ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 

༼༤༩༠༽

པ་བས་ཤས་ཆུང་བ་ཡིན་ནོ། །ཞེས་་་་་་ཟེར་བས་ཉེས་བྱས་སུ་གསལ། པ་དང་། གསོལ་བ་ནི།་་་་་དངོས་སུ། བཟློག་པ་དང་སྦོམ་པོ་བསྐྱེད་པར། འདྲ་ཞེས་དྭོགས་པ་བཅད་པས་ཀྱང་བཞམས་བསྒོ་ལ་ཉེས་བྱས་ལས་མི་སྐྱེད་པར་ཤེས་སོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། དང་པོ་གནོད་བྱེད་བརྗོད་པ་ནི། ལུང་རྩ་འགྲེལ་དང་མདོ་རྩ་འགྲེལ་ལ་སོགས་པ་གཞུང་དྲུག་དང་འགལ་ཏེ། དབྱེན་བྱེད་ལྷག་མའི་སྐབས་ཀྱི།་་་་་ལུང་རྣམ་འབྱེད་ལས་བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་དང་། ལུང་དེའི་འགྲེལ་བ་ལས་གང་ཟག་གི་ཚིག་གིས་བཞམས་ཏེ་ཕྱིར་བཟློག་པ་མི་གཏོང་ན་ཡང་ཉེས་པ་སྦོམ་པོར་འགྱུར་བ་སྟེ། དགེ་འདུན་གྱིས་བསྒོ་བ་བལ་མི་གཏོང་བའི་མཐར་དངོས་གཞིར་གྱུར་པ་ལས།་་་་་གང་ཟག་གིས་བསྒོ་བ་དེ་དགེ་འདུན་གྱིས་བསྒོ་བ་ལ་འཇུག་པ་ཉིད་ཡིན་པས་སྦྱོར་བ་ཡིན་པའི་ཕྱིར་རོ་ཞེས་པ་དང་། ཐོག་མར་རྩོམ་པ་ལ་འཇུག་པ་དང་། བཞམས་བསྒོ་ལ་སོགས་པས་བཟློག་ཀྱང་མི་གཏོང་བའི་འཇུག་པ་འཇུག་པ་སྟེ་འཇུག་པ་གཉིས་ལས་བཟློག་ཀྱང་མི་གཏོང་བའི་བདག་ཉིད་ཀྱི།་་་་་འཇུག་པ་ནི་སྦྱོར་བ་ཉིད་དོ་ཞེས་གསུངས་པ་དང་། ཊཱི་ཀ་ལས་དགེ་འདུན་གྱི་དབྱེན་བྱ་བ་ལ་རྩོལ་བ་ལ་སོགས་པའི་འཇུག་པ་ནི་སྦྱོར་བ་ཉིད་དེ་སྦོམ་པོ་ཡིན་ནོ།་་་་་ཞེས་གསུངས་ཤིང་། འཇུག་པ་ཞེས་བྱ་བའི་གནས་སྐབས་ཀྱི་བྱེ་བྲག་མ་བསྟན་པས་ན། བཞམས་ཏེ་བསྒོ་བ་དང་ཞེས་པ་དང་། ཊཱི་ཀ་་་་་་བཞམས་བསྒོ་ལས་མི་གཏོང་བ་ནས། ལས་བརྗོད་པ་ཐ་མ་མི་གཏོང་བའི་བར་དེ། མི་གཏོང་བ་ལྔ་ཡོད་པ་ལས། ལས་ཐ་མ་མ་གཏོགས་པའི་མི་གཏོང་བ་ནི་སྦྱོར་བ་ཉིད་དོ་ཞེས་གསུངས་པ་དང་བམ་པོ་ལྔ་བཅུ་པ་དང་གཞུང་འགྲེལ་ལས་ཀྱང་བཞམས་ཏེ་བསྒོ་བ་ན་མི་གཏོང་ན་སྦོམ་པོ་ཞེས་བཤད་པ་དང་འགལ་ལོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། བེ་ཤ་ཀ་དང་ཁྱད་པར་བཤེས་གཉེན་གྱིས་བཞམས་བསྒོ་ལ་མི་གཏོང་ན་ཉེས་བྱས་སུ་བཤད་ཀྱང་། ལུང་དང་མི་མཐུན་པའི་ཕྱིར་ན་དེའི་རྗེས་སུ་མི་འབྲང་ངོ་་་་་་།མཛོད་འགྲེལ་ལས། བསྟན་བཅོས་དང་འགལ་བ་ནི་སླའི། མདོ་དང་འགལ་བ་ནི་དེ་ལྟ་མ་ཡིན་ནོ། །ཊཱི་ཀ་་་་་་མི་གཏོང་བའི་བདག་གི་འཇུག་བསམས་ལས། ལས་ཤས་ཆུང་བ་ཡིན་ནོ་ཞེས་པ་དེས་ནི་སྦོམ་པོ་ཡང་བ་ཡིན་ནོ་ཞེས་བསྟན་པ་ཡིན་ལ། གསོལ་བ་ནི་བཟློག་པ་དང་འདྲ་ཞེས་པ་ཡང་གསོལ་བ་ནི་དངོས་སུ་བཟློག་པ་མ་ཡིན་པས་བཟློག་པ་དང་མི་འདྲ་འམ་སྙམ་དུ་དོགས་པ་བཅད་པ་ཡིན་གྱི། བཞམས་བསྒོ་ལ་མི་

༼༤༩༡༽

གཏོང་ན་ཉེས་བྱས་སུ་བསྟན་པ་ནི་མ་ཡིན་ནོ། །གཉིས་པ་རང་ལུགས་བཞག་པ་ནི། བཞམས་ཏེ་བསྒོ་བ་ལ་མི་གཏོང་ན་སྦྱོར་ལྟུང་དང་པོ་བསྐྱེད་དེ། ལུང་རྩ་འགྲེལ་དང་མདོ་རྩ་འགྲེལ་ལ་སོགས་པ་གཞུང་དྲུག་པོ་དེས་གྲུབ་བོ། །གསུམ་པ་རྩོད་པ་སྤང་བ་ནི།་་་་་དབྱེན་བྱེད་པ་དེ་ལས་བྱེད་པ་དང་པོ་ལ་མི་གཏོང་ན་སྦོམ་པོ་བསྐྱེད་པ་ལྟར། བཞམས་བསྒོ་ལ་མི་གཏོང་ན་ཡང་སྦོམ་པོ་བསྐྱེད་ན། དགེ་འདུན་གྱི་དབྱེན་བྱེད་པ་ལ་བཞམས་བསྒོས་བཟློག་པ་དང་ལས་བརྗོད་པ་དང་པོས་བཟློག་པ་ཆོས་ཅན། རྒྱུ་བཟློག་པ་དོད་ཐུབ་ཡིན་པར་ཐལ། བཟློག་ཀྱང་མི་གཏོང་ན་འབྲས་བུ་སྦོམ་པོ་དོད་ཐུབ་བསྐྱེད་པའི་ཕྱིར་རོ། །འདོད་ན་བཞམས་བསྒོ་ནི་གང་ཟག་གི་ཚིག་ཐ་མལ་པ་ཡིན་ལ། ལས་བརྗོད་པ་ནི་དགེ་འདུན་གྱི་ཆོ་ག་ཁྱད་པར་ཅན་ཡིན་པ་དང་འགལ་ཞེ་ན། སྦོམ་པོ་དོད་ཐུབ་བསྐྱེད་པའི་རྟགས་མ་གྲུབ་སྟེ།་་་་་བཞམས་བསྒོ་དང་ལས་བརྗོད་པ་དང་པོ་ནི། དངོས་སུ་བཟློག་པ་ཙམ་དུ་འདྲ་ཡང་བཟློག་པའི་ནང་ཁྱད་ཡོད་པའི་རྒྱུ་མཚན་གྱིས། སྦོམ་པོ་ལྕི་ཡང་གི་ཁྱད་པར་ཡོད་པའི་ཕྱིར་ཏེ། བམ་པོ་ལྔ་བཅུ་པ་ལས་བཞམས་ཏེ་བསྒོ་བས་བཟློག་པ་ན་མི་གཏོང་བའི་སྦོམ་པོ་ནི་ཡང་བ་ཡིན་ལ། ལས་བརྗོད་པ་དང་པོ་དང་གཉིས་པས་བཟློག་པ་ན་མི་སྦོམ་པོ་ཙམ་དུ་འདྲ་ཡང་། གཏོང་པའི་སྦོམ་པོ་ནི་ལྕི་བ་ཡིན་ཞེས་གསུང་ངོ་། །བཞི་པ་བསྒོ་གྱུར་དངོས་གཞིའི་སྐྱེ་དུས་ངོས་གཟུང་བ་ནི་དེའི་མཐའ་ལ་མི་གཏོང་ནའོ་ཞེས་གསུངས་ཏེ། དེའི་དོན་རྒྱས་པར་འོག་ཏུ་འཆད་དོ། །ཡན་ལག་གི་དོན་ནི། བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་པའི་ཚུལ་གྱིས་བཟློག་པ་ན་བསམས་པས་མི་གཏོང་པར་ལུས་ངག་གིས་རྗེས་སུ་སྒྲུབ་པའི་རང་བཞིན་དབྱེན་བྱེད་པ་ལ་སོགས་པའི་ལྷག་མ་བཞི་པོ་འདི་དག་ནི་ཆོས་ཅན། བཟློག་པའི་ཚུལ་གྱིས་རྗེས་སུ་མཐུན་པ་ཡིན་ཏེ། བསྒོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞི་རྫོགས་པ་དག་ཡིན་པའི་ཕྱིར་རོ། །ཊཱི་ཀ་ལས་མི་གཏོང་བར་རྗེས་སུ་བསྒྲུབ་པའི་རང་བཞིན་དེ་ནི་བཟློག་པའི་ཚུལ་གྱིས་རྗེས་སུ་མཐུན་པ་ཡིན་ཏེ་ཞེས་བཤད་དོ། །འོ་ན་བཟློག་པའི་ཚུལ་གྱིས་མཐུན་ཞེས་པ་དེའི་དོན་ཅི་ཞེ་ན། བཟློག་པ་ཡན་ལག་ཏུ་དགོས་པར་མཐུན་པ་དང་། བཟློག་པའི་གྲངས་དང་སྦྱོར་ལྟུང་གི་གྲངས་མཐུན་པ་དང་། བཟློག་པའི་གནས་སྐབས་དང་ལྟུང་བའི་གནས་སྐབས་མཐུན་པའོ། །དང་པོ་ནི་ཊཱི་ཀ་ལས་བཟློག་པ་དང་འབྲེལ་བ་ཡིན་པ་དེའི་ཕྱིར་རོ་ཞེས་སོ། །གཉིས་པ་

