བྱེད་པ་མཐོང་སྟེ་བརྗེད་ནས་མཐོང་ངོ་ཞེས་སྐུར་པ་འདེབས་ན་བརྗེད་པ་ནི་གཞི་ཡོད་པ་ཉིད་མ་ཡིན་པས། གཞི་མེད་ཀྱི་ལྷག་མར་འགྱུར་རོ། །ཐོས་ཏེ་བརྗེད་བཞིན་དུ་ཐོས་སོ་ཞེས་ཟེར་བ་དང་། དོགས་ཏེ་བརྗེད་བཞིན་དུ་དོགས་སོ་ཞེས་ཟེར་ན་ཡང་གཞི་མེད་ཀྱི་ལྷག་མར་འགྱུར་རོ། །གལ་ཏེ་མཐོང་སྟེ་བརྗེད་བཞིན་དུ་མཐོང་ཞེས་སྨྲ་བ་ཆོས་ཅན། རྫུན་ཡིན་པ་མི་འཐད་པར་ཐལ། དོན་དང་མཐུན་པར་སྨྲས་པ་ཡིན་པའི་ཕྱིར་རོ་ཞེ་ན། དོན་གྱི་མཐོང་ཐོས་དོགས་གསུམ་ཡོད་པ་དེ་ཉིད་ནི་མི་རྫུན་པ་བདེན་པར་སྨྲ་བ་ཉིད་ཀྱི་རྒྱུ་མ་ཡིན་ནོ། །ཊཱི་ཀ་ལས། རྫུན་པ་དང་བདེན་པ་གཉིས་ནི་འདུ་ཤེས་་་་་་ལུང་རྣམ་འབྱེད་ལས་གང་ཟག་མ་དག་པ་ལ་སྐུར་པ་འདེབས་པ་ལ་ནི་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ཏེ་མ་མཐོང་བ་ལ་མཐོང་ངོ་ཞེས་ཟེར་བ་དང་། མ་ཐོས་པ་ལ་ཐོས་སོ་ཞེས་ཟེར་བ་དང་། མི་དོགས་པ་ལ་དོགས་སོ་ཞེས་ཟེར་བ་དང་། མཐོང་སྟེ་བརྗེད་བཞིན་དུ་མཐོང་ངོ་ཞེས་ཟེར་བ་དང་། ཐོས་ཏེ་བརྗེད་བཞིན་དུ་ཐོས་ཞེས་ཟེར་བ་དང་། དོགས་ཏེ་བརྗེད་བཞིན་དུ་དོགས་སོ་ཞེས་ཟེར་བ་དང་། ཐོས་པ་ལ་ཡིད་ཆེས་བཞིན་དུ་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་ཡིད་མི་ཆེས་པར་མཐོང་ཞེས་ཟེར་བ་དང་། ཐོས་པ་ལ་དོགས་ཏེ་མཐོང་ཞེས་ཟེར་བ་དང་། ཐོས་པ་ལ་མི་དོགས་ཏེ་མཐོང་ངོ་། །ཞེས་ཟེར་བ་དང་དོགས་པ་ལ་མཐོང་ངོ་ཞེས་ཟེར་ན་བརྗེད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་ཏེ། དང་པོ་གསུམ་ནི་རྫུན་དུ་སྨྲ་བས་སོ། །ཞེས་པས་བསྡུས་སོ། །དེའི་འོག་མ་ལྔ་ནི་དེ་ནི་གཞི་གཞན་མ་ཡིན་ཞེས་པས་བསྡུས་སོ། །དེའི་འོག་མ་གསུམ་ནི་བརྗེད་པ་ནི་ཡོད་པ་ཉིད་མ་ཡིན་ཞེས་པས་བསྡུས་སོ། །དང་འབྲེལ་བ་ཡིན་གྱི། དོན་གྱི་དེ་ཉིད་དང་འབྲེལ་བ་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ།་་་་་ཊཱི་ཀ་ལས་དེ་ནི་གཞི་གཞན་མ་ཡིན་ནོ་ཞེས་བྱ་བ་དང་བརྗེད་པ་ནི་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་མདོ་དེ་གཉིས་ནི། ཉམས་པ་ལ་སྐུར་པ་འདེབས་པའི་དགེ་འདུན་ལྷག་མར་འགྱུར་བའི་ཁུངས་ཡིན་ལ། ཁུངས་དེ་ཉིད་སྒྲུབས་པར་བྱེད་པ་ནི་དོན་གྱི་དེ་ཉིད་ནི་མ་རྫུན་པར་སྨྲ་བ་ཉིད་ཀྱི་རྒྱུ་མ་ཡིན་ནོ་ཞེས་བྱ་བའི་མདོ་འདི་ཡིན་ནོ་ཞེས་གསུངས་སོ། །ད་ནི་བག་ཙམ་གྱིས་སྐུར་པ་འདེབས་པའི་དགེ་འདུན་ལྷག་མ་འཆད་དེ། བརྗེད་པར་བྱ་བ་གཞན་ལ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་གྱད་བུ་ནོར་ལ་བྱེད་པ་པོ་དང་བྱ་བ་

