ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-05  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 

༼༢༦༡༽

སྦོམ་ཕྲ་གཉིས་ཕྱིན་ཅི་ལོག་ཏུ་འདུག་པའོ། །ཧ་ཅང་མིག་ཆེ་ཞེས་སྔར་བསྟན་པ་དེ་ནི་མིག་ཀོང་ཡང་ཆེ་ལ་བཅུད་ཀྱང་ཆེ་བ་ཡིན་ལ། མིག་པོ་ཆེ་འདི་ནི་མིག་ཀོང་འབའ་ཞིག་ཆེ་བ་སྟེ། འདིར་འགྲེལ་ཆུང་ལས་མིག་ཡངས་པ་དང་ཞེས་སོ། །མགོ་སྨྱུང་ཞེས་སྔར་བསྟན་པ་དེ་ནི་མགོ་་་་་་ཊཱི་ཀ་ལས། མགོ་ཕོ་མཚན་གྱི་དབྱིབས་འདྲ་བ་ཞེས་བཤད་ཅིང་འགྲེལ་ཆུང་ལས་སྤྱི་བོ་ཙོག་ཙོག་པོར་རིང་པོར་འདུག་པ་ཞེས་བཤད་པས། སྤྱི་བོ་ན་ཡར་རིང་བའོ། །མགོ་རིང་བ་འདི་ནི་འགྲེལ་ཆུང་ལས། མགོ་ལྟག་པ་ནས་དཔྲལ་བར་ཚུར་རིང་དུ་འདུག་པ་ཞེས་སོ། །དེ་དག་ལས་མི་ན་བ་རྣམས་ཞེས་པ་ནི་སེན་མོ་གཅིག་པ་མན་ཆད་ནས་སྤྱོད་ལམ་གྱིས་དུབ་པ་ཡན་ཆད་དེ་དག་ལས་མི་ན་བ་རྣམས་ནི་ལག་རྡུམ་ལ་སོགས་པས་འཕངས་པ་ཉིད་ཡིན་ནོ་ཞེས་སྔ་མར་སྦྱར་རོ། །མི་ན་བ་ལས་གཞན་ནད་ཡོད་པ་དེ་དག་ནི་ན་བས་འཕངས་པ་ཉིད་ཡིན་ཏེ། ནད་པ་མ་ཡིན་ནམ་ཞེས་པས་བསྡུས་སོ། །ཕུང་ཀྲོལ་བ་ནི། རྒྱལ་པོས་ཆད་པ་གཅོད་པའི་གཤེད་བྱེད་པ་ལ་སོགས་པ་སྟེ། རང་འགྲེལ་ལས། ཕུང་ཀྲོལ་བ་ཡང་རྐུན་པོ་མ་ཡིན་པ་སྙིང་རྗེ་མེད་པ་གསད་བྱ་གསོད་པར་བྱེད་པ་ལ་སོགས་པ་སྟེ་ཞེས་གསུངས་སོ། །རྒྱལ་པོ་ཕ་མའི་བསམ་པ་ཅན་ནི་མེ་སྐྱེས་ཀྱི་བྱུང་བ་ལྟ་བུའི་གསུངས་སོ།་་་་་འོན་ཀྱང་དེ་ནི་ཡོངས་སུ་འཛིན་པར་བྱེད་པ་གཉིས་ཀྱང་ཞེས་པས་བསྟན་ཏེ། རྣམ་པ་གཅིག་ཏུ་ན་ཕ་མས་མ་གནང་ཡང་རྒྱལ་པོས་གནང་ན་རྒྱལ་པོ་ཕ་མའི་དབང་ཟ་བའི་བསམ་པ་ཅན་ཞེས་པ་་་་་་ཉིད་ཀྱིས་གནང་བ་ནི་ཕ་མ་དང་འདྲའོ། །སྟེ་་་་་་རྒྱལ་པོ་ཕ་མའི་བསམ་པ་ཅན་ཞེས་པ་དེ་ཉིད་ཀྱི། འགྲེལ་ཆུང་ལས་ཀྱང་། ཕ་མ་ལ་མ་དྲིས་ཀྱང་རྒྱལ་པོའི་འབངས་སུ་གཏོགས་པ་ལས་རྒྱལ་པོས་གནང་སྟེ་བཅུག་ནའང་ཉེས་མེད་དོ་ཞེས་སོ། །འདི་ནི་ལུང་ལས། གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ཕ་མས་མ་གནང་ཡང་རྒྱལ་པོས་གནང་སྟེ་བསྙེན་རྫོགས་མཛད་པ་ལྟ་བུའོ། །མི་མ་ཡིན་པའི་འགྲོ་བ་པ་གཉིས་ཞེས་པ་གནས་བརྟན་བྲག་དང་ཉེ་བྲག་གཉིས་ཁྲུང་ཁྲུང་མོ་ལས་སྐྱེས་པ་ལྟ་བུའོ་་་་་།རྒྱུ་གདགས་པ་དང་འགྲེལ་ཆུང་གི་གཏམ་རྒྱུད་དང་སྦྱར། མཛོད་འགྲེལ་ལས་བུད་མེད་གཞན་ལས་ནུར་ནུར་པོ་ཟགས་ནས་བུད་མེད་གཞན་གྱི་མངལ་དུ་བླུགས་ཏེ་བསྐྱངས་

༼༢༦༢༽

པ་ལ་ཡང་བུ་འབྱུང་བར་གསུངས་པ་དེ་ལྟ་བུའམ། སྐྱེད་པར་བྱེད་པ་དང་སྐྱོང་བ་བྱེད་པ་ཐ་དད་་་་་་པ་སྟེ་ཕ་མ་དངོས་དང་ཕ་མར་ཁས་ལེན་པ་ཐ་དད། ན་དེ་གཉིས་གང་བསད་ན་མཚམས་མེད་དུ་འགྱུར་ཞེ་ན། ཕ་མ་བསད་པའི་མཚམས་མེད་འབྱུང་བ་དེ་ནི་སྐྱེད་བར་བྱེད་པའི་ཕ་མ་མིའི་འགྲོ་བ་པ་གཉིས་བསད་པ་ལས་མཚམས་མེད་པར་འགྱུར་ཏེ་མཛོད་ལས་ཀྱང་། གང་གི་ཟླ་མཚན་ལས་བྱུང་མ་ཞེས་སོ། །ཕ་མ་མཚན་གྱུར་པ་གཉིས་བསད་པ་ལས་ཀྱང་མཚམས་མེད་པ་འབྱུང་སྟེ་ལུང་ལས་ཕ་ཡང་མ་ལགས་དགྲ་བཅོམ་པ་ཡང་མ་ལགས་པའི་སྐྱེས་པ་བསད་ན་མཚམས་མེད་པར་འགྱུར་བ་མཆིས་སམ། ཡོད་དེ་མ་མཚན་གྱུར་པ་བསད་ནའོ། །མ་ཡང་མ་ལགས་དགྲ་བཅོམ་པ་ཡང་མ་ལགས་པའི་བུད་མེད་བསད་ན་མཚམས་མེད་པར་འགྱུར་བ་མཆིས་སམ། ཡོད་དེ། ཕ་མཚན་གྱུར་པ་བསད་ནའོ་ཞེས་མཛོད་འགྲེལ་དུ་དྲངས་སོ། །མ་བསད་པ་ཙམ་བར་ཆད་ཡིན་ནམ། མཚམས་མེད་བྱས་པ་བར་ཆད་ཡིན་སྙམ་ན། མ་བསད་པ་ལ་སོགས་པ་ལྔ་ནི་མཚམས་མེད་དེ་རྫོགས་པར་བྱས་པ་ཉིད་བར་ཆད་ཀྱི་གཙོ་བོའོ། །ཊཱི་ཀ་ལས། མ་བསད་པ་ཉི་ཚེ་ནི་རབ་ཏུ་དབྱུང་བར་བྱ་སྟེ། ཕ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་བསད་ན་ཡང་དེ་རབ་ཏུ་དབྱུང་དུ་རུང་བ་ལྟ་བུའོ་ཞེས་སོ། །གསོད་སེམས་མེད་ན་ཕ་མ་བསད་པའི་མཚམས་མེད་དུ་མི་འགྱུར་ཏེ། བཙོ་བླག་མཁན་གྱི་བུ་བཞིན་ནོ།་་་་་ཊཱི་ཀ་ལས་ཅི་ཞིག་བྱས་ན་དགེ་སློང་མ་སུན་ཕྱུང་བ་དང་དགེ་སློང་སུན་ཕྱུང་བར་འགྱུར་ཞེ་ན། ཡུལ་དགེ་སློང་མའམ་དགེ་སློང་པ་ཕམ་པར་འགྱུར་བ་མ་བྱུང་བ་སྟེ་ཕམ་པས་མ་གོས་པའི་རྣམ་དག་ཉིད་ལ་སྐྱེས་པའམ་བུད་མེད་གང་ཞིག་གིས་མི་ཚངས་པར་སྤྱད་པས་ཉམས་སུ་མྱོང་བ་དག་ཊཱི་ཀ་ལས་དགེ་སློང་མ་སུན་ཕྱུང་བ་ཉིད་དང་། དགེ་སློང་ཕ་སུན་ཕྱུང་བ་ཉིད་ཡིན་ནོ། །ཞེས་གསུངས་སོ། །འདིའི་དོན་ངེས་པར་བྱ་བ་ལ་གསུམ་སྟེ། སྒྲུབ་བྱེད་ཀྱི་གཞུང་དྲང་བ་དང་། དེ་ལ་གཞན་གྱི་འཁྲུལ་པ་སྤང་བ་དང་། གཉིས་ཀྱི་སྒྲ་ལ་རྩོད་པ་སྤང་བའོ། །དང་པོ་ནི། ཞུ་བ་ལས། དགེ་སློང་མ་སུན་ཕྱུང་བ་བསྙེན་པར་རྫོགས་པར་བགྱིས་ན་གང་གིས་མི་ཚངས་པར་སྤྱོད་པས་དགེ་སློང་མ་སུན་ཕྱུང་བར་གྱུར་པ་འདི་ནི་བསྙེན་པར་རྫོགས་པ་

༼༢༦༣༽

ཞེས་བྱའོ། །དགེ་སློང་མའི་ལུས་ལ་རེག་པ་ཙམ་གྱིས་སུན་ཕྱུང་བར་གྱུར་པ་ནི་བསྙེན་པར་རྫོགས་པ་ཞེས་གསུངས་ཏེ། མི་ཚངས་པར་སྤྱད་པས་ཞེས་པ་འདིའི་ཁུངས་ཡིན་ནོ། །ཕམ་པར་འགྱུར་བ་མ་བྱུང་བ་ཉིད་ལ་ཞེས་པ་འདིའི་ཁུངས་ནི། ཞུ་བ་ལས་བཙུན་པ་རེ་ཞིག་གང་ཟག་བརྒྱད་ཀྱིས་དགེ་སློང་མ་གཅིག་ལ་དངོས་པོ་བརྒྱད་པོ་རེ་རེས་སུན་འབྱིན་པར་བགྱིད་ན་དགེ་སློང་མ་དེ་སུན་ཕྱུང་བ་ཞེས་བགྱིའམ། ཉེ་བར་འཁོར་སུན་ཕྱུང་བ་ཞེས་བྱའོ། །གང་ཟག་དེ་དག་ལས་དུ་ཞིག་དགེ་སློང་མ་སུན་ཕྱུང་བ་ཞེས་བགྱི། ཉེ་བར་འཁོར་འགའ་ཡང་མ་ཡིན་ནོ་ཞེས་་་་་་ལུང་དེ་རང་གི་རྣམ་བཤད་དང་ཊཱི་ཀ་ཁུངས་སུ་དྲངས་སོ། །གསུངས་སོ། །གང་ཟག་བརྒྱད་ཀྱིས་ཞེས་པ་ནི་སྐྱེས་པའམ་བུད་མེད་ཀྱིས་སོ། །བརྒྱད་པོ་རེ་རེས་ཞེས་པ་ནི་ཕམ་པ་བརྒྱད་་་་་་རེག་པའི་ཕམ་པ་ལ་སོགས་པའི་ཡུལ་ནི་སྐྱེས་པས་བྱས་ལ་འཆབ་པའི་ཕམ་པའི་ཡུལ་ནི་དགེ་སློང་མས་བྱས་པའོ། །ཀྱི་ཡུལ་བྱས་པའོ། །སུན་ཕྱུང་བ་ཞེས་པ་ནི་དགེ་སློང་མ་དེ་ཕམ་པར་གྱུར་ཏེ་ཆུད་བསན་པའོ། །དུ་ཞིག་སུན་ཕྱུང་བ་ཞེས་བགྱི་ཞེས་པ་ནི་སུན་ཕྱུང་བའི་བར་ཆད་སུ་ལ་ལྡན་ཞེས་དྲིས་པའོ། །འགའ་ཡང་མ་ཡིན་ཞེས་པ་ནི་བརྒྱད་པོ་སུ་ལ་ཡང་བར་ཆད་མི་ལྡན་པའོ། །དེ་ལྟར་དགེ་སློང་མ་ལ་མི་ཚངས་པར་སྤྱོད་པ་པོ་དེ་དགེ་སློང་མ་སུན་ཕྱུང་བ་ཉིད་དུ་མི་འགྱུར་བའི་རྒྱུ་མཚན་ཅི་ཞེ་ན། ཊཱི་ཀ་ལས་དེ་ནི་རེག་པ་དང་ལུས་བཀན་པ་གཉིས་ཀྱིས་དང་པོ་ཁོ་ནར་དགེ་སློང་མ་དེ་ཕམ་པར་གྱུར་པས་དེས་ན་དེ་འདིར་སུན་ཕྱུང་བ་ཉིད་དུ་རྣམ་པར་མ་བཞག་པར་སྣང་ངོ་ཞེས་སོ། །དེ་ལ་གཞན་གྱི་འཁྲུལ་པ་སྤང་བ་ནི་ཊཱི་ཀ་ལས། འོ་ན་སུན་ཕྱུང་བ་ཇི་ལྟར་རྣམ་པར་བཞག་པར་བྱ་ཞེ་ན་ཞེས་རྒོལ་བ་བཀོད་དོ། །དེའི་དོན་ནི། དགེ་་་་་་ཕམ་པས་མ་གོས་པའི་དགེ་སློང་མ་ལ་མི་ཚངས་པར་སྤྱད་པ་མི་སྲིད་དེ། མ་རེག་པར་ནི་མི་ཚངས་པར་སྤྱད་པ་མི་སྲིད་ཅིང་། རེག་པ་ན་དགེ་སློང་མ་དེ་རེག་པའི་ཕམ་པས་གོས་པའི་ཕྱིར་རོ་སྙམ་དུ་བསམས་ནས་རྒོལ་བ་སྟེ། བསྡུས་པ་ལས་སྔར་ལུས་ལ་རེག་པར་བྱས་ལ་ཕྱིས་མི་ཚངས་པར་སྤྱད་པ་ནི་དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནོ། །ཞེས་བཤད་པ་ལྟ་བུའོ། །དེའང་འདི་སྐད་དུ། སློང་མ་ལ་ལོག་