༼༤༩༢༽

ནི་ཊཱི་ཀ་ལས་བཟློག་པ་ཇི་སྙེད་པ་ལྟུང་བ་ཡང་དེ་སྙེད་དུ་འགྱུར་རོ་ཞེས་གསུངས་ཏེ། སྦྱོར་ལྟུང་དེ་སྙེད་དུ་འགྱུར་བའོ། །གསུམ་པ་ནི་ཊཱི་ཀ་ལས་བཟློག་པ་སྦྱོར་བར་གྱུར་པ་ལ་ནི་ལྟུང་བ་ཡང་སྦྱོར་བར་གྱུར་པ་ཉིད་དོ། །བཟློག་པ།་་་་་མཐར་ཐུག་པར་གྱུར་པ་ལ་ནི་དགེ་འདུན་ལྷག་མ་ཞེས་བྱ་བའི་མཐར་ཐུག་པར་གྱུར་པ་ཉིད་དོ་ཞེས་སོ། །ཊཱི་ཀ་ལས་རྗེས་སུ་འགྲོ་བ་དང་འདྲ་བ་དང་མཚུངས་པར་རིག་པར་བྱའི་ཞེས་པ་ནི། དེ་རྣམས་བཟློག་པ་དེ་རྗེས་སུ་འགྲོ་བ་དང་བཟློག་པའི་གྲངས་དང་སྦྱོར་ལྟུང་གི་གྲངས་འདྲ་བ་དང་། བཟློག་པའི་གནས་སྐབས་དང་ལྟུང་བའི་གནས་སྐབས་མཚུངས་པའོ།་་་་་།བཟློག་པར་བྱའོ་ཞེས་དགེ་འདུན་ལ་ཞུ་ཞིང་གསོལ་བ་ནི་དངོས་སུ་བཟློག་པ་མ་ཡིན་ཡང་། དངོས་སུ་བཟློག་པ་དང་འདྲ་སྟེ་ལས་བརྗོད་པ་དང་པོ་དང་སྦྱོར་ལྟུང་བསྐྱེད་པའི་བྱེད་པ་པོར་འདྲ་བ་ཉིད་དེ་དགེ་འདུན་གྱི་དབྱེན་བྱེད་པ་ལ་འཇུག་པ་དེ་གསོལ་བ་ལ་མི་གཏོང་ན་སྦོམ་པོར་འགྱུར་བ་ལྟ་བུའོ། །འདིར་ཁ་ཅིག་ན་རེ་གསོལ་བ་ལ་མི་གཏོང་བའི་སྦོམ་པོ་དེ་ནི། ལས་བརྗོད་པ་དང་པོ་བྱས་པ་ན་སྐྱེད་པ་སྟེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་འདིར་གཞུང་ནི་གསོལ་བ་བྱེད་པ་ན་གཞི་དེ་གཏོང་ན་དེ་ལྟར་ན་ལེགས། གལ་ཏེ་མི་གཏོང་ན་ལས་བརྗོད་པ་བྱས་པ་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པས་ཤེས་སོ་ཞེས་ཟེར་རོ། །ལུང་དེ་ནི་གསོལ་བའི་ལས་ཉིད་ངག་ཏུ་བརྗོད་པ་བྱས་ན་སྦོམ་པོར་འགྱུར་ཞེས་བསྟན་པ་ཡིན་གྱི། གསོལ་བ་ལ་མི་གཏོང་བའི་སྦོམ་པོ་བསྐྱེད་པ་དེ། ལས་བརྗོད་པ་དང་པོ་བྱས་པ་ལ་ལྟོས་པ་ནི་མ་ཡིན་ཏེ། ལུང་རྣམ་འབྱེད་ལས་གསོལ་བ་བྱས་པ་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་ཤིང་། བམ་པོ་ལྔ་བཅུ་པ་ལས་ཀྱང་གསོལ་བ་བྱས་པའི་མཐར་ཉེས་པ་སྦོམ་པོ་གཅིག་གོ་ཞེས་བཤད་པས་ཤེས་སོ། །གསོལ་བ་ནི་བཟློག་པ་དང་འདྲ་ཞེས་གསུངས་ཀྱང་ལས་བརྗོད་པ་གསུམ་པ་རྫོགས་པར་བརྗོད་པས་བཟློག་པ་དང་འདྲ་བ་ནི་མ་ཡིན་ཏེ། ལས་བརྗོད་པ་གསུམ་པ་རྫོགས་པར་བརྗོད་པ་ལ་མི་གཏོང་ན་ལྷག་མར་འགྱུར་བས་གསུམ་པ་ལ་མི་གཏོང་བས་ན་དེ་ལྟར་མ་ཡིན་པའི་ཕྱིར་རོ། །གསོལ་བ་ནི་ཀརྨ་ཤ་ཏཾ་ལས་བཟློག་པ་དངོས་མིན་པར་བཤད་ཅེས་ཁ་ཅིག་ཟེར་ཡང་མ་གོ་བར་ཟད་དོ། །དུས་མཐའི་སྐད་ཅིག་མ་དང་བྱ་རྫོགས་ཀྱི་སྐད་ཅིག་མ་གཉིས་ལས་འདི་ནི་ཕྱི་མའོ།་་་་་གསོལ་བ་འགོ་བརྩམས་ནས་གསོལ་བ་མ་རྫོགས་ཀྱི་བར་དུ་ཚིག་གི་བྱ་བ་རྫོགས་པའི་སྐད་ཅིག་མ་ནི་ཚིག་གཅིག་པ་ཉིད་དེ་སྦྱོར་ལྟུང་གཅིག་བསྐྱེད་པ་ཉིད་ཡིན་གྱི། གསོལ་བའི་སྟོད་སྨད་བར་གསུམ་ལ་སྦྱོར་ལྟུང་ཐ་དད་གསུམ་བསྐྱེད་པ་ནི་མ་ཡིན་ནོ། །ཊཱི་ཀ་ལས་ཆ་ཤས་རེ་རེ་ལ་མ་