༼༤༨༡༽

མ་སྦྱར་བར་་་་་་དགེ་སློང་གྱད་བུ་ནོར་དང་དགེ་སློང་མ་ཨུཏྤ་ལའི་མདོག་ཀྱང་མཐོང་། མི་ཚངས་པར་སྤྱོད་པ་ཡང་མཐོང་ཞེས། ཕམ་པས་སྐུར་པ་བཏབ་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་སྔ་མ་བཞིན་ནོ། །ངོ་ཏི་དང་ཡན་ལག་རྩིས་ནི་སྔར་གཞི་མེད་ཀྱི་སྐབས་སུ་ཇི་སྐད་བསྟན་པ་དེ་དག་སྟེ། འདིར་ནི་བྱེད་པ་པོ་དང་བྱ་བ་མ་སྦྱར་བས་ཁྱད་པར་དུ་བྱས་སོ། །ཡན་ལག་གི་དོན་ནི། སྔར་གཞི་མེད་ཀྱི་སྐབས་སུ་ཕམ་པར་འགྱུར་བ་ལྷག་པར་སྤྱོད་པས་ཞེས་པ་ལ་སོགས་པ་སྔར་བསྟན་པ་དེ་དག་ཐམས་ཅད་འདིར་ཁས་བླང་ནས་རྫུན་དུ་སྨྲ་བས་སོ། །ཞེས་སྨོས་པ་དེའི་བྱེ་བྲག་འགའ་ཞིག་འདིར་བརྗོད་པར་བྱ་སྟེ། ཞེས་ཊཱི་ཀས་མཚམས་སྦྱར་བཀོད་ནས། བརྗོད་པར་བྱ་བ་ནི་ཕམ་པ་སྟེ་དོན་གསལ་བ་ལས་གཞན་དོན་མི་གསལ་བ་ལ་གནས་པའི་ཚིག་སྟེ། བྱེད་པ་པོ་དང་བྱ་བ་མ་སྦྱར་པའི་ཚིག་བདེན་པའི་འདུ་ཤེས་བསྒྱུར་ཏེ་རྫུན་དུ་སྨྲ་ན་བག་ཙམ་གྱི་ལྷག་མར་འགྱུར་བའོ།་་་་་བག་ཙམ་ཞེས་པ་ནི་རྒྱུ་མཚན་ཅི། གླེང་གཞིའི་སྐབས་སུ་རི་དྭགས་ཕོ་མོ་མི་ཚངས་པར་སྤྱོད་པ་མཐོང་བས། གདགས་གཞི་བག་ཙམ་ཞིག་ཡོད་པ་ཡིན་པས་ན། བག་ཙམ་ཞེས་བྱ་སྟེ། རྣམ་འབྱེད་འགྲེལ་ལས་འདི་ནི་བག་ཙམ་གྱི་གཞི་ཡོད་པ་ལས་སྐུར་པ་འདེབས་པ་ཡིན་ནོ་ཞེས་སོ། །གཞན་་་་་་འདིར་ནི་རྫོགས་ཚིག་ལ་འབྲུ་སྣོན་དགོས་ཏེ། གྱི་ཆ་དང་མཐུན་པ་ཞེས་པ་ནི་ཊཱི་ཀ་ལས་གཞི་མེད་པར་སྐུར་པ་འདེབས་པ་དོན་གསལ་བར་གོ་བར་བྱེད་པ་ལས་གཞན་དོན་མི་གསལ་བར་གོ་བར་བྱེད་པའི་ཚིག་གཞན་གྱི་ཆ་དང་མཐུན་པའི་དགེ་འདུན་ལྷག་མ་ཞེས་སོ། །ལུང་རྣམ་འབྱེད་ལས་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པའི་དགེ་འདུན་ལྷག་མ་སྟེ་ཞེས་གསུངས་པ་ལ་དེ་ལ་ནི་ལུང་རྣམ་འབྱེད་ལས་གཞན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །མྱ་ངན་་་་་་འཁོར་བ་ལས་གཞན་ཡིན་པའི་ཕྱིར། ཞེས་རྣམ་འབྱེད་འགྲེལ་པ་ལས་བཤད་དོ། ལས་འདས་པའི་ཆ་མ་ཡིན་པ་་་་་་ནི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་དེ་དང་མཐུན་པ་ནི་ཕམ་པར་འགྱུར་བའོ་ཞེས་གསུངས་ཤིང་། གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཕམ་པར་འགྱུར་བའི་ཆོས་ཀྱི་སྐུར་པ་འདེབས་པ་ཞེས་ཀྱང་ལུང་རྣམ་འབྱེད་ལས་གསུངས་སོ། །ཞུ་བའི་སྐབས་ལས་མི་བསྟེན་པ་ནི་འཁྲིག་པ་བསྟེན་དུ་མི་རུང་བ་སྟེ། ཕོ་མོའི་་་་་་ཊཱི་ཀ་ལས་ཁ་དང་བཤང་བའི་ལམ་གྱི་དབང་དུ་བྱས་

༼༤༨༢༽

པ་ནི་མ་ཡིན་ནོ་ཞེས་བཤད་དེ། ལམ་དེ་གཉིས་ལས་ནི་ལྟུང་བ་རྫོགས་པར་སྐྱེད་པའོ། །མ་ནིང་མོ་སྦུབས་མེད་པ་དེ་ཉིད་དུ་མི་ཚངས་པར་སྤྱད་དོ་ཞེས་སྐུར་པ་འདེབས་པ་ལྟ་བུ། དབང་པོ་མེད་པའི་མཚན་མར་མི་ཚངས་པར་སྤྱོད་ཅེས་སྐུར་པ་འདེབས་ན་སྦོམ་པོའོ། །འདིར་ཁ་་་་་་ཤ་སྦས། ཅིག་ན་རེ་འདི་ནི་མིང་སྦོམ་པོ་ཞེས་བཏགས་ཀྱང་ཉེས་བྱས་ཡིན་ཏེ། མི་བསྟེན་པའི་མཚན་མར་མི་ཚངས་པར་སྤྱད་པའི་ལྟུང་བ་ནི་སྦོམ་པོ་ཡིན་ལ། སྦོམ་པོར་སྐུར་པ་བཏབ་ན་ཉེས་བྱས་ཡིན་པའི་ཕྱིར་ཏེ། དེའང་ལུང་ཞུ་བ་ལས། ཉེས་པ་སྦོམ་པོས་སྐུར་པ་བཏབ་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་དང་། ཊཱི་ཀ་ལས་ཕམ་པས་སྐུར་ན་ནི་དགེ་འདུན་ལྷག་མའོ། །དགེ་འདུན་ལྷག་མས་སྐུར་ན་ནི་ལྟུང་བྱེད་དོ། །ལྟུང་བ་གཞན་གྱིས་སྐུར་ན་ནི་ཉེས་བྱས་སོ་ཞེས་ཕམ་ལྷག་ལས་གཞན་གྱིས་སྐུར་པ་བཏབ་ན་ཉེས་བྱས་སུ་བཤད་པས་གྲུབ་བོ། །སྦོམ་པོ་རྣམས་ཀྱི་ནང་ན་སྡིག་ལྕི་བ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་དབྱེན་བྱས་པ་སྟེ་འདི་གཉིས་ཀྱིས་སྐུར་པ་བཏབ་ན་ཉེས་བྱས་སུ་གསུངས་པའི་གནད་ཀྱིས་ཀྱང་ངོ་། །གལ་ཏེ་སྦོམ་པོས་སྐུར་པ་བཏབ་པས་སྦོམ་པོ་བསྐྱེད་ན་ཕམ་པས་སྐུར་པ་བཏབ་པས་ཕམ་པ་བསྐྱེད་པར་ཐལ་ཞེས་མཚུངས་སོ་ཞེས་འཆད་དོ། །ཞུ་འགྲེལ་ལས་ཀྱང་གཞན་དག་ན་རེ་ཕོ་དང་མོའི་དབང་པོ་དང་བྲལ་བ་དང་སྐུར་པ་འདེབས་པ་དེ་ནི་ཕམ་པར་གཏོགས་པའི་སྦོམ་པོས་སྐུར་པ་བཏབ་པ་ཡིན་ལ། སྦོམ་པོས་སྐུར་པ་བཏབ་པ་ལ་སྦོམ་པོར་འགྱུར་བར་ཡང་བརྗོད་པར་མི་ནུས་ཏེ། ཉེས་པ་སྦོམ་པོས་སྐུར་པ་བཏབ་ན་ཉེས་བྱས་སོ་ཞེས་གསུངས་སོ། །དེ་ལྟ་བས་ན་འདིར་ཉེས་པ་སྦོམ་པོར་སྨོས་པ་ནི་འགའ་ཞིག་གིས་སྒྲོ་བཏགས་པ་ཡིན་ལ། འདིར་ཉེས་བྱས་སུ་གསུངས་པ་ཉིད་བཟང་ངོ་ཞེས་བཤད་དོ། །རང་ལུགས་ནི་སྦོམ་པོས་སྐུར་པ་བཏབ་ན་ཉེས་བྱས་སུ་གསུངས་པ་དེ་དག་ནི་སྤྱིར་བཏང་ཡིན་ལ་དགེ་སློང་ལ་མི་ཚངས་སྤྱོད་ཀྱིས་སྐུར་པ་འདེབས་པ་འཚང་ཆེ་བ་ལ་ལྟོས་ནས། མི་བསྟེན་པས་སྐུར་པ་འདེབས་ན་སྦོམ་པོ་ཞེས་གསུངས་པ་ནི་དམིགས་བསལ་ཡིན་ནོ། །ཕམ་པའི་དངོས་གཞི་ཡོངས་རྫོགས་ཀྱིས་སྐུར་པ་བཏབ་ན་ལྷག་མའི་དངོས་གཞི་ཡོངས་རྫོགས་བསྐྱེད་པ་ལྟར། ཕམ་པའི་སྡེའི་སྦོམ་པོར་སྐུར་པ་བཏབ་ན་ཡང་ལྷག་མའི་སྡེའི་སྦོམ་པོ་བསྐྱེད་པ་ལ་འགལ་བ་ཅི་ཞིག་ཡོད་དེ། དེས་ན་