༼༢༦༤༽

གཡེམ་བྱས་པ་ཆོས་ཅན། དགེ་སློང་མ་ལ་མི་ཚངས་སྤྱོད་ཀྱིས་སུན་ཕྱུང་བ་ཉིད་ཡིན་པ་མི་སྲིད་པར་ཐལ། མི་ཚངས་སྤྱོད་ཀྱི་སྔ་རོལ་ཏུ་དགེ་སློང་མ་དེ་རེག་པ་ལུས་བཀན་གྱི་ཕམ་པར་གྱུར་པའི་ཕྱིར་ཞེ་ན། དེའི་ལན་ལ་གཉིས་ཏེ། ཐད་ཀ་རྣལ་མའི་ལན་དང་། བརྟག་པ་མཐའ་བཟུང་གི་ལན་ནོ། །དང་པོ་ནི། ཊཱི་ཀ་ལས། ནོམ་པ་དང་ཉུག་པ་ཉམས་སུ་མ་མྱོང་བའི་དགེ་སློང་མ་ལ་མི་ཚངས་པར་སྤྱད་ནའོ་ཞེས་གསུངས་ཏེ། མི་ཚངས་སྤྱོད་འབའ་ཞིག་གི་ཀུན་སློང་གིས་རེག་པ་དང་ལུས་བཀན་བྱས་ན་མི་ཚངས་སྤྱོད་ཀྱི་སྦོམ་པོར་འགྱུར་གྱི། རེག་པ་ལུས་བཀན་གྱི་ཕམ་པ་ནི་མི་སྐྱེད་དེ། རེག་པ་ལུས་བཀན་གྱི་ཀུན་སྤོང་མེད་པའི་ཕྱིར་རོ། །ལྟུང་བ་གཞན་གྱི་ཀུན་སློང་གིས་ལྟུང་བ་གཞན་མི་སྐྱེད་པས། མི་ཚངས་སྤྱོད་འབའ་ཞིག་གི་ཀུན་སློང་གིས་རྒྱུ་བྱས་ནས་འབྲས་བུ་རེག་པ་ལུས་བཀན་གྱི་ཕམ་པ་བསྐྱེད་ན་རྒྱུ་འབྲས་འཆོལ་བར་ཐལ་བར་འགྱུར་རོ། །མི་ཚངས་པར་སྤྱོད་པའི་བསམ་པས་རེག་པ་ལ་རེ་བའི་བསམ་པ་མི་བསྐྱེད་ན།་་་་་འོ་ན་རེག་པའི་ཕམ་པའི་མདོ་རྩ་བ་ལས་འཁྲིག་པའི་འདོད་ཆགས་ཀྱིས་སོ་ཞེས་བཤད་པ་དང་འགལ་ཞིང་། དེའི་འགྲེལ་ཆུང་ལས། སྐྱེས་པའང་དགེ་སློང་མ་ལ་མི་ཚངས་པར་སྤྱོད་པར་སེམས་པ་ལ་རེག་ན་རེག་པའི་ཕམ་པར་འགྱུར་ཞེས་བཤད་པ་དང་ཡང་འགལ་ཞེ་ན། དེ་ནི་སྐྱེས་པ་དེ་མི་ཚངས་པར་སྤྱོད་པར་སེམས་ཀྱང་། དགེ་སློང་མ་དེ་འདོད་ཆགས་ཀྱི་དབང་གིས་རེག་པའི་ཀུན་སློང་གིས་རེག་ན་རེག་པའི་ཕམ་པར་འགྱུར་ཞེས་བསྣན་པའོ། །གཉིས་པ་ནི་སྲིད་ཚོད་ཀྱི་ལན་ཡིན་ཏེ། ཊཱི་ཀ་ལས་ཡང་ན་སྐྱེས་པའི་ལུས་ལ་མ་རེག་པའི་དགེ་སློང་མ་ལ་མི་ཚངས་པར་སྤྱད་ན་གང་ཟག་དེ་དགེ་སློང་མ་སུན་ཕྱུང་བ་ཉིད་ཡིན་ནོ་ཞེས་གསུངས་ཏེ། མཚན་རིངས་ཅན་ལྟ་བུས་ལངས་པའི་སྤྱོད་ལམ་གྱིས་མི་ཚངས་པར་སྤྱད་ན་དགེ་སློང་མ་སུན་ཕྱུང་བ་ཉིད་ཡིན་ན།ོ་་་་་།ལམ་དང་ཡན་ལག་གཉིས་རེག་ཀྱང་དེ་གཉིས་ནི་རེག་པའི་ཕམ་པའི་གཞིའི་ཡན་ལག་མ་ཡིན་ནོ། །གཉིས་ཀྱི་སྒྲ་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། རྩོད་སྤང་དངོས་དང་། གཞན་འདོད་དགག་པའོ། །དང་པོ་ནི། ཉམས་སུ་མྱོང་བ་དག་ཅེས་གཉིས་ཀྱི་ཚིག་ཏུ་སྨོས་པ་ལ། སུན་ཕྱུང་བ་ནི་གཅིག་ཡིན་པའི་ཕྱིར། གཅིག་གི་ཚིག་ཏུ་བྱ་བར་རིགས་ན། དག་ཅེས་གཉིས་ཀྱི་ཚིག་ཏུ་བྱས་པ་འགལ་ཞེ་ན། མི་འགལ་ཏེ། ཊཱི་ཀ་ལས། སུན་ཕྱུང་

༼༢༦༥༽

བ་གཉིས་སྲིད་པའི་ཕྱིར་ཏེ། བགྲོད་པ་ཡང་སུན་ཕྱུང་བ་དང་འགྲོ་བ་ཡང་སུན་ཕྱུང་བར་འགྱུར་བ་སྲིད་པའི་ཕྱིར་རོ་ཞེས་སོ། །དགེ་སློང་ཕ་མ་མི་ཚངས་པར་སྤྱོད་ན་གཉིས་ཀས་དུས་གཅིག་ཏུ་ཉམས་སུ་མྱོང་ན་གཉིས་ཀ་སུན་ཕྱུང་བ་ཉིད་ཡིན་ལ། སྔ་ཕྱིར་མྱོང་ན་སྔར་མྱོང་བ་དེས་སུན་ཕྱུང་བ་ཉིད་ཡིན་ནོ། །སྐྱེས་པས་ཀྱང་དགེ་སློང་ཕ་སུན་ཕྱུང་བ་དེ་སྲིད་དེ། ཊཱི་ཀ་ལས། དགེ་སློང་གིས་དགེ་སློང་ལ་རྩོད་ཞིང་གཉིས་ཀས་ཉམས་སུ་མྱོང་བར་གྱུར་ན་གཉིས་ཀ་དགེ་སློང་སུན་ཕྱུང་བ་ཉིད་ཡིན་ནོ་ཞེས་སོ། །དགེ་སློང་གིས་རང་ལ་སྤྱད་ན་རང་ཉིད་སུན་ཕྱུང་བའི་ལས་སྒྲིབ་རྫོགས་སམ་སྙམ་ན། རང་ལ་བརྐུས་པ་དང་རང་བསད་པ་བཞིན་མི་རྫོགས་སྙམ་མོ།་་་་་།གཉིས་པ་གཞན་འདོད་དགག་པ་ནི་པཎྜི་ཏ་གཞན་གྱིས་འདོད་ཚུལ་འགྲེལ་ཆུང་དུ་བཀོད་པ་ལས། དགེ་སློང་མས་དགའ་བ་མ་ཚོར་ན་དེས་ནི་བསླུས་པར་མི་ཚུད་དེ་དགེ་སློང་མས་ཀྱང་དགའ་བ་ཚོར་ན་དགེ་སློང་མ་སུན་ཕྱུང་བ་ཡིན་ཞེས་བཤད་དོ། །དེ་ནི་མི་རིགས་ཏེ། འགྲེལ་ཆུང་ལས། དགེ་སློང་མ་ལ་ནན་གྱིས་མི་ཚངས་པར་སྤྱད་པ་ན་དགེ་སློང་མས་ལག་པ་མེར་བཅུག་སྟེ། དགའ་བ་མ་ཚོར་བ་ལྟ་བུ་ལ་སྤྱད་པ་ཡང་དགེ་སློང་མ་སུན་ཕྱུང་བ་ཉིད་ཡིན་ནོ་ཞེས་བཤད་ཅིང་། ཊཱི་ཀ་ལས། སུན་འབྱིན་པ་པོ་ཁོ་ནས་ཉམས་སུ་མྱོང་བ་ཡན་ལག་ཡིན་ནོ། །འདིར་ཟླས་ཉམས་སུ་མྱོང་བ་ཁས་མི་བླང་སྟེ། གཞན་གྱི་ཉེས་པ་གཞན་ལ་མི་གོས་པའི་ཕྱིར་ཞེས་སོ། །བདེ་བ་དེ་ཟླས་ཉམས་སུ་མྱོང་བ་ཡན་ལག་ཏུ་དགོས་ན། དགེ་སློང་མ་དགྲ་བཅོམ་མ་ལ་ལོག་གཡེམ་བྱས་པ་ཆོས་ཅན། དགེ་སློང་མ་ལ་མི་ཚངས་སྤྱོད་ཀྱིས་སུན་ཕྱུང་བ་ཉིད་ཡིན་པ་མི་སྲིད་པར་ཐལ། དགེ་སློང་མ་ལ་འདོད་ཆགས་ཀྱི་བདེ་བ་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །གཏན་ཚིགས་ནི་ལུང་འདུལ་བྱེད་ལས་སེར་སྐྱའི་བུ་མོ་བཟང་མོའི་བྱུང་བ་དང་འོད་ལྡན་གྱིས་གྲུབ་་་་་་སེར་སྐྱའི་བུ་མོ་བཟང་མོ་དགེ་སློང་མ་དགྲ་བཅོམ་མར་གྱུར་ཀྱང་། རྒྱལ་པོ་མ་སྐྱེས་དགྲས་ཞག་བདུན་སྤྱད་པར་གྱུར་ཏེ། དགེ་སློང་མ་བཅུ་གཉིས་སྡེས་བདག་ཅག་ནི་རྒྱལ་པོའི་ཆུང་མ་དང་ལྷན་ཅིག་གསོ་སྦྱོང་མི་བྱེད་དོ། །ཞེས་སྨྲ་བའི་སྐབས་ཀྱི་ལུང་འདུལ་བྱེད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །བཟང་མོ་ཁྱོད་ཀྱིས་དགའ་བ་ཚོར་རམ། བདག་གིས་དགའ་བ་ལྟ་ག་ལ་ཚོར་གྱི། ཇི་ལྟར་ཐོད་ལྕགས་བསྲེགས་པ་བཞིན་ནོ། །ཞེས་གསུངས་ལ། ལུང་དེ་འོད་ལྡན་དུ་ཡང་དྲངས་སོ། ཅིང་། ཁྱབ་པ་ཁས་བླངས་སོ། །འདོད་ན། མཛོད་ལས། མ་དགྲ་བཅོམ་མ་སུན་བྱས་དང་ཞེས་བཤད་དོ། །བུད་མེད་བསླབ་པ་ཕུལ་ནས་ཞེས་ཏེ། བུད་མེད་སྔོན་རབ་ཏུ་བྱུང་བ་སྡོམ་པ་སྐྱེ་བའི་བར་ཆད་དང་ལྡན་པ་དེ་སྐྱེས་པ་ཉིད་དུ་གྱུར་པ་ནི་དབྱུང་རྫོགས་བྱར་རུང་བ་ཉིད་ཞེས་པ་སྡོམ་པ་ལེན་