༼༤༩༣༽

ཡིན་རྩ་བ་རེ་རེ་ལ་ཡང་མིན་ནོ་ཞེས་པ་ནི་དོན་གྱི་ཆ་ཤས་་་་་་ངོ་བོ་བརྗོད་པ་དང་། བྱ་བ་བརྗོད་པ་དང་། བྱེད་པ་བརྗོད་པ་སྟེ། དོན་གྱི་ཆ་ཤས་གསུམ་པོ། །རེ་རེ་ལ་ལྟོས་པའི་ལྟུང་བ་ཐ་དད་རེ་རེ་བསྐྱེད་པ་མ་ཡིན་ལ། ཚིག་གི་རྩ་བ་རེ་རེ་སྟེ་ཚིག་གི་རྐང་པ་རེ་རེ་ལ་ལྟོས་པའི་ལྟུང་བ་ཐ་དད་རེ་རེ་བསྐྱེད་པ་མ་ཡིན་ཞེས་པའོ། །དེ་བཞིན་དུ་ལས་བརྗོད་པ་དང་པོ་དང་གཉིས་པ་ལ་ཡང་རང་རང་གི་ཚིག་གི་སྐད་ཅིག་མ་ནི་གཅིག་ཉིད་དོ་ཞེས་ཀྱང་མདོ་འདིས་བསྟན་ཏོ། །འོན་ཀྱང་ལུང་རྣམ་འབྱེད་ལས་བརྗོད་པ་གསུམ་པའི་སྐབས་སུ་ནི་ལྟུང་བ་གཉིས་བསྐྱེད་པར་གསུངས་ཏེ་གོང་དུ་བཤད་ཟིན་ཏོ། །འོ་ན་བརྗོད་པ་ལན་གསུམ་ལ་ཡང་ལྟུང་བ་གཅིག་བསྐྱེད་དམ་ཞེ་ན། བརྗོད་པ་ལན་གསུམ་བཟླས་པ་ནི་བཟློག་པ་ཐ་དད་པ་ཉིད་ཡིན་པས། ལྟུང་བ་ཐ་དད་བསྐྱེད་པ་ཉིད་དོ། །འོ་ན་མཇུག་སྡུད་བརྗོད་པ་ལས་ལྟུང་བ་ཐ་དད་བསྐྱེད་དམ་ཞེ་ན། མཇུག་སྡུད་བརྗོད་པ་ནི་ལས་བརྗོད་པ་གསུམ་པ་ལས་ཐ་དད་པ་མ་ཡིན་ནོ། །ཊཱི་ཀ་ལས་དེ་ཡང་བཟླས་པ་ཐ་མའི་ནང་དུ་གཏོགས་པར་རིགས་སོ་ཞེས་སོ། །འཇུག་པ་ནི་གཉིས་ཏེ། ཐོག་མར།་་་་་རྩོམ་པ་ལ་འཇུག་པ་དང་། བཟློག་ཀྱང་།་་་་་མི་གཏོང་བའི་བདག་ཉིད་ཀྱི་འཇུག་པའོ། །དང་པོ་ནི་སྦྱོར་བའི་སྦྱོར་བ་སྟེ་ཉེས་བྱས་སུ་འགྱུར་བའོ།་་་་་།ལུང་རྣམ་འབྱེད་ཀྱི་བཞམས་བསྒོའི་སྔ་རོལ་གྱི་སྐབས་ལས། དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་པར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ་ཞེས་སོ། །གཉིས་པ་ནི་སྦྱོར་བ་ཉིད་ཡིན་ཏེ། མི་གཏོང་བའི་བདག་ཉིད་ཀྱི་འཇུག་པ་ནི་སྦྱོར་བ་ཉིད་དོ། །ཞེས་གསུངས་སོ། །དེ་ཡང་བཞམས་བསྒོ་ལས་སོགས་པས་བཟློག་ཀྱང་མི་གཏོང་བའི་བདག་ཉིད་ཀྱི་འཇུག་པ་སྟེ། དགེ་འདུན་གྱི་དབྱེན་བྱེད་པ་ལྟ་བུ་ལ་བཟློག་ཀྱང་མི་གཏོང་བར་ལུས་ངག་གིས་འཇུག་པའམ། བསམ་པས་མི་གཏོང་བར་འཇུག་པ་ནི་དགེ་འདུན་ལྷག་མའི་སྦྱོར་བ་ཉིད་ཡིན་པས། སྦྱོར་བའི་སྦོམ་པོ་བསྐྱེད་པ་ཉིད་དོ། །འགྲེལ་་་་་་འཇུག་པ་ནི་སྦྱོར་བ་ཉིད་དོ་ཞེས་པ་ནི། ཆུང་ལས་བསྒོ་བ་ལན་རེ་རེའི་ཚེ་གཏོང་དུ་མི་བཏུབ་ཅིང་ལྷག་མ་བྱེད་པར་འཇུག་པ་ནི་སྦོམ་པོ་རེ་རེ་འགྱུར་ཞེས་སོ། །བཟློག་ཀྱང་མི་གཏོང་བར་འཇུག་པ་དེ། གནས་སྐབས་གང་གི་ཚེ་འཇུག་པ་ན་སྦྱོར་བ་ཉིད་ཡིན་ཞེ་ན། ཊཱི་ཀ་ལས་འཇུག་པ་ཞེས་བྱ་བའི་གནས་སྐབས་ཀྱི་བྱེ་བྲག་མ་བསྟན་པས་ན། བཞམས་ཏེ་བསྒོ་བ་དང་གསོལ་བ་ལ་སོགས་པ་དག་གི་འོག་དང་སྔ་རོལ་ཡང་ཡིན་

༼༤༩༤༽

ཞེས་བཤད་དོ། །སྔ་རོལ་ཞེས་པ་ནི་གསོལ་བ་ལ་སོགས་པ་དག་གི་སྔ་རོལ་ཡང་ཡིན་ཞེས་པ་སྟེ། བཞམས་བསྒོའི་སྔ་རོལ་ནི་སྦྱོར་བ་ཉིད་མ་ཡིན་གྱི། རྩོམ་པ་ལ་འཇུག་པའི་ཉེས་བྱས་བསྐྱེད་པ་དེ། ལུང་རྣམ་འབྱེད་ཀྱི་བཞམས་བསྒོའི་སྔ་རོལ་གྱི་སྐབས་ལས། དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བར་བྱེད་པ་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་་་་་་རྩོམ་འཇུག་སྦྱོར་བ་རང་གི་རྟགས། སོ།་་་་་རང་གི་རྣམ་བཤད་ལས་འཇུག་པ་ནི་སྦྱོར་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དགེ་འདུན་གྱི་དབྱེན་བྱ་བ་རྩོམ་པ་ལ་སོགས་པའི་འཇུག་པ་ནི་སྦྱོར་བ་ཉིད་དོ་ཞེས་བཤད་དོ། །རྩམ་པ་ལ་འཇུག་པ་ནི་སྦྱོར་བ་བཏགས་པ་པའོ། །འཇུག་པ་ཐམས་ཅད་སྦྱོར་བ་ཉིད་ཡིན་ནམ་ཞེ་ན། ཁྱིམ་སུན་ཕྱུང་བ་ལ་བསྐྲད་པ་མ་བྱས་པ་ན་དགེ་འདུན་ལ་འགྲོ་བ་བཞིས་སྐུར་པ་འདེབས་པ་ལ་འཇུག་པ་དང་། གླེང་བ་དང་དྲན་པར་མ་བྱས་པ་ན་བཀའ་བློ་མི་བདེ་བའི་ཚིག་སྨྲ་བ་འཇུག་པ་ནི། སྦྱོར་བ་དེའི་སྦྱོར་བ་སྟེ་ཉེས་བྱས་བསྐྱེད་པའོ།་་་་་ལུང་ཞུ་བ་ལས་བསྐྲད་པའི་ལས་མ་བགྱིས་པར་དགེ་འདུན་ལ་འདུན་པས་མཆིའོ། །ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་མཆིའོ། །ཞེས་མཆིས་ན་ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །གླེང་བར་མ་བགྱིས་དྲན་པར་མ་བགྱིས་པར་བདག་ཉིད་ངག་མི་ཉན་པ་ཉིད་དུ་བགྱིས་ན་ཅིར་འགྱུར། དེ་ལ་བསྒོ་བར་བགྱིའམ། བསྒོ་བར་མི་བྱའམ། བསྒོ་བ་འཆགས་སམ། མི་ཆགས་སམ་ཞེས་གསུངས། དེ་ནི་མདོ་འོག་མའི་ཁུངས་ཀྱང་ཡིན་ནོ། །གལ་ཏེ་བསྐྲད་པ་དང་གླེང་བ་དང་དྲན་པར་བྱས་པ་ན་འཇུག་པ་ནི་སྦྱོར་བ་ཉིད་དེ། བཞམས་བསྒོའི་སྔ་རོལ་ཏུ་ཉེས་པ་སྦོམ་པོར་འགྱུར་རོ། །འདི་ལ་སྒྲུབ་བྱེད་གཞུང་བཞི་ཡོད་དེ། བསྐྲད་པ་དང་གླེང་བ་དང་དྲན་པར་མ་བྱས་པ་ནི་དེའི་འོ་ཞེས་དངོས་སུ་བསྟན་པས། བསྐྲད་པ་དང་གླེང་བ་དང་དྲན་པར་བྱས་པ་ན་འཇུག་པ་ནི་སྦྱོར་བའོ་ཞེས་མདོ་རྩ་བས་ཤུགས་ཀྱིས་བསྟན་ཏོ། །དེ་དང་མཐུན་པར་ཞུ་འགྲེལ་དུ་ལུང་ཞུ་བ་ཁུངས་སུ་དྲངས་པ་ལས། བཙུན་པ་བསྐྲད་པའི་ལས་བགྱིས་ནས་འདུན་པས་འགྲོ་བའོ། །ཞེ་སྡང་དང་གཏི་མུག་དང་འཇིགས་པས་འགྲོ་བའོ་ཞེས་མཆིས་ན་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །གླེང་ཞིང་དྲན་པར་བགྱིས་པ་ལས་བདག་ཉིད་བཀའ་བློ་མི་བདེ་བ་ལ་གནས་པར་བགྱིད་ན་ཅིར་འགྱུར་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་དང་། དེ་དང་མཐུན་པར་མདོ་རྩ་བའི་རྒྱ་ཆེར་འགྲེལ་ལས་ཀྱང་། དྲན་པར་བྱས་པའི་གནས་སྐབས་ན་ནི་བདག་ཉིད་ཀྱི་ཁ་ན་མ་ཐོ་བ་དྲན་དུ་ཟིན་ཀྱང་བཀའ་བློ་མི་བདེ་བ་དེ་ཡོངས་སུ་མི་གཏོང་བས་མངོན་པར་ཞེན་པ་དམ་པ་ཉིད་དང་སྡིག་པའི་བསམ་པ་ཡང་ཆེས་