༼༤༨༣༽

ལུང་དང་མདོ་རྩ་འགྲེལ་ལས་སྦོམ་པོར་གསུངས་པ་འདི་ཉེས་བྱས་མ་ཡིན་གྱི། སྦོམ་པོ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་དགེ་འདུན་གྱི་དབྱེན་བྱས་པའི་སྡིག་པ་ནི་མཚམས་མེད་པ་སྟེ། ལྟུང་བ་ནི་སྦོམ་པོའོ།་་་་་ཊཱི་ཀ་ལས་མཚམས་མེད་པ་འདི་གཉིས་ནི་སྦོམ་པོའི་ཞེས་བཤད་དོ། །དེ་ཡང་མི་གསོད་པའི་སྦྱོར་བའི་སྦོམ་པོ་དང་། དབྱེན་བྱེད་པའི་ལྷག་མའི་ཕྱོགས་དང་མཐུན་པའི་སྦོམ་པོ་སྟེ་གོ་རིམ་བཞིན་ནོ། །འོ་ན་མཚམས་མེད་པ་དེ་གཉིས་ཀྱིས་སྐུར་པ་བཏབ་ན་ཅིར་འགྱུར་ཞེས་ན།་་་་་འདི་ལ་བཤད་ལུགས་མི་འདྲ་བ་གསུམ་སྣང་སྟེ། ལྷག་མར་བཤད་པ་དང་། སྦོམ་པོར་བཤད་པ་དང་། ཉེས་བྱས་སུ་བཤད་པའོ། །དེའང་བསྡུས་པ་ལས། དགེ་སློང་གིས་མཚམས་མེད་པ་ལྔས་སྐུར་པ་བཏབ་ན་དེ་དག་ཐམས་ཅད་དགེ་སློང་མ་ཡིན་པར་འགྱུར་བས་དངོས་གཞིའོ། །དེ་བཞིན་་་་་་མའམ་ཕ་བསད་པའི་མཚམས་མེད་པས་སྐུར་པ་བཏབ་ན་དངོས་གཞི་བསྐྱེད་པ། དུ་་་་་་ངན་སེམས་ཀྱིས་ཁྲག་ཕྱུང་བའམ་དབྱེན་བྱས་པའི་མཚམས་མེད་པའི། སྦོམ་པོའི་ལྟུང་བས་གླེང་ན་ཡང་དགེ་སློང་མ་ཡིན་པས་གླེང་བ་ན་དགེ་འདུན་ལྷག་མའོ། །ཞེས་བཤད་དོ། །འགྲེལ་ཆུང་ལས། ཡང་དག་པར་གཤེགས་པ་ངན་སེམས་ཀྱིས་ཁྲག་ཕྱུང་ངོ་ཞེས་སྐུར་པ་དང་། དགེ་འདུན་གྱི་དབྱེན་བྱས་སོ་ཞེས་སྐུར་པ་ནི་རྩ་བ་མེད་པའི་དགེ་འདུན་ལྷག་མའི་སྦོམ་པོའོ་་་་་་རྩ་བ་མེད་པ་ཞེས་བྱ་བ་ནི་གཞི་མེད་པ་སྟེ་གཞི་མེད་པར་སྐུར་པ་འདེབས་པའི་སྦོམ་པོའོ། །ཞེས་སོ། །མཚམས་མེད་དེ་གཉིས་ཀྱིས་སྐུར་པ་བཏབ་ན་ཉེས་བྱས་སུ་ལུང་དང་རང་གི་རྣམ་བཤད་དང་ཊཱི་ཀ་དང་གསུམ་ལས་བཤད་དོ། །འོ་ན་་་་་་མཚམས་མེད་པ་དེ་གཉིས་ཀྱིས་སྐུར་པ་བཏབ་ན་ལྷག་མ་དང་། སྦོམ་པོ་དང་། ཉེས་བྱས་ཏེ། ལྟུང་བ་ཆེ་ཆུང་གསུམ་བཤད་པ་དེ་དག་གང་གི་རྗེས་སུ་འབྲང་ཞེ་ན། འདུལ་བ་བསྡུས་པ་ལས།་་་་་དང་པོ་ལྷག་མར་བཤད་པ་དེ་མི་རིགས་ཏེ། ལུང་ཞུ་བ་ལས། དགེ་འདུན་གྱི་དབྱེན་དང་། ངན་སེམས་ཀྱིས་ཁྲག་ཕྱུང་བས་སྐུར་པ་བཏབ་ན་ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་པ་དང་འགལ་ལོ། །འདུལ་བ་བསྡུས་པ་ལས།་་་་་དེ་དག་ཐམས་ཅད་དགེ་སློང་མ་ཡིན་པར་གྱུར་བས་ཞེས་བརྗོད་པ་དེའང་མི་རིགས་ཏེ། ལུང་ཞུ་བ་ལས། དགེ་འདུན་གྱི་དབྱེན་དང་ངན་སེམས་ཡིས་ཁྲག་ཕྱུང་བས་སྐུར་པ་དེ་ནི་ཉེས་པ་སྦོམ་པོས་སྐུར་པ་སྟེ། ཉེས་པ་

