ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་གཉིས་པ་རྟགས་འཇུག་གི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
༩ བྱ་བྱེད་ལས་གསུམ་གྱི་བྱ་དང་བྱ་བྱེད་ཐ་དད་པའི་སྐབས་ཀྱི་བསྒྲུབ་བྱ་གཉིས་ཨེ་འདྲ།
དེ་གཉིས་ཀྱི་གོ་དོན་མི་འདྲ་སྟེ། བྱ་བྱེད་ལས་གསུམ་གྱི་བྱ་ནི་མཐའི་བྱ་ཚིག་སྟེ་ལས་ཚིག་ལ་གོ་བ་དང༌། བྱ་བྱེད་ཐ་དད་སྐབས་ཀྱི་བསྒྲུབ་བྱ་ནི(བྲི་བྱའི་ཡི་གེ གཅད་བྱའི་ཤིང་སོགས་སྟེ)ལས་ཀྱི་དངོས་པོར་གོ་དགོས། དེ་བས་མཁས་དབང་པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས། བྱ་བ་བསྒྲུབ་པའི་ཡུལ་ལ་ནི། །ལས་ཀྱིདངོས་པོཞེསཔརབརྗོད། །ཅེསགསུངས་སོ། །
༡༠ ཅི་ཞིག་ལ་དངོས་པོ་བདག་ཟེར།
བྱེད་པ་པོ་དང་བྱེད་པ་དང༌། ། བྱེད་པའི་ལས་རྣམས་དངོས་པོ་བདག ། ཅེས་པ་ལྟར་བདག་གཞན་གཉིས་ཀྱི་བདག་མིན་པར་ལས་གང་ཞིག་སྒྲུབ་པར་བྱེད་པ་པོགཞན་ང་དངོསསུའབྲེལབའིདབང་དུ་བྱས་ནས་བྱེད་པོ་དང་བྱེད་པ། བྱེད་པའི་ལས་བཅས་གསུམ་ལ་དངོས་པོ་བདག་ཅེས་སོ།དཔེར་ན། ངས་སྨྱུགུས་འབྲི་བར་བྱེད་ལྟ་བུའོ། །
༡༡་ ཅི་ཞིག་ལ་དངོས་པོ་གཞན་ཟེར།
བྱ་བའི་ཡུལ་དང་བྱ་བའི་ལས། །དངོས་པོ་གཞན་དུ་འཇོག་པ་ཡིན། །ཞེས་པ་ལྟར་བྱེད་པ་པོས་བྱ་བྱ་བསྒྲུབ་པར་བྱ་བའི་ཡུལ་ཏེ་ལས་ཀྱི་དངོས་པོ་དང་དེའི་བྱ་བ་གཉིས་ལ་དངོས་པོ་གཞན་ཞེས་བརྗོད།དཔེར་ན། ཡི་གེ་བྲི་བར་བྱ་ལྟ་བུའོ
༡༢་ ཅི་ཞིག་ལ་དབྱེ་བ་དགུ་ལྡན་གྱི་ལས་ཚིག་ཟེར།
བྱེདཔོ་ལདང་བྱེད་ལབྱ་བའི་ལས།།བྱེད་ལམ་འོངས་བྱེད་བཞིན་ད་ལྟ་བ། །འདས་དང་སྐུལ་ཚིགདགག་སྒྲའི་སྐུལ་ཚིག་ལ། །དབྱེ་བ་དགུ་ལྡན་ལས་ཚིག་ཅེས་བརྗོད་གོ །དཔེར་བརྗོད་གཅིག་གི་སྟེང་ནས་དབྱེ་བ་དགུ་བོ་སོ་སོར་ངོས་འཛིན་གྱིས།
ལེའུ་གསུམ་པ། ཐ་མར་དགེ་བ་མཇུག་གི་དོན།
ས་བཅད་དང་པོ། ཡི་གེ་འཇུག་པ་སྤྱིའི་དགོས་པ་བཤད་པ།
དང་པོ། དགོས་པ་ལྡོག་ཕྱོགས་ནས་བསྟན་པ།
མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །ཕོ་ཡིག་དེ་དག་རྣམས་ལ་ཡང༌། །འཇུག་པར་བཅས་པ་མེད་པར་ནི། ། མིང་དང་ཚིག་ཀྱང་གསལ་མི་ནུས། ། མིང་ཚིག་གསལ་བ་མེད་ན་ནི། །དོན་རྣམས་བརྗོད་པར་མི་འགྱུར་རོ། །