༼༤༩༥༽

ལྕི་བ་ཉིད་ཡིན་པས་དེའི་ཚེ་སྦོམ་པོར་གསུངས་སོ་ཞེས་བཤད་ཅིང་བམ་པོ་ལྔ་བཅུ་པ་ལས་ཀྱང་གླེང་བ་དང་དྲན་པ་དང་བསྐྲད་པའི་ལས་བྱས་པ་ཕྱིན་ཆད་ཀྱི་འཇུག་པ་ན་སྦྱོར་བ་ཉིད་དེ་ཉེས་པ་སྦོམ་པོའི་ཞེས་བཤད་དོ།་་་་་གླེང་དྲན་བྱས་པ་ན་བཀའ་བློ་མི་བདེ་བའི་ཚིག་སྨྲ་བ་ལ་འཇུག་པ་ནི་སྦྱོར་བ་ཉིད་དོ། །ཁྱིམ་སུན་འབྱིན་པ་ལ་བསྐྲད་པའི་ལས་བྱས་པ་དེ། དགེ་འདུན་ལ་སྐུར་པ་འདེབས་པ་ལ་འཇུག་པ་ནི་སྦྱོར་བ་ཉིད་དེ་ཉེས་པ་སྦོམ་པོའོ། །བཞམས་བསྒོའི་སྔ་རོལ་གྱི་སྦོམ་པོ་དེ་གཉིས་ནི་རང་རང་གི་སྦྱོར་སྦོམ་ཡིན་ཡང་། བསྒོ་གྱུར་གྱི་སྦོམ་པོ་ནི་མ་ཡིན་ཏེ། བསྒོ་བ་གཏན་ནས་མ་བྱས་པའི་ཕྱིར་ཏེ། བཞམས་བསྒོའི་ཡང་སྔ་རོལ་ཡིན་པའི་ཕྱིར་རོ། །ཁྱིམ་སུན་འབྱིན་པ་ལ་བསྐྲད་པ་མ་བྱས་པ་དེ་དང་། བཀའ་བློ་མི་བདེ་བ་ལ་གླེང་དྲན་མ་བྱས་པ་དེ་ལ་ནི་བསྒོ་བར་མི་བྱ་བར་ཉིད་དོ་ཞེས་པས། ཁྱིམ་སུན་ཕྱུང་བ་ལ།་་་་་བསྐྲད་པ་དང་གླེང་་་་་་བཀའ་བློ་མི་བདེ་བ་ལ། དྲན་བྱས་ནས་བསྒོ་ཞེས་ཤུགས་ཀྱིས་བསྟན་ཏོ། །དགེ་འདུན་གྱི་དབྱེན་བྱེད་པ་དང་དེའི་རྗེས་སུ་ཕྱོགས་པར་བྱེད་པ་ལ་སོགས་པ་དེ་དག་ལ་བཞམས་པ་དང་ལས་ཀྱིས་མི་བསྒོ་བར་མི་བྱའོ། །གཞན་དུ་ན་དགེ་འདུན་རྣམས་ཐུགས་རྗེ་ཆུང་བར་འགྱུར་རོ།་་་་་གང་གི་ཚེ་ན་དབྱེན་བྱེད་པ་ལ་སོགས་པའི་ལྟུང་བ་དངོས་གཞི་རྫོགས་པར་འགྱུར་ཞེ་ན། རང་ལ་་་་་་བསྒོ་བའི་ལས་བརྗོད་པ་གསུམ་པ་དངོས་ཉིད་རྫོགས་པ་དེའི་མཐའ་ལ་མི་གཏོང་ན་དགེ་འདུན་ལྷག་མར་འགྱུར་བའོ། །སྐབས་འདིར་གཞུང་རྣམས་ཀྱི་བཤད་ལུགས་གསུམ་དང་པོ་ནི། ལས་བརྗོད་པ་གསུམ་པ་ཕལ་ཆེར་བྱས་པ་དེའི་མཐའ་ལ་མི་གཏོང་ནའོ་ཞེས་བརྗོད་དེ།་་་་་ཊཱི་ཀ་ལས་སྐད་ཅིག་མ་གང་ལ་ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་དངོས་པོ་འདི་ལྟ་བུ་ཐོང་ཞིག་ཅེས་བྱ་བ་ལ་སོགས་པ་བརྗོད་པ་ནི་ཚིག་ཕལ་ཆེར་བྱས་པ་ཉིད་ཡིན་པས་དེ་ནི་འདིར་དངོས་གཞིའི་དུས་ཡིན་ཞེས་བཤད་དོ། །རང་གི་རྣམ་བཤད་ལས་ཀྱང་སྐད་ཅིག་མ་གང་ལ་ཕལ་ཆེར་བྱས་པ་ཉིད་གང་ཡིན་པ་དེ་ནི་འདིར་དངོས་གཞིའི་དུས་ཤེས་པར་བྱའོ་ཞེས་བཤད་དེ་ཕལ་ཆེར་བྱས་པ་ཉིད་ནི་བྱས་པ་ཉིད་དོ་ཞེས་པ་དང་མཐུན་པའོ། །དེ་ལྟར་ན་ལས་བརྗོད་པ་གསུམ་པ་ཕལ་ཆེར་བྱས་པ་དེའི་མཐའ་ལ་མི་གཏོང་ནའོ་ཞེས་བརྗོད་དོ། །བཤད་ལུགས་གཉིས་པ་ནི།་་་་་ལས་བརྗོད་པ་གསུམ་པ་དངོས་ཉིད་རྫོགས་པ་དེའི་མཐའ་ལ་མི་གཏོང་ནའོ་ཞེས་