༼༤༨༤༽

སྦོམ་པོས་ནི་དགེ་སློང་མ་ཡིན་པར་མི་འགྱུར་གྱི། དེ་ནི་བཤགས་པར་འོས་སོ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་་་་་་འགྲེལ་ཆུང་ལས། སྦོམ་པོར་བཤད་པ་དེ་སྦོམ་པོ་བཏགས་པ་བ་ཡིན་ནོ་ཞེས་རིགས་སོ། །གསུམ་པ་་་་་་ལུང་མ་མོ་ལ་སོགས་པ་ནས། ཉེས་བྱས་སུ་གསུངས་པ་དེ་རྣམས་ལེགས་པར་བཤད་པ་ཡིན་ཏེ། ལུང་ཞུ་བ་ལས་ཉེས་བྱས་སུ་གསུངས་པ་་་་་་གོང་དུ་དྲངས་པ། དེ་དང་མཐུན་པར་རང་གི་རྣམ་བཤད་ལས་་་་་་དགེ་འདུན་གྱི་དབྱེན་བྱས་པ་དང་ངན་སེམས་ཀྱིས་ཁྲག་ཕྱུང་བའི་མཚམས་མེད། དེ་གཉིས་ཀྱིས་སྐུར་བ་འདེབས་ན་ཉེས་བྱས་སུ་རྣམ་པར་གནས་པ་ཡིན་ནོ་ཞེས་གསུངས་ལ། ཊཱི་་་་་་སྤྱིར་བསྟན་གྱི། ཀ་ལས་ཀྱང་མཚམས་མེད་པ་གཉིས་པོ་དགེ་འདུན་གྱི་དབྱེན་བྱེད་པ་དང་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དག་གིས་སྐུར་པ་འདེབས་པ་དེ་ལ་ནི་ཉེས་བྱས་སུ་འགྱུར་རོ། །དེ་གཉིས་སྦོམ་པོ་ཡིན་པའི་ཕྱིར་རོ་ཞེས་སྦོམ་པོས་སྐུར་པ་བཏབ་པའི་ཉེས་བྱས་སུ་གསུངས་སོ། །བསམ་པ་ནི་སྐུར་པ་འདེབས་པར་འདོད་པས་སྦྱོར་བ་ནི་བདག་གིས་བསམས་ཏེ་སྨྲས་སོ་ཞེས་བྱ་བ་ནི་ལུང་གི་ཚིག་ཟུར་སྨོས་པ་སྟེ། ཚིག་ཟུར་སྨོས་པ་དེའི་ཚིག་ལྷག་མ་ནི་ལ་སོགས་ཞེས་པས་བསྡུས་ཏེ། དགེ་སློང་སྟན་ལས་ལངས་ཏེ་ཞེས་ཟུར་གྱིས་གཞོགས་སྨོས་བྱེད་ན་ཉེས་བྱས་སོ། །འདི་ནི་ལུང་ཞུ་བ་ལས་དགེ་སློང་སྟན་ལས་ལངས་ཏེ། སོང་ངོ་ཞེས་བུད་མེད་ཀྱི་གནས་སུ་འོང་བའམ་རྐུར་སོང་ངོ་ཞེས་གོ་བར་འདོད་པས།་་་་་བདག་གིས་བསགས་ཏེ་སྨྲས་སོ་ཞེས་ཟེར་ཞིང་སྐྱེ་བོ་ཐམས་ཅད་ལས་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་སོ།་་་་་བསམས་ཏེ་སྨྲས་པ་ནི་དོན་གཞན་ལ་བསམས་ཏེ་སྨྲས་པའོ། །སྐྱེ་བ་ཐམས་ཅད་ལ་ནི་སྐྱེ་བོ་མང་པོའི་དབང་དུ་བྱས་ནས་བཞུགས་པའི་ཕྱིར་རོ་ཞེས་ལུང་ཞུ་བའི་འབྲེལ་བ་ལས་བཤད་དོ། །སྐབས་འདིར་འགྲེལ་ཆུང་ལས་དགེ་སློང་མང་ཞིག་གི་ཁྲོད་དུ་ལྡེམ་པོ་ངག་ཏུ་ཕས་ཕམ་པ་ཡང་བྱེད་པ་ཡོངས་སུ་ལྟ་ཞིག་ཅེས་ཚིག་ཟུར་དུ་སྨོས་སོ་དགེ་སློང་གི་གྲངས་སུ་འཁྲེག་ཏུ་བཅུག་པ་བཞིན་ཉེས་བྱས་རེ་རེ་འགྱུར་རོ་ཞེས་བཤད་དོ། །ད་ནི་བསྒོ་བ་ལས་གྱུར་པ་འཆད་དེ་སྐབས་ཀྱི་སྦོམ་པོ་བསྟན་པ་ནི། གཞན་གྱི་འཁོར་ཁ་འདྲེན་ན་སྦོམ་པོ་ཞེས་སོ། །འོ་ན་མ་བྱིན་པར་ལེན་པའི་སྐབས་ནས་གཞན་དབང་བར་གྱུར་པའི་ལྷན་ཅིག་གནས་པ་དེ་དང་ཉེ་གནས་རང་གི་སར་ཁ་འདྲེན་ཅིང་འབྲོས་སུ་བཅུག་ན་ཕམ་པར་གསུངས་པ་དང་། གཞིའི་སྐབས་ནས་ཕ་མས་

