ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བིས་པ་མི་ཕམ་ཟླ་བས་བརྩམས།
༈ཡང་ལོ་གསར་ལ་འཚམས་ཞུའི་ཁ་བརྟགས་ཙམ་འབུལ་ན།    ༈གནམ་ལོ་གསར་དུ་བཞད་པའི་རྟེན་འབྱུང་དགེ་བར་ལྷ་རྫས་དཀར་འཇམ་སྲིད་དུ་རིང་བ་སྤྱན་སྔར་བཏེགས་ཏེ།   ལྷར་བཅས་འགྲོ་བའི་སྐྱབས་མགོན་ཆེན་པོར༧ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་མི་འགྱུར་དཔལ་བེའུའི་རང་བཞིན་དུ་འཚོ་ཞིང་གཞེས་ངོས་ཐུགས་བཅུད་ཟབ་རྒྱས་ཀྱི་བདུད་རྩིས་བདག་ཅག་རྟག་པར་རྗེས་སུ་འཛིན་པ་ཅིས་ཀྱང་གསོལ་བ་འདེབས་ལགས།དེ་མཐུན་གོང་མ་རྣམས་ལའང༌། ༈དགའ་སྟོན་མཚོན་ཙམ་ལྷ་དར་དཀར་པོ་གྱེན་དུ་འདེགས་པ་དང་ཆབས་གཅིག་ཁམས་གསུམ་སྐྱེ་དགུའི་མགོན་དུ་ཞབས་ཟུང་གཡོ་མེད་སོགས་སྦྱོར་ཚུལ་ཤེས་པར་བྱ།།
༈ཁྲི་འདོན་ལ་འབུལ་བ་དང་བཅས་པའི་ཞུ་ཡིག་བྱེད་ན། བདག་ཉིད་ཆེན་པོ་དག་གི་མཚན་གྱི་ཟླ་ཟེར་རྣ་བར་ལྷུང་བའི་མོད་ལའང༌། སྙིང་གི་ཀུནྡ་གྲོལ་བར་བྱེད་ན། ཞལ་རས་མིག་གི་བདུད་རྩིར་གྱུར་པ་དང༌། གསུང་གི་དགའ་སྟོན་མྱོང་བའི་སྐལ་བ་དང་ལྡན་པ་ལྟ་ཅི་སྨོས།དེས་ན་མཐོང་པ་དོན་ལྡན་གྱི་སྐུའི་དཀྱིལ་འཁོར་མཇལ་ཞིང༌།ཆོས་སྲིད་གཉིས་ལྡན་གྱི་ཕུན་ཚོགས་མངོན་དུ་བགྱིད་པར་སྤྲོ་ནའང༌། ཅུང་ཟད་ཡུལ་དུས་ཀྱིས་བསྐལ་པས་བསམ་པ་ཇི་ལྟ་བ་བཞིན་རྔོ་མ་ཐོགས་ཤིང་ད་ལམ༧ཞབས་པད་རིན་པོ་ཆེ་རྡོ་རྗེའི་ཁྲི་འཕང་མཐོན་པོར་བཀོད་པའི་རྟེན་འབྱུང་དགེ་བར་དམིགས། རང་འཁོས་དང་བསྟུན་པའི་ལེགས་འབུལ་མཚོན་ཙམ་ཐོ་ཆུང་ཟུར་གསལ་ལྟར་ལ་སྤྱན་ཟུར་བུང་བ་གཞོན་ནུས་ཡུད་ཙམ་རོལ་པ་ནས། རྒྱུ་མེད་པར་ཡང་རབ་ཏུ་བྱམས་པའི་ཐུགས་གསང་དགའ་བ་འཁྱིལ་བའི་ཀློང་འཁོར་ནས་ཕྲན་ཆུང་ལྟོས་བཅས་འབྲལ་མེད་རྗེས་སུ་འཛིན་པར་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས། ༧ད་ལམ་གདན་ས་ཆེན་པོར༧ཞབས་ཀྱི་པདྨོ་གསར་དུ་བཀོད་པའི་དགའ་སྟོན་དུ་ལྷ་མིའི་དཔལ་འབྱོར་མཐའ་དག་ཕྱུར་བུར་སྤུངས་པའི་མདུན་སར་མེ་ཏོག་ཆུང་རུང་ལྷ་རྫས་ཀྱི་དཔེ་ལྟ་བུའི་ལེགས་འབུལ་མཚོན་བྱེད་ཐོ་ཆུང་ནང་བཞིན་ལ། ཕྲན་རྣམ་པ་ཐམས་ཅད་དུ་བྱམས་བརྩེ་དོན་ཡོད་ཞགས་པས་སྐད་ཅིག་ཀྱང་མི་ལྷོད་པར་རྗེས་སུ་འཛིན་པའི༧བཀའ་ལུང་གནད་སྨིན་སྤྱི་བོར་སྩོལ་བ་མཁྱེན་མཁྱེན། ༈སྐབས་བབས་ཆོས་ཀྱི་རྒྱལ་སྲིད་ཡོངས་སུ་རྫོགས་པའི་དཔལ་ལ་འདོད་དགུར་མངའ་བསྒྱུར་པའི་དུས་སྟོན་ཆེན་པོ་ལྷ་དང་བ་ཅས་པའི་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ལན་བརྒྱ་ཕྲག་ཏུ་རྩེན་པ་དང་ལྷན་ཅིག་ཕྲན་འབྱོར་འཁོས་ཆུང་ཡང་གུས་ཞེན་ཆེ་བའི་ཉེར་ལེན་གྱིས།   རྣམ་པར་དཀར་བའི་རྟེན་འབྱུང་མཚོན་བྱེད་ཀྱི་དངོས་འབུལ་ཉུང་ཟད་ཙམ་ཞིག་སྤྱན་ལམ་དུ་བསྟར་ཞིང་སླད་ཀྱི་ཆར་ཡང་རྒྱལ་བསྟན་པདྨོའི་རྩ་ལག་ཏུ་ལྷུན་གྱིས་གྲུབ་པ༧སྐུ་རྡོ་རྗེའི་སྐྱིལ་མོ་ཀྲུང་མི་ཤིགས་པར་འཚོ་ཞིང་གཞེས་པ་ནས། བཀའ་འབངས་གྱི་ན་པའང་བརྩེ་བའི་ཐུགས་ཀྱིས་མ་བོར་བའི༧ཕེབས་ཚོགས་སྤྲིན་གྱི་མེ་ཏོག་འཕྲལ་ཡུན་དུ་འཇོ་བ་ཅིས་ཀྱང་ཐུགས་རྗེས་བཟུང་བར་མཚལ། །ཞེས་སོགས་སྐབས་སུ་གང་བབས་བགྱིས་ཏེ།།
༈ཞུ་རྟེན་ཟླ་ཚེས་སོགས་འགོད་པ་ནི། ཞུ་ཡིག་པདྨའི་རྫིང་བུར༧སྤྱན་རས་བུང་བས་ཡུད་ཙམ་རོལ་བར་སྨོན་པའི་རྟེན་མཚོན་བྱེད་ལྷ་རེག་གསར་བའི་གེ་སར་གྱིས་སྤུད་དེ་ཟླ་ཚེས་བཟང་པོ་ལ་གུས་པས་ཕུལ། ༈ཞུ་མཆིད་མེ་ཏོག་དཀར་པོ་གཟིགས་ལམ་དུ་འབབ་པའི་རྟེན་འབྲེལ་མཚོན་པར་བཀྲ་ཤིས་པའི་ལྷ་དར། དངུལ་གྱི་མཎྜལ་གསེར་གྱི་ཚོམ་བུས་སྤྲས་པ།    ཐེག་ཆེན་འགན་གྱི་རྡོ་དྲིལ་བཅས་ས་གས་ཉ་བའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པ་ལ་གུས་ལྡན་པའི་ཕུལ་བའི་ཞུ་ཡིག ༈ཞུ་གསོལ་གྱི་པད་མཚོར་གཟིགས་པ་དྲི་མ་མེད་པའི་འོད་ཟེར་གཡོ་བའི་རྟེན་འབྱུང་མཆོན་བྱེད་དུ་ལྷ་རྫས་གངས་རིའི་མདངས་ལྡན་ས་སྙིང་སྲང་འཁོར་བཅས་ལ་མ་བསྡམས་པའི་སྐྱེ་པོ་བསྲུང་བའི་རྟགས་ཆུང་གི་རི་མོས་འཁྱུད་པ་ཟླ་ཚེས་དགེ་བར་གུས་པ་ཆེན་པོ་ཕུལ། ༈ཞེས་གསོལ་བ་འདེབས་པའི་རྟེན་དངོས་འབྱོར་མཚོན་བྱེད་ལ་རྒྱ་ཞུས་ཏེ་ཟླ་ཚེས་ཕུན་སུམ་ཚོགས་པར་གུས་ཕྱག་དང་བཅས་ཕུལ་བའི་ཞུ་ཡིག ༈ཞུ་ཡིག་སྤྱན་ལམ་དུ་སྨིན་བྱེད་ལྷ་རྫས་བཅས་ཟླ་ཚེས་མཆོག་ཏུ་དགེ་བར་གུས་པས་ཕུལ།   ༈ཞུ་ཐོར་སྤྱན་རས་གཡོ་བའི་རྟེན་མཚོན་བྱེད་བཅས་གྲལ་ཚེས་མཆོག་ལ་གུས་པས་ཕུལ། ༈ཞུ་ཐོ་སྤྱན་སྔར་སྨིན་བྱེད་ལྷ་རྫས་བཅས། ༈ཞུ་ཆུང་གཟིགས་པའི་རྟེན་མཚོན་པར་ལྷ་རྫས་རབ་དཀར་བཅས། ༈ཞུ་ཡིག་སྤྱན་ལམ་དུ་འདེགས་རྟེན་མཚོན་བྱེད་བཅས། ༈ཞུ་ཕྲིན་མེ་ཏོག་ཕོན་པོར་སྤྱན་རས་གཡོ་བྱེད་ཙམ་དུ་ལྷ་རྫས། ༈ཞུ་ཡིག་འདེགས་བྱེད་གཅེར་མིན་ཙམ་དུ་ལྷ་རྫས། ༈ཞུ་ཡིག་སྤྱན་སྔར་འདེགས་བྱེད་ཙམ་དུ་ལྷ་རྫས། ༈ཞུ་ཡིག་གཅེར་མིན་ཙམ་དུ་ལྷ་རྫས། ༈ཞུ་ཡིག་འདེགས་རྟེན་མཚོན་བྱེད་བཅས། ༈ཞུ་འདེགས་མཚོན་བྱེད་བཅས། ༈གཟིགས་རྟེན་མཚོན་ཙམ་བཅས། ༈འདེགས་རྟེན་མཚོན་བཅས།  ༈འདེགས་བྱེད་མཚོན་བཅས། ༈ཞུ་མཆིད་ཀྱི་པདྨོར་སྤྱན་ཟུར་གྱི་བུང་བ་རོལ་བའི་སྐྱེས་མཚོན་པར་ལྷ་དར་དཀར་འཇམ་ཟུང་འབྲེལ་བཅས་ཟླ་ཚེས་ལ་གུས་པས་ཕུལ། ཞེས་པ་ཅི་རིགས་བྲི།
༈ཡང་རྒྱལ་བོ་ཆེན་པོ་ཞིག་ལ་འབུལ་ན་འདི་ལྟར། ༈འཛམ་གླིང་ཡངས་པའི་ས་ཆེན་པོ་ལ་སྟོབས་ཀྱི་འཁོར་ལོས་མངའ་བསྒྱུར་པ་དཔལ་ལྡན་མིའི་བདག་པོ་ཆེན་པོའི་ཞབས་ཀྱི་པདྨོའི་དྲུང་དུ། ༈བསོད་ནམས་གསེར་གྱི་འཁོར་ལོ་ཆེན་པོས་གནམ་སའི་དཀྱིལ་འཁོར་ཀུན་ལ་དབང་བསྒྱུར་པའི་སྟོབས་ལྡན་ཆོས་ཀྱི་རྒྱལ་པོ་མཆོག་གི་ཞབས་དྲུང་དུ།
༈ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མཐུ་གྲུབ་པ་དཔལ་ལྡན་སའི་ཚངས་པ་ཆེན་པོ་གང་དེའི་ཞབས་དྲུང་དུ། ༈གནམ་སའི་དབང་ཕྱུག་སྟོབས་ཀྱི་འཁོར་ལོས་བསྒྱུར་པ་ཆེན་པོའི་ཞབས་དྲུང་དུ།
༈མི་དབང་ཆོས་ཀྱི་རྒྱལ་པོ་མཁྱེན་བརྩེའི་བདག་ཉིད་མཆོག་གི་ཞབས་དྲུང་དུ། ༈དཔལ་ལྡན་མིའི་དབང་པོ་ས་ལ་སྤྱོད་པའི་མཆོད་སྦྱིན་བརྒྱ་བ་གང་དེའི་ཞབས་པད་དུ། མངའ་འབངས་ཆོས་བཞིན་སྐྱོང་བ་མིའི་བདག་པོ་ཆེན་པོའི་ཞབས་དྲུང་དུ། ༈བསྟན་འགྲོའི་དཔུང་གཉེན་ནོར་འཛིན་སྐྱོང་བ་མཆོག་གི་ཞབས་དྲུང་དུ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号