ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་བཞི་བ།མིང་དོན་བརྡ་སྤྲོད་རྣམ་ལྔ་བཞུགས་སོ།།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

ལེའུ་བཞི་པ།མིང་དོན་བརྡ་སྤྲོད་རྣམ་ལྔ་བཞུགས་སོ།།

བེེ་རོ་ཙ་ནས་མཛད།
 
སྨན་པའི་མཆོག་ལ་ཕྱག་འཚལ་ལོ།།རྒྱུད་རྒྱལ་བདུད་རྩི་སྙིང་བོ་ལས།།གབ་ཡིག་གསལ་བར་ཤེས་བྱའི་ཕྱིར།།སྨན་མིང་སྒྲོན་མེས་བརྡ་སྤྲོད་བསྟན།།དེ་ལ་བརྡ་སྤྲོད་རྣམ་པ་ལྔ།།སྡེ་ཚན་མིང་དོན་བརྡ་སྤྲོད་དང༌།།རྒ་སྐད་མིང་དོན་བརྡ་སྤྲོད་དང༌།།གབ་ཡིག་མིང་དོན་བརྡ་སྤྲོད་དང༌།།ངོ་བོ་མིང་དོན་བརྡ་སྤྲོད་དང༌།།བཟང་ངན་མིང་དོན་བརྡ་སྤྲོད་དོ།།
 
ས་བཅད་དང་པོ།སྡེ་ཚན་མིང་དོན་བརྡ་སྤྲོད།
 
སྡེ་ཚན་མིང་དོན་བརྡ་སྤྲོད་ལ།།ཛཱ་ཏི་ཅུ་གང་གུར་གུམ་དང༌།།ལི་ཤི་སུག་སྨེལ་ཀ་ཀོ་ལ།།འདི་དྲུག་བཟང་བོ་དྲུག་ཅེས་བྱ།།ཅུ་གང་གུར་གུམ་གཉིས་པོ་ལ།།ལི་ཤི་སུག་སྨེལ་ཁ་བསྒྱུར་བ།།དེ་ལ་བསིལ་གསུམ་ཞེས་སུ་བཤད།།བཞིག་བསྡེབས་པས་བསིལ་བཞི་ཡིན།།ཛཱ་ཏི་ལི་ཤི་ཀ་ཀོ་ལ།།སུག་སྨེལ་བཞི་བོ་བཟང་བོ་བཞི།།ཛཱ་ཏི་སུག་སྨེལ་ཀ་ཀོ་ལ།།དྲོད་གསུམ་བཟང་བོ་གསུམ་ཞེས་བྱ།།ཕོ་བ་རིས་དང་པི་པི་ལིང༌།།སྨན་སྒ་གསུམ་ནི་ཚ་བ་གསུམ།།དེ་སྟེང་དབྱི་མོང་ཙི་ཏྲ་ཀ།བསྡེབས་པས་ཚ་བ་ལྔ་ཞེས་བྱ།།ཨ་རུ་ར་དང་བ་རུ་ར།སྐྱུ་རུ་ར་གསུམ་འབྲས་བུ་གསུམ།།ར་གསུམ་འབྲས་གསུམ་ཞེས་ཀྱང་བྱ།།ཨ་འབྲས་སྲ་འབྲས་འཇམ་འབྲས་གསུམ།།འབྲས་སྣ་གསུམ་ཞེས་བཤད་པ་ཡིན།།སྙིང་མཁལ་གླ་གོར་ཞོ་ཤ་གསུམ།།ཞོ་ཤ་གསུམ་ཞེས་བཤད་པ་ཡིན།།ནཱ་ག་པུཥྤ་གེ་སར་
མིང་དོན་བརྡ་སྤྲོད་རྣམ་ལྔ་འདི་ནི་ཁ་ཅིག་གིས་མཁས་པ་གཡུ་ཐོག་ཡོན་ཏན་མགོན་