༼༤༨༥༽

མ་གནང་བའི་བུ་རབ་ཏུ་འབྱིན་ན་ཉེས་བྱས་སུ་གསུངས་པ་དང་། མའི་རྣམ་འབྱེད་ནས་ཁྱིམ་ཐབས་ཀྱིས་མ་གནང་བའི་བུད་མེད་རབ་ཏུ་འབྱིན་ན་ལྟུང་བྱེད་དུ་གསུངས་པ་དང་། སྐབས་འདིར། འཁོར་ཁ་འདྲེན་ན་སྦོམ་པོར་གསུངས་པ་སྟེ། བཞི་པོ་དེ་རྣམས་གཞན་དབང་བའི་མི་རང་ཕྱོགས་སུ་འཇོག་པར་མཚུངས་པ་ལ། ལྟུང་བ་ཆེ་ཆུང་ཐ་དད་དུ་སྐྱེད་པར་མི་རིགས་སོ་སྙམ་ན། འདི་རྣམས་གཞན་གསུམ་ལ་མ་བྱིན་ལེན་གྱི་ཕམ་པར་མི་འགྱུར་ཏེ། རྐུ་སེམས་མེད་པའི་ཕྱིར་རོ། །རབ་ཏུ་འབྱིན་པ་གཉིས་ལ་དབྱེན་དུ་གཏོགས་པའི་སྦོམ་པོར་མི་འགྱུར་ཏོ། །ཁྱིམ་འཁོར་བའི་རྒྱ་མཚོ་ལས་བསྒྲལ་སྙམ་པའི་བསམ་པས་ཞུགས་ཀྱིས། བྱ་བ་དང་སྤྱོད་པ་ཐ་དད་ཀྱི་སྒོ་ནས་འབྱེད་པར་ཞུགས་པ་མ་ཡིན་པའི་ཕྱིར་རོ། །རབ་ཏུ་འབྱིན་པ་གཉིས་ལ་ལྟུང་བ་ཆེ་ཆུང་དུ་འགྱུར་བ་ནི་གཏན་འབྲལ་དུ་འགྱུར་བ་དང་མི་འགྱུར་བས་ཡུལ་ལ་གནོད་པ་ཆེ་ཆུང་གི་བྱེ་བྲག་གིས་ཞེས་གསུང་ངོ་། །བསྒོ་གྱུར་རྣམས་ཀྱི་ཐུན་མོང་ནི་བཟློག་པའི་ཚུལ་གྱིས་ཞེས་པ་ནས་བསྟན་ཏོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་་་་་་བསྒོ་གྱུར་ཐུན་མོང་བའི། དགོས་པའི་དོན་ནི། ཚིག་ཚོགས་བསྐྱུང་སྟེ། ལུང་ལས་བཞམས་བསྒོ་ལ་སོགས་པ་ཐུན་མོང་ནི་ཆོས་འདི་རྣམས་བསྒོ་གྱུར་གྱི་ལྟུང་བ་རེ་རེ་ལ་རེ་རེ་གསུངས་པས་ཚིག་ཚོགས་ཆེ་བ་ལས། མདོ་རྩ་བར་ཐུན་མོང་དུ་བསྡུས་པས་ཚིག་ཚོགས་ཆུང་བའོ། །གཉིས་པ་བསྡུས་པའི་དོན་ལ་གཉིས་ཏེ། བསྒོ་བ་ལས་གྱུར་པ་རྣམས་ཀྱི་དབྱེ་བ་དང་། བསྒོ་གྱུར་ཐུན་མོང་གི་ཆོས་རྣམས་གཏན་ལ་དབབ་པའོ། །དང་པོ་ནི་་་་་་ལུང་རྣམ་འབྱེད་ཀརྨ་ཤ་ཏཾ་ལས་དགེ་ཚུལ་སྡིག་ལྟ་མི་གཏོང་བ་ལ་ཡང་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བསྒོ་བ་གསུངས་པས་དགེ་ཚུལ་ལ་ཡང་སྡིག་ལྟ་མི་གཏོང་བའི་བསྒོ་གྱུར་གྱི་ཉེས་བྱས་བསྡམ་བྱའི་ཉེས་བྱས་འབྱུང་ལ། མདོར་བསྡུས་སྦྱར་བའི་དགེ་འདུན་ལྷག་མ་གསུམ་ནི། གཞི་སྨད་དུ་འཆད་པར་འགྱུར་བ་ལྟ་བུ་ཡོད་པས་ན། བསྒོ་གྱུར་ཙམ་གྱི་དབང་དུ་བྱས་ན་བསྒོ་གྱུར་གྱི་ལྟུང་བ་བཅུར་གྲངས་མ་ངེས་ཀྱང་། རྟེན་ཕ་མའི་དབང་དུ་བྱས་ནས་དངོས་སུ་གསུངས་པའི་བསྒོ་གྱུར་གྱི་ལྟུང་བ་བཅུ་སྟེ། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེའི་རྗེས་སུ་ཕྱོགས་པ་དང་། ཁྱིམ་སུན་འབྱིན་པ་དང་། བཀའ་བློ་མི་བདེ་བ་སྟེ་དེ་དག་གི་དགེ་འདུན་ལྷག་མ་བཞི་དང་། སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་དེ་ལྔ་དང་། དགེ་སློང་