༼༤༩༦༽

ལུང་གི་རྫོགས་སུ་འབྲངས་བ་སྟེ། ལུང་རྣམ་འབྱེད་ལས་བརྗོད་པ་གསུམ་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྫོགས་པར་བརྗོད་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་ལ། ཊཱི་ཀ་ལས་ཀྱང་ལས་བརྗོད་པ་གསུམ་པ་རྫོགས་པར་བརྗོད་པ་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ་ཞེས་ལུང་དྲངས་སོ། །དེ་ལྟར་ན་ལས་བརྗོད་པ་གསུམ་པ་དངོས་ཉིད་རྫོགས་པ་དེའི་མཐའ་ལ་མི་གཏོང་ནའོ་ཞེས་ལུང་གི་རྗེས་སུ་འབྲངས་ཏེ་བརྗོད་དོ། །བཤད་ལུགས་གསུམ་པ་ནི།་་་་་ལས་བརྗོད་པ་གསུམ་པའི་མཇུག་སྡུད་བརྗོད་པ་རྫོགས་པ་དེའི་མཐའ་ལ་མི་གཏོང་ནའོ་མཇུག་སྡུད་པ་ལ་ལྟོས་པའི་ཕྱིར་དེའི་སྔ་རོལ་ཏུ་སྐྱེ་བ་ཁེགས་པར་ཐལ་ཞེས་བརྗོད་དེ་ཞུ་འགྲེལ་དང་བམ་པོ་ལྔ་བཅུ་པ་ལས་ནི་ལས་བརྗོད་པ་གསུམ་པ་མཇུག་སྡུད་པ་དང་བཅས་པ་རྫོགས་པའི་མཐར་དགེ་འདུན་ལྷག་མ་ཞེས་བཤད་དེ། མཇུག་སྡུད་པ་ནི་མ་ཡིན་ནོ་ཞེས་བཤད་པ་དང་། ཊཱི་ཀ་་་་་་མཇུག་སྡུད་བརྗོད་པ། ལས་དེ་ཡང་བཟླས་པ་ཐ་མའི་ནང་དུ་གཏོགས་པར་རིགས་སོ་ཞེས་བཤད་པས། མཇུག་སྡུད་བརྗོད་པའི་མཐའ་ནི་བརྗོད་པ་གསུམ་པའི་མཐའ་ཡིན་པའི་ཕྱིར་ན། ལས་བརྗོད་པ་གསུམ་པའི་མཇུག་སྡུད་བརྗོད་པ་རྫོགས་པ་དེའི་མཐར་མི་གཏོང་ནའོ་ཞེས་ཀྱང་འཆད་དོ། །དེ་ལྟར་བཤད་ལུགས་གསུམ་ལས། ལུང་གི་རྗེས་སུ་འབྲངས་ཤིང་བསྟན་བཅོས་དེ་དག་གི་དགོངས་པ་བཙལ་བར་བྱའོ། །ཡང་ན་མཛོད་འགྲེལ་ལས། བསྟན་བཅོས་དང་འགལ་བ་ནི་སླའི། མདོ་དང་འགལ་བ་ནི་དེ་ལྟ་མ་ཡིན་ནོ་ཞེས་གསུངས་པ་བཞིན་ནོ། །བསྒོ་གྱུར་རྣམས་ཀྱི་ཐུན་མོང་བཤད་ཟིན་ཏོ། །བསྒོ་གྱུར་སོ་སོར་བསྟན་པ་ལ་བཞི་ལས། དང་པོ་དགེ་འདུན་གྱི་དབྱེན་བྱེད་པའི་ལྷག་མ་ནི་བརྟུལ་བར་བྱེད་པ་ཞེས་སོ། །སྤྱིའི་དོན་ལ་བཞི་ལས། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱིས་དགེ་འདུན་འབྱེད་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་དགེ་འདུན་ལ་གནོད་པ་སྟེ། ཆོས་མ་ཡིན་པ་ལ་སྦྱོར་བ་དང་། དགེ་འདུན་གྱིས་བཟློག་ཀྱང་མི་གཏོང་བ་ཡན་ལག་ཏུ་དགོས་པས་ཤེས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་ཆོས་ལས་ཆོས་མ་ཡིན་པའི་ཕྱོགས་སུ་འབྱེད་པར་བྱེད་པ་ལ་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་

༼༤༩༧༽

གཞིའོ། །ཡན་ལག་ལ་གཉིས་ཏེ། ཡན་ལག་བརྩི་བ་དངོས་དང་། སྐབས་ཀྱི་དོན་བྱེ་བྲག་ཏུ་གཏན་ལ་དབབ་པའོ། །དང་པོ་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། སྦྱོར་བ་བརྩམ་པར་བྱ་བའི་གཞི་དང་། རྫོགས་པར་བྱེད་པའི་རྐྱེན་ནོ། །དང་པོ་ལ་ལྔ་ལས། གང་དུ་དབྱེ་བའི་གནས་དང་། གང་དག་དང་དབྱེ་བའི་ཡུལ་དང་། གང་གི་ཚེ་འབྱེད་པའི་དུས་དང་། གང་ལ་དབྱེ་བའི་དོན་དང་། བཞི་ནི་སྔར་མཚམས་མེད་ཀྱི་སྐབས་སུ་བཤད་པ་རྣམས་འདིར་ཡང་སྦྱར་ཞེས་བླ་མ་་་་་་ཤ་ལུགས་པ་རྣམས་གསུང་ངོ་། །དེ་རྣམས་འདིར་ཡན་ལག་ཡིན་པའི་གཞུང་ནི་འགྲེལ་ཆུང་ལས་ཁོར་ལོའི་དབྱེན་བྱས་ཏེ་དབྱེན་མ་བྱེད་ཅེས་དགེ་འདུན་གྱིས་བསྒོ་སྟེ་མ་ཉན་ནས་བཟློག་ཏུ་མ་བཏུབ་ན་དགེ་འདུན་ལྷག་མར་འགྱུར་ཞེས་བཤད་དོ། །འོན་ཀྱང་དམིགས་བསལ་གང་གིས་འབྱེད་པའི་རྟེན་ནི། དགེ་འདུན་གྱི་དབྱེན་འཆགས་པ་དང་འདིའི་མཚམས་མེད་བསྐྱེད་པ་ལ་འབྱེད་པ་པོ་ལས་ཀྱི་ཁ་སྐོང་བར་འོས་པ་ཡན་ལག་ཏུ་དགོས་ཀྱང་འདིར་ནི་དེ་ཡན་ལག་ཏུ་མི་དགོས་ཏེ།་་་་་དགེ་སློང་གི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་སྟེ། ལུང་ཞུ་བའི་དབྱེན་བྱེད་པའི་ལྷག་མའི་སྐབས་ལས་དགེ་སློང་་་་་་རྣམ་དག ལ་ཇི་ལྟ་བ་བཞིན་དུ་་་་་་འཆབ་མེད་ཀྱི་ཕམ་པ་འབྱུང་བ། བསླབ་པ་བྱིན་པ་དང་དགེ་་་་་་དགེ་སློང་མའི་དགེ་འདུན་འབྱེད་ན། སློང་མ་རྣམས་ལ་ཡང་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་ལ། ལུང་དེ་ནི་ཞུ་བའི་འགྲེལ་པ་ལས་ཀྱང་བཤད་དོ། །རྫོགས་པའི་རྐྱེན་ནི་བཞམས་བསྒོ་ལ་སོགས་པ་བཟློག་པ་རྣམ་པ་ལྔའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་མ་འཁྲུལ་བ་སྟེ་དེའི་དོན་ནི་སྔར་བཤད་ཟིན་ཏོ། །ཀུན་སློང་ནི་དགེ་འདུན་རྣམས་ཆོས་ལས་ཆོས་མིན་ཕྱོགས་སུ་འབྱེད་པར་འདོད་པ་དང་བཟློག་ཀྱང་མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་གིས་དགེ་འདུན་ཆོས་མིན་ཕྱོགས་སུ་འབྱེད་པར་ཞུགས་ཤིང་བཟློག་ཀྱང་མི་གཏོང་བར་ཞུགས་པའོ། །མཐར་ཐུག་ནི་ལས་བརྗོད་པ་གསུམ་པ་དངོས་ཉིད་རྫོགས་པ་དེའི་མཐའ་ལ་མི་གཏོང་ནའོ། །གཉིས་པ་སྐབས་ཀྱི་དོན་བྱེ་བྲག་ཏུ་གཏན་ལ་དབབ་པ་ནི། བྱ་ལུགས་པ།་་་་་འདིར་ཁ་ཅིག་ན་རེ་དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་ནི་སངས་རྒྱས་ཞལ་བཞུགས་དུས་ཡིན་པ་ཡན་ལག་ཏུ་མི་དགོས་ཏེ། དེང་་་་་་སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ།

