ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་གཉིས་པ་རྟགས་འཇུག་གི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
ཞེས་གསུངས་ཏེ། རྗེས་འཇུག་ཡི་གེ་ག་ང་ད་ན་བ་མ་འ་ར་ལ་ས་བཅུའི་ནང་ནས་སྔོན་འཇུག་གི་ཡི་གེ་ག་ད་བ་མ་འ་ལྔ་དབྱུང་བར་བྱའོ། །
གསུམ། སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ།
སྔོན་འཇུག་ཡི་གེ་ལྔ་བོ་ལ། ། ཕོ་དང་མ་ནིང་མོ་དང་ནི། ། ཤིན་ཏུ་མོ་དང་བཞི་རུ་དབྱེ། །
ཞེསགསུངསསྟེ། སྔོན་འཇུགཡི་གེ་ལྔ་བོ་དེ་ལ་ཡང་ཕོ་དང་མ་ནིང་མོ་ཤིན་ཏུ་མོ་སྟེ་བཞི་རུ་དབྱེ་བར་བྱ་སྟེ། བ་སྔོན་འཇུག་གི་ཕོ་དང༌། ག་ད་གཉིས་མ་ནིང༌། ལམོ། མ་ཤིན་ཏུ་མོ་ཡིན་པ་ཤེས་པར་བྱའོ།
སྡོམ་ཚིག
སྔོན་འཇུག་རྟགས་ཀྱི་དབྱེ་བ་ནི། བ་ཕོ་ག་ད་གཉིས་མ་ནིང༌། ལམོ་མ་ནི་ཤིན་ཏུ་མོསྔོན་འཇུག་ཕོ་མོ་མ་ནིང་སོགས།།རྒྱུམཚན་གང་གིས་བཞག་ཅེ་ན། །སྔོན་འཇུག་ཡི་གེ་འཇུག་ཡུལ་དང༌། །སྦྱར་ནས་ཀློག་ཚེ་སྒྲ་གདངས་ཀྱི། །ཤུགས་ཆེ་ཆུང་གིས་བཞག་པ་ཡིན། །
གཉིས་པ། སྔོན་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པ།
མདོརབསྟན། དེ་དག་རེ་རེའང་བཞི་བྱེད་དེ། ། གང་གིས་འཇུག་བྱེད་གང་ལ་འཇུག །ཇི་ལྟར་འཇུག་བྱེད་ཅིའི་ཕྱིར་འཇུག །
ཅེས་གསུངས་ཏེ། སྔོན་འཇུག་དེ་དག་རེ་རེ་ལ་གང་གིས་འཇུག་པ། གང་ལ་འཇུག་པ། ཇི་ལྟར་འཇུག་པ། ཅིའི་ཕྱིར་འཇུག་པ་སྟེ་བཞིའི་སྒོ་ནས་བཤད་དགོས་སོ
རྒྱས་བཤད།   གང་གིས་འཇུག་པ་དང་གང་ལ་འཇུག་པ་གཉིས་ལྷན་ཅིག་ཏུ་བཤད་པ།
གང་གིས་གང་ལ་འཇུག་ཅེ་ན། །ཕོ་ནི་ཕོ་དང་མོ་ལ་འཇུག །མོ་ནི་མོ་དང་མ་ནིང་ལ། །མ་ནིང་ཡང་ནི་ཕོ་མོ་ལའོ། །ཤིན་ཏུ་མོ་ནི་མ་ནིང་དང༌། །མོ་དང་ཤིན་ཏུ་མོ་ཉིད་ལའོ། །
ཞེས་གསུངས་ཏེ། སྔོན་འཇུག་གི་ཕོ་བ་ཡིག་ནི། མིང་གཞིའི་ཕོ་ཡིག་ཀ་ཅ་ཏ་ཙ་བཞི་དང༌། མོ་ཡིག་ག་ད་ཞ་ཟ་ཤ་ས་དྲུག་སྟེ་བཅུའི་སྔོན་དུ་འཇུག་པ་ཡིན་ཏེ། དཔེར་ན། བཀས་བཅད་རྒྱས་བཏབ་མ་ནོརབཙལ། ། གོབགོས་བདུན་བདརབཞད་གད་སྤང༌། ། བསམ་བཟང་ནོར་བཤམས་ཡོན་ཏན་བསགས། །ལྟ་བའོ།
