ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་གཉིས་པ་རྟགས་འཇུག་གི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།

སྐབས་གཉིས་པ། རྟགས་འཇུག་གི་རྩ་འགྲེལ།

ལེའུ་དངཔོ། ཐོག་མརདགེ་བ་ཀླད་ཀྱིདོན།
ས་བཅད་དང་པོ། མཚན་དོན།
རྒྱ་གར་སྐད་དུ། ལིང་ག་ཨ་བ་ཏཱར་ནཱ་མ། བོད་སྐད་དུ། རྟགས་ཀྱི་འཇུག་པ་ཞེས་བྱ་བ།
ཞེས་གསུངས་ཏེ། ལིང་ག་ནི་རྟགས། ཨབ་ཏཱ་རནི་འཇུག་པ། ནཱ་མ་ནི་ཞེས་བྱ་བ་སྟེ། ཡི་གེ་མིང་གཞིསྔོནརྗེསརྣམསཀྱིཕོམོནིང་གི་རྟགསཀྱིའཇུག་ཚུལ་རྒྱས་པར་སྟོན་པས་བརྗོད་བྱའི་སྒོ་ནསབཏགས་པའོ།
ས་བཅད་གཉིས་པ། འགྱུར་ཕྱག་གི་ཚུལ།
འགྱུརཕྱགགི་ཚུལ་དུ།སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །
ཞེས་སྨྲས་ཏེ། སྨྲ་བ་ནི་ངག་དང་དབང་ཕྱུག་ནི་དབང་འབྱོར་བ་ཡིན་ལ། ངག་གི་རང་བཞིན་ཤེསབྱའི་ངོ་བོ་དངརྣམ་པ་ལུས་པ་ཇི་ལྟ་བ་བཞིན་སྨྲ་བ་ལ་ཐོགས་པ་མེད་པར་རང་དབང་དུ་སྤྱོད་པའི་འཇམདཔལ་དབྱངས་ལ་སྒོགསུམགུསཔསཕྱག་འཚལ་ཞེཔའོ
ས་བཅད་གསུམ་པ། མཆོད་བརྗོད།
སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། ། ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །
ཞེས་གསུངས་ཏེ། མཆོད་བརྗོད་ནི་གོང་དུ་བཤད་ཟིན་ལ། རྣམ་དཀར་ལས་རྣམས་གང་བྱེད་པ། །དེ་ཡི་ཐོག་མར་རྒྱལ་བ་མཆོད། །ཅེས་གསུངས་པ་ལྟར།འདིར་ཐམས་ཅད་མཁྱེན་པ་སྟེ། སངསརྒྱས་ལ་མཆོད་པར་བརྗོད་པ་ཡིན་ཏེ། ཆོས་རྣམས་ཀྱི་རྒྱུདང་རྐྱེན་དང་དངོས་པོའི་གཤིས་ལུགས་སྨྲ་བའི་སྐྱེས་བུ་མཆོག་སྟེ་གང་ཟག་མཆོག་ཏུ་གྱུར་པས་སྨྲ་བའི་རྒྱལ་བོར་གྱུར་པ། ཆོས་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་རློན་པ་བཞག་པ་ལྟརགཅིགཅར་དུ་མངོན་སུམ་དུ་རྟོགས་པའི་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཞེསསུམཅུབའིམགོརདཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང༌། འདིར་རྒྱལ་བ་ཐམས་ཅད་མཁྱེན་པ་སྟེ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་བྱས་པའོ། །