༼༤༩༨༽

སང་དེ་འདུན་གྱི་དན་བྱེད་ན་ཡང་དགེ་འདུན་ལྷག་མར་འགྱུར་རོ་ཞེས་འཆད་དེ། དེ་ནི་བམ་པོ་ལྔ་བཅུ་པ་ལས་དབྱེན་བྱེད་པའི་ལྷག་མ།་་་་་འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྟོན་པ་ཞལ་དངོས་སུ།་་་་་བཞུགས་པ་དང་། དགེ་འདུན་དུ་ལོངས་པ་དང་། དགེ་འདུན་གྱི་དབྱེན་ལ་བརྟུལ་བར་བྱེད་པ་ཉིད་དང་། ཆོས་དང་མཐུན་པས་བཟློག་པ་དང་། ལས་བརྗོད་པ་གསུམ་པའི་མཐར་མི་གཏོང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པ་ན་སྨད་དོ། །ཞེས་གསུངས་པ་དང་འགལ་ལོ། །ཁ་ཅིག་་་་་་ཤ་ལུགས་པ། ན་རེ་དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་འབྱེད་པ་པོ་ལས་ཀྱི་ཁ་སྐོང་བར་འོས་པ་ཡན་ལག་ཏུ་དགོས་ཏེ། དབྱེན་ལ་ཡང་འོས་པ་་་་་་ལས་ཀྱིས་ཁ་སྐོང་བར། མ་ཡིན་པས་་་་་་ཚུལ་ཤིང་བྲིམ་པ་མི་ཆགས་སོ། །ཞེས་པ་དང་། ཡུལ་རྟེན་ཁ་སྐོང་བར་མི་འོས་པས་དབྱེན་མི་ཆགས་ཏེ།་་་་་དབྱེན་རྗེས་སུ་བསྒྲུབ་པ་ནི་གསོལ་བ་་་་་འི་ལས། དང་འདྲའོ་ཞེས་གསུངས་པས་སོ་ཞེས་ཟེར་རོ། །འོན་ཀྱང་འབྱེད་པ་པོ་ལས་ཀྱི་ཁ་སྐོང་བར་འོས་པ་ཡན་ལག་ཏུ་དགོས་པའི་གཞུང་དེ་དག་ནི། དབྱེན་འཆགས་པའི་ཡན་ལག་དང་དེའི་མཚམས་མེད་བསྐྱེད་པའི་ཡན་ལག་བསྟན་པ་ཡིན་གྱི། དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་ནི་འབྱེད་པ་པོ་ལས་ཀྱི་ཁ་བསྐོང་བར་འོས་པ་ཡན་ལག་ཏུ་མི་དགོས་ཏེ། དབྱེན་དང་དེའི་མཚམས་མེད་བསྐྱེད་པ་ལ་བྱེད་པ་པོ་ལས་ཀྱི་ཁ་སྐོང་བར་འོས་པ་ཡན་ལག་ཏུ་དགོས་ཀྱང་དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་དེ་ཡན་ལག་ཏུ་དགོས་པའི་གཞུང་མེད་ཅིང་།་་་་་ལུང་ལས་བསླབ་པ་བྱིན་པ་ལ་དགེ་འདུན་གྱི་དབྱེན་བྱེད་པའི་ལྷག་མ་བསྐྱེད་པར་གསུངས་པ་དང་། སྤྱིར་བསྟན་པའི་ཊཱི་ཀ་ལས་བསླབ་པ་བྱིན་པ་ནི་ཐམས་ཅད་དུ་ལྟུང་བ་ལ་སྦྱོར་བ་དགེ་སློང་འདྲ་བ་ཉིད་དུ་རིག་པར་བྱ་ཞེས་གསུངས་ལ། དབྱེན་བྱེད་པའི་ལྷག་མ།་་་་་འདིའི་དམིགས་བསལ་དུ་འཇོག་པའི་རྒྱུ་མ་དམིགས་པའི་ཕྱིར་རོ། །དགེ་འདུན་གྱི་དབྱེན་དང་། དབྱེན་བྱས་པའི་མཚམས་མེད་དང་། དབྱེན་བྱེད་པའི་ལྷག་མ་དང་གསུམ་པོ་ངོ་བོ་ཐ་དད་ཅིང་ཡན་ལག་ཐ་དད་དེ། ངོ་བོ་ལྡན་པ་དང་པོ་དགེ་སློང་མ། །བྱེད་པར་གྱུར་དང་བཟློག་དང་མཐར་ཐུག་པ། །འབྱེད་པ་པོ་སྟེ་ཁྱད་པར་བརྒྱད་ཀྱིས་ན། །དབྱེན་དང་མཚམས་མེད་ལྷག་མའི་ཁྱད་པར་རོ། །ཞེས་སྨྲས་ཏེ།་་་་་དགེ་འདུན་གྱི་དབྱེན་གྱི་ངོ་བོ་ནི། དཔེར་ན་ཤིང་ཤག་འཕྲོ་ཕན་ཚུན་གཉིས་ཀྱི་བར་དུ་ཁྱེའུ་བཅུགས་པ་ན། ཤིང་ཕན་ཚུན་དེ་

༼༤༩༩༽

གཉིས་མི་འཕྲོད་པར་བྱེད་པའི་ཁྱེའུ་དང་འདྲ་བ་སྟེ། དབྱེན་དེ་ནི་དགེ་འདུན་ཕྱོགས་གཉིས་ཀྱི་བར་ན་ཕན་ཚུན་ཐུགས་རྩེ་མི་འཕྲོད་པའི་རྫས་ལུང་མ་བསྟན་ཡིན་ཏེ། མཛོད་ལས། དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །དེ་དང་དགེ་འདུན་ཡང་དག་ལྡན་ཞེས་སོ། །དེས་ན། ངོ་བོའི་ཁྱད་པར་ནི། དགེ་འདུན་གྱི་དབྱེན་མི་འཕྲོད་པ་ལྡན་མིན་འདུ་བྱེད་ངོ་བོ་ལུང་མ་བསྟན་ཡིན་ལ། དབྱེན་བྱས་པའི་མཚམས་མེད་ནི་དགེ་འདུན་བྱེད་པ་ལས་གྱུར་པའི་སྡིག་པ་སྟེ། ཚེ་ཕྱི་མ་མནར་མེད་དུ་སྐྱེ་བའི་ལས་ཀྱི་དངོས་གཞི་ཡིན་ནོ། །དབྱེན་བྱེད་པའི་ལྷག་མ་ནི། སྐབས་འདིའི་བཅས་པ་ལས་འདས་པའི་ལྟུང་བའི་དངོས་གཞི་སྟེ་དགེ་འདུན་ཕྱེད་པ་ལ་མི་ལྟོས་སོ། །ལྡན་པའི་ཁྱད་པར་ནི། མཛོད་ལས་དེ་དང་དགེ་འདུན་ཡང་དག་ལྡན་ཞེས་བཤད་པས།་་་་་དགེ་འདུན་གྱི་དབྱེན་ནི་དགེ་འདུན་ལ་ལྡན་ཞིང་། དབྱེན་བྱས་པའི་མཚམས་མེད་དང་དབྱེན་བྱེད་པའི་ལྷག་མ་ནི་བྱེད་པ་པོ་ལ་ལྡན་པའོ།་་་་་མཛོད་ལས། དེ་ཡི་ཁ་ན་མ་ཐོ་རྫུན། །དེ་དང་འབྱེད་པོ་ཡང་དག་ལྡན་ཞེས་སོ། །ལས་དང་པོ་པ་ལ་འབྱུང་མི་འབྱུང་གི་ཁྱད་པར་ནི། ལས་དང་པོ་པ་ལྷས་བྱིན་གྱིས་དགེ་འདུན་ཕྱེ་བ་ལས་དབྱེན་དང་དེའི་མཚམས་མེད་འབྱུང་ལ།་་་་་སྟེ་ལུང་འཁོར་ལོའི་དབྱེན་གྱི་གླེང་གཞི་ལས་གསུངས། དབྱེན་བྱེད་པའི་དགེ་འདུན་ལྷག་མ་ནི་མི་འབྱུང་སྟེ། ལས་དང་པོ་པ་ལ་ལྟུང་བ་མི་འབྱུང་བའི་ཕྱིར་རོ། །དགེ་སློང་མ་ལ་འབྱུང་མི་འབྱུང་གི་ཁྱད་པར་ནི། དགེ་སློང་མ་ལ་དབྱེན་བྱེད་པའི་ལྷག་མ་་་་་་འབྱུང་བར་མའི་སོ་སོ་ཐར་པ་དང་མའི་རྣམ་འབྱེད་མདོ་རྩ་འགྲེལ་དུ་གསུངས་པ། དང་ལས་ཀྱི་དབྱེན་འབྱུང་ཡང་འཁོར་ལོའི་དབྱེན་དང་དབྱེན་བྱས་པའི་མཚམས་མེད་ནི་མི་འབྱུང་སྟེ། དེ་གཉིས་ལ་འབྱེད་པ་པོ་དགེ་སློང་ཡིན་པ་ཡན་ལག་ཏུ་དགོས་པ་ལས་དེ་མ་ཚང་བའི་ཕྱིར་རོ། །མཛོད་འགྲེལ་ལས། དགེ་སློང་གིས་འབྱེད་ཀྱི་དགེ་སློང་མ་ལ་སོགས་པས་ཀྱང་མ་ཡིན་ནོ་ཞེས་གསུངས་ལ། མཛོད་ཀྱི་འགྲེལ་བཤད་ལས། སངས་རྒྱས་ནི་དགེ་སློང་ཡིན་པའི་ཕྱིར་ལ། འབྱེད་པ་པོ་ཡང་དེ་ལ་སྔོ་བ་ཡིན་པའི་ཕྱིར་རོ་ཞེས་སོ། །འོན་ཀྱང་དགེ་སློང་མ་ལ་དགེ་འདུན་དབྱེན་གྱི་མཚམས་མེད་ལྡན་པ་སྲིད་དེ། དགེ་འདུན་དབྱེན་གྱི་མཚམས་མེད་བྱས་པའི་དགེ་སློང་དགེ་སློང་མར་འགྱུར་ནའོ། །དེ་ཡང་མཚན་གྱུར་པས་མཚམས་མེད་ཀྱི་སྡིག་པ་མི་འདག་པས་དགེ་སློང་མ་ལ་ཡང་དགེ་འདུན་དབྱེན་གྱི་མཚམས་མེད་ཀྱི་རྒྱུན་

