ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་གཉིས་པ་རྟགས་འཇུག་གི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
གཉིས་པ། རྗེས་འཇུག་གི་རྟགས་ཀྱི་འཇུག་པ་རྒྱས་པར་
བཤད་པ་ལ་མདོར་རྒྱས་གཉིས།
མདོརབསྟན་པ། དེ་ཡང་བྱེད་པ་བཞི་བྱེད་དེ། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅིའི་ཕྱིར་བྱེད། །
ཅེས་གསུངས་ཏེ། འཇུག་ཚུལ་དེ་ལ་ཡང༌། དབྱེ་བ་བཞི་བྱེད་དེ། གང་ལ་འཇུག་པ། གང་གིས་འཇུག་པ། ཇི་ལྟར་འཇུག་པ། ཅིའིཕྱིར་འཇུག་པ་བཤད་པའོ། །
རྒྱསབཤད་ལ་བཞིསྟེ། གང་ལ་འཇུག་པ་དང་གང་གིས་འཇུག་པ་གཉིས་ལྷན་དུ་བཤད་པ།
གང་ལ་ཡི་གེ་ཐམས་ཅད་ལ། ། གང་གིས་བཅུ་བོ་དེ་དག་གིས། །
ཞེས་གསུངས་ཏེ། རྗེས་འཇུག་གི་ཡི་གེ་བཅུ་བོ་དེ་སྔོན་འཇུག་དང་མི་འདྲ་བར་མིང་གཞིའི་ཡི་གེ་ཐམསཅད་ལ་འཇུགསྟེ། དཔེརན། ཀག ཀང༌། ཀད། ཀན། ཀབ། ཀམ། ཀའ། ཀམ ཀལ།ཀས་ཞེས་པ་སོགས་ཐམས་ཅད་ལ་ཁྱད་པར་མེད་པར་འཇུག་གོ །
གསུམ་པ། ཚུལ་ཇི་ལྟརའཇུག་པ།
མདོར་བསྟན། ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། །སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ། །
ཞེས་གསུངས་ཏེ། ཇི་ལྟར་འཇུག་ཚུལ་དེ་ལ། སྒྲ་ཡི་འཇུག་ཚུལ་དང༌། དོན་གྱི་འཇུག་ཚུལ་གཉིས་ཡོདོ།
རྒྱས་བཤད།
༡ སྒྲ་ཡི་འཇུག་ཚུལ།
ཕོ་གསུམ་མོ་གཉིས་མ་ནིང་གསུམ། ། དྲག་ཞན་བར་མ་གསུམ་དུ་འཇུག ། དྲག་པ་གསུམ་ཉིད་ནང་ཕྲད་དམ། །གལ་ཏེ་ཞན་པ་ནང་འཕྲད་ན། །དེ་ལ་ནང་གི་ཆ་ཤས་ཀྱིས། །དེ་ཡང་དྲག་ཞན་གཉིས་སུ་དབྱེ། །མ་ནིང་གསུམ་དུ་གང་གཏོགས་པ། །དྲག་དང་ཕྲད་ན་དྲག་པར་འགྱུར། ། ཞན་དང་ཕྲད་ན་ཞན་པར་འགྱུར། ། གཉིས་ཀ་དག་དང་ཕྲད་གྱུར་ན། །དེ་ནི་གཉིས་ཀ་ཅན་དུ་འགྱུར། །གཉིས་ཀ་དག་དང་མ་ཕྲད་ན། །གང་དུ་ཡང་ནི་མི་འགྱུར་རོ། ། དེས་ན་འགྱུར་དང་མཚན་གཉིས་དང༌། ། མཚན་མེད་མ་ནིང་གསུམ་དུ་འདོད། །དེ་ནི་སྒྲ་ཡི་འཇུག་ཚུལ་ལོ། །