སྔོན་འཇུག་མོ་འ་ཡིག་ནི། མིང་གཞིའི་མོ་ཡིག་ག་ཇ་ད་བ་ཛལྔ་དང༌། མ་ནིང་ཁ་ཆ་ཐ་ཕ་ཚལྔ་སྟེ།བཅུབོ་ཁོའི་སྔོན་དུའཇུག དཔེརན། འགའ་ཞིག་འཇིག་རྟེན་འདིར་འབད་འཛེར།། འཁོན་འཆང་འཐབ ་རྩོད་འཕུང་བྱེད་འཚལ། །ལྟ་བུའོ
སྔོན་འཇུག་མ་ནིང་ག་ཡིག་ནི། མིང་གཞིའི་ཕོ་ཡིག་ཅ་ཏ་ཙ་གསུམ་དང་མོ་ཡིག་ཉ་ད་ན་ཞ་ཟ་ཡ་ཤ་སསྟེ་བརྒྱད་བཅསབཅུགཅིག་ཁོནའི་སྔོན་དུ་འཇུག་སྟེ། དཔེར་ན། གཅེས་གཏམ་གཙོ་བོར་གཉེན་ལགདམས། ། གནསལུགསགཞལ་བྱ་གཟོད་ནས་ཞི། ། གཡར་དམ་གཤ འ་མ་གསང་བར་བྱ། །ལྟ་བུའོ།
སྔོན་འཇུག་གི་མ་ནིང་ད་ཡིག་ནི། མིང་གཞིའི་ཕོ་ཀ་དང་པ་གཉིས་དང༌། མོ་ག་ང་བ་མ་བཞི་སྟེ་དྲུག་པོ་ཁོ་ནའི་སྔོན་དུའཇུག་སྟེ། དཀའ་གནད་དཔོག་པའི་དགའ་སྤྲོ་ཅན། ། དངོས་གྲུབ་དབང་ཕྱུག་མི་དམན་ཐོབ།ལྟ་བུའོ། །
སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི། མིང་གཞིའི་མ་ནིང་ཁ་ཆ་ཐ་ཚབཞི། མོ་ཡིག་ག་ཇ་ད་ཛ་བཞི།ཤིན་ཏུ་མོ་ང་ཉ་ན་གསུམ་བཅས་བཅུ་གཅིག་ཁོ་ནའི་སྔོན་དུ་འཇུག་སྟེ། མཁས་མཆོག་བྱིན་མཐུ་ངོ་མཚར་རྨད། ། མགོ་བོ་མཇལ་འཕྲད་འཛུམ་མདངས་མཛད། ། མངརབོསཐུགསམཉེསགདམསས་པ་མནོས། ། ཞེས་པ་ལྟ་བུའོ། ། དེ་དག་མིང་གཞི་རྐྱང་འཕུལ་གྱི་དབང་དུ་བྱས་པ་ཡིན་ཞིང༌། བརྩེགས་འཕུལ་བ་ཡིག་ཁོ་ནར་ངེས་ཏེ། དེ་ཡང་མིང་གཞི་ང་ཉ་ན་ཇ་ཛལྔ་རྐྱང་བ་ལ་བས་འཕུལ་མི་ཐོབ་ཀྱང་ར་མགོ་བྱུང་ཚེབས་འཕུལ་འཐོབ། ས་མགོ་བྱུང་ན་ང་ཉ་ན་གསུམ་ཁོ་ན་ལ་བས་འཕུལ་འབྱུང་སྟེ། དཔེར་ན། རྩྭབརྔ་གཟུགས་བརྙན་ཟས་ཀྱིས་བརྣངས། ། གཟི་བརྗིད་གྱེན་བརྫེས་བསྟོད་བསྔགས་དང༌། ། བསྙེན་བཀུརལག་ན་དཔེ་ཆ་བསྣམས། །ལྟ་བུ། ལ་མགོ་ཅན་ལ། བལྟ་དང་བལྡག་ལྟ་བུའོ། །བོད་ཡིག་ཡ་ར་ལ་ཝའི་འདོགས་བཞི་ལ་བརྩེགས་པའི་ཐ་སྙད་མི་བྱེད་དོ
སྡོམ་ཚིག
སྔོན་འཇུག་ཕོ་ཡིག་བ་ཡིག་ནི། །ཕོ་ཡིག་ཀ་ཅ་ཏ་ཙ་དང༌། །མོ་ཡིག་ག་ད་ཞ་ཟ་ཤ །ས་བཅས་བཅུ་ཡི་སྔོན་དུ་འཇུག །མ་ནིང་སྔོན་འཇུག་ག་ཡིག་ནི། །ཕོ་ཡིག་ཅ་ཏ་ཙ་གསུམ་དང༌། །མོ་ཡི་ཡི་གེ་ཉ་ད་ན། ། ཞ་ཟ་ཡ་དང་ཤ་ས་སྟེ། ། བཅུ་གཅིག་ཁོ་ནའི་སྔོན་དུ་འཇུག ། མ་ནིང་སྔོན་འཇུག་ད་ཡིག་ནི། །ཕོ་ཡི་ཡི་གེ་ཀ་དང་པ། །མོ་ཡིག་ག་ང་བ་མ་སྟེ། །དྲུག་པོ་ཁོ་ནའི་སྔོན་དུ་འཇུག །མོ་ཡིག་སྔོན་འཇུག་འ་ཡིག་ནི། །མོ་ཡིག་ག་ཇ་ད་བ་ཛ། །མ་ནིང་ཁ་ཆ་ཐ་ཕ་ཚ། །བཅུ་བོ་ཁོ་ནའི་སྔོན་དུ་འཇུག །སྔོན་འཇུག་ཤིན་ཏུ་མོ་མ་ཡིག །མ་ནིང་ཁ་ཆ་ཐ་ཚདང༌། །མོ་ཡིག་ག་ཇ་ད་ཛདང༌། །ཤིན་ཏུ་མོ་ནི་ང་དང་ཉ། །ན་བཅས་བཅུ་གཅིག་ཁོ་ན་ལའོ། །དེ་དག་རྐྱང་འཕུལ་དབང་དུ་བྱས། །བརྩེགས་འཕུལ་བ་ཡིག་ཁོ་ནར་ངེས། །དེ་ཡང་མིང་གཞི་ང་ཉ་ན། ། ཇ་དང་ཛ་བཅས་ལྔ་བོ་ནི། །ར་མགོ་བྱུང་ཚེལྔ་བོ་དང༌། །ས་མགོ་ཚེན་ང་དང་ཉ། །ན་བཅས་གསུམ་པོ་ཁོ་ནར་ངེས།
ཞར་ལ་མི་འཇུག་པ་བཤད་པ་ནི།
མི་འཇུག་པ་ནི་འདི་ལྟ་སྟེ། ། ཕོ་ནི་མ་ནིང་ལ་མི་འཇུག ། མོ་ཡང་ཕོ་ལ་འཇུག་མི་འགྱུར། །མ་ནིང་རང་ལ་རང་མི་འཇུག །རང་གི་སྡེ་དང་ཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ། །
ཞེས་གསུངས་ཏེ། སྔོན་འཇུག་རྣམས་ཀྱི་འཇུག་ཚུལ་ཇི་ལྟར་བཤད་པ་དེ་ལས་གཞན་མི་འཇུག་པ་ནི་འདི་ལྟ་སྟེ། སྔོན་འཇུག་ཕོ་ཡིག་བ་ཡིག་ནི། །མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚརྣམས་ཀྱི་སྔོན་དུ་མི་འཇུག   དེ་བཞིན་དུ་མོ་འ་དང་ཤིན་ཏུ་མོ་མ་ཡིག་མིང་གཞིའི་ཕོ་ཡིག་ཀ་ཅ་ཏ་པ་ཙ་ལྔའི་སྔོན་དུ་མི་འཇུག མ་ནིང་ག་
ད་གཉིས་མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚལྔའི་སྔོན་དུ་མི་འཇུག་གོ ། སྔོན་འཇུག་ལྔ་བོ་གསལ་བྱེད་བཞི་ཚནརེབཅད་པའི་རང་རང་གི་སྡེ་བའི་ཡི་གེ་གང་གི་འང་སྔོན་དུ་མི་འཇུག་སྟེ། རང་གི་སྡེ་དང་ཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ། །ཞེས་གསུངས་སོ། །
གསུམ་པ། སྒྲ་གདངས་ཇི་ལྟར་འཇུག་པ་བཤད་པ།
ཇིལྟར་འཇུག་པར་བྱེད་ཅེ་ན། ། ཕོ་ནི་དྲག་པའི་ཚུལ་གྱིས་འཇུག ། མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ། ། ཤིན་ཏུ་མོ་ནི་མཉམ་པས་སོ། །
ཞེས་གསུངས་ཏེ། སྔོན་འཇུག་གི་ཕོ་བ་ཡིག་ནི། རང་གི་འཇུགཡུལ་མིང་གཞིའི་ཡི་གེ་ལ་སྐད་གདངས་དྲག་པོའི་ཚུལ་གྱིས་འཇུག མ་ནིང་ག་ད་གཉིས་ནི། སྐད་གདངས་དྲག་ཞན་རན་པའི་ཚུལ་གྱིས་འཇུག མོ་འ་ཡིག་ནི། སྐད་གདངས་ཞན་པའི་ཚུལ་གྱིས་འཇུག ཤིན་ཏུ་མོ་མ་ཡིག་ནི། སྐད་གདངས་མཉམ་པ་སྟེ་ཤིན་ཏུ་ཞན་ཅིང་ལྷོད་པའི་ཚུལ་དུའཇུག་པར་བཤད་དོ