༼༢༦༦༽

ན་སྐྱེ་བ་སྟེ། སྡོམ་པ་སྐྱེ་བའི་བར་ཆད་དེ་ལས་གྲོལ་བའོ། །སྐྱེས་པ་དེ་སླར་ཡང་བུད་མེད་དུ་གྱུར་ན་ནི་སྐྱེ་བའི་བར་ཆད་དེ་སླར་ལྡོག་པར་འགྱུར་ཏེ། སྤོ་བའི་གཞི་ཞུ་བ་ལས། ལྷག་མ་ཐུན་མོང་མ་ཡིན་པ་བྱུང་བ་མཚན་ལན་གཉིས་གྱུར་ན་ལྷག་མའི་ལྟུང་བ་སླར་ལྡོག་པར་གསུངས་ལ་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །འོ་ན་བུད་མེད་སྔོན་རབ་ཏུ་བྱུང་བ་དེ་སྐྱེས་པར་གྱུར་ཏེ་སྡོམ་པ་མནོས་ནས་་་་་་ཡང་བུད་མེད་དུ་གྱུར་ན་སྐྱེ་བའི་བར་ཆད་དེ་སླར་ལྡོག་པར་གྱུར་པ་ན་སྡོམ་པ་གཏོང་ངམ་མི་གཏོང་ཞེ་ན། འདི་ལ་ཁ་ཅིག་ན་རེ་སྡོམ་པ་གཏོང་སྟེ་སྡོམ་པའི་ཞིང་མ་ཡིན་པར་གྱུར་པའི་ཕྱིར་ཏེ། སྡོམ་པ་སྐྱེ་བའི་བར་ཆད་ཀྱི་བྱེ་བྲག་སྔོན་རབ་ཏུ་བྱུང་བ་དང་ལྡན་པར་གྱུར་པའི་ཕྱིར་རོ་ཞེ་ན། སྡོམ་པའི་ཞིང་མ་ཡིན་པར་གྱུར་པའི་རྟགས་མ་གྲུབ་སྟེ། སྡོམ་པའི་རིགས་མ་སྐྱེས་པ་སྐྱེ་བའི་ཞིང་མ་ཡིན་ཡང་སྡོམ་པ་སྐྱེས་ཟིན་གནས་པའི་ཞིང་ཡིན་པའི་ཕྱིར་རོ། །སྡོམ་པའི་རིགས་མ་སྐྱེས་པ་སྐྱེ་བའི་ཞིང་མ་ཡིན་པར་གྱུར་པ་ཙམ་གྱིས་ནི་སྡོམ་པ་སྐྱེས་ཟིན་གཏོང་བའི་ཁྱབ་པ་མེད་དེ། དགེ་ཚུལ་རྐུ་ཐབས་སུ་གནས་པར་གྱུར་པས་སྡོམ་པ་མི་གཏོང་བ་བཞིན་ནོ། །སྐབས་འདིར་མཚན་ལན་གཉིས་གྱུར་ཏེ། སྐྱེ་བའི་བར་ཆད་དེ་སླར་ལོག་པར་གྱུར་ཀྱང་སྡོམ་པ་མི་གཏོང་སྟེ་སྔར་སྡོམ་པ་ཡོད་ཅིང་་་་་་བསླབ་པ་ཕུལ་དང་ཤི་འཕོས་ལ་སོགས་པ་སྡོམ་པའི། གཏོང་རྒྱུ་གང་ཡང་མ་བྱུང་བའི་ཕྱིར་རོ། །འོ་ན་སྐྱེས་པ་བསླབ་པ་ཕུལ་ནས་བུད་མེད་དུ་གྱུར་ན་སྔོན་རབ་ཏུ་བྱུང་བའི་བར་ཆད་ཡོད་པར་འགྱུར་རམ་ཞེ་ན། མི་འགྱུར་ཏེ། གཞན་དུ་ན་མཚན་གྱུར་གྱི་སྤྱི་གཞུང་དང་འགལ་བའི་ཕྱིར་རོ། །དེ་ཡང་ཐུན་མོང་མ་ཡིན་པའི་ལྟུང་བ་ཡོད་པ་ལས་མཚན་གྱུར་པས་ལྟུང་བ་དེ་མེད་པར་འགྱུར་ཞིང་ལྟུང་བ་གཏན་མེད་ལས་མཚན་གྱུར་པས་ལྟུང་བ་ཡོད་པར་མི་འགྱུར་བ་ནི་སྤྱི་གཞུང་དེ་དང་མཐུན་ལ། བར་ཆད་མེད་པ་ལས་མཚན་གྱུར་པས་བར་ཆད་ཡོད་པར་

༼༢༦༧༽

འགྱུར་ན་སྤྱི་གཞུང་དེ་དང་འགལ་བའི་ཕྱིར་རོ། །ཊཱི་ཀ་ལས། ཕམ་པར་གྱུར་པ་ལ་སྤྱིར་སྐྱེ་བའི་ཆོས་ཉིད་མེད་པར་བསྟན་ནས་གནས་སྐབས་གཞན་ལ་བྱེ་བྲག་གི་གནས་སྐབས་བསྟན་པའི་ཕྱིར། ཞེས་གསུངས་པ་ནི། གནས་སྐབས་གཞན་ཏེ་ཕམ་པ་ཐུན་མོང་མ་ཡིན་པ་འབྱུང་བའི་གནས་སྐབས་ལ་བྱེ་བྲག་གི་གནས་སྐབས་ཏེ་མཚན་གྱུར་པའི་གནས་སྐབས་བསྟན་པའི་ཕྱིར་ཞེས་པའོ། །དེ་ཡང་ཊཱི་ཀའི་ཚིག་གི་གོ་རིམ་གྱིས་ཤེས་སོ། །དགེ་སློང་མའི་ཕམ་པར་འགྱུར་བ་ཐུན་མོང་མ་ཡིན་པ་སྟེ་རེག་པ་ལུས་བཀན་འཆབ་པ་བཟློག་པའི་ཕམ་པ་འཆབ་བཅས་ལྷག་པར་སྤྱད་པ་ཅན་སྡོམ་པ་སྐྱེ་བའི་བར་ཆད་དང་ལྡན་པ་དེ་ཡང་་་་་་ཊཱི་ཀ་དང་ལུང་ལས་བསླབ་པ་ཕུལ་ནས། སྐྱེས་པ་ཉིད་དུ་གྱུར་པ་ནི་དབྱུང་རྫོགས་བྱར་རུང་བ་ཉིད་དོ་ཞེས་སྡོམ་པ་ལེན་ན་སྐྱེ་བ་སྟེ། སྡོམ་པ་སྐྱེ་བའི་བར་ཆད་དེ་ལས་གྲོལ་བའོ། །འོ་ན་དེ་ལྟར་མཚན་གྱུར་པ་དེས་སྡོམ་པ་མནོས་ནས་སླར་ཡང་བུད་མེད་དུ་གྱུར་ཏེ་ཕམ་པ་འཆབ་བཅས་དེ་སླར་ལོག་པར་གྱུར་པ་ན། སྡོམ་པ་གཏོང་ངམ་མི་གཏོང་ཞེ་ན་མི་གཏོང་སྟེ།་་་་་བསླབ་པ་ཕུལ་བ་དང་ཤི་འཕོས་པ་ལ་སོགས་པ་སྡོམ་པ། གཏོང་རྒྱུ་གང་ཡང་མ་བྱུང་བའི་ཕྱིར་རོ། །དེ་ལ་ཁ་ཅིག་ན་རེ་སྡོམ་པ་གཏོང་སྟེ་སྡོམ་པའི་ཞིང་མ་ཡིན་པར་གྱུར་པའི་ཕྱིར་ཏེ། དེའང་ཕམ་པ་འཆབ་བཅས་དང་ལྡན་པར་གྱུར་པའི་ཕྱིར་ཞེ་ན། སྡོམ་པའི་ཞིང་མ་ཡིན་པར་གྱུར་པའི་རྟགས་མ་གྲུབ་ཅེས་སྔ་མ་བཞིན་ནོ། །ཕམ་པ་ཐུན་མོང་འཆབ་བཅས་ལྷག་པར་སྤྱད་པ་ཅན་ནི་མཚན་གྱུར་པས་བར་ཆད་ལས་གྲོལ་བར་མི་འགྱུར་ཏེ། ཐུན་མོང་མ་ཡིན་པ་ལྷག་པར་སྤྱད་པ་ཞེས་པའི་སྒྲའི་ཁྱད་པར་གསུངས་པའི་ཕྱིར་དང་། སྐབས་་་་་་ཕམ་པ་བྱུང་བ་མཚན་གྱུར་ན་དབྱུང་རྫོགས་བྱ་རུང་ཞེས་པ། འདིའི་འགྲེལ་ཆུང་ལས། དགེ་སློང་ཕའི་ཕམ་པ་བཞི་མ་གཏོགས་ཞེས་སོ། །འདིར་དགེ་འདུན་གྱིས་བསྣན་པར་བྱའོ་ཞེས་སྔར་སྨོས་ན། དགེ་འདུན་ཇི་ལྟ་བུ་བསྣན་པར་བྱ་ཞེ་ན།་་་་་བུད་མེད་་་་་་དགེ་སློང་མ་ཉིད་དུ། བསྙེན་པར་རྫོགས་པར་བྱ་བ་ལ་དགེ་སློང་ཕའི་དགེ་འདུན་གཉུག་མར་གནས་པ་རྣམས་ཕུན་སུམ་ཚོགས་པའི་རྒྱུའམ་ཡན་ལག་ཉིད་དེ། ཊཱི་ཀ་ལས། དགེ་སློང་གཉུག་མར་གནས་པ་རྣམས་ཡན་ལག་ཉིད་ཡིན་གྱི། གློ་བུར་དུ་