ཞེས་གསུངས་ཏེ། རྗེས་འཇུག་གི་ཕོ་ཡིག་ད་བ་ས་གསུམ་ནི་སྐད་གདངས་དྲག་པའི་ཚུལ་དང༌། མོ་ཙམ་དང༌། ཤིན་ཏུ་མོ་ནི་སྐད་གདངས་ཞན་པའི་ཚུལ་དང༌། མ་ནིང་སྐད་གདངས་བར་མའི་ཚུལ་གྱིས་འཇུག་གོ ། ནང་གསེས་ཀྱི་འཇུག་ཚུལ་ནི། སྔོན་འཇུག་དང་མིང་གཞི་རྗེས་འཇུག་གསུམ་རང་རང་གི་ཕོ་ཡིག་ཚེག་བར་གཅིག་ཏུ་ཚོགས་་ནི། དྲག་པ་གསུམ་ཁོ་ན་ནང་ཕྲད་པས་སྒྲ་དྲག་པ་སྟེ། བཀས། བཅས།བཏུས། བཙསལྟ་བུ་དྲགཔའིདྲགདང༌། བཀད། བཅད། བཏད། བཙད་ལྟ་བུ་དྲག་པའི་འབྲིང་དང༌། བཀབ། བཅབ། བཏབ། བཙབ་ལྟ་བུ་དྲག་པའི་ཞན་པ་སྟེ། རིམ་བཞིན་སྐྱེས་བུ་རབ་བྲིང་ཐ་མགསུམརྗེསསུའཇུགཔསསོ།སྔོན་རྗེས་མིང་གསུམ་མོ་ཡིག་ཁོ་ན་ཚོགས་པ་སྒྲ་ཞན་པ་སྟེ། འགགའགར།འགལ། འདག འདར།འཇལ་ལྟ་བུ་མོ་ཙམ་དང་འཕྲད་པ་ཞན་པའི་དྲག་པ་དང༌། འགང༌།འདོན། འཇམ། འབང༌། འཛམ་ལྟ་བུཤིན་ཏུ་མོ་དང་འཕྲད་པ་ཞན་པའི་ཞན་པར་འཇོག་པའོ། །མ་ནིང་ལཡིག་གི་འཇུག་ཚུལ་ནི། རྒྱལ་བའི་བཀའ། བཅའ་བ། མེ་བཙའ་ལྟ་བུ་སྔོན་མིང་ཕོ་ཡིག་དང་འཕྲད་ན་སྒྲ་དྲག་པ་དང༌། འགའ། འཇའ། འདའ། འབའ་ལྟ་བུ་སྔོན་མིང་མོ་ཡིག་དང་འཕྲད་ན་ཞན་པར་འགྱུར་བས་འགྱུར་བ་མ་ནིང་དང༌། བགའ། བདའ། བཟའ་བ། བཤའ་མ་ལྟ་བུ་སྔོན་འཇུག་ཕོ་ཡིག་དང་མིང་གཞི་མོ་ཡིག་སྟེ། ཕོ་མོ་གཉིས་ཀ་དང་འཕྲད་ན་དྲག་ཞན་གཉིས་ཀའི་ཆ་དང་ལྡན་ཕྱིར་མཚན་གཉིས་མ་ནིང་དང༌། ཁའ། ཆའ ཐའ། ཕའ། ཚྭའ་ལྟ་བུ་མིང་གཞི་མ་ནིང་ཙམ་དང་འཕྲད་ན་དྲག་ཞན་གང་དུ་ཡང་མི་འགྱུར་བས་ན་མཚན་མེད་མ་ནིང་ཞེས་བྱ་སྟེ། འ་ཡིག་གཅིག་པུ་གྲོགས་ཀྱི་དབང་གིསགསུམགར་འགྱུར་བ་ཡི་གྱི་ངོབོའི་སྒོནསམིན་ནོ། །མིང་གཞི་རྗེས་འཇུག་མེད་པའི་མཐར་ལཡིག་ཐོབ་ཀྱང་སྐདགསརབཅད་ལ་ཡིག་ཚོགས་སྐྱུང་བའི་ཆེད་དུ་མ་བཞག་པའོ། །དེ་ནི་སྒྲ་ཡི་འཇུག་ཚུལ་ལོ། །
་ དོན་གྱི་འཇུག་ཚུལ་ལ་མདོར་རྒྱས་གཉིས་ལས་མདོར་བསྟན།
དོན་ནི་རྣམ་པ་གཉིས་ཡིན་ཏེ། །སྔ་མ་གང་ལྟར་གྱུར་པ་དང༌། །ཕྱི་མ་གང་ལྟར་འགྱུར་བའོ། །