དཔྱད་གཞི།
སྤྱིར་བསྟན་བཅོས་ལོ་ལ་འཇུག་པའི་སྒོ་གསུམ་ཡོད་དེ། སྙན་དངགས་མེ་ལོང་ལས། ཤིས་བརྗོད་ཕྱག་བྱདངོས་པོ་ནི། ། ངེས་པར་བསྟན་པའང་དེ་ཡི་སྐོ །ཞེས་གསུངས་པ་ལྟར།ཤིས་བརྗོད། ཕྱག་བྱ།དངོསཔོ་ངེསབསྟན་བཅསགསུམཡོད་དེ། །ཤིས་བརྗོད་ནི་སྙན་དངགས་མེ་ལོང་ལས། མངོན་པར་འདོད་པའི་དངོས་པོ་ལ། །སྨོན་པ་ཤིས་བརྗོད་ཅེསབྱདཔེར། །ཞེསདང༌། སློབ་དཔོན་ཀླུསྒྲུབ་ས།བསྟན་བཅོས་རྩོམ་པས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲེལ་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །གུས་པ་བསྐྱེད་པ་ཁོ་ནའོ།ཞེས་གསུངས་པ་ལྟར་རོ
ལེའུ་གཉིས་པ། བར་དུ་དགེ་བ་གཞུང་གི་དོན།
ས་བཅད་དང་པོ། སྤྱིར་ཡི་གེ་ལ་རྟགས་ཀྱི་དབྱེ་བ་བཤད་པ།
ཕོ་ཡི་ཡི་གེ་འབའ་ཞིག་ལ། །སྡེ་བ་ཕྱེད་དང་བརྒྱད་གནས་པའང༌། །
ཞེས་གསུངས་ཏེ། སྤྱིར་ཕོའི་ཡི་གེ་གསལ་བྱེད་སུམ་ཅུ་བོ་འབའ་ཞིག་སྟེ་ཁོ་ན་ལ་སྡེ་བ་ཕྱེད་དང་བརྒྱད་དུ་གནས་ཡོད་དེ། ཀ་སྡེ། ཅ་སྡེ། ཏ་སྡེ། པ་སྡེ། ཙ་སྒེ ཞ་སྡེ། རསྡེ་སྟེ་ཡི་གེ་བཞི་རེ་སྡེ་བ་རེ་བྱས་པས། སྡེ་བ་ཆ་ཚང་བདུན་དང༌། ཧ་ཨགཉིས་ནི་སྡེ་བ་ཕྱེད་དུ་བརྩིས་པས་སྡེ་བ་ཕྱེད་དང་བརྒྱད་ཡོད་པའི་གསལ་བྱེད་སུམ་ཅུ་ཕོ་ཡིག་ཏུ་དངོས་སུ་བསྟན་པའི་ཤུགས་ལ། དབྱངས་ཡིག་བཞི་མོ་ཡིག་ཡིན་པར་བསྟན་པའོ།། དེ་ཡང་གསལབྱེད་རྣམསབརྗོད་པའི་རླུང་ཤུགས་གསལ་ཞིང་གྲིམ་པས་ཕོ་ཡིག་དང༌།དབྱངས་ཡིག་བཞི་བརྗོད་པའིརླུང་ཤུགས་མི་གསལ་ཞིང་ལྷོད་པས་སྤྱིར་མོ་ཡིག་ཏུ་གསུངས་སོ། །
ས་བཅད་གཉིས་པ། མིང་གཞིའི་ཡི་གེ་ལ་ནང་གསེས་ཀྱི་
ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་བ་བཤད་པ་ནི།