བཞི་བ། དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ།
ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། ། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། ། མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་དང་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་པས་སོ། །
ཞེས་གསུངས་ཏེ་སྔོན་འཇུག་རྣམས་དགོས་པ་ཅིའི་ཕྱིརའཇུག་པ་བཤད་པ་ལ། སྔོན་འཇུག་གི་ཕོ་བ་ཡིག་ནིདུས་དས་པ་དང། དངོསཔོགཞན་དང༌། བྱ་བའི་ལས་བསྒྲུབ་པའི་ཕྱིར་འཇུག་གོ ། སྔོན་འཇུག་མ་ནིང་ག་ད་གཉིས་ནི། དངོས་པོ་བདག་གཞན་གཉིས་ཀ་དང༌། དུས་ད་ལྟ་བ་སྟོན་པའི་ཆེད་དུ་འཇུགཔ་གཙོ་ཆེའོ། སྔོན་འཇུག་གི་མོ་འ་ཡིག་ནི། དངོས་པོ་བདག་གཞན་གཉིས་ལས་བདག་དང༌།དུསགསུམལསགཙོབོའོངས་པ་སྟོན་པའི་ཕྱིར་འཇུག་གོ ། སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི།དངོས་པོ་བདག་གཞན་གཉིས་ཀ་དང༌། དེ་དག་དང་འབྲེལ་བའི་བྱ་བྱེད་ལས་གསུམ་དང༌། དུས་འདས་པ་དང་མ་འོངས་ད་ལྟ་གསུམ་སྟེ་ཐམས་ཅད་ལ་ཁྱད་མེད་དུ་མཉམ་པར་འཇུག་གོ །
སྡོམ་ཚིག
མཁྱེན་གཏེར་རྗེས་བཟུང་པྲ་ཏི་རིན་པོ་ཆེས། །ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།།ཞེས་པའི་འདས་པ་བསྒྲུབས་ཟིན་དང༌། ། བསྒྲུབ་པར་བྱ་བ་དངོས་པོ་གཞན། ། བསྒྲུབ་པར་བྱ་ཞེས་བརྗོད་པ་ནི། །བྱ་བའི་ལས་ཉིད་བསྒྲུབ་པའོ།དེ་བཞིན་བསྒགས་དང་བསྒག་བྱའི་དངོས། །བསྒག་པར་བྱ་རྣམས་རིམ་པ་བཞིན། །འདས་དང་དངོས་གཞན་བསྒྲུབ་པའོ། གཞན་ཡང་བསྐྱངས་དང་བསྐྱང་བྱ་དང༌། །བསྐྱང་བར་བྱ་ཞེས་བྱ་རྣམས་དང༌། ། བསྒྱངས་དང་བསྒྱང་བྱ་བསྒྱང་བ་དང༌། ། བསྐུལ་དང་བསྐུལ་བྱ་བསྐུལ་བ་དང༌། ། བསྐུར་དང་བསྐུར་བྱ་བསྐུར་བ་དང༌། ། བསྒར་དང་བསྒར་བྱ་བསྒར་བ་སོགས། །དཔེར་བརྗོད་མཐའ་ཡས་རྣམས་ཀྱིས་ཤེས། །