༼༢༦༨༽

ལྷགས་པ་རྣམས་དང་འགྲོ་བར་ཆས་པ་རྣམས་ཡན་ལག་ཉིད་མ་ཡིན་ནོ་ཞེས་སོ། །དེའི་རྒྱུ་མཚན་ནི་ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་སྦྱིན་པ་ལ་སོགས་པའི་བྱ་བ་ནི་གཉུག་མར་གནས་པས་ལེགས་པར་འགྲུབ་ཀྱི། འགྲོ་བར་ཆས་པ་ལ་སོགས་པས་མི་འགྲུབ་པའི་ཕྱིར་རོ། །གཉུག་མར་གནས་པའི་ཚད་ནི་་་་་་གནས་དེར་ཟླ་བ་བཞི་ཡན་ཆད་གནས་པ་ཡིན་ཞེས་ཁ་ཅིག་ཟེར་ཡང་། གནས་དེར་ཟླ་བ་ཕྱེད་ཡན་ཆད་གནས་པ་སྟེ། སྐབས་འདི་ཉིད་ཀྱི་ལུང་ལས། གཉུག་མར་གནས་པ་དང་རིང་དུ་གནས་པ་དག་གོ་ཞེས་གསུངས་ལ། ཊཱི་ཀ་ལས་ཟླ་བ་ཕྱེད་ལས་ལྷག་པ་ནི་ཡུན་རིང་བ་ཉིད་ཡིན་པར་ཤེས་པར་བྱ་སྟེ། གསོ་སྦྱོང་གི་དུས་གཞན་གྱིས་ཆོད་པའི་ཕྱིར་རོ་ཞེས་གསུངས་པས་གྲུབ་བོ། །ཡན་ལག་ཅེས་པ་ནི་རྒྱུ་ཡིན་ལ། འདི་ནི་ཕུན་སུམ་ཚོགས་པའི་རྒྱུ་ཡིན་གྱི། མེད་ན་མི་འབྱུང་བའི་རྒྱུ་ནི་མ་ཡིན་ཏེ། དེ་མེད་ཀྱང་མི་སྐྱེ་བ་ཙམ་གྱི་དགག་བྱ་མ་དམིགས་པའི་ཕྱིར་རོ། །སྐྱེ་བའི་ཚེ་ཉིད་ན་ཞེས་པ་འདི་གཏན་ལ་དབབ་པ་ལ་གསུམ་སྟེ། དངོས་སུ་བརྗོད་པའི་དོན་དང་། ཤུགས་ཀྱིས་བསྟན་པའི་དོན་དང་། སྒྲུབ་བྱེད་ལུང་དང་སྦྱར་བའོ། །དང་པོ་ནི་སྐྱེ་བའི་ཚེ་ཉིད་ལ་ཊཱི་ཀས་གཉིས་སུ་ཕྱེ་སྟེ། སྐྱེ་བ་ལ་ཕྱོགས་བཞིན་པ་སྐྱེ་བའི་ཚེ་དང་། སྐྱེ་བ་ལ་མངོན་དུ་གྱུར་པ་སྟེ་སྐྱེ་བའི་ཚེའོ། །དེ་གཉིས་ནི་སྐྱེ་ལ་ཁད་པ་དང་། སྐྱེ་བདོ་བ་སྟེ་གོ་རིམ་བཞིན་ནོ།་་་་་གཞུང་འདིར་དངོས་སུ་བརྗོད་པ་ནི་དང་པོ་དེ་ཡིན་ཏེ། ཊཱི་ཀ་ལས། སྐད་ཅིག་དུ་མས་བར་དུ་ཆོད་པ་སྐྱེ་བའི་ཚེ་ཉིད་ཅེས་བྱའོ་ཞེས་སོ། །འདི་ལ་ཊཱི་ཀ་ལས། སྐྱེ་བཞིན་པ་སྐྱེ་བའི་ཚེ་ཞེས་ཀྱང་གསུངས་ཏེ་སྐྱེ་བ་ལ་ཕྱོགས་བཞིན་པ་སྐྱེ་བའི་ཚེ་ཞེས་དགོངས་པའོ། །ཕུལ་བ་ནི་སྡོམ་པ་ལེན་པ་ན་བསླབ་པ་ཕུལ་བ་སྟེ། སྡོམ་པ་་་་་་སྡོམ་པ་ལེན་པ་ན་སྡོམ་པ་མ་ཐོབ་པ་ནས་སྡོམ་པ་འབུལ་བ་ནི་བསླབ་པ་འབུལ་བ་མཚན་ཉིད་པ་མ་ཡིན་གྱི། ལེན་སེམས་ལོག་པའོ། །ཉམས་པ་ནི་སྡོམ་ལེན་དེ་ཉིད་ལ་མཚན་གཉིས་ཅིག་ཅར་དུ་བྱུང་བ་ལ་སོགས་པ་སྟེ། ཊཱི་ཀ་ལས། མཚན་གཉིས་སྐྱེས་པ་ལ་སོགས་པའི་སྐྱོན་གྱིས་ཉམས་ན་ཞེས་སོ།་་་་་ལ་སོགས་ཞེས་པས་མཚན་ལན་གསུམ་གྱུར་པ་ལྟ་བུ་བསྡུའོ། །ལེན་པ་པོའི་རྒྱུད་ལ་དགེ་སློང་གི་སྡོམ་པ་སྐྱེ་བ་ལ་ཕྱོགས་བཞིན་ཚེ་་་་་་པའི་ཞེས་པ་ནི་ཆོས་མཆོག་གི་ངོ་བོ་འགོག་པའི་འགལ་བར་གྱུར་པ་སྤང་བའི་ཕྱིར་རོ། ཉིད་

༼༢༦༩༽

ན་བསླབ་པ་ཕུལ་བ་སྟེ་སྡོམ་ལེན་དགེ་སློང་གི་སྡོམ་པ་ལེན་སེམས་ལོག་པའམ། རྟེན་ཉམས་ན་སྟེ་དགེ་སློང་གི་སྡོམ་ལེན་དེ་ཉིད་ལ་མཚན་གཉིས་ཅིག་ཅར་དུ་བྱུང་བ་ཆོས་ཅན། སྡོམ་ལེན་དེ་ཉིད་ཀྱི་རྒྱུད་ལ་དགེ་སློང་གི་སྡོམ་པ་ཉིད་མི་སྐྱེ་སྟེ། སྡོམ་ལེན་དེ་ཉིད་ཀྱི་རྒྱུད་ལ་དགེ་སློང་གི་སྡོམ་པ་སྐྱེ་བ་ལ་འགལ་རྐྱེན་སྟོབས་ལྡན་གྱིས་བར་དུ་ཆོད་པའི་ཕྱིར་རོ། །གཉིས་པ་ཤུགས་ཀྱིས་བསྟན་པའི་དོན་ནི། སྐྱེ་བ་ལ་མངོན་དུ་གྱུར་པ་སྐྱེ་བའི་ཚེ་ཞེས་པ་་་་་་སྡོམ་པའི་རྒྱུ་ནུས་པ་ཐོགས་མེད་ཀྱི་སྐད་ཅིག་གི་མཇུག་ཐོགས་སུ། སྡོམ་པ་དངོས་སུ་སྐྱེ་བདོ་བའི་སྐད་ཅིག་མ་སྟེ། ཊཱི་ཀ་ལས། སྐྱེ་བ་ལ་མངོན་དུ་གྱུར་པ་ནི་སྐྱེ་བའི་ཚེ་ཉིད་མ་ཡིན་པར་རིག་པར་བྱ་སྟེ། དེ་ལ་སྐྱེ་བའི་ཕྱིར་གང་གིས་ཀྱང་བགེགས་བྱ་བར་མི་ནུས་པས་ཞེས་སོ། །སྐྱེ་བ་ལ་མངོན་དུ་གྱུར་པ་ཞེས་གསུངས་པ་འདི་ལ་ཁ་ཅིག་ན་རེ་སྐྱེ་བ་ལ་མངོན་དུ་གྱུར་པ་ནི་ནུས་པ་ཐོགས་མེད་ཡིན་པས་སྡོམ་པ་སྐྱེ་བ་ལ་མངོན་དུ་གྱུར་པ་སྐྱེ་བའི་ཚེ་ན་ནི་ཕུལ་ལམ་ཉམས་ཀྱང་སྡོམ་པ་སྐྱེ་སྟེ། སྡོམ་པ་སྐྱེ་བའི་རྒྱུ་ནུས་པ་ཐོགས་མེད་ཡིན་པའི་ཕྱིར་རོ་ཞེས་་་་་་དེ་ནི་ཆོས་ཅན་དང་འགལ་བ་བཞུགས་པ་མ་ཚོར་བར་ཟད་དེ། སྨྲའོ། །དེ་ནི་མ་ཡིན་ཏེ་སྡོམ་པ་སྐྱེ་བའི་ཚེ་ཉིད་ན་ཕུལ་ལམ་ཉམས་པ་ཡིན་པ་དང་སྡོམ་པ་སྐྱེ་བའི་རྒྱུ་ནུས་པ་ཐོགས་མེད་ཡིན་པ་འགལ་བ་སྟེ། སྡོམ་པའི་རྒྱུ་ནུས་པ་ཐོགས་མེད་དེ་ནི་སྡོམ་པའི་རྒྱུ་ཐམས་ཅད་ཚང་བ་དེ་ཡིན་ལ། སྐྱེ་བའི་ཚེ་ཕུལ་ལམ་ཉམས་ན་སྡོམ་པའི་རྒྱུའི་གཙོ་བོ་མི་ཚང་བའི་ཕྱིར་ཏེ། སྐྱེ་བའི་ཚེ་ཕུལ་ན་སྡོམ་པ་ལེན་སེམས་མི་ཚང་བའི་ཕྱིར་དང་། སྐྱེ་བའི་ཚེ་ཉམས་ན་ལུས་སྡོམ་པའི་རྟེན་དུ་རུང་བ་མི་ཚང་བའི་ཕྱིར་རོ། །དེ་ལྟར་རྒྱུའི་གཙོ་བོ་མ་ཚང་བ་སྟེ་རྒྱུ་ནུས་པ་ཐོགས་མེད་ཡིན་པར་མི་རིགས་སོ། །རྒྱུ་ནུས་པ་ཐོགས་མེད་ནི་རང་རང་གི་དངོས་རྒྱུ་ཐམས་ཅད་ཚང་བ་སྟེ། རྣམ་འགྲེལ་ལས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་བཟློག་པར་བྱེད། །ཅེས་བཤད་དོ། །དེས་ན་སྡོམ་པ་སྐྱེ་བའི་རྒྱུ་ནུས་པ་ཐོགས་མེད་དེ་ལ་ནི་རང་རང་གི་ཕུལ་ཉམས་མ་བྱུང་བ་ཉིད་ཡིན་གྱི། ཕུལ་ཉམས་བྱུང་བ་དེ་ནི་སྡོམ་པ་སྐྱེ་བའི་རྒྱུ་ནུས་པ་ཐོགས་མེད་མ་ཡིན་ཏེ།་་་་་སྡོམ་པའི་རྒྱུ་གཙོ་བོ་མ་ཚང་བའི་ཕྱིར་དཔེར་ན། ས་བོན་མེས་འཚིག་པ་དེ་མྱུ་གུ་སྐྱེ་

༼༢༧༠༽

བའི་རྒྱུ་ནུས་པ་ཐོགས་མེད་མ་ཡིན་པ་བཞིན་ནོ།་་་་་གཞན་ཡང་སྡོམ་པ་སྐྱེ་བ་ལ་མངོན་དུ་གྱུར་པ་སྐྱེ་བའི་ཚེ་ན་ནི་ཕུལ་ལམ་ཉམས་ཀྱང་སྡོམ་པ་སྐྱེ་སྟེ། སྡོམ་པ་སྐྱེ་བའི་རྒྱུ་ནུས་པ་ཐོགས་མེད་ཡིན་པའི་ཕྱིར་རོ། །ཞེས་སྨྲ་བ་དེ་ནི་སྲོག་གཅོད་པ་ཕམ་པའི་རྒྱུ་ནུས་པ་ཐོགས་མེད་ཀྱི་ཚེ་ན་བསད་བྱ་གསོད་བྱེད་དུས་མཉམ་དུ་ཤི་བ་ལ་ཡང་ཕམ་པ་བསྐྱེད་དེ། ཕམ་པ་སྐྱེ་བའི་རྒྱུ་ནུས་པ་ཐོགས་མེད་ཡིན་པའི་ཕྱིར་ཞེས་པ་དང་མཚུངས་སོ། །དེ་ལ་ཕམ་པ་སྐྱེ་ན་མཛོད་ལས། སྔར་རམ་མཉམ་དུ་ཤིང་བ་ལ། །དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ། །ཞེས་པ་དང་འགལ་ལོ་ཞེ་ན། དེ་ལ་སྡོམ་པ་སྐྱེ་ན་སྐྱེ་བའི་ཚེ་ཉིད་ན་ཕུལ་ལམ་ཉམས་ན་མི་སྐྱེའོ། །ཞེས་པ་དང་འགལ་ཞེས་བརྗོད་པའོ། །གཞན་ཡང་མྱུ་གུའི་རྒྱུ་ནུས་པ་ཐོགས་མེད་ཀྱི་ཚེ་ན་ས་བོན་མེས་འཚིག་པ་ཆོས་ཅན། མྱུ་གུ་སྐྱེ་སྟེ་སྐྱེ་བའི་རྒྱུ་ནུས་པ་ཐོགས་མེད་ཡིན་པའི་ཕྱིར་རོ། །ཞེས་པ་ཡང་མཚུངས་སོ། །མྱུ་གུའི་རྒྱུ་ནུས་པ་ཐོགས་མེད་ཡིན་ན། ས་བོན་མེས་འཚིག་པ་ཡིན་འགལ་ཞེ་ན། སྡོམ་པ་སྐྱེ་བའི་རྒྱུ་ནུས་པ་ཐོགས་མེད་ཡིན་ན་སྡོམ་པ་སྐྱེ་བའི་ཚེ་ན། སྡོམ་པ་ཕུལ་ལམ་ཉམས་པ་ཡིན་པ་འགལ་ཞེས་བརྗོད་དོ། །དེ་བཞིན་དུ་སྡོམ་པའི་རྒྱུ་ནུས་པ་ཐོགས་མེད་ཀྱི་སྐད་ཅིག་གི་མཇུག་ཐོགས་སུ་སྡོམ་པ་སྐྱེ་བ་ལ་མངོན་དུ་གྱུར་པ་དང་། སྡོམ་ལེན་དེ་ཉིད་ལ་མཚན་གཉིས་ཅིག་ཅར་དུ་བྱུང་བ་ཡང་གཞི་གཅིག་ལ་འདུ་བ་མི་སྲིད་དོ། །དེའི་སྐད་ཅིག་སྔ་ལོགས་ན་སྡོམ་པ་སྐྱེ་བའི་རྒྱུ་ནུས་པ་ཐོགས་མེད་དང་སྡོམ་པ་སྐྱེ་བའི་འགལ་རྐྱེན་སྟོབས་ལྡན་གྱི་རྒྱུ་ནུས་པ་ཐོགས་མེད་དེ་གཉིས་གཞི་གཅིག་ལ་འདུ་བ་མི་སྲིད་དེ་ནུས་པ་ཐོགས་མེད་གཉིས་འགལ་བའི་ཕྱིར་རོ། །གསུམ་པ་སྒྲུབ་བྱེད་ལུང་དང་སྦྱར་བ་ནི། ཕུལ་ལམ་ཞེས་སྐྱེ་བའི་ཚེ་ཕུལ་ན་མི་སྐྱེ་བའི་ཁུངས་ནི་ལུང་སིལ་བུ་ལས་བསྙེན་པར་རྫོགས་ཟིན་པ་ཉིད་ཀྱང་བསླབ་པ་ཕུལ་བ་བསྙེན་པར་མ་རྫོགས་པ་ཞེས་བྱ་ན། བསྙེན་པར་རྫོགས་པར་བྱེད་པའི་ཚེ་ལྟ་ཅི་སྨོས་ཞེས་གསུངས་ལ། གཞན་ཡང་ལུང་སིལ་བུ་ལས། བསྙེན་པར་རྫོགས་ཟིན་ཀྱང་་་་་་བདག་ཁྱིམ་པར་བཟུང་དུ་གསོལ་ཞེས་ཁྱིམ་པར་ཁས་བླངས་་་་་་ཏེ་བསླབ་པ་ཕུལ། ན། དེ་ཡང་བསྙེན་པར་མ་རྫོགས་པ་ཞེས་བྱ་ན། བསྙེན་པར་རྫོགས་པར་བྱེད་པའི་ཚེ་ན་་་་་་ཕུལ་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཀྱང་གསུངས་སོ། །ལུང་སིལ་བུ་དེ་ཉིད་ཊཱི་ཀས་སྐབས་འདིར་ཁུངས་སུ་དྲངས་པ་ལས་ནི། བསྙེན་པར་རྫོགས་ནས་ཁྱིམ་པ་ཉིད་ཡིན་ནོ་སྙམ་དུ་སོ་སོར་ཤེས་ན་ཡང་བསྙེན་པར་རྫོགས་པ་མ་ཡིན་ན། བསྙེན་པར་རྫོགས་པར་བྱེད་པའི་ཚེ་ན་ལྟ་སྨོས་ཀྱང་ཅི་