པོས་མཛད་པར་བཤད་དེ་རྒྱུད་ཀྱི་འཆད་ཐབས་ཆ་ལག་བཅོ་བརྒྱད་དུ་བཅུག་འདུག་ཀྱང༌།དེའུ་དམར་བསྟན་འཛིན་ཕུན་ཚོགས་སོགས་མཁས་པ་པོས་ལོ་ཆེན་བཻ་རོ་ཙ་ ནས་མཛད་པར་བཞེད་ལ་གཞུང་རང་གི་མཇུག་ཏུའང་སྨན་ཡིག་མིང་དོན་བརྡ་སྤྲོད་འདི།།སློབ་དཔོན་བཻ་རོ་ཙ་ན་ཡིས། །བོད་སྨན་རྨོངས་པའི་དོན་ཕྱིར་བཀོད།།ཤེས་ཆུང་ཐེ་ཚོམ་སེལ་བར་ཤོག།ཅེས་གསུངས་པས་བཻ་རོ་ཙ་ནའི་ཡིན་པར་ཐག་ཆོད།དེའི་ཕྱིར་གཞུང་འདི་ནི་ལོ་རྒྱུས་རིང་ལ་རྒྱ་སྐད་དང་བོད་སྐད་ཤན་སྦྱར་བའི་བརྡ་སྤྲོད་དང༌།གབ་ཡིག་མིང་དོན་བརྡ་སྤྲོད་སོགས་ངེས་པར་དུ་ཤེས་དགོས་པ་དུ་མ་ཚིག་ཉུང་ལ་དོན་འདུས་པར་བསྟན་ཅིང་འདི་ཤེས་ན་གཞུང་གཞན་བདེ་བླག་ཏུ་ཀློག་ཐུབ་ཅིང་ཞིབ་འཇུག་བྱེད་པ་ལ་ཡང་དརྒས་པ་ཆེ་བར་དམིགས་ཏེ་གཞུང་ཆ་ཚང་བཀོད་པའོ།།
དང༌།།པད་མ་གེ་སར་རྣམ་གསུམ་ལ།།གེ་སར་རྣམ་པ་གསུམ་ཞེས་བྱ།།སྤོས་དཀར་ཐལ་ཀ་རྡོ་རྗེ་དང༌།།སོ་མ་ར་ཛ་རྣམ་པ་(དེ་སྟེང་སེང་ལྡེང་ཏིལ་དཀར་ནག།ཟི་ར་དཀར་ནག་གང་འཕྲོད་བསྡེབས།། ཆུ་སེར་སྨན་བརྒྱད་ཅེས་སུ་བརྗོད)གསུམ།།ཆུ་སེར་སྨན་གསུམ་ཞེས་སུ་བཤད།།རྒྱ་མཚོ་གསེར་གྱི་བྱེ་མ་དང༌།།རྒྱ་ཚ་སྡིག་སྲིན་རྣམ་པ་གསུམ།།ཆུ་སྨན་རྣོན་པོ་གསུམ་ཞེས་བྱ།།སྦལ་རྒྱབ་དཀར་པོ་སྨུག་པོ་གཉིས།།ཆིག་ཐུབ་དཀརཨོ་སྨུག་པོ་གཉིས།།རྡོ་ཡི་རྒྱལ་པོ་བཞི་ཞེས་བྱ།།རྒྱ་ཏིག་བོད་ཏིག་བལ་ཏིག་གསུམ།།ཏིག་ཏ་རྣམ་པ་གསུམ་ཞེས་བྱ།།བལ་པོ་ཁ་ཆེ་གུར་གུམ་དང༌།།པྲི་ཡང་ཀུ་གསུམ་གུར་གུམ་གསུམ།།བསེ་རུ་ཁ་ཤ་ཤ་རུ་གསུམ།།དེ་ལ་ག་དོར་གསུམ་ཞེས་བྱ།།ཙན་དན་དཀར་པོ་དམར་པོ་གཉིས།།དེ་ལ་ཙན་དན་གཉིས་ཞེས་བྱ།།ཟི་ར་དཀར་ནག་ཟི་ར་གཉིས།།གུ་གུལ་དཀར་ནག་གུ་གུལ་གཉིས།།ཤུ་དག་དཀར་ནག་ཤུ་དག་གཉིས།།ས་ལ་ཀྲི་ན་པར་ནི་