ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བིས་པ་མི་ཕམ་ཟླ་བས་བརྩམས།
༈ ཡང་བཀའ་ཆོས་ཆེན་པོ་གནང་བའི་དུས་སུ་འབུལ་ན།  ༈དེང་ཕུན་ཚོགས་དགེ་བའི་རྟེན་འབྱུང་ལྷུན་གྱིས་གྲུབ་པའི་སྐབས་རྒྱལ་བ་ཀུན་འདུས་ཀྱི་བྱང་ཆུབ་ཆེན་པོ་མཆོག་གི་སྤྲུལ་བའི་སྐུ་ཉིད་ལས་ལྡན་འགྲོ་བའི་བསོད་ནམས་ཀྱི་མེ་ལོང་ཡངས་པར་མངོན་སུམ་དུ་འཕོས་པ་གསེར་གྱི་ཅོད་པན་འཆང་བའི་རྣམ་པར་རོལ་པས་མཁས་པ་དང་གྲུབ་པའི་དཀྱིལ་འཁོར་ཆེན་པོའི་དབུས་ན་རྒྱལ་པའི་གསུང་རབ་ཀྱི་བཀའ་གནས་མཐའ་དག་དྲི་མ་མེད་པའི་རིགས་པས་གཏན་ལ་འབེབས་པ་ལ་འཇིགས་པ་དང་བག་ཚ་བ་ཅུང་ཟད་ཀྱང་མེད་པར་སེངྒེ་སྲབ་མེད་དུ་འཕྱོ་བའི་རྣམ་པར་ཐར་བ་ལྷུར་བཞེས་པའི་སྒོ་ནས་མ་རྟོགས་ལོག་རྟོག་གི་དྲི་མ་ཡོངས་སུ་འཁྲུད་ཅིང༌། ལུང་རྟོགས་ཡོན་ཏན་གྱི་མྱུ་གུ་ཐོག་མེད་དུ་རྡོལ་བར་བྱེད་པའི་ལེགས་བཤད་འདོད་དགུའི་ཆར་ཆེན་སྩོལ་བར་མཛད་པ་འདི་ནི།   ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཞལ་འཛུམ་ཟླ་བ་ལྟར་དཀར་བའི་མགྲིན་བསྒྲིགས་ཏེ་ལེགས་སོ་ཞེས་མངོན་པར་བསྟོད་པའི་མེ་ཏོག་གི་ཕྲེང་བས་ཡང་ནས་ཡང་དུ་མཆོད་པའི་འོས་སུ་གྱུར་པ་ལགས་ན། བདག་ཅག་ལྟ་བུས་རྗེས་སུ་ཡི་རངས་པ་ཙམ་ཡང་ཇི་བཞིན་བྱ་དཀའ་པའི་གནས་ལགས། ༈རིང་མིན་དགེ་ལེགས་མེ་ཏོག་བཀྲ་བའི་དུས་ཀྱི་ཆར་མཁའ་མཉམ་འགྲོ་བའི་བསོད་ནམས་གཟུགས་ཅན་བཞིན་དུ་མངོན་པར་གྲུབ་པའི་མཛེས༧སྐུ་ལྷུན་པོའི་དོ་ཟླར་འཕགས་པ་ནས།ཚངས་དབྱངས་ཡན་ལག་དྲུག་ཅུའི་གདངས་སུ་འགྱུ་བའི་གསལ་བརྗིད་ཆོས་ཀྱི་འབྲུག་སྒྲ་སྙན་པོས། སྐལ་བཟང་གཙུག་ཕུད་ཅན་རྣམས་སྨིན་གྲོལ་ཡོན་ཏན་གྱི་མངལ་ཁུར་ཅི་ཡང་འཛིན་པར་མཛད་པ་ནི། སྟོན་པ་རྡོ་རྗེ་འཆང་དངོས་དང་རྣམ་དབྱེར་མ་མཆིས་པའི་གཏན་ཚིགས་གསལ་བར་བསྟན་པ་ཉིད་ལས་གཞན་དུ་ཅི་ཞིག་སེམས།   ༈ ཉེར་ལམ་ཕུན་སུམ་ཚོགས་པའི་དུས་ཀྱི་ཆར་ཡང་རྒྱ་ཆེན་ཤེས་བྱའི་གནས་ལ་མཁྱེན་པ་ཐོགས་པ་མེད་པ་ནམ་མཁའི་སྒོ་ནི་ལེགས་པར་ཕྱེ། དཔལ་གྱི་མགུར་ནས་ཆོས་ཀྱི་ཟིལ་མངར་མི་ཟད་པའི་ཀློང་ནི་རྡོལ། དུང་གི་ཚེམས་བར་ནས་འཕྲུལ་གྱི་ལྗགས་བརྐྱངས་ཏེ་ཁམས་དང་མོས་པར་རྗེས་སུ་འཚམ་པའི་ལེགས་བཤད་ཟབ་མོ་དུས་སུ་འདོམས་པས། རྒྱལ་བ་གཉིས་པའི་རིང་ལུགས་ཀྱི་བཤད་སྒྲུབ་ཉིན་མོ་ལྟར་ཆེར་གསལ་བར་མཛད་པའི་སྙན་གྲགས་ངོ་མཚར་གྱི་སྣང་བ་ཅི་ཡང་ཐོབ་པས་བཀའ་དྲིན་གཞལ་དུ་མ་མཆིས་པར་གྱུར། ཞེས་སོགས་གང་རིགས་སྤྱོར།
༈རང་གི་གནས་ཚུལ་ཅུང་ཟད་འགོད་ན། ༈གང་གི་གཞལ་དུ་མེད་པའི་ཐུགས་རྗེས་ཉེ་བར་བསྐྱངས་པའི་གསོལ་འདེབས་པའང༩རྒྱལ་བ་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་གུས་པ་ལྷོད་བྲལ་དུ་གནས་ལགས། ༈གདུལ་བྱའི་ཐང་ཆུང་དུ་གཏོགས་པའི་གུས་ལྡན་པའང༧ཐམས་ཅད་མཁྱེན་གཟིགས་མཆོག་གི་བཀའ་དྲིན་ཁོ་ནས་ཡུད་ཙམ་བདེ་བར་མཚོ་བའི་སྐབས་ལགས། ༧གུས་ཞབས་པའང༧སྐྱབས་མགོན་མཆོག་གི་ཐུགས་རྗེའི་གྲིབ་བསིལ་སྣུམས་པོར་ངལ་གསོ་པའི་སྐབས་སུ་མཆི། ༧གུས་ལྡན་སྐྱབས་འོག་པ༧གང་གི་ཞལ་གྱི་དཀྱིལ་འཁོར་ཉིན་བཞིན་དྲན་ཞིང་བསོལ་འདེབས་མགྲིན་པའི་དྲིལ་ཆུང་རྟག་པར་འཁྲོལ་བས་བྲེལ་སྐབས་སུ་མཆི། ༈གང་གི་ཐུགས་རྗེའི་གྲིབ་བསིལ་གྱིས་འཚོ་བའི་གུས་ལྡན་པའང་གསར་འཚེས་མ་རེག་ཙམ་ལས་རྣམ་གཡེང་ཟ་ཟིའི་འཁོར་ལོས་འཕྱན་པར་གྱུར། ༧ གུས་ཞབས་པ་ཕྲན་ཆུང་ཡང༧ སྐྱབས་མགོན་མཆོག་གི་འཕྲིན་ལས་ཀྱི་དགེ་མཚན་ཡར་ངོའི་དཔལ་ལ་རོལ་པའི་སྐལ་བ་བཟང་པོས་འཚོ་བཞིན་པར་གནས།   ༈བཀའ་འབངས་གྱི་ན་བའང་ཐུགས་རྗེའི་གྲིབ་བསིལ་དུ་བསྟི་བས་ཉེར་འཚེས་མ་གོས་ཙམ་དུ་མཆིས། ༈འདིར་གནས་གུས་ལྡན་པའང༧ཉིད་ཀྱི་ཐུགས་རྗེས་གསར་འཚེ་མེད་ཅིང་ཆོས་བཞིན་སེམས་པའི་མོས་བློ་མ་བོར་ཙམ་དུ་བདོག ཕྲན་ཆུང་བདག་ཀྱང་ཐུགས་རྗེའི་གྲུ་གཟིངས་ཡངས་པོར་བསྟེན་པས་ཉེར་འཚེ་མེད་བཞིན་གནས།   ༈གུས་ཞབས་པའང་ཐུགས་རྗེའི་གྲིབ་བསིལ་མཆོག་ལ་བརྟེན་གློ་བུར་གྱི་ཉེར་འཚེས་མ་གོས་ཤིང༌། བགྱི་འོས་སྣེ་ཟིན་ཙམ་དུ་མཆིས། ༧ ཕྲན་བུའང་ཟིན་མེད་རྣམ་པར་གཡེང་བ་སྒྱུ་མའི་ཡོ་ལང་ལྟ་བུས་བྲིད་ཀྱང༌། གུས་བས་གསོལ་བ་འདེབས་བློ་མ་དོར་ཙམ་དུ་འཚོ་བའི་སྐབས་ལེགས། ཞེས་པ་གང་འོས་ཤིག་སྨོས་ནས།།
