ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་གཉིས་པ་རྟགས་འཇུག་གི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
དེ་ཡང་དཔེར་བརྗོད་དང་བཅས་རྒྱས་པར་བཤད་ན། དངོས་པོ་དང༌། ལས་དང༌། དུས་ལ་འཇུག་པ་སྟེརྣམསགསུམདུའདུསསོ།དང་པོ་དངོས་པོ་ལ། དངོས་པོ་བདག་དང༌། གཞན་དང།བདག་གཞན་གཉིས་ཀ་དང༌། བྱ་བའི་ཡུལ་ལ་འཇུག་པ་སྟེ་བཞིའོ། །གཉིས་པ་ལས་ལ་གཉིས་ཏེ། བྱ་བའི་ལས་དང༌། བྱེད་པའི་ལས་ལ་འཇུག་པ་གཉིས་སོ། །གསུམ་པ་དུས་ནི། འདས་མ་འོངས་ད་ལྟ་ལ་འཇུག་པ་གསུམ་དུ་འགྱུར་རོ། །ལས་གང་བྱེད་པ་པོ་ལ་བདག་ཅེས་བྱ་སྟེ། དཔེར་ན། ཤིང་གཅོད་པ་པོ་ལྟབུའོ། བྱ་བ་བསྒྲུབ་པརབྱབའིཡུལལས་ཀྱི་དངོས་པོ་ཞེས་བརྗོད་དེ། གཅད་བྱའི་ཤིང་ལྟ་བུའོ། །བྱེད་པ་པོ་ཤིང་མཁན་དང་འབྲེལ་བའིལསལ་བྱེད་པའི་ལསཞེསབྱསྟེ། ཤིང་མཁན་གྱིས་སྟརེ་ཤིང་གཅོད་པར་བྱེད། །བྱ་བའི་ཡུལ་ཤིང་དང་འབྲེལ་བའི་ལས་ལ་བྱ་བའི་ལས་ཞེས་འདོགས་པ་ཡིན་ཏེ།དཔེར་ན། ཤིང་བཅད་ནས་དུམ་བུར་འགྲོ་བའི་ཆ་ལ་ཤིང་གཅདཔར་བྱ་ལྟ་བུའོ།བྱ་བ་གང་ཡང་རུང་བ་ཞིག་བྱས་ཟིན་པནི་འདས་པ་དང༌། བྱེད་པར་འགྱུར་བ་ནི་མ་འོངས་པ་དང༌། བྱེད་བཞིན་པ་ནི་དུས་ད་ལྟ་བར་འདོད་པའོ། །མདོར་ན་ཤིང་མཁན་ནི་བྱེད་པ་པོ་དང༌། སྟ་རེ་ནི་བྱེད་པ་དང༌། ཤིང་ནི་ལས་ཀྱི་དངོས་པོ་ཡིན་ཞིང༌། སྟ་རེས་ཤིང་གཅོད་པར་བྱེད་པའི་ལས་ནི། བྱེད་པ་པོ་དང་བྱེད་པ་སྟ་རེ་དང་འབྲེལནས་ཡོད་པས་ན། བྱེད་པ་པོ་དང་འབྲེལ་བའི་བྱེད་ལས་དང༌། ཤིང་བཅད་ནས་དུམ་བུར་འགྲོ་བའི་ཆ་ནི་བྱ་བ་བསྒྲུབ་པའིཡུལ་ཏེ་ལས་ཀྱི་དངོས་པོ་ཤིང་དང་འབྲེལ་ནས་ཡོད་པས་གཅད་པར་བྱ་ནི་བྱ་བའི་ལས་ཞེས་བྱའོ། །བྱེད་པ་པོ་དང༌། བྱེད་པ་དང༌། བྱེད་པའི་ལས་རྣམས་དངོས་པོ་བདག་དང༌། བྱ་བ་བསྒྲུབ་པའི་ཡུལ་ཏེ་ལས་ཀྱི་དངོས་པོ་གཅད་བྱ་ཤིང་དང༌། བྱ་བའི་ལས་གཅད་པར་བྱ་ཞེས་པ་ཤིང་དུམ་བུར་ཆད་པའི་ཆ་དེ་དངོས་པོ་གཞན་དུ་འཇོག་པའོ།རྟགས་ཀྱི་འཇུག་པའི་དོན་དཔྱིས་ཕྱིན་པར་ཤེས་པ་དེ་དག་གོ་བ་ལརག་ལཔ་ཡིནནོ། །ཤེསབྱའི་སྤུ་རིསཕྲ་བ་དག །མ་འདྲེས་གསལ་བར་ཕྱེ་བ་འདི། །གཅེས་ནོར་ཕལ་གྱིསཁུགསནུསམིན། །བློལྡན་དགྱེས་པའི་སྐྱེསསུའབུལ། ། ཞེསགསུངས་པ་ལྟརཤེསཔར་བྱའོ།
དེལྟརསྔོན་འཇུགརྣམསདགོས་པ་ཅིའི་ཕྱིར་འཇུག་པའི་དཔེ་ལ། །སྔོན་འཇུག་གི་ཕོ་བ་ཡིག་ནི།དུས་འདས་པ་དང༌། དངོས་པོ་གཞན་དང༌། བྱ་བའི་ལས་བསྒྲུབ་པའི་ཕྱིར་འཇུག་པ་ལས། །
འདསའཇུག་པ་ནི། དཔེརན། ཆུ་བཀག གོང་དུ་བཀུར།གོས་བསྐོན་ཏོབརྩེབས་བསྐྱངས། ཆུ་ལསབསྒྲལཏོ།ལྷབསྒྲུབས། བདག་མེད་བསྒོམས།ཚོད་བགམས། ལམ་བསྒགས།དུསབསྒྱངསབུརམབསྒརཏོ སྒྲོའདོགས་བཅད། རྩྭབརྔས། དགྲ་བཅོམ། བརྗོད་ཟིན།བསྙེན་པར་བྱས། མིག་གིས་བལྟས། སྨན་བསྡེབས། མཚོན་བསྣམས། བུ་བཙས། གཞུང་བརྩམས།དྲུསབཞོས། གོསབཟར།ལགཏུབཟུང། སྔགས་བཟླས།ཡིགེབསླབས། བྱིནགྱིས་བརླབསསྡིག་པ་བཤགས།མཆོད་པ་བཤམས།ཕྱོགས་གཅིག་བསྲེས། མེར་བསྲེགས། ཞེས་སོགས་དང༌།
དངོས་པོ་གཞན་འཇུག་པ་ནི། བཀུ་བྱའི་སྨན། བསྒག་བྱ། བསྒྱང་བྱ། བསྒར་བྱ། བསྒོམབྱ།བསྒྲུབབྱ། བརྔ་བྱའི་རྩྭབསྔོ་བྱའི་དགེ་རྩ། བཅོལ་བྱའི་རྫས། བརྗོད་བྱའི་དོན། བརྙན་བྱའི་གོས།བཏུ་བྱའི་སྔགས། བསྟན་བྱ། བདར་བྱའི་ཕྱེམ། བསྡེསབྱ། བསྣམབྱ། བཅོ་བྱའི་འབྲས། བརྩམབྱའི་ཆོས། བཞོ་བྱའི་འོ་མ། བཟེད་བྱའི་སྣོད། བཟླ་བྱའི་སྔགས། བཤགས་བྱའི་ཉེས་པ། བསག་བྱའི་དགེ་བ། ཞེས་སོགས་བྱ་བ་བསྒྲུབ་པའི་ཡུལཏེ་ལས་ཀྱི་དངོས་པོརགོ་བའོ
བྱ་བའི་ལས་བསྒྲུབ་པའི་ཕྱིར་འཇུག་པ་ནི། བཀུརབརབྱ། བསྐྱང་ར་བྱ། བསྒོམ་པར་བྱ།བསྔོབརབྱ། བཏུར་བྱ། བརྩིབརབྱ། བཞུབརབྱ། བསྲུང་བར་བྱ་སོགསབྱ་བ་བསྒྲུབ་པའིཡུལ་གྱིསྟེང་ན་འགྲུབ་པའི་ལས་ལ་གོ་བའོ། །