ཞེས་གསུངས་པ་ནི། མོ་ཡིག་སྟེ་དབྱངས་ཀྱི་ཡི་གེ་མེད་ན། ཕོ་ཡིག་གསལ་བྱེད་རྐྱང་བ་གདངས་ཀྱི་ང་རོདང་བྲལ་བས་བརྗོད་པ་མེད་པར་འགྱུར་ལ། ཕོ་ཡིག་དེ་དག་དབྱངས་དང་ལྡན་ནའང་སྔོན་འཇུག་ཡོད་མེད་གང་ཡང་རུང༌། རྗེས་འཇུག་མ་ཞུགས་ན་མིང་དང་རྣམ་དབྱེ་ཚིག་ཕྲད་སོགས་སྦྱར་བའི་ཚིག་ཀྱང་གསལ་མི་ནུས་ཤིང༌། མིང་ཚིག་གསལ་བ་མེད་ན་བརྗོད་བྱའི་དོན་རྣམས་གཞན་ལ་མཚོན་ཞིང་གོ་བར་བྱེད་པའི་རྗོད་བྱེད་ངག་ཀྱང་ཡོད་པར་མི་འགྱུར་རོ། །འདིར་དབྱངས་ཡིག་ཅེས་པ་དབྱངས་མཚོན་བྱེད་གི་གུ།ཞབས་ཀྱུ། འགྲེང་བུ།རྣ་རུ་བཞི་ལ་བྱ་སྟེ། ཨ་ཡིག་ནི་གང་ལ་འདོགས་པའི་གཞི་བརྗོད་དོན་ཙམ་མ་གཏོགས་གསལ་བྱེད་ཡིན་པའི་ཕྱིར།དེས་ན་བོད་ལ་ལེགས་སྦྱར་ལྟར་དབྱངས་ཡིག་སྲོག་ཞུགས་ཀྱི་ཐ་སྙད་མེད་ཅིང་རྗེས་འཇུག་ཞུགས་པས་གོ་ཆོད་པར་མཛད་དེ་སུམ་ཅུ་བ་ལས་ཀྱང༌། རྗེས་འཇུག་བཅུ་བོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། །ཅེས་དང༌། འདིར་ཡང་རྗེས་འཇུག་གི་འཇུག་པ་འཆད་པ་ན།རྗེས་འཇུག་ནི་ཡི་གེ་ཐམས་ཅད་ལ་ཁྱད་མེད་དུ་འཇུག་པར་གསུངས་པ་དང༌། འཇུག་པར་བཅས་པ་མེད་པརནི། །མིང་དང་ཚིག་ཀྱང་གསལ་མི་ནུས། །ཞེས་གསུངས་པའི་ཕྱིར་རོ།དེས་ན་བོད་མིའི་སྐད་གདངས་ཐམས་ཅད་རིང་ཆ་ཅན་ཡིན་པའི་ཕྱིར་ན་རྗེས་འཇུག་གཞན་དགུ་བོ་གང་རུང་མེད་པའི་མཐར་ལཡིག་རེ་ངེས་པར་བཞག་པ་ནི་སྒྲ་སྒྱུར་སྔ་མ་རྣམས་ཀྱིས་མཛད་ལ། དཔེར་ན། ཀ་ཞེས་བརྗོད་པའི་ཚེརྗེས་འབྲེལ་དུའ་ཡིག་མི་གསལབའི་ཚུལ་དུ་ཡོད་པའི་ཕྱིར་རོ ། སྐད་གསར་བཅད་ལ། དགའ། མདའ།བཟའ། ལྟ་བུ་ཡིག་རྐྱང་འཕུལ་ཡིག་ཅན་ལ་མཐའ་རྟེན་དངོས་སུ་མེད་ན་མིང་གཞི་ཉིད་རྗེས་འཇུག་ཏུ་འཁྲུལ་ལ། བརྩེགས་པ་དང་འདོགས་ཅན་ལ་འཁྲུལ་གཞི་མེད་པས་ཡིག་ཚོགས་སྐྱུང་བའི་ཆེད་དུ་མ་བཞག་པ་ཡིན་ཏེ། རྔོག་ལོ་ཆེན་པོའི་དག་ཡིག་ཉེར་མཁོ་བསྡུས་པ་ལས། རྐྱང་བ་འཕུལལ་འ་མཐའ་དགོས། །བརྩེགས་པ་བུ་དྲུག་ཅན་ལ་སྤང༌། །ཞེས་གསུངས་སོ། །བུ་དྲུག་ནི་གི་གུ་སོགས་བཞི་དང་ར་བཏགས་ཡ་བཏགས་བཅས་དྲུག་ལ་བཤད་དོ 
གཉིས་པ། ཉིང་དགོས་ལྡོག་ཕྱོགས་ནས་བསྟན་པ།