༼༢༧༡༽

དགོས་ཞེས་བྱུང་སྟེ་དེ་ནི་དགེ་སློང་བདག་ཉིད་ཁྱིམ་པ་ཡིན་ནོ་སྙམ་དུ་འདུ་ཤེས་འཁྲུལ་ན་ཞེས་བསྟན་པ་མ་ཡིན་གྱི། དགེ་སློང་བདག་ཉིད་ཁྱིམ་པར་ཁས་བླངས་ན་ཞེས་པ་སྟེ། སྐབས་འདི་ཉིད་ཀྱི་ལུང་སིལ་བུ་ལས་བསྙེན་པར་རྫོགས་ཟིན་ཀྱང་ཁྱིམ་པར་ཁས་བླངས་ན་ཞེས་གསུངས་སོ། །ཉམས་ན་སྡོམ་པ་མི་སྐྱེ་བའི་ཁུངས་ནི་དེང་སང་ལུང་ན་མི་སྣང་ངོ་། །རབ་ཏུ་བྱུང་བའི་གཞི་ཞུ་བ་ཕལ་ཆེ་བའི་སྐབས་ཏེ། རབ་ཏུ་བྱུང་བའི་གཞིའི་རྣམ་པར་བཤད་པ་རྫོགས་སོ།།    །།དེ་ལྟར་བསླབ་པ་པོའི་གང་ཟག་ཉེ་བར་སྒྲུབ་པ་བསྟན་ནས། ད་ནི་གང་ཟག་དེའི་བསླབ་པར་བྱ་བ་སྟེ། འདི་ལ་གཉིས་ཏེ། སྤང་བར་བྱ་བ་ལྡོག་པའི་ཚུལ་ཁྲིམས་དང་། བསླབ་པར་བྱ་བ་འཇུག་པའི་ཚུལ་ཁྲིམས་སོ། །དང་པོ་ལ་གཉིས་ཏེ། རྣམ་འབྱེད་རྣམ་གཉིས་ཀྱི་སྐབས་བྱེ་བྲག་ཏུ་བསྟན་པ་དང་། ཞུ་བ་ཕལ་ཆེ་བའི་སྐབས་སྤྱིར་བསྟན་པའོ། དང་པོ་ལ་གཉིས་ལས། དང་པོ་རྣམ་འབྱེད་རྣམ་གཉིས་ཀྱི་ཐུན་མོང་བ་བསླབ་པ་ཕུལ་བའི་ལེའུའོ། །འདི་ལ་གཉིས་ཏེ། སྤྱིའི་དོན་དང་། ཡན་ལག་གི་དོན་ཏོ། །དང་པོ་ལ་གཉིས་ཏེ། སྡོམ་པའི་གཏོང་རྒྱུ་རྣམས་སྤྱིར་གཏན་ལ་དབབ་པ་དང་། བྱེ་བྲག་ཏུ་བསླབ་པ་འབུལ་བ་འདི་ཉིད་ཀྱི་སྤྱིའི་དོན་ཏོ། །དང་པོ་ལ་གཉིས་ལས། དང་པོ་སྡོམ་པའི་གཏོང་རྒྱུ་རྣམས་ཀྱི་དབྱེ་བ་ལ་གསུམ་སྟེ། དབྱེ་བ་དངོས་དང་། དེ་དག་རྒྱུར་འཇོག་པའི་ཚུལ་དང་། དབྱེ་བ་ལ་སྒྲོ་འདོགས་དགག་པའོ། །དང་པོ་ནི་གཞུང་རྣམས་ལས་བཅུ་གསུངས་ཏེ། དེ་ཡང་མཛོད་ལས། བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་དགེ་བའི་ཆད་པ་ལོག་ལྟ་ཆེན་པོ་སྐྱེས་པ་དང་མཚན་འདས་ལས། །སོ་སོ་ཐར་པའི་སྡོམ་པ་གཏོང་། །ཞེས་གཏོང་རྒྱུ་ལྔ་གསུངས་ལ། ལོ་ཉི་ཤུ་མ་ལོན་པ་ཉིད་ན་མ་ལོན་པར་ཤེས་པ་ལ་སོགས་དང་།་་་་་བཅུ་གཉིས་མ་ལོན་པ། བསླབ་པ་ཉམས་པར་བྱས་པ་དང་། མཚན་ལན་གསུམ་གྱུར་པ་དང་། མཚན་ཉམས་པར་འགྱུར་བ་བརྟེན་པ་དང་། ཟ་མར་གྱུར་པ་འགྱུར་བ་བརྟེན་པ་དང་བཅུའོ། །དེ་ཡང་དང་པོ་ལྔ་ནི་མཛོད་ལས་གསལ་ལ། དྲུག་པ་ནི། ཤེས་ན་ནི་དེ་ཞིག་གོ་ཞེས་པས་སོ། །འོ་ན་མངོན་པ་ལས་འདི་མ་བགྲངས་པའི་རྒྱུ་མཚན་ཅི་ཞེ་ན། རྣམ་འབྱེད་འགྲེལ་ལས། ཆོས་མངོན་པ་ལས་འདི་སྡོམ་པ་གཏོང་བའི་རྒྱུ་ཉིད་

༼༢༧༢༽

དུ་མ་བགྲངས་པ་ནི་མ་ངེས་པའི་ཕྱིར་རོ་ཞེས་སོ། །འདིའི་དོན་་་་་་ལོ་ཉི་ཤུ་མ་ལོན་པ་ལ་ལོན་པར་འདུ་ཤེས་ཏེ་བསྙེན་པར་རྫོགས་ནས་ལོ་གྲངས་བརྩིས་པ་ན་རང་། ནི་སྐྱེས་ནས་ལོ་བཅུ་བཞི་ལོན་པ་ལྟ་བུ་ལ་དེར་ཤེས་ཀྱང་དགེ་སློང་གི་སྡོམ་པ་གཏོང་བར་མ་ངེས་པའི་ཕྱིར་ཞེས་པ་སྟེ། གཞུང་དེ་ཉིད་ལས་མངལ་ན་གནས་པའི་ཟླ་བ་དག་ཀྱང་ལས་ཀྱི་དབང་གིས་མང་ཉུང་མ་ངེས་པའི་ཕྱིར་རོ། །ཞེས་བཤད་དོ། །སྒྲ་གཅན་ཟིན་མངལ་དུ་ལོ་དྲུག་བཞུགས་པར་ལུང་གཞི་ལས་གསུངས་པ་ལྟ་བུའོ། །བདུན་པ་ནི། མ་མོ་ལས་བསླབ་པ་ཕུལ་བ་དང་བསླབ་པ་ཉམས་པར་བརྗོད་པ་གཉིས་ནི། ངག་ཏུ་བརྗོད་པ་ཙམ་ལ་ཡང་ཁྱད་པར་མེད་ཅིང་སྡོམ་པ་སྤོང་བ་ལ་ཡང་ཁྱད་པར་མེད་དེ། གཅིག་གིས་ཀྱང་སྡོམ་པ་གཏོང་བར་འགྱུར་ཞིང་། གཉིས་ཀྱིས་ཀྱང་དེ་བཞིན་ནོ་ཞེས་གསུངས་ལ། རྣམ་འབྱེད་འགྲེལ་ལས་ཀྱང་བསླབ་པ་ཉམས་པར་བྱས་ན་མ་ཕུལ་དུ་ཟིན་ཀྱང་དེ་ལ་ཡང་དགེ་སློང་གི་དངོས་པོ་ཉིད་མེད་དོ། །ཞེས་སོ། །བརྒྱད་པ་ནི། མཚན་ལན་གསུམ་དུ་གྱུར་པ་ཡང་མ་ཡིན་ནོ།་་་་་འདིས་སྡོམ་པ་གཏོང་བར་ཕྲན་ཚེགས་ལས་གསུངས། ཞེས་སོ། །དགུ་པ་ནི། འདི་ལ་ཐ་མ་ནི་ཉེས་པ་བསྟེན་ན་བསྙིལ་ཞེས་པ་དང་། དེའི་ཊཱི་ཀ་ལས་ཉམས་པའི་མ་ནིང་ནི་ཉེས་པ་བསྟེན་ན་དེའི་ཚེ་དགེ་སློང་གི་དངོས་པོའི་སྣོད་མ་ཡིན་པར་གྱུར་པས་ཞེས་སོ། །བཅུ་པ་ནི། རང་གི་རྣམ་བཤད་དང་ཊཱི་ཀ་ལས་ཟ་མ་སྡོམ་པའི་ཞིང་མ་ཡིན་ཞེས་པ་དང་། མཛོད་འགྲེལ་ལས་ཀྱང་ཟ་མ་ལ་སོགས་པ་ལ་སྡོམ་པ་མེད་དོ་ཞེས་པས་གྲུབ་བོ། །གློ་བུར་དུ་ཟ་མར་གྱུར་པ་ནི། གཞི་འགྲེལ་ལས་ཟ་མ་ནི་རླིག་པ་ཕྱུང་བའི་ཉེས་པས་མཐུ་ཉམས་པའོ་ཞེས་བཤད་དོ། །དགེ་སློང་ལས་གློ་བུར་དུ་ཟ་མར་གྱུར་ན། འགྱུར་བ་བསྟེན་ན་སྡོམ་པ་ཉམས་མི་བསྟེན་ན་ནི་མི་གཏོང་སྟེ། ཞུ་འགྲེལ་ལས་ཡན་ལག་སྐྱེས་པ་བཅད་པ་ལ་སོགས་པས་ཉམས་པ་ནི་ཇི་སྲིད་དུ་འགྱུར་བ་མི་བསྟེན་པ་དེ་སྲིད་དུ་དགེ་སློང་ཡིན་ལ་ཟ་མ་ལ་ཡང་དེ་དང་འདྲའོ་ཞེས་བཤད་དོ། །དགེ་སློང་གིས་ལུས་ངག་གི་ཉེས་སྤྱོད་ཅི་ཡང་མ་བྱས་ཀྱང་བསམ་པ་ཙམ་གྱིས་སྡོམ་པ་གཏོང་བ་གཉིས་ཡོད་ན་དེ་དག་གང་ཞེས་འདྲི་ན་ལོག་ལྟ་ཆེན་པོ་སྐྱེས་ཏེ་དགེ་བའི་རྩ་བ་ཆད་པ་དང་ཤེས་ན་ནི་དེ་ཞིག་གོ་ཞེས་གསུངས་པའོ། །དེ་ཡང་ལུང་ལས་དགེ་སློང་གཅིག་པོ་གྲངས་སྐྱབས་ཀྱི་ནང་ན་འདུག་ཅིང་། ལུས་ངག་གི་ཉེས་སྤྱོད་ཅི་ཡང་མ་བྱས་པར་སྡོམ་པ་བཏང