སྡེ་ཚན་ལྔ་རུ་དྲིལ་བྱས་ཏེ། །ཡི་གེ་སུམ་ཅུ་ཐམ་པ་ལ། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་རུ། ། སྡེ་བ་བཞི་བ་ཡན་ཆད་དབྱེ། ། ལྷག་མ་བཅུ་བཞི་གནས་པ་ལ། །ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །ཝ་ནི་བ་དང་སྦྱར་བར་བྱ། ། ལྷག་མ་དྲུག་ནི་མོ་རུ་སྦྱར། །ར་ལ་ཧ་ཨ་མོ་གཤམ་སྟེ། །མ་ནིང་མཚན་མེད་ཅེས་ཀྱང་བྱ། །
ཞེས་གསུངས་ཏེ། གསལ་བྱེད་སུམ་ཅུ་སྡེ་བ་ཕྱེད་དང་བརྒྱད་ཡོད་པ་དེ་ལ་ཡང་སྡེ་ཚན་ལྔ་རུ་དབྱེ་སྟེ།ཀ་མད་སུམ་ཅུ་ཐམ་པ་བོ་དེ་ལ། ཕོ་དང༌། མ་ནིང༌། མོ་དང༌། ཤིན་ཏུ་མོམོ་གཤམ་མམ་མ་ནིང་མཚན་མེད་དོ། དེ་ཡང་འཇིག་རྟེན་ན་ཕོ་སྐད་ཀྱི་གདངས་གྲིམ་ཞིང་དྲག་པ་དང༌། མོ་སྐད་ཀྱི་གདངས་ལྷོད་ཅིང་ཞན་པ་དང༌། མ་ནིང་གྲིམ་ལྷོད་རན་པ་སོགས་ཀྱི་དཔེ་བཞིན། གསལབྱེད་ཀྱི་ཡི་གེ་རྣམས་མིང་གཞིར་སོང་བའི་ཚེ།རྗོད་པའི་རླུང་ཤུགས་གྲིམ་ཞིང་དྲག་པ་ཕོ་ཡིག་དང༌། གྲིམ་ལྷོད་རན་པ་མ་ནིང་དང༌།ཅུང་ཟད་ལྷོད་པ་མོ་དང༌། དེ་ལས་ཀྱང་ལྷོད་པ་ཤིན་ཏུ་མོ་དང༌། ཤིན་ཏུ་ལྷོད་ཅིང་ཞན་པ་མོ་གཤམ་གྱི་ཡི་གེར་བཞག་པ་ཡིན་ནོ ། དེས་ན་སྡེ་བ་བཞི་བ་ཡན་ཆད་ཀྱི་སྡེ་བ་བཞིའི་དང་པོ་ཀ་ཅ་ཏ་པ་བཞི་ཕོ་དང༌།གཉིས་པ་ཁ་ཆ་ཐ་ཕ་བཞི་མ་ནིང་དང༌། གསུམ་པ་ག་ཇ་ད་བ་བཞི་མོ་དང༌། བཞི་བ་ང་ཉ་ན་མ་བཞི་ཤིན་ཏུ་མོ་ཡིན་ལ། དེའི་ལྷག་མ་ཡི་གེ་བཅུ་བཞི་གནས་པའམ་ཡོད་པའི་ནང་ནས། ཙ་ཚགསུམ་ནི། ཅ་ཚཇ་གསུམ་དང་སྦྱར་ཏེ། ཙ་ནི་ཅ་དང་སྦྱར་བས་ཕོ་དང༌། ཚནི་ཆ་དང་སྦྱར་བས་མ་ནིང་དང༌། ཛནི་ཇ་དང་སྦྱར་བས་མོ་ཡིན་ལ། ཝ་ནི་བ་དང་སྦྱར་བས་མོ་ཡིག་ཏུ་ཤེས་པར་བྱའོ།ལྷག་མའི་ཞ་ཟ་འ་ཡ་ཤ་ས་དྲུག་ནི་མོ་ཡིག་ཡིན་པ་དང༌། ར་ལ་ཧ་ཨ་བཞི་ནི་མོ་གཤམ་སྟེ་མིང་གཞན་མ་ནིང་མཚན་མེད་ཅེས་ཀྱང་བྱའོ། །
དཔྱད་གཞི།
ལོ་ཆེན་ནམ་མཁའ་བཟང་བོས། ཨ་ཡིག་རྟགས་མེད་འོ། ། ཞེས་དང༌།
དག་ཡིག་ཟ་མ་ཏོག་ལས། ཕྱོགས་སུ་ལྷུང་བ་ཉི་ཤུ་དགུ ། སུམ་ཅུ་བ་ནི་ཕྱོགས་ལྷུང་མེད། །ཅེས་དང།