དེ་དག་གི་འཇུག་ཚུལ་རིམ་པ་བཞིན་དཔེར་བརྗོད་་ནི། བསྐྱེད་ཟིན་བསྐྱེད་བྱ་བསྐྱེད་པར་བྱ། །བསྐྱབས་དང་བསྐྱབ་བྱ་བསྐྱབ་པར་བྱ། །བསྐྱངས་དང་བསྐྱང་བྱ་བསྐྱང་བརབྱ། །བསྐུམས་དང་བསྐུམ་བྱ་བསྐུམ་པར་བྱ། ། བརྐྱངས་དང་བརྐྱང་བྱ་བརྐྱང་བར་བྱ། །དཔོན་བསྐོས་བསྐོ་བྱ་བསྐོ་བརབྱ། །སྣུམ་བསྐུས་བསྐུ་བྱ་བསྐུ་བར་བྱ། །ནོར་བརྐུས་བརྐུ་བྱ་བརྐུ་བར་བྱ། །ལྷ་བསྒོམསབསྒོམབྱབསྒོམཔརབྱ། །ཆོསབསྒྲུབསབསྒྲུསབྱབསྒྲུབ་པར་བྱ། །མནལབསྒགས་བསྒག་བྱ་བསྒག་པར་བྱ། །དུས་བསྒྱངས་བསྒྱང་བྱ་བསྒྱང་བར་བྱ། །བསྒར་ཏོབསྒརབྱབསྒརར་བྱ །བསྒྲལཏོབསྒྲལབྱབསྒྲལབརབྱ། །བརྒྱན་ཏོ་བརྒྱན་བྱ་བརྒྱན་པརབྱ། །ཕྲེང་བརྒྱུས་བརྒྱུ་བྱ་བརྒྱུབར་བྱ། །ཞིང་བརྔས་བརྔ་བྱ་བརྔ་བརབྱ། །དགེ་བསྔོས་བསྔོ་བྱ་བསྔོ་བར་བྱ། །བརྗོད་ཟིན་བརྗོད་བྱ་བརྗོད་པར་བྱ། །བསྙད་ཟིན་བསྙད་བྱ་བསྙད་པར་བྱ། །ངག་བསྡམསབསྡམབྱབསྡམར་བྱ། །སྨན་བསྡེབས་བསྡེབ་བྱ་བསྡེབ་པར་བྱ།།དོནབསྡུསབསྡུབྱབསྡུབར་བྱ།།གོསབསྣམསབསྣམབྱབསྣམཔར་བྱ།།འབྲསབཙོསབཙོབྱ་བཙོར་བྱ། །ཆོསབརྩམསབརྩམབྱ་བརྩམཔརབྱ། །གྲངསབརྩིསབརྩིབྱ་བརྩིབརབྱ། །བཞར་ཟིན་བཞར་བྱ་བཞར་བར་བྱ། །བཞོས་དང་བཞོབྱ་བཞོ་བར་བྱ། །སྔགས་བཟླས་བཟླ་བྱ་བཟླ་བརབྱ། །ཆོསབསླབསབསླསབྱབསླབ་པར་བྱ། །བཤད་ཟིན་བཤད་བྱ་བཤད་པར་བྱ། །མཆོད་བཤམསབཤམབྱ་བཤམར་བྱ། །བསྲེསདང་བསྲེ་བྱ་བསྲེ་བར་བྱ། །ཤིང་བསྲེགས་བསྲེག་བྱ་བསྲེག་པརབྱ། །ཁྲིམསབསྲུངསབསྲུང་བྱབསྲུཔབར་བྱ། །ཞེསསོགསལྟ་བུསྟེརིར་པ་བཞིན་དུསའདསདང་དངོས་པོ་གཞན་དང་བྱ་བའི་ལས་བསྒྲུབ་པ་ལ་འཇུག་པའོ། །དེ་ཡང་སྣོད་བཀང༌། ཆུ་བཀག ལག་
ཏུབཟུང་ལྟ་བུ་སྔོན་འཇུག་ཁོ་ནའི་ནུས་པས་འདས་ཚིག་ཏུ་གྲུབ་པས་ཡང་འཇུག་མེད་ཅིང༌། བསྒོམས་བསྒྲུབས་ལྟ་བུ།གཙོ་བོར་ཡང་འཇུག་གི་ནུས་པས་འདས་ཚིག་ཏུ་གྱུར་པ་ཡིན་གྱིཡང་འཇུག་མེད་ན་འདས་ཚིག་ཏུ་མི་འགྲོའོ། །ཡང་བྱ་ཡིག་མེད་ཀྱང་བཟའ་བ། བཏུང་བ། བགོ་བ། བཅིབ་པ། བཞོ་བ།བཟླ་