༼༢༧༣༽

སྲིད་པར་གསུངས་ཏེ་དེ་ཡང་ཊཱི་ཀ་ལས་བསམ་པ་ཙམ་གྱི་དབང་གིས་ཀྱང་སྡོམ་པ་གཏོང་བ་སྣང་སྟེ། དཔེར་ན་དགེ་བའི་རྩ་བ་ཆད་པའི་ཕྱིར་རོ། །ཞེས་བཤད་པ་ལྟ་བུའོ་ཞེས་སོ། །ཊཱི་ཀ་ལས་བསམ་པ་ཙམ་གྱི་དབང་གིས་སྡོམ་པའི་ཞིང་ཉིད་དུ་འགྱུར་བ་ཡོད་དེ། དགེ་བའི་རྩ་བ་སླར་འབྱོར་བ་ལྟ་བུའོ། །ཞེས་གསུངས་ཏེ་དེ་ནི་སྡོམ་པ་ལེན་ན་སྐྱེ་བ་ཡིན་གྱི་བླང་མི་དགོས་པར་སྡོམ་པ་སོར་ཆུད་པ་ནི་མ་ཡིན་ནོ། །དགེ་བའི་རྩ་བ་སླར་འབྱོར་བའི་ཚད་ནི་ལས་རྒྱུ་འབྲས་ལ་སོགས་པའི་ཆོས་ལ་ཐེ་ཚོམ་མི་ཟ་དང་། སྐྱེས་ནས་ཀྱང་སླར་འབྱོར་བ་སྟེ། མཛོད་ལས། མཚམས་ནི་ཐེ་ཚོམ་ཡོད་ལྟ་བས། །ཞེས་སོ། །ཤེས་ན་ནི་དེ་ཞིག་གོ་གསུངས་པ་དེ་ཡང་། བསམ་པ་ཙམ་གྱིས་སྡོམ་པ་བཏང་སྟེ། ཊཱི་ཀ་ལས་བཤད་དོ། །འདི་ནི་དགེ་སློང་གི་སྡོམ་པ་བཏང་བ་སྟེ། དགེ་ཚུལ་སོགས་པ་ནི་མ་ཡིན་ནོ། །ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་མ་ལོན་པ་ལ་ལོན་པར་འདུ་ཤེས་ཏེ། བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་མ་ལོན་པ་ཉིད་དུ་ཤེས་པ་དང་། ལོ་བདུན་མ་ལོན་པ་ལ་ལོན་པར་འདུ་ཤེས་ཏེ། དགེ་ཚུལ་དུ་གྱུར་ན་ལོ་བདུན་མ་ལོན་པར་ཤེས་ན་ཡང་སྔ་མ་དང་རྒྱུ་མཚན་མཚུངས་པར་རིགས་སོ། །གཉིས་པ་དེ་དག་རྒྱུར་འཇོག་པའི་ཚུལ་ནི། བརྒལ་ལན་གྱི་སྒོ་ནས་བསྟན་པར་བྱ་སྟེ་འདིར་ཐལ་འགྱུར་གསུམ་ལས། དང་པོ་ནི། བསླབ་པ་ཕུལ་བ་ཆོས་ཅན། སྡོམ་པ་གཏོང་བའི་རྒྱུ་མ་ཡིན་པར་ཐལ། སྡོམ་པ་གཏོང་བ་དང་ལྡོག་པ་མེད་པའི་ཕྱིར་རོ། །འདོད་ན་དམ་བཅའ་ཉམས་ལ། ཁྱབ་པ་མེད་ན་རྣམ་ངེས་ལས་གང་དག་རྗེས་སུ་འགྲོ་བ་དང་ལྡོག་པ་མི་བྱེད་པ་དེ་ནི་རྒྱུ་མ་ཡིན་ལ་ཞེས་སོ། །རྟགས་མ་གྲུབ་ན། བསླབ་པ་གཏན་ནས་མ་ཕུལ་བར་སྡོམ་པ་གཏོང་བར་ཡོད་པ་དེ་ཆོས་ཅན། སྡོམ་པ་གཏོང་བ་མེད་པར་ཐལ། བསླབ་པ་ཕུལ་བ་མེད་པའི་ཕྱིར་རོ། །ཁྱབ་པ་མེད་ན་སྡོམ་པ་གཏོང་བ་དང་ལྡོག་པ་ཡོད་པ་བུད་དོ་ཞེ་ན། རྒྱུ་ལ་གཉིས་སུ་དབྱེ་སྟེ་མེད་ན་མི་འབྱུང་བའི་རྒྱུ་ཚད་མ་ནས་བཤད་པ་དང་། རང་འབྲས་འབྱིན་ནུས་ཙམ་གྱི་རྒྱུ་ལུང་ཆོས་ནས་བཤད་པའོ། །འདི་ན་ལུང་ཆོས་ནས་བཤད་པའི་རྒྱུ་དེ་ཡིན་ཏེ། མཛོད་ལས་བསླབ་པ་ཕུལ་དང་ཤི་འཕོས་དང་། མཚན་གཉིས་དག་ནི་བྱུང་བ་དང་། རྩ་བ་ཆད་དང་མཚན་འདས་ལས། སོ་སོ་ཐར་པའི་འདུལ་བ་གཏོང་ཞེས་པའི་སྐབས་སུ། མཛོད་འགྲེལ་ལས་དེ་དག་ནི་མདོར་བསྡུས་ན་གཏོང་བའི་རྒྱུ་ལྔ་ཡིན་ནོ་ཞེས་བཤད་དོ། །ལྡོག་པ་མེད་ཀྱང་རྒྱུ་ཡིན་པར་གསུངས་པ་ལུང་ཆོས་ན་ཤིན་ཏུ་མང་སྟེ། འཁྲུག་ལོང་གི་རྒྱུ་བཞིའོ་ཞེས་པ་དང་། འདུལ་བ་བསྡུ་བ་ལས། དེའི་རྒྱུ་ཡང་རྣམ་བཞི་སྟེ། །མི་ཤེས་པ་དང་བག་མེད་དང་། །ཉོན་མོངས་མང་དང་མ་གུས་པའོ། །ཞེས་གསུངས་པ་ལྟ་

༼༢༧༤༽

བུའོ། །གཉིས་པ་ནི་ལོ་ཉི་ཤུ་མ་ལོན་པ་ལ་ལོན་པར་འདུ་ཤེས་ཏེ་བསྙེན་པར་རྫོགས་ནས་དེའི་རྗེས་སུ་དགེ་སློང་རང་གིས་ལོ་ཉི་ཤུ་མ་ལོན་པ་ཉིད་ན་མ་ལོན་པར་ཤེས་པ་དེ་ཆོས་ཅན། དགེ་སློང་གི་སྡོམ་པ་བཏང་ཟིན་པ་མ་ཡིན་པར་ཐལ། དགེ་སློང་གི་སྡོམ་པ་གཏོང་བའི་རྒྱུ་ཡིན་པའི་ཕྱིར་རྟགས་ཁས་བླངས་སོ། །འདོད་ན་ཤེས་ན་ནི་དེ་ཞིག་གོ་ཞེས་པ་དང་འགལ་ལོ། །དེས་ན་འདི་རྣམས་ལ་སྡོམ་པ་བཏང་བ་ལ་གཏོང་རྒྱུའི་མིང་ནས་བརྗོད་པ་ཡིན་་་་་་པས་གཏོང་རྒྱུ་བཏགས་པ་བ་ཡིན། ནོ། །གསུམ་པ་ནི། དགེ་་་་་་བསླབ་པ་ཕུལ་བས། སློང་གི་སྡོམ་པ་བཏང་བ་ཆོས་ཅན། སྡོམ་པ་བཏང་བ་དེ་རྒྱུས་བསྐྱེད་པ་མ་ཡིན་པར་ཐལ། སྡོམ་པ་བཏང་བ་ནི་སྡོམ་པ་མེད་པ་ཡིན་ལ། མེད་པ་ནི་རྒྱུ་ལས་སྐྱེས་པ་མ་ཡིན་པའི་ཕྱིར་རོ། །ཞེ་ན། འདོད་པ་ཡིན་ཏེ་སྡོམ་པ་བཏང་བ་ནི་རྒྱུས་བསྐྱེད་པ་མ་ཡིན་ལ་སྡོམ་པ་གཏོང་བ་ནི་རྒྱུས་བསྐྱེད་པའོ།་་་་་དཔེར་ན་འཇིག་པ་དང་ཞིག་པ་བཞིན་ཏེ། འཇིག་པ་ནི་རང་རྒྱུས་བསྐྱེད་ཀྱང་ཞིག་པ་ནི་ཞིག་ནས་དངོས་པོར་མེད་དེ། དེ་ནི་རྒྱུས་བསྐྱེད་པ་མ་ཡིན་ནོ། །གསུམ་པ་དབྱེ་བ་ལ་སྒྲོ་འདོགས་དགག་པ་ནི་མཛོད་ལས། ཁ་ཅིག་ལྟུང་བར་གྱུར་ལས་སྨྲ། །གཞན་དག་དམ་ཆོས་ནུབ་པ་ལས། །ཞེས་རྩོད་བཅས་དེ་གཉིས་ཀྱང་དབྱེ་བའི་གྲངས་སུ་བགྲངས་ཏེ་དེང་སང་ཁ་ཅིག་་་་་་ཤ་ལུགས། དག་སྨྲའོ། །དེ་ནི་མི་རིགས་ཏེ། ཕམ་པས་སྡོམ་པ་གཏོང་བར་འདོད་པ་དེ་མདོ་སྡེ་པའི་གྲུབ་མཐའ་ཡིན་གྱི། བྱེ་བྲག་སྨྲ་བའི་རང་གཞུང་ལྟར་ན་ཕམ་པས་སྡོམ་པ་མི་གཏོང་བའི་ཕྱིར་དང་། ཆོས་ནུབ་པས་སྡོམ་པ་གཏོང་བར་འདོད་པ་དེ་ཆོས་་་་་་གོས་དམར་སྡེ་པའི་འདོད་པ་ཡིན་ཞེས་མཁན་པོ་མཆིམས་གསུངས་ཀྱང་། དེ་ལ་གཞུང་མེད་ཅིང་དགོངས་པ་ངེས་འགྲེལ་གྱི་འགྲེལ་བ་ལས་ཆོས་སྲུང་སྡེ་པའི་འདོད་པ་ཡིན་པར་བཤད་པས་འདི་ནི། སྲུང་སྡེ་པའི་འདོད་པ་ཡིན་གྱི། རང་གི་གཞུང་ལུགས་མ་ཡིན་པའི་ཕྱིར་དང་། མངོན་པ་གཉིས་ཀ་དང་འགལ་བའི་ཕྱིར་ཏེ། མཛོད་འགྲེལ་ལས། དམ་པའི་ཆོས་ནུབ་ན་འདུལ་བའི་ལས་མེད་པའི་ཕྱིར་སྔོན་མེད་པའི་འདུལ་བ་ཐོབ་པ་ནི་མེད་ཀྱི། ཐོབ་ཟིན་པ་ནི་གཏོང་བ་མེད་དོ་ཞེས་པ་དང་། གཏན་ལ་དབབ་པ་བསྡུ་བ་ལས་ཀྱང་དམ་པའི་ཆོས་ནུབ་ན་ནི་སྡོམ་པ་མ་བླངས་པ་ནི་བླང་དུ་མེད་ལ། སྔར་བླངས་པ་ནི་མི་གཏོང་བར་རིག་པར་བྱའོ་ཞེས་གསུང་ངོ་།་་་་་ཆོས་ནུབ་ཅེས་པ་ནི་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་བཞིར་

༼༢༧༥༽

ལོངས་མེད་པས་འདུལ་བའི་ལས་ཆགས་པ་ནུབ་ཅིང་སྡེ་སྣོད་འཛིན་པ་མེད་པར་གྱུར་པས་ལུང་ཆོས་ནུབ་ལ། འཕགས་ཆོས་ཐོབ་པ་མེད་པར་གྱུར་པས་རྟོགས་པའི་ཆོས་ནུབ་པ་ལ་བརྗོད་ཀྱི་དགེ་བ་མཐའ་དག་ནུབ་པ་ནི་མ་ཡིན་ཏེ། མདོ་ལས་བརྒྱ་པ་ལས། ཆོས་ནུབ་པའི་འོག་ཏུ་དགེ་བསྙེན་ལྔ་བརྒྱ་ནི་ཞེས་སོགས་བཤད་དོ། །གཏོང་རྒྱུ་གཞན་ཡང་ཡོད་དེ།་་་་་གལ་ཏེ་མི་མཐུན་པའི་སེམས་སྐྱེས་པ་ཡང་སྡོམ་པའི་གཏོང་རྒྱུ་ཡིན་ཏེ། གཏན་ལ་དབབ་པ་བསྡུ་བ་ལས། དགེ་བསྙེན་གྱི་སྡོམ་པ་ནི། མི་མཐུན་པའི་སེམས་སྐྱེས་པ་དང་། རྩ་བ་ཆད་པ་དང་། རིས་མཐུན་པ་སྤངས་པས་་་་་་སྟེ་ཤི་བ་ཡོངས་སུ་གཏོང་བར་རིག་པར་བྱའོ་ཞེས་བཤད་དོ་ཞེ་ན། མི་མཐུན་པའི་་་་་་ད་ནས་མི་བསྲུང་སྙམ། སེམས་སྐྱེས་པས་གཏོང་བར་བཤད་པ་དེ་ནི་ཕལ་ཆེན་སྡེ་པའི་ལུགས་ཡིན་གྱི། བྱེ་བྲག་སྨྲ་བའི་ལུགས་ལྟར་ན་དེས་སྡོམ་པ་མི་གཏོང་ཞེས་དཔལ་མར་མེ་མཛད་ཡེ་ཤེས་གསུང་ངོ་། །གལ་ཏེ་དགེ་སློང་གིས་མུ་སྟེགས་ཀྱི་ལྟ་བ་བཟུང་བ་དང་། དགེ་འདུན་གྱི་དབྱེན་བྱས་པས་ཀྱང་སྡོམ་པ་གཏོང་སྟེ། འགྲེལ་ཆུང་ལས། དགེ་སློང་ལས་སེམས་ཀྱིས་མུ་སྟེགས་ལ་ཕྱོགས་ན་ཁྲིམས་མེད་པར་སོང་ཞེས་པ།་་་་་སོ་ཐར་འགྲེལ་བའི་ལུང་གི་རྣམ་བཤད་ལས། དབྱེན་བྱས་པས་དགེ་འདུན་བྱེ་ན་འབྱེད་པ་པོའི་ཁྲིམས་ནི་མེད་པར་འགྱུར་རོ་ཞེས་བཤད་དོ་ཞེ་ན། རྟག་ལྟ་བཟུང་བ་དང་དབྱེན་བྱས་པས།་་་་་ཁྲིམས་མེད་པར་བཤད་པ་དེ་དག་ཁྲིམས་དམན་པ་ལ་ཁྲིམས་མེད་པ་ཞེས་སྨོས་པ་སྟེ། སྟོབས་ཆུང་བ་ལ་སྟོབས་མེད་ཅེས་ཟེར་བ་བཞིན་་་་་་སྡོམ་པའི་གཏོང་རྒྱུ་དེ་རྣམས་ལས་གཞན་ཡང་ཡོད་དེ། བསྟེན་པའི་ཕྱིར་གཞན་ལ་ཁས་བླངས་ན་བསླབ་པ་འཁྲུགས་པ་ཉིད་དོ་ཞེས་གསུངས་སོ་ཞེ་ན། དེ་དག་གི་བསླབ་བྱ་བཅུ་གཉིས་པོ་བཏང་བ་ཙམ་དུ་ཟད་ཀྱི་སྡོམ་པ་གཏོང་རྒྱུ་ནི་མ་ཡིན་ནོ། ནོ། །གཉིས་པ་སྡོམ་པ་གཏོང་བའི་ཚུལ་ལུགས་ནི་སེམས་ཙམ་པ་ལྟར་ན་གསུམ་ལས། མངོན་གྱུར་བཏང་བ་ནི་སྤོང་སེམས་མངོན་གྱུར་རྒྱུན་ཆད་པ་ཙམ་མོ། །ས་བོན་བཏང་བ་ནི་ཀུན་གཞི་ལ་ས་བོན་ཙམ་ཡང་མེད་པར་བཏང་བའོ། །དབང་བཏང་བ་ནི་མངོན་གྱུར་བྱེད་པ་དང་བཅས་པ་བཏང་ཞིང་། ས་བོན་བྱེད་པ་དང་བཅས་པ་རྒྱུད་ལ་གནས་པར་འདོད་པའོ། །དང་པོ་སྤོང་སེམས་མངོན་གྱུར་རྒྱུན་ཆད་པ་ཙམ་ནི། དགེ་སློང་གཉིད་ལོག་པ་དང་སེམས་གཞན་དུ་ཡེངས་པ་ལ་ཡང་ཡོད་དེ། སྡོམ་པ་བཏང་བ་

༼༢༧༦༽

མཚན་ཉིད་པ་མ་ཡིན་ནོ། །གཉིས་པ་ས་བོན་བཏང་ན་ནི། བསླབ་པ་ཕུལ་ནས་ལེན་ན་ཚེ་དེ་ཉིད་དམ་ཚེ་རབས་གཞན་དུ་ཡང་སྡོམ་པ་མི་སྐྱེ་བར་ཐལ་བར་འགྱུར་ཏེ། སྡོམ་པའི་ས་བོན་ཡང་མེད་པར་བཏང་བའི་ཕྱིར་རོ། །དེས་ན་དབང་བཏང་བ་དེ་ཡིན་ནོ་ཞེས་སེམས་ཙམ་པའི་ལུགས་སོ། །འདིར་བྱེ་་་་་་རང་ལུགས། བྲག་སྨྲ་བ་ལྟར་ན་གང་ཟག་གླང་པོ་ལྟ་བུ་ལ། སྡོམ་པ་ཁལ་ལྟ་བུ་དེ། ཐོབ་པ་ལྡན་མིན་འདུ་བྱེད་ཀྱི་རྫས་ནན་ཐག་ལྟ་བུས་བསྡམས་ཏེ་གནས་པའོ། །སྡོམ་པའི་གཏོང་རྒྱུ་འགའ་ཞིག་བྱུང་བ་ན་ཐོབ་པ་ལྡན་མིན་འདུ་བྱེད་ཀྱི་ཐག་པ་ཆད་དེ་ཁལ་ས་ལ་ལྟུང་བ་ལྟར། གང་ཟག་སྡོམ་པ་དང་མི་ལྡན་པར་གྱུར་པའོ་ཞེས་འདོད་དོ། །གཉིས་པ་བྱེ་བྲག་ཏུ་བསླབ་པ་འབུལ་བ་འདི་ཉིད་ཀྱི་སྤྱིའི་དོན་ལ་དྲུག་སྟེ། གཞི་དང་། བསམ་པ་དང་། སྦྱོར་བ་དང་། མཐར་ཐུག་དང་། ཕུལ་ཉམས་ཀྱི་ཁྱད་པར་དང་། དགག་སྒྲུབ་གཉིས་ཀྱི་བསླབ་པ་གང་ཡིན་བསྟན་པའོ། །གཞི་ལ་གསུམ་སྟེ། གང་ལ་འབུལ་བའི་ཡུལ་དང་། གང་གིས་འབུལ་བའི་རྟེན་དང་། གང་འབུལ་པའི་དངོས་པོའོ། །དང་པོ་ལ་གསུམ་སྟེ། ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་། བདག་ལས་ཐ་དད་པའོ། །ཐ་སྙད་ལྔ་ནི་མི་ཡིན། སྨྲ་ཤེས། དོན་གོ ཤེས་པ་རང་བཞིན་དུ་གནས། མ་ནིང་དང་མཚན་གཉིས་པ་ཅན་མ་ཡིན་ཏེ། ལྐུགས་པ་ལ་མ་ཡིན། མི་མ་ཡིན་པའི་འགྲོ་བ་པ་ལ་མ་ཡིན། མ་གོ་པ་ཉིད་མ་ཡིན་ནོ། །དེ་ལ་མ་ཡིན་ནོ་ཞེས་པ་དང་། སྤྱིར་བསྟན་པ་ལས། མ་ནིང་དང་མཚན་གཉིས་པ་དག་ནི་དེ་དང་ལྡན་པ་ཞེས་པ་རང་བཞིན་ཉམས་པ་དང་འདྲ་བར་བཤད་པ་སྟེ་གོ་རིམ་བཞིན་ནོ། །ལུས་ཐ་མལ་པར་གནས་པ་ནི་ཊཱི་ཀ་ལས་རེག་པ་ལ་སོགས་པ་ནི་ཐ་སྙད་ཀྱི་ཕྱིར་རྣམ་པར་བཞག་གོ་ཞེས་པའི་གནད་ཀྱིས་སོ། །བདག་ལས་ཐ་དད་པ་ནི། དབེན་པར་མ་ཡིན་ཞེས་པས་གྲུབ་བོ། །གང་གིས་འབུལ་བའི་རྟེན་ནི། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པ་སྟེ། རང་བཞིན་ཉམས་པས་བྱས་པ་ཉིད་ནི་ཞེས་པ་དང་། ལྟུང་བ་བསྐྱེད་པའི་རྟེན་ལུས་ཐ་མལ་པར་གནས་པ་དགོས་པར་བཤད་པའི་གནད་ཀྱིས་སྦྱར་རོ། །གང་འབུལ་བའི་དངོས་པོ་ནི། བདག་ཉིད་ཀྱི་བསླབ་པ་སྟེ་སྐབས་ཀྱིས་གྲུབ་བོ། །གཉིས་པ་བསམ་པ་ལ་གཉིས་ལས། འདུ་ཤེས་ནི་གཞི་