༼༥༠༠༽

འབྱུང་བ་སྲིད་པ་ཁོ་ནའོ། །དགེ་འདུན་ཕྱེད་པ་ཡན་ལག་ཏུ་དགོས་མི་དགོས་དང་། བཟློག་པ་ཡན་ལག་ཏུ་དགོས་མི་དགོས་ཀྱི་ཁྱད་པར་ནི་དགེ་འདུན་གྱི་དབྱེན་བྱས་པའི་མཚམས་མེད་པ་ལ་ནི་དགེ་འདུན་ཕྱོགས་གཉིས་སུ་ཕྱེད་པ་ཡན་ལག་ཏུ་དགོས་ལ། བཟློག་པ་ཡན་ལག་ཏུ་མི་དགོས་སོ། །དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་ནི་བཟློག་པ་ཡན་ལག་ཏུ་དགོས་ལ་དགེ་འདུན་ཕྱེད་པ་ཡན་ལག་ཏུ་མི་དགོས་པས་སོ། །དགེ་འདུན་ཕྱེད་ཟིན་ན་ནི་དེ་ལས་བཟློག་པ་མི་བྱ་སྟེ། བྱས་ཀྱང་དོན་མེད་པའི་ཕྱིར་རོ། །དཔེར་ན་ནད་པ་ཤི་ཟིན་ན་སྨན་མི་གཏོང་བ་བཞིན་ནོ། །དེས་ན་དགེ་འདུན་ཕྱེད་ཟིན་ན་དེ་ལ་བཟློག་པ་མི་བྱེད་པར་དབྱེན་སྡུམ་པར་བྱེད་པ་སྟེ། ལུང་ལས་མཆོག་ཟུང་གཅིག་གིས་དབྱེན་བསྡུམས་པ་བཞིན་ནོ། །མཐར་ཐུག་གི་ཁྱད་པར་ནི། དབྱེན་དང་དེའི་མཚམས་མེད་པའི་མཐར་ཐུག་ནི་དགེ་འདུན་ཕྱེད་པར་གྱུར་པ་ཡིན་ལ་དབྱེན་བྱེད་པའི་ལྷག་མ་བསྐྱེད་པའི་མཐར་ཐུག་ནི་དགེ་འདུན་ཕྱེད་པ་ལ་མི་ལྟོས་ཀྱི། དགེ་འདུན་འབྱེད་པར་བྱེད་པ་ན། བསྒོ་བའི་ལས་བརྗོད་པ་གསུམ་པ་དེའི་མཐའ་ལ་མི་གཏོང་ནའོ།་་་་་བསྡུས་པ་ལས་དགེ་འདུན་འབྱེད་པའི་སྦྱོར་བ་མ་བཏང་བར་ལྟུང་བར་བཞག་ལ། དགེ་འདུན་བྱེ་ཟིན་ནས་ནི་མ་ཡིན་ཏེ། དུས་དེ་ལ་དགེ་འདུན་ལྷག་མར་མི་བཞག་གོ །ཞེས་སོ། །འབྱེད་པ་པོའི་ཁྱད་པར་ནི་དབྱེན་དང་དེའི་མཚམས་མེད་བསྐྱེད་པ་ལ་འབྱེད་པ་པོ་ལས་ཀྱི་ཁ་སྐོང་བར་འོས་པ་ཡན་ལག་ཏུ་དགོས་ལ་དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་དེ་ལྟར་མ་ཡིན་ཏེ། ལུང་ལས་བསླབ་པ་བྱིན་པས་དགེ་འདུན་གྱི་དབྱེན་བྱེད་ན་ལྷག་མ་བསྐྱེད་པར།་་་་་སྔར་བཤད་ཟིན་ཏོ། །དབྱེན་གྱི་བྱེ་བྲག་་་་་འཁོར་ལོའི་དབྱེན་དང་དབྱེན་བྱས་པའི་མཚམས་མེད་གཉིས་ནི་རྒྱུ་ཚོགས་པ་ཚར་གཅིག་ལས་སྐྱེས་པ་ཏེ། དཔེར་ན།་་་་་གཟུགས་དང་དེའི་རོ་་་་་་ནི་རྒྱུ་ཚོགས་པའི་ཚར་གཅིག་ལས་སྐྱེས་པ་ཚད་མས་བཤད་པ། བཞིན་ནོ། །དབྱེན་གྱི་བྱེ་བྲག་་་་་་ལས་ཀྱི་དབྱེན་བྱས་པ་ནི་མཚམས་མེད་དུ་མི་འགྱུར་ཏེ། ལྟུང་བ་སྦོམ་པོ་ཙམ་དུ་ཟད་དོ། །ཡན་ལག་གི་དོན་ལ་རྟུལ་བར་བྱེད་པ་ནི་ལུང་རྣམ་འབྱེད་ལས། རྟུལ་བར་བྱེད་ཅིང་ཞེས་བྱ་བ་ནི་རྩོལ་བར་བྱེད་ཅིང་ཞེས་གསུངས་སོ། །ད་ནི་རྗེས་སུ་ཕྱོགས་པའི་ལྷག་མ་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱི་ནང་འཁོར་བཞིས་་་་་་དགེ་སློང་ཀོ་ཀ་ལི་ཀ་དང་། ཁ་ན་འདྲ་དྲབ་བྱ་དང་། ཀ་ཏ་མོ་རག་ཀ་རི་བྱི་དང་། རྒྱ་མཚོ་བྱིན་དང་། ལྷས་བྱིན་དགེ་འདུན་གྱི་དབྱེན་