དང༌།།མ་ཤ་པར་ནི་པར་ནི་གསུམ།།རེ་རལ་ཧ་བོ་བྲག་སྤོས་པ།།(རྒྱལ་པོ་རེ་རལ།བཙུན་མོ་རེ་རལ།བློན་པོ་རེ་རལ།)རེ་རལ་གསུམ་ཞེས་བཤད་པ་ཡིན།།སེ་རྒོད་སྐྱེར་བ་འོམ་བུ་གསུམ།།(གཡུ་ལྡུམ།གསེར་ལྡུམ། མཆོང་ལྡུམ)ལྡུམ་བུ་གསུམ་ཞེས་བཤད་པ་ཡིན།།(ཙིའུ)ཏིང་ལེ་ཕྱིན་དང་ཏིང་སག་ཀྱུ(བྱི་དུག) །ཏི་མུ་ལ་དང་ཏི་མུ་ས།།(ལོ་བཙན་བཟང་ངན་གཉིས)མེ་ཏོག་ཏིང་བཞི་བྱ་བར་བཤད།།སྟག་ཤ་མིང་ཅན་ལྕགས་ཀྱུ་གསུམ།།གཉན་ཐུབ་རྣམ་པ་གསུམ་ཞེས་བྱ།།དེ་རྣམས་སྡེ་ཚན་ངོ་སྤྲོདདོ།།
 
ས་བཅད་གཉིས་པ།རྒྱ་སྐད་མིང་དོན་བརྡ་སྤྲོད།
 
རྒྱ་སྐད་མིང་དོན་བརྡ་སྤྲོད་ལ།།སོ་ན(གསེར)རུ་བྱ(དངུལ)མེ་ཧ་ར(ཟངས)།ཨ་ཡུ་རཱ་ཛ(ལྕགས)།བ་ར་ན་ག(བྱུ་རུ)།ནིའུ་ཤ་ནི(དུང)།སི་ས(ཞ་ནེ)།ཀན་པ(མཁར་བ)།ད་ཆུ(དངུལ་ཆུ)།ཉ་ཕྱིས་(མུ་ཏིག)།ཏ་སྱ(གསེར་རྡོ)།ཏུབ་མར་ཙང་(དངུལ་རྡོ)།ཙག་ཡུག་རྣམ་(གསེར)།དྲུག་མར་ལྗང་(བཙག)།ལིག་བུ་མིག(རྡོ་མདུང་རྩེ)། ལི་ཁྲི་(སིནྡྟུར)།ཧེ་མ་(ག་པུར)།སིངྒ་ལ་(གི་ཝང)།སྟ་ཤིང་(ཅུ་གང་)། ཀུང་ཀུ་མ་(གུར་གུམ)།ལི་ཤི་པིར་(ཛཱ་ཏི)།ཏྲི་པི་ཏི་(སུག་སྨེལ)།ཀུ་བུ་སུ་མ་(ལི་ཤི)།།ཨེ་ལ་(ཀ་ཀོ་ལ)།ཤི་ཀྲུ་(ན་ལེ་ཤམ་དཀར་པོ)།སེའུ་པན་ཛ་ན།ཤི་ལ་ཛ་དུ་(བྲག་ཞུན)།ན་ལེ་ཤམ་(ཕོ་བ་རིས)།དོང་གྲ(སྒ)།དོང་ག་(བཤལ་སྨན)།སྒེ་གཤེམ(སྒ་སྐྱ་བཅའ་སྒ)།ཏྲུ་ཏྲུག་ཏྲེས་(ཙི་ཏྲ་ཀ)།ཙ་བྱ་(དབྱི་མོང)ཨ་ཟ་མོ།སྟག་ཚེར་(ཀཎྡ་ཀ་རི་སྨུག་པོ)།བྲི་ཧ་ཏི(ཀཎྡ་ཀ་རི)།ག་བྲ་(ཀཎྡ་ཀ་རི)།སེར་ཚེར་(ཀཎྡ་ཀ་རི)།ཐལ་དྲིས(བ་སྤྲུ་བ)།པུ་ཙེ་ཤེལ(ཧོང་ལེན)།པ་ཏོ་ལ(གསེར་གྱི་མེ་ཏོག།གླ་སྒང་(མོན་ལུག།འབྲ་གོ་(མ་ནི་རྟ་རྐང་)།ཕ་ལ་ཏ་ཀ་(སེ་འབྲུ)།གོ་ཕྱེ།པ་པས(ཤེལ་ཏ)།སྟབ་སེང(སྤྱི་ཞུར)།དར་ཚུར་(ཚ་ལ)།པ་ཏ་ལ་ཧྲི་(མུ་ཟི་སེར་པོ)།སའུ་ཏ་རི་(མུ་ཟི་ནག་པོ)།པ་ཏྲ་(མ་ནུ་པ་ཏྲ)།ཧ་རི་ཏ་ཀ་(ཨ་རུ་ར)།ཟུར་པ་(ཤོ་ཟུར)།ཨིན་ཏྲ་(དུག་མོ་ཉུང་)།ཧ་ཤིག་(རྡོ་ཐོད་ལོ་ཀོར)།ད་ཆུ་(མཚལ)།ཏྲི་བྱིད་ཏ་(དུར་བྱིད)།ཉེ་རོང་(དུར་བྱིད)།བྱི་ཏྲ་གསང་ཕྲུམ་(ཐར་ནུ)།བྱ་ཏྲ་ཕ་ཏྲ་(སྤྱང་ཚེར)ཨག་ནེ།བ་ལ་(ཧ་ལོའི་རྩ་བ་པུན་ཏ་རི་ཀ) ཙམ་པ་ཀ་(སྤྲ་ཐོག་པ)།ད་ལིས(ས་ལུ)།མན་འདུ་ར(ལྕགས་དྲེག) སེང་ཕྲོམ་(ཞུ་མཁན་འབྲུ)།ཤ་ལང་(ཀྱི་ལྕེ་བ)།པྲི་ཡང་ཀུ་(ཙེའུ)།དོ་པ་ལ་(ཚེར་སྔོན)།བྱ་རྐང་(ལོ་བཙན)།ས་རྫི་ཀ་(སྙེ་ནག་མོ)།ཀ་རཉྫ(སྤྲུལ་སྒོང་འདྲ)།ཆུ་མ་རྩི(ཙི་སྟག་མོ)།རེ་སྐོན(ཕུག་རོན་རྐང་)།གྭ་དོར(ར་ཏོ་འབུ་རུ)།བེ་ཏོ་བ(སྤང་རྩི)། འབྲོམ་རྩི(ལང་ཙི)།མྱང་རྩི་སྤྲས(སེར་པོ་ཁྲག་རྐང་)།དྷི་དེ (བཙོད)། བིག་པན(སྒོག་སྐྱ)བྱེ་གུ།ཤིར་ཤག(ཨ་རུ་ར)།ཛ་ཏ་པུཥྤ (སྲིན་ཤིང་མེ་ཏོག) རསྣ་མུ་ལ(ཙི་ཀ་ཏྲའི་རྩ་བ)།ཤ་ལུ་ཀ(གླ་གོར་ཤོ་ཤ)།ཆུ་རྩི་མོ(ཡུང་བ)།དན་དུ་མ(ལང་ཏང་རྩེ)།ཀྲི་ན་མུ་ལ(པི་པི་ལིང་གི་རྩ་བ)།ཙ་པ་ལ་(པི་པི་ལིང)།སྰུརྱ་པག་ཏི(ཉི་དགའ)།རི་ཤོ་ཝ(ཟངས་རྩི)།པ་ད་རི་(རྒྱ་ཤུག)།ཤུ་ཏི་(སྤྲུ་འབྲུ)། དྰུར་བ(ར་མས་པ)།རི་ཧི་(སྦྲུལ་ཤ)།པད་མེ་(བྱང་བ)།ད་ཚ(ཤིང་ཚ་མཐུག་པོ)།ར་མཉེ(ར་མོ་ཤག)།ཀ་ཤོ་ཀནྡྷ་(བ་སྤྲུ་པ)།དྷ་ཏུ་ར(ཐང་ཕྲོམ་རྩ་བ)།ཁ་ཤོག་པ་(ཐང་ཕྲོམ་ལོ་མ)།ད་ད་ཀི་(ཨ་བྱག)།མུར་བ་(ལི་ཁམ་བུ)།ཀུ་དན་ན་ཏ་(རྒྱ་སྤོས)།ཛ་ཏི་ལ་(སྤང་སྤོས)།ཨུ་ཤིར་(པུ་ཤེལ་རྩེ)།བྱི་པི་ཏི་(དུར་བྱིད)།ཤ་མྱ་ཀ་(དོ་ཀ)།ཀྴི་ར།ཤྲྰི་ཁཎྡ།དནྡ་ཏ་(དན་རོག)།བི་ཤི་ཀ་(འབུ་སུ་ཧང་)།པ་ལ་ཤ་(གན་དྷ་པ་ཏྲ)།མི་ཙི་ར་(ཕོ་བ་རིས)། མ་དུར་(སེ་འབྲུ)།མ་རྫ་རི་(གླ་རྩི)།ཤལ་མ་ལི་(མོན་ཆ་ར)།ཤ་ལུ་ན་(གླ་གོར་ཞོ་ཤ)།ཛི་བན་དྷ་(རྒྱ་སྣེ)།ཤི་ལ་པུཥྤ་(རྡོ་དྲེག)།མུ་ཤ(སྲན་ཁུ)།མྰུ་ལ་(རྩ་བ)།པར་ནི(ལོ་མ)།པུཥྤ(མེ་ཏོག) གེ་སར(འབྲུ)།དེ་བ་དྷ་རུ(ཐང་ཤིང་)། ཤེལ་ཏ(ནགས་མའི་ཐང་ཆུ)།ཀརྴཔ་ནི(འགྲོན་བུ)།ཀུ་ལེགས་ཐ(རྒྱ་སྲན)།ནི་ལི་ནི(གོ་སྙོད)།པུ་ར་པ(བྱེ་རྒྱུག)།མུ་ལ་ཀ(ལ་ཕུག)ལ་ཤུ་ན(སྒོག་སྐྱ)།ཏ་མྲ(བཙོད)།ལི་ཧི(རྒྱ་སྐག ཨ་ཤ (ཐ་རམས)།བ་ཏ་སོ(ལྕང་མ)།དྷེ་བ(ཤོལ་པོ)།དེ་རྣམས་རྒྱ་སྐད་བརྡ་སྤྲོད་དོ།།
 
ས་བཅད་གསུམ་པ།གབ་ཡིག་མིང་དོན་བརྡ་སྤྲོད།
 
གབ་ཡིག་མིང་དོན་བརྡ་སྤྲོད་ལ།།ཉ་སྐྱོགས(ཉའི་རྣ་བྱ)།ཁྲོ་ཆུ(དངུལ་ཆུ)།འབྲས་ཀྱི་ཁྲག་(སིན་དྷུ་ར)།སེ་དར་རི་ས(སུཀྨེལ)། གླང་ཆེན་རྩི(གི་ཝང་)།སྲོག་གི་མེ་ཏོག(དོམ་མཁྲིས)།དྲི་ཆེན་ལྟེ་བ(གླ་རྩི)།རྩི་བོ་ཆེ(ཤིང་ཀུན)།རྩལ་པོ་ཆེ(དུང་)།ནག་པོ་ཚན་དེ(པི་པི་ལིང་)།དྲོད་སྨན(པི་པི་ལིང་)།སྒ་བོ་ཆེ(སྨན་སྒ)།རྣམ་རྒྱལ(ཨ་རུ་གསེར་མདོག)།གཡའ་རུག་པ(ཧོང་ལེན)།གསེར་མགོ(གསེར་མེ་ཏོག)།མོན་ལུག(ག་དུར)།ཟངས་རྩི(ཚ་ལ)།ཤིང་སྔོན(སྤྱི་ཞུར)།བསེ་(གོ་བྱེ)།མ་ནུ་(སེ་འབྲུ)།བརྒྱ་བྱིན(དུག་མོ་ཉུང་)།མུ་རྡོ(ཆུའི་རྡེའུ)། ཟབ་ལག་ཅན(ཆུ་རྩ)།གསེར་གྱི་སྡོང་བོ(ཆུ་རྩ)།རྩམ་ཤིང(ལྕུམ་རྩ)། ཞིབ་ཤིང(ཁྲོན་བུ)།ཐར་ཆུང་པ(ཁྲོན་བུ)།དགེ་འདུན་སྐྱེས(རི་ཤོ་བ)། གླང་ཤིང(མཛོ་མོ་ཤིང)།དུར་མ་འབྲི་རྩེ(རེ་རལ)།སྤྲེ་གཞུག (རེ་རལ)།མེ་ཏོག་འཕྲེང་བ(རྟ་ལྤགས་སྨུག་པོ)།གསེར་འདབ་ལྔ་བ(ལྕགས་ཆ་འབྲོང་སྟེང་)།སྔོ་སྤྲིན(ཁྲག་རྐང)།བོང་བུ་ཕྱེ་མར(ལྷོག་དུད་པ)།ལྕགས་ཀྱུ(ལྷོག་དུག་པ)།བོང་བུ་ལན་ཚ(ལྕེ་ཚ་བ)།ར་སྲུས་པ(སྲུབ་ཀ)།གཡའ་སྲུབ་པ(ཐུལ་པ)།སྟོང་རི་ཟིལ་བ་ཅན(གཉན་དུག་པ)།མིང་ཅན་ནག་པོ(ལུག་མིག་ནག་པོ)།འདྲེ་འཇིག་ཐང་ཆུ(གུ་གུལ་ནག་པོ)།སྤོས་དཀར(གུ་གུལ་དཀར་པོ)།ན་གུ་ཆུང(སྤང་རྩི)།ཀུན་བྱེད་རྒྱལ་བོ(སྤང་རྩི)།ཏེའུ་རྔོག་མ(མཆིན་སྨན)།ཙིའུ་དྲི་ཅན(རྩེའུ)།རྩི་མར་རྐང་གཅིག(ཕུ་རོན་རྐང་བ)།རྩ་མཁྲིས(ཁུར་ཆུང)།ཨའུ་ཙི(ཨ་བྷི་ཤ)།ལྷ་མིན་ཁྲག(སྒོག་སྐྱ)།ཨའོ་ཐ(ཨབི་ཥ)། ཤོག་ཤིང(རེ་ལྕག་པ)།ནས་ཚིག་ཐལ་བ(ཡ་བཀྴ་ར)།ཤིང་རྟ་མོ (ཤིང་ལ་བརྐོ་བའི་བྱིའུ)།བྱེ་སྟག(རྨིག་པ)།སྟག་ཁྲ་བོ(ཕྱེ་མ་ལེབ་ཁྲ་བོ)།ས་བྲད་ཧ་ལ(བྱང་ནག)།པད་མེ(བྱང་ཁྲ)།ས་འབྲུ་ནག་པོ(ཀོ་ཀོ་གཡག)།སྔོན་མོ་ཆབ་འདྲེན(དར་ཡ་ཀན་སྨུག་པོ)།ག་བུར་ནག་པོ(ཕག་རིལ་ཐལ་བ)།ཅོ་ཀ་ཀླད་སྨན(འབུ་སུག་ཧང་)།ཤ་ལ་གཡུ་རི(འབམ་པོ)།ལྷ་ཞོ(གངས་ཐིགས)།སྐྱེ་བ་རྒྱུ་ན་གཅོད(བྲག་སྤོས)། བེ་ལྗང(རེ་རལ)།ཕག་ལང་པ(ཡུ་གུ་ཤིང)།ཁྲི་ཏི་ཤིང(སྤང་རྩི)།སུག་པ་སྐྱེས(ཧོང་ལེན)།ཡོར་ཤིང་(འོམ་བུ)།སྐྲ་བཟང(པར་པ་ཏ)།ཀུ་དཀར(ཀྱི་ལྕེ་དཀར་པོ)།ཐ་རམས(བེ་ཀུར)།ཉི་དགའ(ལྕམ་པ)།འབུ་ལྕོགས(རྔ་ཁུར)།བྱ་ཐལ(རྒོད་བྲུན)།ཆུ་སྦུར(སྦུར་མགྱོགས)།ཟི་ར་སེར་པོ(ཟེ་ཏེ་ར)།ན་བུན་བུ་མོ(རྨུགས་པའི)།དུས་གཅིག་སྐྱེས་པའི་མ་བུ(འགྲོན་བུ་བུ་བུ་མ)།བུ་ལ་མ་སྐྱེས་མེ་ཏོག(འོམ་བུ་སྙེ་མ)།སྤྲིན་མགོ་མེ་ལོང(སོག་པའི་མེ་ལོང་)།ཁྱུང་ཕྲུག་པའི་བདུད་རྩི(ཆག་པའི་ཁ་ཆུ)།ཏྲི་ཡང་སྨུག་འཚེར་ག་པུར་དྲི(སྦལ་རྒྱབ་བཟང་ངེས་པ)།ས་བཅུད(མུ་ཟི)།རྡོ་བཅུད(བྲག་ཞུན)།ཤིང་བཅུད(བུ་རམ)།རྩི་བཅུད(སྦྲང་རྩི)།ཞོ་ཁ་ཆུ(ཆུར་ཁུ)།ར་སྐྱུར(རྩབས་མོ)།དེ་རྣམས་གབ་ཡིག་བརྡ་སྤྲོད་དོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号