༼༤༨༦༽

མའི་བཟློག་པའི་ཕམ་པ་དང་། དཀོན་མཆོག་གཏོང་བའི་ལྷག་མ་དང་། འཐབ་དཀྲོལ་བྱེད་པའི་ལྷག་མ་དང་། སྡེ་ཞིང་གནས་པའི་ལྷག་མ་དང་། སྡེ་ཞིང་གནས་སུ་འཇུག་བའི་ལྷག་མ་དང་ལྔ་སྟེ། དང་པོ་ལྔ་ནི་དགེ་སློང་ཕ་མ་གཉིས་ཀའི་ཐུན་མོང་བ་ཡིན་ལ། ཕྱི་མ་ལྔ་ནི་དགེ་སློང་མའི་བསྒོ་གྱུར་ཐུན་མོང་མ་ཡིན་པའོ། །ལུང་དགེ་སློང་མའི་རྣམ་འབྱེད་ལས་མཚམས་་་་་་མཚམས་ཀྱི་ཕྱི་རོལ་དུ་ལོངས་ཏེ་བཟོད་པར་གསོལ་དུ་བཅུག་ནས། དེ་དང་ལྷན་ཅིག་དུག་པར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །བཞམས་ཏེ་བསྒོ་བ་ན་གཏོང་བར་མ་བྱེད་ན་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་དང་པོ་དང་གཉིས་པའི་ཚིག་རྫོགས་པར་གྱུར་ན་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་གསུམ་པའི་ཚིག་རྫོགས་ལ་གཞན་གཏོང་བར་མི་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་སོ། །ཀྱི་ཕྱི་རོལ་ཏུ་བཟོད་པར་གསོལ་དུ་འཇུག་པའི་ལྷག་མ་ཡང་བསྒོ་གྱུར་ཡིན་པར་བཤད་དོ། །དེ་ནི་ལུང་ཡི་གེ་ནོར་བ་ཡིན་ཞེས་རིགས་ཏེ། དགེ་སློང་མའི་སོ་སོ་ཐར་པ་ལས་མཚམས་ཀྱི་ཕྱི་རོལ་ཏུ་ཁྲིད་དེ་བཟོད་པ་གསོལ་དུ་འཇུག་ན་ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་ཞེས་གསུངས་པ་དང་། རྒྱ་ཆེར་འགྲེལ་ལས། ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་ཞེས་གསུངས་པ་དེའི་དོན་ནི་སྤྱད་པ་ཙམ་གྱིས་ཁ་ན་མ་ཐོ་བ་འདིར་འགྱུར་གྱི་ཡང་ཕྱིར་བཟློག་ཅིང་མི་གཏོང་བ་ལ་ནི་མ་ཡིན་པར་རིག་པར་བྱའོ་ཞེས་བཤད་པ་དེ་ངེས་པར་བཟུང་ངོ་མདོ་རྩ་འགྲེལ་ལས་འདི་བསྒོ་གྱུར་ཡིན་པར་མ་གསུངས་པས་ཀྱང་ངོ་། །གཉིས་པ་བསྒོ་གྱུར་ཐུན་མོང་གི་ཆོས་རྣམས་གཏན་ལ་དབབ་པའོ། །དེ་ལ་བཞི་སྟེ། བསྒོ་གྱུར་ཐུན་མོང་གི་ཡན་ལག་བསྟན་པ་དང་། བསྒོ་གྱུར་ལྟུང་བའི་གྲངས་བསྟན་པ་དང་། བསྒོ་གྱུར་སྦྱོར་ལྟུང་གི་དང་པོ་ངོས་གཟུང་བ་དང་། བསྒོ་གྱུར་དངོས་གཞི་སྐྱེ་དུས་ངོས་གཟུང་བའོ། །དང་པོ་ནི། དབྱེན་བྱེད་པའི་དགེ་འདུན་ལྷག་མ་ཆོས་ཅན། བཟློག་པའི་ཡན་ལག་ལྔ་ལ་རག་ལས་ཏེ་བྱུང་བ་ཡིན་ཏེ། བསྒོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞི་རྫོགས་པ་ཉིད་ཡིན་པའི་ཕྱིར་རོ། །དཔེར་ན་རྗེས་སུ་ཕྱོགས་པ་ལ་སོགས་པ་གཞན་དགུ་པོ་བཞིན་ནོ། །བསྒོ་གྱུར་གྱི་ལྟུང་བ་བཅུ་པོ་འདི་དག་བསྐྱེད་པ་ལ་བཟློག་པ་ལྔ་ཡན་ལག་ཏུ་དགོས་པ་ནི་ཐུན་མོང་གི་ཆོས་ཡིན་ནོ། །བཟློག་པ་ལྔ་ནི། བཞམས་བསྒོ་དང་གསོལ་བ་དང་། ལས་བརྗོད་པ་གསུམ་མོ། །བཞམས་ཏེ་བསྒོ་བ་ནི་ཚིག་འཇམ་པོའི་སྒོ་ནས་