བ་སོགས་དངོས་པོ་གཞན་ལ་འཇུག་པ་སོགས་ཀྱི་ཁྱད་པར་ཤེས་པ་གལ་ཆེ་ཞིང༌། དེ་བཞིན་དུ་འཆད་འགྱུར་མ་ནིང་མོ་ཡིག་སོགས་ཀྱི་འཇུག་པའི་སྐབས་སུའང་ཤེས་པར་བྱའོ། །དེ་དག་གི་ཟླས་དྲངས་པའི་བྱེད་པ་པོ་དང༌། བྱེད་པའི་ཚིག་ད་ལྟ་བ་ལས་འཕུལ་མེད་དེ། སྐྱེད་པ་པོ་དང༌། སྐྱོང་བ་བོ། སྐྱོབ་པཔོ།དཔོནསྐོ་བ་བོ། ནོར་རྐུ་བ་བོ། ཆོས་ལ་སྐུལ་བ་བོ། གཏམ་སྒྲོག་པ་པོ། ཞིང་རྔ་བ་བོ། རྗོད་པ་པོ།ལྟ་བ་བོ། ལྡུག་པ་པོ།སྡོམ་པ་པོ།ཆོས་རྩོམ་པ་པོ།རྒྱུསྐར་རྩིབ་བོ། ཁང་བ་རྩིག་པ་པོ། མཆོད་པ་ཤོམ་པ་པོ།མེ་ལ་སྲོ་བ་བོ། མེས་སྲེག་པ་པོ། ཆོས་སེམས་པ་པོ། ཞེས་སོགས་དང༌། བྱེད་ཚིག་ལ་འཇུག་་ནི།སྐྱེད་པར་བྱེད། སྒྲོག་པར་བྱེད། སྒོམ་པར་བྱེད། ཅེས་སོགས་གོང་དུ་བཤད་མ་ཐག་པ་ལ་བྱེད་ཚིག་སྦྱར་བ་རྣམས་སོ། །སྐུལ་ཚིག་ལ་བས་འཕུལ་མེད་དེ། སྐྱོངས་ཤིག སྐྱོབས་ཤིག སྒོམསཤིག སྒྲུབསཤིག སྒྲོགས་ཤིག་སོགས་ག་ང་བ་མའི་མཐར་ཡང་འཇུག་ས་ཡིག་དང༌། ཞིང་རྔོས་ཤིག དགེ་བ་སྔོས་ཤིག མིག་གིསལྟོསཤིག ཉེསསསྡོམསཤིག བརྩོན་འགྲུས་རྩོམས་ཤིག  གྲངས་རྩིས་ཤིག  སྡོམ་པ་སྲུངས་ཤིག ཉི་མར་སྲོས་ཤིག མེར་སྲེགསཤིག དོན་སོམསཤིག ཅེས་སོགས་ཕལ་ཆེར་སའི་མཐའ་རྟེན་འཐོབ། དེས་ན་བྱ་བྱེད་ཀྱི་ཚིག་གང་ཡང་མ་སྦྱར་བ་བསྒོམས་དང༌། བསྒོམ། སྒོམ། སྒོམས་སོགས་འབྱུང་ཚེརིམ་བཞིན་འད་པ་ང་། བསྒོམ་བྱ་དང༌། སྒོམ་པ་པོའམ་སྒོམ་བྱེད་དང༌། སྐུལ་ཚིག་ཏུ་གོ་བ་སོགསགཞན་ལའང་རིགས་འགྲེའོ །
གཉིས་པ་སྔོན་འཇུག་གི་མ་ནིང་ག་དང་ད་ཡིག་དགོས་པ་ཅིའི་ཕྱིར་འཇུག་པ་ནི། དངོས་པོ་བདག་དང༌། གཞན་གཉིས་དང༌། དུས་ད་ལྟ་བ་སྟོན་པའི་ཆེད་དུ་འཇུག་པ་གཙོ་ཆེ་སྟེ། གས་འཕུལ་དངོས་པོ་བདག་ལ་འཇུག་པ་དཔེར་ན། ཤིང་གཅོད་པ་པོ།དོན་གཉེར་བ་བོ། སྦྱིན་པ་གཏོང་བ་བོ། གྱེན་དུ་གདེག་པ་པོ། འོག་ཏུ་གནོན་པ་པོ།སྲོལ་གཙུག་པ་པོ།བློས་གཞིག་པ་པོ།དགྲ་གཞོམ་པ་པོ། གོས་གཟར་བ་བོ། ལག་ཏུ་གཟུང་བ་བོ། ཟས་གཡོ་བ་བོ། སེམས་གཡེང་བ་བོ། ཤིང་གཤོག་པ་པོམཆོད་པ་གཤམ་པ་པོ།དགྲ་འགོག་པ་པོ།ནོར་གསོག་པ་པོཞེས་པ་ལྟ་བུ་དང༌། བདག་དང་འབྲེལ་བའི་ལས་སམ་བྱེད་པའིལས་ལ་འཇུག་པ་ནི། གཅོད་པར་བྱེད། དོན་དུ་གཉེར་བར་བྱེད། ཁྲག་གཏར་བར་བྱེད། གཏུབ་པརབྱེད། གདེག་པར་བྱེད། གནོད་པར་བྱེད། མེ་གཙུབ་པར་བྱེད། ནང་དུ་གཞུག་པར་བྱེད། དོན་ལ་གཞོལབར་བྱེད། ཕྲག་པར་གཟར་བར་བྱེད། གོས་གཡོག་པར་བྱེད། གྲལ་དུ་གཤིབ་པར་བྱེད། དགེ་བ་གསོག་པར་བྱེད། ཅེས་སོགས་གོང་སྨོས་རྣམས་ལ་བྱེད་ཚིག་སྦྱར་བ་སྟེ། བྱེད་ལས་ད་ལྟ་བ་ཡང་ཡིན། ག་ཡིག་དངོས་པོ་གཞན་ལ་འཇུག་པ་ནི། གཅད་བྱའི་ཤིང༌། གཏང་བྱའི་རྫས། གཉེརབྱའི་དོན། གཉུལབྱའི་ནགས། གདག་བྱའི་མིང༌། གཞག་བྱ། གཟུང་བྱ། གསོ་བྱ། ཞེས་སོགས་བྱ་ཡིག་སྦྱར་བ་རྣམས་དང༌། གཞན་དང་འབྲེལ་བའི་ལས་སམ་བྱ་བ་ཉིད་ལ་འཇུག་པ་ནི། གཅད་པར་བྱ། གཏང་བར་བྱ། གཉེར་བརབྱ། གཉུལར་བྱ། གཏུབཔརབྱ། གདསཔརབྱ། བློགཞོལབརབྱ། གཞག་པར་བྱ། གཟུང་བརབྱ། གསོག་པར་བྱ་སོགས་བྱ་ཡིག་སྦྱར་བ་རྣམས་ཏེ། གཞན་དང་འབྲེལ་བའི་བྱ་བའི་ལས་ད་ལྟ་བར་བཤད་དོ།སྔོན་འཇུག་གི་ད་ཡིག་དངོས་པོ་བདག་ལ་འཇུག་པ་ནི།སྐུད་པ་དཀྲི་བ་བོ། ཞོ་དཀྲོག་པ་པོ། རོལ་མོ་དཀྲོལ་བ་བོ། ཕན་ཚུན་དཀྲུག་པ་པོ།ལོགས་སུ་དགར་བ་བོ། ཡི་གེར་དགོད་པ་པོ། མདུད་པ་དགྲོལ་བ་བོ། མཚརདུདངར་བ་བོ། སྐྲགཔའིདང་བ་བོ།གཏིངདཔོག་པ་པོ།རིགས་པས་དཔྱོད་པ་པོལས་ལ་དབང་བ་བོ། མདུང་དབྱུག་པ་པོལྷ་ལ་དམིགས་པ་པོ།གཞན་ལ་དམོད་པ་པོ།འཛུམ་དམུལབ་བོ། བྱེད་པའིལས་ལ་འཇུག་པ་ནི། དཀྲི་བར་བྱེད། དཀྲོལར་བྱེད། དགརབརབྱེད། དགྲོལ་བར་བྱེད། དཔོག་པར་བྱེད། བྱེད་པ་ལ་འཇུག་པ་ནི། དཀྲིབྱེད། དཀྲོགབྱེད། དཀྲོལབྱེད། ཅེས་སོགས་བྱེད་ཚིག་སྦྱར་བ་རྣམས་དང༌། ད་ཡིག་དངོས་པོ་གཞན་ལ་འཇུག་པ་ནི། དཀྲི་བྱའི་སྐུད་