༼༢༧༧༽

ལ་མ་འཁྲུལ་པ་སྟེ་དབེན་པར་འདུ་ཤེས་པ་མ་ཡིན་པས་སོ། །ཀུན་སློང་ནི་་་་་་འགྲེལ་ཆུང་ལས། མི་འདི་ལ་ཁྲིམས་འབུལ་ལོ་ཞེས་བསྡོས་ཏེ་སྨྲ་བར་བསམ་པ་ལས། གཞན་ཞིག་ལ་ཁྲིམས་འབུལ་ལོ་ཞེས་བྱས་ན་སྔར་དམིགས་པ་མི་བཙན་ཏེ་ཕུལ་བར་འགྱུར་རོ་ཞེས་བཤད་དེ་ཀུན་སློང་སྤྱི་ཞུགས་ཀྱི་དབང་དུ་བྱས་སོ། །བསམ་པ་ཐག་པ་ནས་འབུལ་བར་འདོད་པ་རྒྱུན་མ་ཆད་པ་སྟེ། བསམ་པ་ཐག་པ་ཡིན་པ་དགོས་ཏེ།་་་་་མཛོད་འགྲེལ་ལས། བསམ་པ་ཐག་པ་ནས་སླར་ཕུལ་བ་དང་ཞེས་བཤད་ཅིང་། བཞད་གད་ཀྱི་དངོས་པོས་ནི་གང་གིར་ཡང་མི་འགྱུར་ཞེས་པ་དང་། འབུལ་བར་འདོད་པ་དགོས་ཏེ།་་་་་འོད་ལྡན་ལས། གཏོང་བའི་བློ་ཡིས་བཏང་བ་ནི་ཞེས་བཤད་ཅིང་། རྣམ་འབྱེད་ལས། གཏོང་པའི་སེམས་མེད་པར་བསླབ་པ་འབུལ་བར་བྱེད་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ་ཞེས་པ་དང་། འདུན་པ་་་་་་རྒྱུན་མ་ཆད་པ་དགོས་པ་སྟེ། ལྡོག་པ་འོག་ཏུ་ན་ཞེས་པའི་གནད་ཀྱིས་སྦྱར་བ་སྟེ་གོ་རིམ་བཞིན་ནོ། །གསུམ་པ་སྦྱོར་བ་ནི། བསམས་པའི་དོན་ལ་ལུས་ངག་གང་ཡང་རུང་བས་འབུལ་བར་ཞུགས་པ་སྟེ། འོད་ལྡན་ལས། གོ་བར་བྱེད་པ་ཐམས་ཅད་ཀྱིས། །བརྡ་ཕྲད་མི་ལ་གོ་བྱེད་ནའོ་ཞེས་སོ། །བཞི་པ་མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བ་སྟེ་རང་གི་རྣམ་བཤད་ལས་གཞན་གྱིས་རྟོགས་པར་གྱུར་ན་ཕུལ་བ་ཉིད་དུ་འགྱུར་རོ་ཞེས་སོ། །ལྔ་པ་ཕུལ་ཉམས་གཉིས་ཀྱི་ཁྱད་པར་ལ། ཕུལ་བ་ནི་གཞུང་ན་གསལ་ལ། ཉམས་པར་བྱས་པ་ནི་རྣམ་འབྱེད་ལས་བསླབ་པ་ཉམས་པར་བྱེད་པ་ནི། དགེ་སྦྱོང་གི་ཚུལ་གཏོང་འདོད་པ་ན་དགེ་སློང་གི་དྲུང་དུ་སོང་སྟེ། ཚངས་པར་སྤྱོད་པ་སྤྱད་དཀའ་འོ། །རབ་ཏུ་དབེན་པར་བྱ་དཀའ་འོ། །ཕ་མ་དང་ཕུ་ནུ་དང་བུ་སྲིང་དྲན་ནོ། །བདག་ཁྱིམ་བཟང་པོ་དག་ཏུ་གཏོད་ཅིག་ཅེས་བྱ་བ་ལ་སོགས་པ་དགེ་སྦྱོང་གི་ཚུལ་གཏོང་འདོད་པའི་ཚིག་བརྗོད་པར་བྱེད་པའོ་ཞེས་གསུངས་སོ། །འོ་ན་ཕུལ་ཉམས་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། རིག་བྱེད་གང་སྡོམ་པ་གཏོང་བར་དངོས་སུ་གོ་བར་བྱེད་པ་ནི་ཕུལ་བ་ཡིན་ལ། བརྒྱུད་ནས་གོ་བར་བྱེད་པ་ནི་ཉམས་པར་བྱས་པ་སྟེ། འོད་ལྡན་ལས་བཏང་བ་ཞེས་བྱ་བ་སྟེ།་་་་་ཕུལ་བ། ཡང་གཏོང་བ་གསལ་བར་བྱེད་པ་གང་ཡང་རུང་བས་འགྱུར་རོ། །བསླབ་པ་ཉམས་པར་མ་བྱས་པར་ཞེས་སྨོས་པ་ནི། གཏོང་བའི་་་་་་བསླབ་པ་ཉམས་པར་བྱས་པ་ནི། རྒྱུ་ཡིན་པར་བསྟན་པའི་ཕྱིར་

༼༢༧༨༽

རོ་ཞེས་སོ། །དྲུག་པ་དགག་སྒྲུབ་ཀྱི་བསླབ་པ་གང་ཡིན་བསྟན་པ་ནི་བསླབ་པ་འབུལ་བ་འདི་ནི་སྤྱིར་བཏང་ལ་དགག་པའི་བསླབ་པ་ཡིན་ལ། དམིགས་བསལ་ནི་ཕམ་པའི་རྒྱུ་ལ་ངེས་པར་འཇུག་པར་འགྱུར་ན། གང་ཟག་དེ་ལ་ནི་བསླབ་པ་འབུལ་བ་ནི་སྒྲུབ་པའི་བསླབ་པ་སྟེ། བསྡུས་པ་ལས་ཇི་ལྟར་བྱས་ཀྱང་བསླབ་པ་བསྲུང་བར་མི་ནུས་པ་མཐོང་ན་བསླབ་པ་འབུལ་བར་བྱའོ་ཞེས་སྒྲུབ་ཚིག་ཏུ་གསུངས་པ་ནི། དེའི་ཚེ་བསླབ་པ་མ་ཕུལ་བར་ཉེས་སྤྱོད་ལ་ཞུགས་ན་ཕམ་པའི་ཉེས་པ་ཆེན་པོ་འབྱུང་ལ། ཕུལ་ན་ཕམ་པར་མི་འགྱུར་བའི་ཕྱིར་རོ། །གཉིས་པ་ཡན་ལག་གི་དོན་ནི་རང་བཞིན་ཉམས་པས་བྱས་པ་ཞེས་པ་ལ་སོགས་པའོ། །སྐབས་འདིར་རྣམ་འབྱེད་གཉིས་ཀ་ལས་ཁྲོས་ཤིང་ཁྲོ་བའི་ཟིལ་གྱིས་ནོན་པས་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ་ཞེས་གསུངས་ཀྱང་།་་་་་ལུང་ལས་གསུངས་པ་དེ་ནི་སྡོམ་པ་གཏོང་སེམས་མེད་པ་ལ་དགོངས། རྣམ་འབྱེད་འགྲེལ་ལས་ཁྲོས་པས་བསླབ་པ་ཕུལ་བས་ཕུལ་བ་ཉིད་དུ་མི་འགྱུར་བར་མི་རིགས་ཏེ། གཏོང་བར་འདོད་ན་ཆགས་པར་འགྱུར་བ་ལ་སོགས་པ་བཞིན་དུ་བསླབ་པ་གཏོང་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཁྲོས་པ་ན་གཏོང་བའི་སེམས་མེད་པར་བསླབ་པ་འབུལ་ན་ནི་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ་ཞེས་བཤད་པ་དེ་རིགས་པར་གཟུང་ངོ་།་་་་་སྡོམ་པ་ཉི་ཤུ་པའི་འགྲེལ་པ་དང་། རྣམ་འབྱེད་འགྲེལ་པ་ལས་བཤད་པ་སྔར་དྲངས་པ་དེ་གཉིས་ནི་བསླབ་པ་འབུལ་བའི་བསམ་པས་ཕུལ་བ་ལ་དགོངས་པའོ། །བམ་པོ་ལྔ་བཅུ་པ་དང་འདུལ་བ་བསྡུས་པ་ལས་ཁྲོས་པས་བསླབ་པ་འབུལ་ན་ཕུལ་བར་བཤད་ཀྱང་དེའི་རྗེས་སུ་མི་འབྲང་ངོ་། །མའི་རྣམ་འབྱེད་མ་མོ་ལས་ཁྲོས་པའི་དྲུང་དུ་བསླབ་པ་ཕུལ་ན་ཡང་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ་ཞེས་གསུངས་པ་དེ་ཡང་དོན་མ་གོ་བ་ལ་དགོངས་ཞེས་རིགས་སོ། །སངས་རྒྱས་སམ་ཞེས་པའི་སྐབས་འདིར་ཁ་ཅིག་ན་རེ་སྐྱབས་འགྲོ་བཏང་ན་སྡོམ་པ་ཡང་བཏང་བ་སྟེ། སངས་རྒྱས་སམ་ཆོས་སམ་དགེ་འདུན་ནམ་ཞེས་གསུངས་པ་འདིས་ཤེས་ལ།་་་་་གཙོ་བོ་བཏང་བའི་ཕྱིར་སངས་རྒྱས་བཏང་བས་དགེ་སློང་གི་སྡོམ་པ་བཏང་བ་ཡིན་ནོ། །ཞེས་སྡོམ་པ་ཉི་ཤུ་པའི་འགྲེལ་པ་ལས་བཤད་ཅིང་། རྣམ་འབྱེད་འགྲེལ་ལས་དཀོན་ཅོག་བཏང་བ་ནི་སྡོམ་པའི་རྩ་བ་བཏང་བའི་ཕྱིར་ཞེས་བཤད་པ་དང་། མཛོད་ལས། གཞན་ལའང་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་

༼༢༧༩༽

སོང་བ་ལ་མེད་ཅེས་བཤད་པས་ཤེས་སོ་ཞེས་ཟེར་རོ། །དེ་ལ་གནོད་བྱེད་ནི། དྲི་བ་རྒྱ་ཆེ་འགྲེལ་པ་ལས། བསམ་པ་ཐག་པས་དཀོན་ཅོག་གསུམ། །ཕྱིར་སྤོང་བ་ནི་བྱེད་པ་ལ། །སྡོམ་པ་མེད་པར་མི་འགྱུར་བ། །ཅི་ཕྱིར་འདི་ལ་ལན་བརྗོད་ཅིག །དེ་ལ་ལན་ནི་འདི་ཡིན་ཏེ། །དགེ་སློང་མ་ནག་མོས་དཀོན་མཆོག་གསུམ་སྤོང་ངོ་ཞེས་སྨྲས་པ་ལས་དཀོན་མཆོག་གཏོང་བའི་ལྷག་མར་གསུངས་སོ་ཞེས་སོ། །སྐྱབས་འགྲོ་བཏང་བའི་གང་ཟག་ཆོས་ཅན། སྡོམ་པ་ལས་དངོས་སུ་འདས་པའི་ལྟུང་བ་བསྐྱེད་པ་ཁེགས་པར་ཐལ། སྡོམ་པ་མེད་པའི་ཕྱིར་ཏེ། རྟགས་ཁས་བླངས་སོ། །འདོད་ན་མའི་རྣམ་འབྱེད་ལས། དགེ་སློང་མ་གང་དཀོན་མཆོག་གཏོང་ངོ་ཞེས་ཟེར་ན་ཉེས་བྱས་སུ་འགྱུར་རོ། །བརྗོད་པ་གསུམ་པའི་མཐར་ནི་དགེ་འདུན་ལྷག་མར་འགྱུར་རོ་ཞེས་བཤད་དོ། །སྒྲུབ་བྱེད་གཞིག་པ་ནི་འདིར་སངས་རྒྱས་འབུལ་ལོ་ཞེས་པ་དེ་བསླབ་པ་འབུལ་བ་གོ་བར་བྱེད་པའི་མཚོན་བྱེད་དུ་བསྟན་པ་སྟེ། མཁན་པོ་འབུལ་ལོ་ཞེས་བསྟན་པ་བཞིན་ནོ། །མཛོད་ལས་བཤད་པ་དེ་ནི་ཤེས་བཞིན་དུ་སྐྱབས་འགྲོ་མ་བྱས་པར་བསྙེན་གནས་ལེན་ན། དེ་ལ་སྡོམ་པ་སྐྱེ་བ་མིན་ཞེས་བསྟན་པ་ཡིན་གྱི། སྐྱབས་འགྲོ་ཤོར་བས་སྡོམ་པ་འཆོར་བར་བསྟན་པ་ནི་མ་ཡིན་ནོ། །བདག་ཁྱིམ་པར་གཟུང་དུ་གསོལ་ཞེས་པ་ནི་རབ་བྱུང་གི་སྡོམ་པ་གཏོང་བ་སྟེ་དགེ་བསྙེན་གྱི་སྡོམ་པ་གཏོང་བར་མ་ངེས་པ་སྟེ་བསམ་པའི་དབང་གིས་སོ། །དགེ་ཚུལ་དུ་གཟུང་དུ་གསོལ་ཞེས་པ་ནི་དགེ་སློང་གི་སྡོམ་པ་གཏོང་བ་སྟེ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་གཏོང་བར་མ་ངེས་པའོ། །རང་གི་རྣམ་བཤད་ལས། ཟ་མའམ་མ་ནིང་ཉིད་དུ་དམ་བཅས་པ་སྡོམ་པ་ཐམས་ཅད་འབུལ་བའོ་ཞེས་གསུངས་ཏེ། འོག་མ་རྣམས་ཀྱང་ཅི་རིགས་པར་སྦྱར་རོ། །ཟ་མ་ནི་གློ་བུར་དུ་ཟ་མར་གྱུར་པ་དང་། དང་པོ་ནས་ཟ་མ་ཡིན་པ་གཉིས་ཏེ། གཞི་འགྲེལ་ལས་ཟ་མ་ནི་རླིག་པ་ཕྱུང་བའི་ཉེས་པས་མཐུ་ཉམས་པའམ། ས་བོན་མེད་པའོ་ཞེས་པ་དང་། མེ་ཏོག་ཕྲེང་རྒྱུད་ལས། གང་ཞིག་གྲོང་བའི་ཆོས་དག་གི །ནུས་མེད་དེ་ནི་ཟ་མ་སྟེ། །ཞེས་སོ། །ཐ་དད་དུ་གནས་པ་ནི་གཉིས་ཏེ། ལྟ་བའི་སྒོ་ནས་དང་ལོངས་སྤྱོད་ཀྱི་སྒོ་ནས་ཐ་དད་དུ་གནས་པའོ། །དེ་ཡང་ལུང་གཞི་ལས་དགེ་སློང་དག་གཉིས་པོ་འདི་ནི་ཐ་དད་དུ་གནས་པ་ཡིན་ཏེ། ཆོས་མ་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号