ཞེས་གསུངས་ཏེ། དོནགྱི་འཇུག་ཚུལ་ལ་གཉིས་ཡོད་དོ། །
རྒྱས་བཤད།
༡. སྔ་མ་གང་ལྟར་གྱུར་པ།
སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །
ཞེསགསུངསཏེ། མིངམཐའ་ལྟོས་ཏེ་སྔ་མའི་མིང་གི་རྗེས་འཇུག་ནི་སྔོན་འཇུག་གི་སྐབས་སུཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།།ཞེས་སོགས་ལྟར་ཏེ། བསྒོམས།བསྒྲུབས་སོགས་འདས་པ་དང༌།བསྒོམབྱ། བསྒྲུབ་བྱ། སོགསདངོསཔོགཞན་སྟོན་དང༌། བསྒོམ་པར་བྱ། བསྒྲུབ་པར་བྱ་སོགས་བྱ་བའི་ལས་བསྒྲུབ་པ་སོགས་སྔོན་འཇུག་ཏུ་མ་ཟད་རྗེས་འཇུག་གིའང་ནུས་པ་ཡིན་པ་དང༌། དེ་བཞིན་དུ་མ་ནིང་ག་ད་གཉིས་དང༌། མོ་ཙམ་དང༌། ཤིན་ཏུ་མོ་རྣམས་ཀྱི་དཔེར་བརྗོད་གོང་དུ་བཀོད་པ་ཐམས་ཅད་ཀྱང་དོན་སྟོན་པ་སྔོན་རྗེས་གཉིས་ཀའི་ནུས་པ་ཡིན་པར་ཤེས་པར་བྱའོ
༢ ཕྱི་མ་གང་ལྟར་འགྱུར་བ་བཤད་པ་ལ་བཞི་སྟེ།
ཀ མིང་མཐའ་དྲག་ཞན་འདྲེནཚུལ།
ཕྱི་མ་དག་གི་འདྲེན་ཚུལ་ནི། །ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས། །མོ་ཡིས་མོ་ཡི་མིང་མཐའ་དྲངས། །མ་ནིང་གིས་ནི་ནིང་ངོ༌། །
ཞེསགསུངསཏེ། སྔརྗེསའཇུག་གི་ནུས་པས་མིང་མཐའ་ཕྱི་མ་རྟགས་མཚུངས་འདྲེན་ཚུལ་ནི།སྔ་མའི་རྗེས་འཇུག་ཕོ་ཡིག་གིས་ཕྱི་མའི་མིང་གཞི་ཕོ་ཡིག་དྲངས་ཏེ། དཔེར་ན། ཐུགསཀ་ལྟ་བུ།དེ་བཞིན་དུ་མོ་ཡིག་གིས་མོ་དྲངས་ཏེ། ལྟག་ག་ལྟ་བུ།མ་ནིང་གིསནིངདྲངསཏེ། འདལལྟབུའོ། །
ཁ རྣམདབྱེསྔཤུགས་འདྲེན་ཚུལ།
མིང་མཐའ་དེ་དག་ཉིད་ཀྱིས་ནི། །དེ་ཉིད་རང་གི་སྒྲ་མཐུན་པའི། །ཆོས་དངོས་ལས་དངབྱེད་པ་དང༌། ། སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང༌། ། གནས་དང་བོད་པའི་སྒྲ་ཡངདྲངས། །གཞན་ཡང་སླར་བསྡུ་ལྷག་བཅས་དང༌། །འབྱེད་སྡུད་བརྣན་དང་བདག་པོ་དང༌། ། དགག་སྒྲུབ་རྒྱན་དང་དུས་ལའང་འཇུག ། དེ་དག་སྔ་ཤུགས་འདྲེན་པས་འབྱུང༌། །