༼༤༨༧༽

གྲོས་གདབ་པ་སྟེ། ཁྱོད་ཀྱིས་བྱ་བ་མ་ཡིན་པ་འདི་མ་བྱེད་ཅིག་ཅེས་དངོས་སུ་བཟློག་པ་ཡིན་ནོ། །འོ་ན་བཞམས་བསྒོ་འདི་དགེ་འདུན་གྱིས་བྱེད་དམ། གང་ཟག་གིས་བྱེད་སྙམ་ན། ཊཱི་ཀ་ལས་དགེ་འདུན་མས་བཞམས་ཏེ་བསྒོ་ཞེས་དགེ་སློང་མའི་སྐབས་ནས་བཤད་ཅིང་། སྐབས་འདི་ཉིད་ཀྱི་ཊཱི་ཀ་ལས་བཞམས་ཏེ་བསྒོ་བ་ཞེས་བྱ་བ་ནི་འདིར་དགེ་འདུན་དུ་མ་གྱུར་པའི་དགེ་སློང་ཚངས་པ་ཚུངས་པར་སྤྱོད་པ་གཅུགས་པས་ཕན་ཚུན་བཟློག་པ་བྱེད་པ་ཡིན་པར་རིག་པར་བྱའོ་ཞེས་བཤད་དོ། །དགེ་འདུན་གྱིས་བསྐོས་ནས་གང་ཟག་གིས་དངོས་སུ་བཟློག་པ་སྟེ། བསྡུས་པ་ལས་བཞམས་ཏེ་བསྒོ་བར་བྱ་སྟེ། དགེ་འདུན་ནམ་དགེ་འདུན་གྱིས་བསྐོས་པའི་དགེ་སློང་གཅིག་གིས་གཅིག་བཏང་བའི་ཚིག་གིས་བཟློག་པར་བྱའོ་ཞེས་སོ། །གསོལ་བ་ནི་ཊཱི་ཀ་ལས་དངོས་སུ་བཟློག་པ་བྱེད་པ་ཉིད་མ་ཡིན་གྱི་བཟློག་པའི་ཐབས་ཡིན་པས་ཞེས་བཤད་དེ། ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ་ཞེས་དགེ་འདུན་རྣམས་ལ་ཞུ་བ་ནི་གསོལ་བ་ཞེས་བྱའོ། །ལས་བརྗོད་པ་གསུམ་ནི་ལས་ཀྱི་ཆོ་ག་ལན་གསུམ་བརྗོད་པའི་སྒོ་ནས་དགེ་འདུན་གྱིས་དངོས་སུ་བཟློག་པ་ཡིན་ནོ། །དེ་ལྟར་ན་དངོས་སུ་བཟློག་པ་བཞི་ལས་མེད་ཀྱང་གསོལ་བ་ནི་བཟློག་པ་དང་འདྲ་བ་ཡང་བགྲངས་ཏེ་བཟློག་པ་ལྔ་ཞེས་ཐ་སྙད་བཏགས་སོ། །གཉིས་པ་བསྒོ་གྱུར་ལྟུང་བའི་གྲངས་ཚད་བསྟན་པ་ནི། དགེ་འདུན་གྱི་དབྱེན་བྱེད་པ་ལྟ་བུ་ལ་བསྒོ་གྱུར་གྱི་ལྟུང་བ་དུ་བསྐྱེད་ཅེ་ན། འདི་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། ཁ་ཅིག་ན་རེ་དགེ་འདུན་གྱི་དབྱེན་བྱེད་པ་ལ་བསྒོ་གྱུར་གྱི་ལྟུང་བ་ལྔ་བསྐྱེད་དེ། བཞམས་བསྒོ་དང་གསོལ་བ་དང་ལས་བརྗོད་པ་དང་པོ་དང་བརྗོད་པ་གཉིས་པ་སྟེ་དེ་རྣམས་རེ་རེའི་མཐར་སྦོམ་པོ་རེ་རེ་སྟེ་སྦོམ་པོ་བཞི་དང་ལས་བརྗོད་པ་གསུམ་པའི་མཐར་དགེ་འདུན་ལྷག་མ་གཅིག་དང་ལྟུང་བ་ལྔ་བསྐྱེད་པ་སྟེ། ཊཱི་ཀ་ལས་བཟློག་པ་དང་འབྲེལ་བ་ཡིན་པ་དེའི་ཕྱིར་བཟློག་པ་ཇི་སྙེད་པ་ལྟུང་བ་ཡང་དེ་སྙེད་དུ་འགྱུར་རོ་ཞེས་བཤད་པས་ཤེས་སོ་ཞེས་ཟེར་རོ། །འོ་ན་ལས་བརྗོད་པ་གསུམ་པ་ལ་ལྟོས་པའི་ལྟུང་བ་གཅིག་ལས་མི་བསྐྱེད་ན། ལུང་རྣམ་འབྱེད་ལས། ལས་བརྗོད་པ་གསུམ་པ་བརྗོད་པ་ན་མ་རྫོགས་པར་

༼༤༨༨༽

གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྫོགས་པར་བརྗོད་ན་དགེ་འདུན་ལྷག་མར་འགྱུར་རོ། །ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་རང་ལུགས་བཞག་པ་ནི་དགེ་འདུན་གྱི་དབྱེན་བྱེད་པ་ལྟ་བུ་ལ་སྦྱོར་ལྟུང་ལྔ་དང་དངོས་གཞི་གཅིག་སྟེ་བསྒོ་གྱུར་གྱི་ལྟུང་བ་དྲུག་བསྐྱེད་དོ། །དེ་ལུང་རྣམ་འབྱེད་ལས་་་་་་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གསོལ་བ་བྱས་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་དང་པོ་བརྗོད་པ་ན་གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་ན་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་གཉིས་པ་བརྗོད་པ་ན་གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་གསུམ་པ་བརྗོད་པ་ན་མ་རྫོགས་པར་བཞི་དེ་གཏང་ན་དེ་ལྟ་ན་ལེགས་གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྫོགས་པར་བརྗོད་པ་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་ཏེ། དགེ་འདུན་གྱི་དབྱེན་བྱེད་པ་ལ་བཞམས་བསྒོ་དང་གསོལ་བ་དང་ལས་བརྗོད་པ་དང་པོ་དང་བརྗོད་པ་གཉིས་པ་ལ་མི་གཏོང་ན་སྦོམ་པོ་རེ་རེ་སྟེ་སྦོམ་པོ་བཞི་དང་། ལས་བརྗོད་པ་གསུམ་པ་མ་རྫོགས་པ་ན་སྦོམ་པོ་སྐྱེད་ཅིང་རྫོགས་པར་བརྗོད་པ་ན་དགེ་འདུན་ལྷག་མར་འགྱུར་ཞེས་གསུངས་པས་གྲུབ་བོ། །བཟླས་པ་ནི་ཐ་དད་པ་ཉིད་དོ་ཞེས་དེ་དག་གི་སྦོམ་པོ་ཐ་དད་དུ་བཤད་པས་དགེ་འདུན་ལྷག་མ་དང་ཐ་དད་པ་ལ་ལྟ་ཅི་སྨོས་སོ།་་་་་ཤ་ལུགས་པ་རྣམས་ན་རེ། སྦོམ་པོ་དེ་དག་ཐམས་ཅད་རྫས་གཅིག་ཅིང་། དངོས་གཞི་དང་ཡང་རྫས་གཅིག་གོ་ཟེར་ཏེ། གཞུང་དང་འགལ་ལོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ལས། དང་པོ་གྲངས་ཉུང་བར་རྩོད་པ་སྤང་བ་ནི། གལ་ཏེ་དགེ་འདུན་གྱི་དབྱེན་བྱེད་པ་ལྟ་བུ་ལ་བསྒོ་གྱུར་གྱི་ལྟུང་བ་དྲུག་བསྐྱེད་ཅིང་ཁྱད་པར་དུ་ཡང་ལས་བརྗོད་པ་གསུམ་པ་ལ་ལྟུང་བ་་་་་་སྦོམ་པོ་དང་ལྷག་མ་སྟེ། གཉིས་བསྐྱེད་ན། འགལ་བ་གསུམ་སྟེ། ཚིག་གི་སྐད་ཅིག་མ་ནི་གཅིག་ཉིད་དོ་ཞེས་བཤད་པ་དང་འགལ་ཞིང་། བམ་པོ་ལྔ་བཅུ་པ་ལས། བརྗོད་པ་གསུམ་པ་ལ་ནི་མཐའ་ལ་མི་གཏོང་བའི་དངོས་གཞི་ཁོ་ན་གསུངས་ཀྱི། བརྗོད་པ་གསུམ་པ་མ་རྫོགས་པའི་སྦོམ་པོ་མ་གསུངས་པ་དང་འགལ་ལ།་་་་་བཞམས་བསྒོ་ལ་སོགས་པ། བཟློག་པ་ལྔ་ལ་མི་གཏོང་ན། ལྟུང་བ་་་་་་སྦྱོར་ལྟུང་ལྔ་དང་དངོས་གཞི་གཅིག་སྟེ། དྲུག་བསྐྱེད་ན་ཊཱི་ཀ་ལས་བཟློག་པ་ཇི་སྙེད་བྱེད་པ་ལྟུང་བ་ཡང་དེ་སྙེད་དུ་འགྱུར་རོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། ཚིག་གི་སྐད་ཅིག་མ་ནི་གཅིག་ཉིད་དོ། །ཞེས་པ་དེ་སྦྱོར་ལྟུང་གི་ཆ་ནས་བསྟན་པ་སྟེ་གསོལ་