མ་ནིང་གཉིས་ཀ་ད་ལྟར་ཆེད། །ཅེསགསུངས་མ་ནིང་ག་ཡིག་ནི། །གཏང་བྱ་གཅད་བྱ་གཟུང་བྱ་སོགས།།དངོས་པོ་གཞན་ལ་འཇུག་པ་སྟེ། ། གཏོང་དང་གཅོད་དང་གནོན་པ་སོགས། ། དངོས་པོ་བདག་དང་འབྲེལ་བའི་ལས། །བྱེད་ལས་ད་ལྟ་བ་ཡང་ཡིན། །གཏོང་བ་བོ་སོགས་བདག་པོ་ཉིད། །དགག་བྱ་དགང་བྱ་དབྱུང་བྱ་དང༌། །དགག་བྱ་ལ་སོགས་དངོས་གཞན་དང༌། །དགག་དང་དགང་དང་དབྱུང་བ་སོས།།བདག་གཞན་དང་འབྲེལ་ལས་ཚིག་ཡིན། །
མོ་ནི་བདག་དང་མ་འོངས་ཕྱིར། ། ཞེས་གསུངས་མོ་ཡིག་འའི་འཇུག་ཚུལ། ། འགོག་དང་འགེགས་དང་འདྲེན་པ་སོགལ ། བདག་དང་འབྲེལ་བའི་བྱེད་ལས་ཉིད། །འགོག་པ་པོ་སོགས་བདག་དངོས་ཡིན། །འགྱུར་དང་འབྱུང་དང་འགྲུབ་པ་སོགས། །མ་འོངས་པ་ཡི་དུས་ལ་འཇུག
ཤིནཏུ་མོ་ནི་མཉམ་ཕྱིར་རོ།། ཞེས་གསུངས་ཤིན་ཏུ་མོའི་ཡི་གེ ། མ་ནི་དུས་གསུམ་བྱ་བྱེད་སོགས །མཉམ་པ་ཉིད་ལ་འཇུག་པ་སྟེ། །དཔེར་ན་མཛད་ཟིན་མཛད་བྱ་དང༌། །མཛད་པར་བྱ་དང་མཛད་པར་བྱེད། །མཛད་པ་པོ་དང་མཛོད་ཅིག་ཅེས། །དུས་གསུམ་བདག་གཞན་བྱ་བྱེད་ཀུན། །མ་ཡིག་ཁོ་ནས་སྟོན་པ་བཞིན། ། དེ་བཞིན་མཁས་སོགས་མཁས་བྱ་ལ། ། མཁས་པར་བྱ་དང་མཁས་པར་བྱེད། །མཁས་པ་པོ་སོགསཤེསཔརབྱ། །
དེ་ཡང་དངོས་པོ་ལས་དང་ནི། །དུས་དང་རྣམ་པ་གསུམ་དུ་འདོད། ། དངོས་པོ་བདག་གཞན་གཉིས་ཀ་དང༌། །བྱ་བའི་ཡུལ་དང་རྣམ་པ་བཞི། །ལས་ནི་བྱ་བ་བྱེད་པ་གཉིས། །དུས་ནི་འདས་དང་མ་འོངས་དང༌། །ད་ལྟར་དང་བཅས་གསུམ་དུ་འགྱུར།།བྱེད་པ་པོ་ནི་བདག་ཡིན་ཏེ། །བྱ་བའི་དངོས་པོགཞན་ཡིནནོ། །བྱ་བ་བསྒྲུབ་པའི་ཡུལ་ལ་ནི། །ལས་ཀྱི་དངོས་པོ་ཞེས་པར་བརྗོད། །བྱེད་པ་པོ་དང་འབྲེལ་བའི་ལས།།བྱེད་པའི་ལས་ཞེས་བྱ་བ་སྟེ། །བྱ་བའི་ཡུལ་དང་འབྲེལ་བའི་ལས། །བྱ་བའི་ལསཞེསའདོགས་པ་ཡིན། ། བྱ་བ་ཟིན་དང་བྱེད་འགྱུར་དང༌། ། ད་ལྟ་བྱེད་བཞིན་པ་རྣམས་ལ། །འདས་དང་མ་འོངས་ད་ལྟར་འདོད། ། དུས་གསུམ་བྱ་བྱེད་བདག་གཞན་ཏེ། ། ཀུན་ལ་མཉམ་པར་འཇུག་པ་ནི། །མཉམ་པར་འཇུག་པའི་དོན་ཅན་ནོ།ཞེས་ཚིགས་སུ་བཅད་པའི་སྒོ་ནས་དཀའ་གནད་
སལ་བརཛད་དོ
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号