ཞེས་གསུངས་ཏེ། བཤད་མ་ཐག་པའི་མིང་མཐའ་དེ་ཉིད་ཀྱིས་རང་གི་སྒྲ་མཐུན་པའི་རྣམ་དབྱེ་དང་ཚིག་ཕྲད་རྣམས་འདྲེན་ཏེ། སྔར་སུམ་ཅུ་བའི་སྐབས་སུ་བཤད་པ་ལྟར་རྗེས་འཇུག་ད་བ་སའི་མཐར་ཀྱི་དང༌།ག་ངའི་མཐར་གི་དང༌། ན་མ་ར་ལའི་མཐར་གྱི་དང༌། ལདང་མཐའ་རྟེན་མེད་པའི་མཐར་འི་དང༌།རྗེས་འཇུག་ས་ཡིག་གི་མཐར་སུ་དང༌། ག་བ་ད་དྲག་གི་མཐར་ཏུ་དང༌། ང་ད་ན་མ་ར་ལའི་མཐར་དུ་དང།འ་དང་མཐའ་རྟེན་མེད་པའི་མཐར་རུ་དང༌། རྣམ་དབྱེ་ལྔ་བའི་ནས་ལས་དང་རྣམ་དབྱེ་བརྒྱད་པའི་འབོད་སྒྲཀྱེ་སོགསའདྲེན་ནོ 
གཞན་ཡང་ཚིག་ཕྲད་འདྲེན་པ་ནི། སླར་བསྡུའི་སྒྲ་གོ་ངོ་སོགས་དང༌། ལྷག་བཅས་ཀྱི་སྒྲ་སྟེ་དང༌།འབྱེད་པ་དང་སྡུད་པ་གམ་ངམ་དམ་སོགས་དང་ངེས་བཟུང་ངམ་བརྣན་པ་ནིའི་སྒྲ་དང༌། ནས་དང་ནིའི་སྒྲ་དགར་བ་ལའང་འཇུག་པ་དང༌། བདག་སྒྲ་པ་པོ་བ་བོ་མ་མོ་སོགས་དང༌། དགག་སྒྲ་མ་མི་མིན་མེད་དང༌།སྒྲུབ་པ་སྟེ་མིང་གི་ཆ་ཤས་སྒྲུབ་པ་ནི་བདག་པོའམ་དགག་སྒྲ་གསར་དུ་སྦྱར་བ་མ་ཡིན་པ་དཔེར་ན། དང་པོ།ཆིལ་བ། མཆིལམ། སྤྱི་བོ། སྤྱིབ། སྟགམ། སྟག་མོ། སྟག་པ། ལྕ་བ། བྱེ་བ། བྱེ་མ། བྲ་བ།བྲ་བོ། བྲ་མ། བྱ་མོབྱ་མ། བྱ་བ། བྱ་བོ། ཆུ་བ། ཆུམ། ཆུ་བོ། གྲོམ། གྲོབོ། གྲོམོགཏུམཔོ། གཏུམ་མོ། རིལ་བོ། རིལ་མ། རིལ་མོ།གྲོག་མ། གྲོག་མོ། མཚན་མ། མཚན་མོ།ནུ་མ། ཟླ་བ། ཟླ་བོ། སྙི་མོ། སྙི་བ། གོང་བ། གོང་མ། གོང་མོ། རི་བ། རི་བོ། རི་མ། རི་མོ། རྔ་བ། རྔ་མ། རྔ་མོ།རྔབོ། སོབ། སོམ། སེར་བ། སེརབོ། ཕྲབ། ཕྲམ། ཕྲ་མོ།དུབ། དུམ། ངོ་བོ། ངོ་མ། ཤ་མ། ཤ་མོསྐྱོ་བ། སྐྱོ་མ། སྐྱོ་བོ། གོབ། གོབོ། རྒྱུབ། རྒྱུམ། ཐར་བ། ཐརམ།དརམ། དརབ། དོབ། དོབོ། དྭངསམ། དྭངསམོ། ནུསམ། ནུབ་མོ། འཕར་བ། འཕར་མ།འབརབ། འབརམ། སྨིན་པ། སྨིན་མ། རུལ་བ། རུལ་མ། ཁུག་པ། ཁུག་མ། ཁོག་པ། ཁོག་མ།སྟོན་པ། སྟོན་མོ། སྡུད་པ། སྡུད་མ། ཕྱི་བ། ཕྱི་མ། ཕྱི་མོཚད་པ། ཚད་མ། ཟ་མ། ཟ་བ།གསོབ། གསོམ། གཉེར་བ། གཉེརམ། ཞེས་པ་ལྟ་བུའི་པ་བ་མ་རྣམས་མིང་གི་ཆ་ཤས་སྒྲུབ་བྱེད་དུ་གནསཔའིསྒྲུབ་་དང་