༈སྐབས་དོན་དམིགས་བསལ་ཞུ་རྒྱུའི་རིགས་ལ། ༈མཚམས་ཞུ།   ༈ཆེད་གསོལ།   ༈སྐབས་ཞུ།   ༈ཞུ་སྙིང༌། ༈ཆེད་དུ་འབུལ་དོན།   ༈ཆེད་འབུལ། ༈ཆེད་ཞུ་སོགས་ཅི་རིགས་ཀྱིས་མཚམས་སྦྱར་ནས་སྐབས་དོན་གང་ཡོད་ཞུ།།
༈དེ་ནས་བརྟན་བཞུགས་སྐྱབས་གསོལ་སོགས་ཀྱིས་མཇུག་བསྡུ་བ་ནི༑ སླད་མའི་ཆར་ཡང་འཛམ་གླིང་བསྟན་འགྲོ་ཡོངས་ཀྱི་ཕན་བདེའི་བྱེད་པོར༧གསང་གསུམ་རྡོ་རྗེའི་བཀོད་པ་འདི་ཉིད་བསྐལ་པ་ཇི་སྲིད་དུ་བརྟན་པར་བཞུགས་ནས། རྣམ་གྲོལ་བདུད་རྩིའི་སྙིང་པོ་ཅན་གྱི་མཛད་པ་ཀུན་དུ་བཟང་པོའི་འཕྲིན་ལས་ཀྱི་དགེ་མཚན་མངོན་པར་གསལ་བ་མཁའ་ཁྱབ་ཏུ་འཆར་བའི་དགོངས་པ་སྐད་ཅིག་ཀྱང་མི་ལྷོད་པ་དང་བཀའ་འབངས་ལྟོས་བཅས་ཀྱང་ཐུགས་རྗེའི་སྤྱན་རས་ཀྱིས་ལྷག་་པར་བཙའ་བའི་སྤྲུལ་བཟང་འགྱུར་བ་མེད་པའི༧བཀའ་རྟགས་གསེར་གྱི་དཔལ་བེའུ་སྤྱི་བོར་འཕྲལ་ཡུན་དུ་སྩོལ་བར་ཅིས་ཀྱང་གསོལ་བ་འདེགས་ལགས།   ༈སླད་མར་ཡང༌། ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་ཆེན་པོར༧ཞབས་ཟུང་མི་འགྱུ་རྡོ་རྗེའི་རང་བཞིན་དུ་བརྟན་ཅིང་ཐེགས་གསུམ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བས་རིགས་ཅན་གསུམ་གྱི་གདུལ་བྱ་མཐའ་དག་སྨིན་ཅིང་གྲོལ་བར་མཛད་པའི་བཀའ་དྲིན་ཆེན་པོས་རྟག་ཏུ་སྐྱོང་པ་དང༧ཞབས་པད་གཅིག་པུར་བརྟེན་པའི་བུང་བ་བདག་ཀྱང་འདི་ཕྱིའི་གནས་སྐབས་ཐམས་ཅད་དུ་བརྩེ་ཆེན་ཡེ་ཤེས་ཀྱི་གཟིགས་པ་ཆེན་པོའི་སྐྱབས་རོལ་ནས་མ་བོར་བའི༧བཀའི་གསང་བ་སྦྲང་རྩིའི་ཐིག་ལེ་རྒྱལ་མཚོའི་རླབས་ལྟར་དུས་ལས་མི་འདའ་བ་ཞིག་ཅིག་ཀྱང་མཁྱེན་མཁྱེན་ལགས།   ༈སླད་ཆར་ཡང༌།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号