༼༤༨༩༽

བ་དང་ལས་བརྗོད་པ་དང་པོ་དང་གཉིས་པ་ལ་རང་རང་གི་སྐབས་སུ་སྦྱོར་ལྟུང་གཅིག་བསྐྱེད་ཅིང་། བརྗོད་པ་གསུམ་ལ་ཡང་སྦྱོར་བའི་གནས་སྐབས་སུ་སྦྱོར་ལྟུང་གཅིག་བསྐྱེད་པ་ཉིད་དོ་ཞེས་བརྗོད་དོ། །ལས་བརྗོད་པ་གསུམ་པ་མ་རྫོགས་པའི་སྦོམ་པོ་དེ་བམ་པོ་ལྔ་བཅུ་པ་ལས་མ་བཤད་ཀྱང་། བཅོམ་ལྡན་འདས་ཀྱི་ལུང་ལས་གསུངས་པ་དེ་གཙོ་བོར་གཟུང་ངོ་། །ཊཱི་ཀ་ལས་བཟློག་པ་ཇི་སྙེད་བྱེད་པ་ལྟུང་བ་ཡང་དེ་སྙེད་དུ་འགྱུར་རོ་ཞེས་པ་དེ་ནི། སྦྱོར་ལྟུང་གི་ཆ་ནས་བསྟན་པ་སྟེ་བཟློག་པ་ཇི་སྙེད་བྱེད་པ་སྦྱོར་བའི་ལྟུང་བ་ཡང་དེ་སྙེད་དུ་འགྱུར་ཞེས་དགོངས་སོ་ཞེས་བརྗོད་དོ། །གཉིས་པ་གྲངས་མང་བར་སྒྲོ་འདོགས་སྤང་བ་ནི། སྐྱོར་ལུང་པ།་་་་་ཁ་ཅིག་ན་རེ་དགེ་འདུན་གྱི་དབྱེན་བྱེད་པ་ལྟ་བུ་ལ་བསྒོ་གྱུར་གྱི་ལྟུང་བ་བདུན་བསྐྱེད་དེ། ལུང་རྣམ་འབྱེད་ལས་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་ནས། དེའི་རྗེས་སུ་བཞམས་བསྒོ་ལ་སོགས་པ་ལ་མི་གཏོང་བའི་ལྟུང་བ་དྲུག་གསུངས་པས་གྲུབ་བོ་ཞེས་ཟེར་རོ། །འོན་ཀྱང་བཞམས་བསྒོའི་སྔ་རོལ་གྱི་ཉེས་བྱས་དེ་ནི་བསྒོ་བ་ལས་གྱུར་པ་མ་ཡིན་ཏེ་བསྒོ་བ་གཏན་ནས་མ་བྱས་པའི་ཕྱིར་རོ། །ལུང་ལས་དགེ་འདུན་གྱི་དབྱེན་བྱེད་པའི་ལྟུང་བ་བདུན་གསུངས་ཀྱང་་་་་་དང་པོ་སྦྱོར་བའི་སྦྱོར་བའི་ཉེས་བྱས་ན་བསྒོ་བ་ལས་གྱུར་པ་མ་ཡིན་པས། བསྒོ་བ་ལས་གྱུར་པ་དྲུག་་་་་་དགེ་འདུན་གྱིས་བསྒོ་བ་ལས་མི་གཏོང་བ་ཡན་ཆད་ཀྱི་ལྟུང་བ། ཉིད་དོ། །གསུམ་པ་བསྒོ་གྱུར་སྦྱོར་ལྟུང་གི་དང་པོ་ངོས་བཟུང་བ་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི་ཁ་ཅིག་་་་་་ཤ་མི། ན་རེ་གསོལ་བ་བྱས་པ་ན་སྦྱོར་ལྟུང་དང་པོ་སྐྱེ་ལ། བཞམས་བསྒོ་བྱས་པ་ན་ནི་སྦྱོར་བའི་ཉེས་བྱས་སོ། །དེ་ཡང་བེ་ཤ་ཀའི་ཚིག་ལེའུར་བྱས་པ་ལས།་་་་་དབྱེན་བྱེད་པའི་སྐབས། བཞམས་ཏེ་བསྒོ་ཡང་མི་གཏོང་ན། །ཉེས་བྱས་ཉིད་དུ་རྣམ་པར་བཞག །གསོལ་བའི་ལས་ནི་དང་པོ་སྟེ། །བརྗོད་ཚེ་མི་གཏོང་སྦོམ་པོའོ། །བརྗོད་པ་ལ་ཡང་དེ་བཞིན་ཏེ། །མཐའ་ནི་དགེ་འདུན་ལྷག་མར་འགྱུར་ཞེས་བཤད་པ་དང་། བསྡུས་པ་ལས་ཀྱང་།་་་་་དབྱེན་བྱེད་པའི་ལྷག་མའི་སྐབས་ལས། བཞམས་ཏེ་བསྒོ་བའི་ཚེ་མི་གཏོང་ན་ཉེས་བྱས་སོ། །གསོལ་བ་དང་ལས་བརྗོད་པ་དང་པོ་དང་བརྗོད་པ་གཉིས་པ་དག་རྫོགས་པ་ན་རེ་རེའི་ཞེས་པ་དང་། ཊཱི་ཀ་ལས། འཇུག་པ་ཉིད་ནི་མི་གཏོང་བའི་བདག་ཉིད་ཀྱི་འཇུག་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号