པ། དཀྲོག་བྱའི་ཞོདཀྲོལ་བྱའི་དྲིལ་བུ་དང༌། དགག་བྱ།དགངབྱ། དགརབྱ། དབུལབྱ། དབྱུང་བྱ། དཔྱད་བྱ། དཔག་བྱ། ཞེས་དང༌། ག་དང་ད་ཡིག་བདག་གཞན་གཉིས་ཀ་ལ་ཁྱད་པར་མེད་པར་འཇུག་པའང་མང་སྟེ།གཅེས་དང་གཉེར་དང་གཏོར་བ་སོགས།།གཅེསཔ་པོདང་གཅེསབྱའི་ནོར།།གཉེརབ་བོ་དང་གཉེརབྱའི་དོན། །གཏོར་བ་ང་གཏོརབྱའིའབྲུ། །གདུ་བ་བོ་དང་གདུ་བྱའི་སྨན། །གནོད་པ་པོ་དང་གནོད་བྱའི་ལུས།།གཙུག་པ་པོ་དང་གཙུག་བྱའི་ཤིང༌། །གཞོལ་བ་བོ་དང་གཞོལ་བྱའི་ལས། །གཟར་བ་བོདངགཟརབྱའི་གོའ།།གཡེང་བ་བོ་དང་གཡེང་བྱའི་ཡུལ། །གཤོ་བ་བོ་དང་གཤོ་བྱའི་ཆུ། །གསོ་བ་བོ་དང་གསོབྱའི་ནད། །དཀྲི་བ་བོ་དང་དཀྲི་བྱའི་དར།།དཀྱུ་བ་བོ་དང་དཀྱུ་བྱའི་རྟ། །དགར་བབོ་དང་དགརབྱའི་གནས། །དགྱེས་པ་པོ་དང་དགྱེས་བྱའི་ཡུལ། །དབང་བ་བོ་དང་དབང་བྱའི་ནོར།།དམོད་པ་པོ་དང་དམོད་བྱའི་ཡུལ། །དམིགས་པ་པོ་དང་དམིགས་བྱའི་རྟེན། །ཞེས་སོགས་དངོས་པོ་བདག་གཞན་གཉིས་ཀལ་འཇུག་པ་འདྲ་བའོ།
དངོས་པོ་གཞན་དང་འབྲེལབའི་བྱ་བའིལསའཇུག་པ་ནི། དཀྲིབརབྱ། དཀྲོལབརབྱ།དགག་པར་བྱ། དགང་བར་བྱ་སོགསསྦྱར་བ་རྣམསདང། ད་ཡིག་ལྟ་བ་ལ་འཇུགཔ་ནི། དཀྲིབཞིན་པ། དཀྲོལ་བཞིན་པ། དཀྲོག་བཞིན་པ། ཚིགགྲོགསསྦྱརང་། དགག དགང་། དགའདགྱེས།དགྲམ། དགྲོལ། དགུག དགོད། དབུལ། དབབ། དབུག དབྲོལ། དབྱེ། དབྱུང་།སོགས་སྐབས་ཐོབ་ཀྱིས་ད་ལྟ་བ་དང་མ་འོངས་པ་ཅི་རིགས་པར་འཇུག་པ་དང༌། བདག་གཞན་དང་འབྲེལ་བའིབྱ་བྱེད་ལཀྱིསྒྲརྣམསཀྱང་ད་ལྟ་བར་བཤད་དེ། དཔེར་ན། སྟ་རེས་ཤིང་གཤོག་པའི་བྱ་བ་བྱེད་བཞིན་པ་ལ་བྱེད་པའི་ལས་དང༌། ཤིང་ལ་ཕོག་པས་དུམ་བུར་འགྲོ་བཞིན་པ་དེ་ལ་བྱ་བའི་ལས་ཞེས་བཏགས་པས་ན་ལས་དེ་གཉིས་ཀ་དུས་ད་ལྟ་བར་འཇོག་ཅིང༌། ཞ་ལུ་ལོ་ཆེན་གྱིས་བྱ་བའི་ལས་མ་འོངས་པར་གསུངས་པ་ནི་སྤྱི་ལ་དགོངས་ཤིང༌། པྲ་ཏིས་བྱ་བའིལས་ད་ལྟ་བའང་ཡོད་ཅེས་གསུངས་པས་མཁས་པ་མང་བོས་ད་ལྟ་བར་བཞེད་ལ། འོན་ཀྱང་རྗོད་པ་པོའི་བསམ་དོན་གྱི་དབང་དང༌། ཚིག་གྲོགས་ལས་ཀྱང་མ་འོངས་པ་ལ་འཇུག་པར་གསལ་བས་འགལ་བ་མིན་ནོ