། ཀྱངསོགས་ཚིག་རྒྱན་དང་སྡུད་པ་ལའང་འཇུག་པ་དང༌། དེ་ཞེས་པའི་སྒྲ་དུས་འདས་པ་དང་མ་འོངས་པ་ལའང་འཇུག་པ་སོགས་དོན་འདྲ་ནའང་ཡིག་གཟུགས་མི་འདྲ་བར་བྱུང་བ་དེ་དགཐམསཅད་མིང་མཐའ་སྔ་མའི་ཤུགས་ཀྱིས་རང་རང་གི་སྒྲ་མཐུན་དང་རྟགས་མཚུངས་ཅི་རིགས་འདྲེན་པའི་ཆེད་དུ་འབྱུང་བ་ཡིན། དོན་བསྡུ་ན་མིང་སྔ་མའི་མཐའ་རྟེན་སོ་སོའི་དབང་གིས་རང་རང་གི་རྟགས་མཚུངས་སམ་སྒྲ་མཚུངས་བརྗོད་བདེ་འདྲེན་པའི་ཕྱིར།མིང་མཐའ་དེ་ཉིད་རང་གི་སྒྲ་དང་མཐུན་པའི་ཆོས་དངོས་དེ་རྣམ་དབྱེ་དང་པོ་དང༌། ལས་སུ་བྱ་བ་དང༌། གསུམ་པ་བྱེད་པ་དང༌། སྦྱིན་པ་སྟེ་བཞི་བ་དགོས་ཆེད་དང༌། ལྔ་བ་འབྱུང་ཁུངས་དང༌། དྲུག་པ་འབྲེལ་བ་དང༌། གནས་ཏེ་བདུན་པ་གནས་གཞི་དང༌། བོད་པའི་སྒྲ་སྟེ་བརྒྱད་པ་འབོད་པ་གསལ་བྱེད་རྣམས་དྲངས་ལ་གཞན་ཡང༌། སླར་བསྡུའི་སྒྲ་དང༌།ལྷག་བཅས་དང༌། འབྱེད་སྡུད་དགར་བརྣན་དང༌། བདག་སྒྲ། དགག་སྒྲ། སྟག་པ་ཞེས་པའི་པ་ལྟ་བུ་མིང་གི་ཆ་ཤས་སྒྲུབ་པའི་སྒྲ་དང་ཚིག་རྒྱན་དང༌། དུས་གསུམ་སྟོན་པ་ལའང་འཇུག་པ་དེ་དག་ཚིག་སྔ་མའི་རྟགས་མཐའི་ཤུགས་ཀྱིས་སྒྲ་མི་འདྲ་བ་འདྲེན་ནོ། ཞེས་པའོ །
 དེའི་ནང་གསེས་འཇུག་ཚུལ།
དེ་དག་ནང་གསེས་གང་འཇུག་པ། ། མཐར་སྦྱར་འོག་མའི་མིང་དོན་ལས། ། སྤྱིར་འཇུག་ཡོད་དམ་བྱེད་པ་ཡོད། །དེ་བཞིན་ཆེད་བྱེད་རྟེན་བྱེད་དང༌། །ལས་བྱ་བླང་བྱ་བསྒྲུབ་པར་བྱ། །སྔོན་དུ་འོས་པ་གནས་པའམ། །གཞན་ཡང་ཚིག་དོནའོག་མ་ལས། ། བསྡུ་རྒྱུ་ཡོད་དམ་མེད་པ་དང༌། ། གོང་མ་ལས་ཀྱང་དེ་བཞིན་ཏེ། ། རྣམ་གྲངས་དག་ནི་བཀོད་པ་ལས། །བསྐྱར་བ་ཡོད་དམ་མེད་པ་དང༌། ། ཕོ་སྒྲ་དང་ནི་མོ་སྒྲ་དག ། མིང་གི་མཐའ་ན་ཡོད་མེད་དང༌། ། རྒྱན་དུ་གྱུར་པ་རྣམས་ལ་ཡང༌། ། དོན་ལ་སྙེག་པ་ཡོད་མེད་དང༌། །བསྟན་བྱ་ལྷག་མ་ཡོད་མེད་དང༌། ། ཚིག་དོན་རྫོགས་དང་མ་རྫོགས་ཀྱིས། ། དེ་དག་ནང་གསེས་རྣམ་པར་དབྱེ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号