༼༥༠༡༽

བྱེད་པའི་གྲོགས་བྱས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་སྔ་མ་དང་འདྲའོ། །ངོ་ཏི་ནི་དགེ་སློང་ཕ་རོལ་པོ་དེ་དབྱེན་བྱེད་པའི་ལྷག་མ་འབྱུང་རུང་ངམ་ཕྱེད་ན་མཚམས་མེད་འབྱུང་རུང་གི་དབྱེན་བྱེད་པ་ན་བཅས་ལྡན་དགེ་སློང་གིས་དེའི་གྲོགས་བྱེད་ཅིང་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གཉིས་ཏེ། སྦྱོར་བ་བརྩམ་པར་བྱ་བའི་གཞི་དང་། རྫོགས་པར་བྱེད་པའི་རྐྱེན་ནོ། །དང་པོ་ལ་བདུན་ཏེ། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། དགེ་སློང་ཕ་རོལ་པོ་དེ་དབྱེན་བྱེད་པའི་ལྷག་མ་འབྱུང་རུང་ངམ་ཕྱེད་ན་མཚམས་མེད་འབྱུང་རུང་གི་དབྱེན་བྱེད་པ་ལ་ཞུགས་པ་སྟེ་དགེ་འདུན་གྱི་དབྱེན་བྱེད་པ་དེའི་གྲོགས་ཉིད་ཅེས་པས་སོ། །དགེ་སློང་ཆོས་དྲུག་ལྡན་གྱི་དམིགས་བསལ་ནི་དགེ་སློང་བསླབ་པ་བྱིན་པས་དབྱེན་བྱེད་ནའོ། །རྫོགས་པར་བྱེད་པའི་རྐྱེན་ནི་བཞམས་བསྒོ་ལ་སོགས་པ་བཟློག་པ་ལྔའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་མ་འཁྲུལ་བ་སྟེ། དེའི་དོན་ནི་སྔར་བཤད་ཟིན་ཏོ། །ཀུན་སློང་ནི་དབྱེན་བྱེད་པ་དེའི་གྲོགས་བྱེད་པའི་ཚིག་སྨྲ་བར་འདོད་པ་དང་། བཟློག་ཀྱང་མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་དགེ་འདུན་གྱི་དབྱེན་བྱེད་པ་དེའི་གྲོགས་བྱེད་པའི་ཚིག་སྨྲ་ཞིང་བཟློག་ཀྱང་མི་གཏོང་བར་ཞུགས་པའོ། །མཐར་ཐུག་ནི་སྔ་མ་དང་འདྲའོ། །ཡན་ལག་གི་དོན་ནི་དེའི་གྲོགས་ཉིད་ཅེས་སོ། །ད་ནི་ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མ་འཆད་དེ། རང་སྐྲོད་པར་བྱེད་པའི་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ནབ་སོ་དང་འགྲོ་མགྱོགས་ཀྱིས་ཁྱིམ་སུན་ཕྱུང་སྟེ་དགེ་འདུན་གྱིས་བསྐྲད་པ་ན་དགེ་འདུན་ལ་སྐུར་པ་འདེབས་པ་དེ་བཟློག་ཀྱང་མི་གཏོང་བ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་ཁྱིམ་པའི་སྡིག་རྐྱེན་བྱས་པས་ཁྱིམ་པ་ལ་གནོད་པ་དང་དགེ་འདུན་ལ་སྐུར་པ་བཏབ་པས་དགེ་འདུན་གྱི་ཐུགས་བདེ་བ་ལ་གནོད་ཅིང་། ངག་གི་སྡིག་པ་ཆེན་པོ་འཐོབ་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁྱིམ་སུན་ཕྱུང་སྟེ་དགེ་འདུན་གྱིས་བསྐྲད་པ་ན་དགེ་འདུན་ལ་སྐུར་པ་འདེབས་པ་དེ་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་

༼༥༠༢༽ ཀྱང་མ་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། སྦྱོར་བ་བརྩམ་པར་བྱ་བའི་གཞི་དང་། རྫོགས་པར་བྱེད་པའི་རྐྱེན་ནོ། །དང་པོ་ལ་ལྔ་སྟེ། གང་སུན་དབྱུང་བའི་ཡུལ་དང་། གང་གིས་སུན་འབྱིན་པའི་ཉེས་པ་དང་། གང་ལ་སྐུར་པ་འདེབས་པའི་ཡུལ་དང་། གང་གིས་སྐུར་པ་འདེབས་པའི་རྟེན་དང་། གང་ལ་གོ་བར་བྱ་བའི་ཡུལ་ལོ། །དང་པོ་ནི་ཁྱིམ་པ་གཅིག་ཡན་ཆད་ཡིན་པ་སྟེ། ཁྱིམ་སུན་འབྱིན་ཞེས་པའོ། །གཉིས་པ་ནི། རང་གི་ཉེས་སྤྱོད་བསྟན་པའམ་གཞན་གྱི་ཉེས་པ་བསྒྲགས་པ་སྟེ། ཞུ་འགྲེལ་ལས་བདག་ཉིད་ཀྱང་སྡིག་པ་སྤྱོད་པས་ཁྱིམ་པ་དག་སུན་འབྱིན། གཞན་དག་ལ་ཡང་མི་སྙན་པ་སྨྲས་པའི་ཕྱིར་སྤྱོད་པ་ངན་པས་ཁྱིམ་པ་དག་སུན་འབྱིན་པའི་ཕྱིར་རོ་ཞེས་སོ། །རང་གི་ཉེས་སྤྱོད་བསྟན་པའམ་གཞན་གྱི་ཉེས་སྤྱོད་བསྒྲགས་པ།་་་་་དེ་ལས་བྱ་བ་གཞན་གྱིས་ནི་ཁྱིམ་པ་མ་དད་པར་གྱུར་ཀྱང་སྐབས་འདིར་གཏོགས་ཀྱི་དགག་བྱ་མེད་པའི་ཕྱིར་སྐབས་འདིར་ལྟུང་བར་མི་འགྱུར་རོ། །གསུམ་པ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་དང་པོ་ལྔའི་སྟེང་དུ། རང་སྐྲོད་པའི་ལས་ཆོས་ལྡན་ལ་བཞུགས་པ་དང་། བཞི་ཡན་ཆད་ཀྱི་ཚོགས་སུ་ལོངས་པ་སྟེ། རང་སྐྲོད་པར་བྱེད་པའི་ཞེས་པ་དང་། དགེ་འདུན་ལ་ཞེས་པས་སོ། །བཞི་པ་ནི་རང་ལ་བསྐྲད་པའི་ལས་བྱས་པ་དང་འབྲེལ་བ་སྟེ། རང་སྐྲོད་པར་བྱེད་ཅེས་པའི་ཤུགས་ཀྱིས་གྲུབ་བོ། །རང་ལ་སྐྲོད་པའི་ལས་མ་བྱས་པར་དགེ་འདུན་ལ་་་་་་ཁྱེད་རྣམས་འདུན་པས་འགྲོ་བ་ཡིན་ནོ་ཞེ་སྡང་དང་གཏི་མུག་དང་འཇིགས་པས་འགྲོ་བ་ཡིན་ནོ་ཞེས། སྐུར་པ་འདེབས་ན་ནི་ཉེས་བྱས་ཏེ། བསྐྲད་པར་མ་བྱས་པ་ན་དེའི་འོ་ཞེས་སོ། །ལྔ་པ་ནི། ཐ་སྙད་ལྔ་དང་ལྡན། ལུས་ཐ་མལ་པར་གནས། བདག་ལས་ཐ་དད་པ་སྟེ། སྔར་རྫུན་སྨྲ་ཕམ་པའི་སྐབས་སུ་བཤད་ཟིན་པ་བཞིན་ནོ། །རྫོགས་པར་བྱེད་པའི་རྐྱེན་ནི། བཞམས་བསྒོ་ལ་སོགས་པ་ལྔའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་མ་འཁྲུལ་པ་སྟེ་དེའི་དོན་སྔར་བཤད་ཟིན་ཏོ། །ཀུན་སློང་ནི་ཁྱིམ་སུན་འབྱིན་པ་པོ་རང་ལ་སྐྲོད་པའི་ལས་བྱས་པར་གྱུར་པའི་དགེ་འདུན་ལ་སྐུར་པ་འདེབས་པའི་ཚིག་སྨྲ་བར་འདོད་པ་དང་བཟློག་ཀྱང་མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཁྱིམ་སུན་འབྱིན་ཅིང་དགེ་འདུན་ལ་ངག་གིས་སྐུར་པ་འདེབས་པ་དེ་བཟློག་ཀྱང་མི་གཏོང་བར་ཞུགས་པའོ། །མཐར་ཐུག་ནི་དབྱེན་བྱེད་པའི་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号