གསུམ་པ་སྔོན་འཇུག་གི་མོ་འ་ཡིག་དགོས་པ་ཅིའི་ཕྱིར་འཇུག་པ་ནི། དངོས་པོ་བདག་གཞན་གཉིས་ལས་བདག་དང༌། དུས་གསུམ་ལས་གཙོ་བོར་མ་འོངས་པ་སྟོན་པའི་ཕྱིར་འཇུག་གོ །
དངོསཔོ་བདག་ལ་འཇུགསདཔེར་ན། སྐུད་པ་འཁལབ་བོ། ཁུར་འཁུར་བ་བོ། འཁོར་བ་བོ།འཁྱམས་པ་པོ།སེམས་འཁྲེན་པ་པོ།འཁྲིད་པ་པོ དྲི་མ་འཁྲུད་པ་པོ།ལམ་ལ་འགོད་པ་པོ།ཕྱེ་འགམཔ་པོ། འགྲོ་བ་བོ།འཆག་པ་པོའཆད་པ་པོ།བྱེད་དུ་འཇུག་པ་པོ།དགྲ་འཇོམས་པ་པོ། འཐབ་པ་པོ།འདོན་པ་པོ། འདྲེན་པ་པོ།འཕོ་བ་བོ། འཕྲོག་པ་པོ། འབད་པ་པོ། འཚོལ་བ་བོ།བཞིན་འཛུམཔོ། ཞེས་ལྟ་བུའོ
བདག་དང་འབྲེལབའི་བྱེད་པའིལས་ལ་འཇུག་པ་ནི། སྐུད་པ་འཁལ་བར་བྱེད། ཁུརའཁུར་བར་བྱེད། ཤིང་ལ་འཁྱུད་པར་བྱེད། ཁྱིམ་ལ་འཁྲེན་པར་བྱེད། གྱེན་དུ་འདྲེན་པར་བྱེད། ཅེས་སོགས་གོང་སྨོས་དཔེར་བརྗོད་དང་སྦྱར་ཏེ་ཤེས་པར་བྱ།
དུསམ་འོངས་པ་ལའཇུག་པ་ནི། འཁལ་བར་འགྱུར།འགྲོ་བར་འགྱུར།འཆག་པར་འགྱུར། དེ་བཞིན་དུ། འགྱུར།འགྲུབ། འཆར།འདག འབྱུང༌། འཛད། ཅེས་པ་རྣམས་སོ། །
རྩ་བརདངོསསུགསུངསཀྱང་འས་འཕུལད་ལྟ་བ་ལ་འཇུག་པ་མང་བར་བཤད་དེ། སྲང་གིས་འཇལ་བཞིན་པ། གདན་འདིང་གི་སྣང༌། རྒྱན་འདོག་གི་འདུག སེམས་འདུལ་བར་བྱེད། དེ་བཞིན་དུ། འཇིག འཇིལ། འཇོམ། འཇོག འཇུག འཛུག འཛིན་སོགས་དུས་ད་ལྟ་བ་ལ་འཇུག་པ་ཞ་ལུ་ལོ་ཆེན་གྱིསགསུངསཔས་ཚིག་གྲོགསལསཤེསཔརབྱའོ
བཞི་བ་སྔོན་འཇུག་གི་ཤིན་ཏུ་མོ་ཡིག་མ་ནི། དགོས་པ་ཅིའི་ཕྱིར་འཇུག་པ་ནི། དངོས་པོ་བདག་དང་གཞན་གཉིས་ཀ་དང་དེ་དག་དང་འབྲེལ་བའི་བྱ་བྱེད་ཀྱི་ལས་དང༌། དུས་འདས་མ་འོངས་ད་ལྟ་བ་གསུམ་སྟེ་ཐམས་ཅད་ལཁྱད་མེད་དུ་མཉམ་པར་འཇུག་སྟེ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号