སི་ཏུསཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་དང༌།
ཨ་ལ་ཤས། ར་ལ་ཧ་ནི་མོ་གཤམ་སྟེ། །ཨ་ནི་ཀུན་གྱི་སྲོག་ཏུ་ཞུགས། །ཞེས་དང༌།
འགྲེལབ་མང་ཆེ་བས། ར་ལ་ཧ་ནི་མོ་གཤམ་སྟེ། །མ་ནིང་མཚན་མེད་ཅེས་ཀྱང་བྱ། །ཨ་ཡིག་འདིརནི་རྟགས་མེད་དོ།ཞེས་འགྲེལ་བས་བརྟག་པར་འཚལ་ལོ །
སྡོམ་ཚིག
གསལ་བྱེད་ཀ་སོགས་སུམ་ཅུ་ལས། ཀ་ཅ་ཏ་པ་ཙ་ལྔ་ཕོ། །ཁ་ཆ་ཐ་ཕ་ཚམ་ནིང༌། །ག་ཇ་ད་བ་ ཛ་དང་ཝ། །ཞ་ཟ་འ་ཡ་ཤ་ས་སྟེ། །མོ་ཡི་ཡི་གེ་བཅུ་གཉིས་ཡིན། །ང་ཉ་ན་མ་ཤིན་ཏུ་མོ། །ར་ལ་ཧ་ཨ་མོ་གཤམ་སྟེ། །མིང་གཞན་མ་ནིང་མཚན་མེད་ཟེར། །མིང་གཞི་ཕོ་མོ་མ་ནིང་སོགས། །རྒྱུམཚན་གང་གིས་བཞག་ཅེ་ན། །སོ་སོར་ངག་ནས་བརྗོད་པའི་ཚེ། །སྐྱེ་གནས་མགྲིན་སོ་མཆུ་རྐན་སོགས། །བྱེད་རྩོ་ཆེ་ཆུང་སྒོ་ནས་བཞག །
དྲི་ཚིག
༡ རྟགས་འཇུག་ཅེས་པའི་བཏགས་དོན་ཅི།
༢ སྤྱིར་བོད་ཡིག་ལ་རྟགས་ཀྱི་དབྱེ་བ་དུ་ཡོད། རྒྱུ་མཚན་ཅི།
༣ སྡེ་ཚན་ལྔ་རུ་དྲིལ་ཚུལ་ཅི་ལྟར་ཡིན།
༤ གསལ་བྱེད་སུམ་ཅུའི་རྟགས་ཀྱི་དབྱེ་བ་ཤོད།
༥ མིང་གཞི་རྟགས་ཀྱི་དབྱེ་བ་རྒྱུ་མཚན་གང་གིས་བཞག
༦ སྡེ་བ་ཕྱེད་དང་བརྒྱད་གནས་པ་ནི་སྡེ་ཚན་ལྔ་རུ་དྲིལ་ལམ་མི་དྲིལ།
ས་བཅད་གསུམ་པ། སྔོན་འཇུག་གི་རྟགས་ཀྱི་
འཇུག་པ་བཤད་པ།
དང་པོ།སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ།
གཅིག   མིང་གཞི་ལས་རྗེས་འཇུག་དབྱུང་ཚུལ་བཤད་པ།
མོ་ཡི་ཡི་གེ་ནང་ནས་ནི། ། འཇུག་པའི་ཡི་གེ་བཅུ་དབྱུང་བྱ།
ཞེས་གསུངས་ཏེ། གསལ་བྱེད་སུམ་ཅུའི་མོ་ཡིག་ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས་ང་ཉ་ན་མ་ར་ལ་ཧ་ཨ་ ་བཅས་ཉིཤུ་ལསརྗེསའཇུགཡིགེ་བཅུ་དབྱུང་བ་སྟེ། ག་ང་ད་ན་བ་མ་ལ་་ར་ལ་ས་རྣམས་དབྱུང་བར་བྱའོ།
གཉིས། རྗེས་འཇུག་ལས་སྔོན་འཇུག་དབྱུང་ཚུལ་བཤད་པ།
འཇུག་པ་བཅུ་ཡི་ནང་ནས་ནི། །སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号