དེ་ལྟར་གྱུར་ན་འཇིག་རྟེན་ན། །དོན་མཚོན་བརྗོད་པ་ཀུན་ཀྱང་མེད། །རིག་བྱེད་སྨྲ་བའང་ཡོད་མི་འགྱུར། ། ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། ། བསླབ་པ་རྣམས་ཀྱང་མེད་པར་འགྱུར། །
ཞེས་གསུངས་ཏེ། དེ་ལྟར་གོང་སྨོས་བཞིན་མིང་ཚིག་བརྗོད་པ་ཐམས་ཅད་མེད་ན་འཇིག་རྟེན་དུ་དོན་མཚོན་པའི་རྗོད་བྱེད་ཀྱི་སྒྲ་ཀུནཀྱང་མེད་པར་འགྱུར་བས། རིག་པའིགནས་སྤྱི་དང་བྱེ་བྲག་ཏུ་ཕྱི་རོལབ་དག་གི་མཆོད་སྦྱིན། ངེས་བརྗོད། སྲིད་སྲུང༌། སྙན་ཚིག་གི་རིག་བྱེད་དེ། རིག་བྱེད་བཞིའི་དོན་སྨྲ་བ་དང། སངས་རྒྱས་པའི་ཉན་ཐོས་ཀྱི་ཐེག་པ། རང་རྒྱལ་གྱི་ཐེག་པ། སངས་རྒྱས་ཀྱི་ཐེག་པ་སྟེ་ཐེག་པ་གསུམ་གྱིསྡེ་སྣོད་དང༌། དེའི་བརྗོད་བྱ་བསླབ་པ་གསུམ་རྣམས་ཀྱང་མེད་པར་འགྱུར་རོ
ས་བཅད་གཉིས་པ། ཡི་གེ་འཇུག་པ་སྟོན་པའི་བསྟན་བཅོས་འདི་ཉིད་བརྩམས་པའི་དགོས་པ་བཤད་པ།
དང་པོ། དགོས་པ་དངོས་བཤད་པ།
ཇི་ལྟར་འཇིག་རྟེན་སེམས་ཅན་དག ། ཕུང་བོ་ཁམས་དང་སྐྱེ་མཆེད་དང༌། ། གྲུབ་མཐའ་གཞན་ཡང་ཡོད་མོད་ཀྱི། །རང་ཉིད་ཀྱིས་ནི་མི་ཤེས་བཞིན། །དེ་བཞིན་ཡི་གེ་འཇུག་ཚུལ་རྣམས། །སྨྲ་བ་ཀུན་ལ་གནས་གྱུར་ཀྱང༌། ། རང་ཚུལ་དེ་ཉིད་མི་ཤེས་པས། ། དོན་ལ་སྦྱོར་བ་ག་ལ་ཤེས། །
ཞེས་གསུངས་ཏེ། དཔེར་ན་འཇིག་རྟེན་དུ་སེམས་ཅན་རང་རྒྱུད་ཀྱིས་བསྡུས་པའི་ཕུང་ཁམས་སྐྱེ་མཆེད་སོགས་དང༌། གྲུབ་མཐའ་མཆོག་དམན་དང༌། གཞན་ཡང་དོན་གྱི་ཁྱད་པར་སྣ་ཚོགས་པ་ཡོད་མོད་ཀྱི། དེ་དག་འདི་དང་འདིའི་ཞེས་ཚིག་གིས་བརྡ་མ་སྤྲད་པར་རང་ཉིད་ཀྱིས་མི་ཤེས་པ་དེ་བཞིན་དུ་ཡི་གེའི་འཇུག་ཚུལ་རྣམས་རང་རང་གི་སྨྲ་བའི་ངག་ཀུན་ལ་རང་ཆས་སུ་ཡོད་ཀྱང༌། བརྡ་མ་སྤྲད་པར་ཚིག་རང་གི་གནས་ཚུལ་དེ་ཉིད་ཇི་བཞིན་མི་ཤེས་པས།ཚིག་འདིས་དོན་འདི་སྟོན་ནོ་ཞེས་དོན་ལ་སྦྱོར་ཚུལ་ག་ལ་ཤེས་ཏེ་མི་ཤེས་སོ་ཞེས་པའོ
གཉིས་པ། དགོས་པ་དེ་འགྲུབ་པར་སྨོན་ཞིང་མཇུག་སྡུད་པ།
དེའི་ཕྱིར་སྨྲ་བའི་དབང་ཕྱུག་གི །རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག །
ཅེསགསུངསཏེ། ཡི་གེའི་སྦྱོརཚུལམཁས་ན། དོན་ལ་སྦྱོར་ཚུལ་ཁོང་དུ་ཆུད་མི་ཐུབ། རྒྱུམཚནདེའིཕྱིར་འཕགསཡུལ་གྱི་སྨྲ་བའི་དབང་ཕྱུག་སྟེསྨྲ་བ་དབང་འབྱོར་བའིམཁས་པ་རྣམསཀྱིརྡ་སྤྲོད་པའི་གཞུང་གི་རྗེས་སུ་འབྲངས་ནས་ཐོན་མི་བདག་གིས་བོད་ཀྱི་བརྡ་སྤྲོད་ཀྱི་ཚུལ་སྨྲས་པ་འདིའི་དོན་སྐྱེ་བོ་ཀུན་གྱིས་རྟོགས་པརགྱུརཅིག་ཅེས་ཐུགས་སྨོན་མཛད་པའོ།།།
བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །
ཐོབནསཉེསཔའིདགྲརྣམསཕམབྱསས།
སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི །
སྲིད་པའི་མཚོལས་འགྲོ་བ་སྒྲོལ་བརཤོག །
 
བོད་མིའི་མི་འགྱུར་སྐད་གདངས་འཛིན་མའི་གཞིར།
སུམ་རྟགས་དག་གསུམ་ཚངས་ཐིག་ཤིང་རྟའི་ལམ། །
ལྔ་རིག་རིག་པའི་འཕྲུལ་ཆས་ལ་བརྟེན་ནས།
འགྲོ་ཀུན་ཀུན་མཁྱེན་གླིང་དུཕྱིན་པར་ཤོག།
༄༅། །སུམ་ཅུ་བའི་རྩ་བ་བཞུགས་སོ། །
རྒྱ་གར་སྐད་དུ། བྱྰ་ཀ་ར་ཎ་ཏྲིཾ་ཤད་ནཱ་མ།
བོད་སྐད་དུ། ལུང་སྟོན་པ་སུམ་ཅུ་བ་ཞེས་བྱ་བ།
སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། ། གང་གིས་སྒྲ་དབྱངས་ཀུན་གསུངས་པའི། ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། གང་གིས་མིང་གཞི་སྔོན་གསུངས་པའི། ། རྟག་ཞི་བ་ལ་ཕྱག་འཚལ་ལོ། ། སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང༌། ། བླ་མ་ལ་ཡང་ཕྱག་འཚལ་ནས། ། བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། ། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། ། མིང་ཆིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པའོ། །དེ་ལས་རྗེས་འཇུག་བཅུ་ཡིན་ཏེ། །དེ་ལས་ལྔ་ནི་སྔོན་དུའང་འཇུག །མི་འཇུག་པ་ནི་ཉི་ཤུའོ། །ཀཱལི་ཕྱེད་དང་བརྒྱད་སྡེ་ནི། །བཞི་བཞི་དག་ཏུ་ཕྱེ་བ་ལས། །དང་པོ་གསུམ་པ་བཞི་བ་ཡི། །མས་གཉིས་དྲུག་པའི་གསུམ་པ་དང༌། །བདུན་པ་ལ་ནི་ཤ་མ་གཏོགས། །རྗེས་འཇུག་ཡི་གེ་བཅུ་རུ་བཤད། །རྗེས་འཇུག་ཡི་གེ་བཅུ་ཉིད་ལས། །དང་པོ་གསུམ་པ་ལྔ་བ་དྲུག །བདུན་པ་རྣམས་ནི་སྔོན་དུའང་འཇུག །མིང་གཞི་གཉིས་སམ་སུམ་སྦྲེལ་ལམ། ། དེ་ལ་དབྱངས་ཀྱི་གཞི་ལྡན་ཡང༌། ། གང་དུའང་འཇུག་མིན་སྦྱར་བའང་མིན། ། རྗེས་འཇུག་ཡི་གེ་བཅུ་བོ་ནི། ། མིང་གང་གི་ནི་མཐར་སྦྱར་བ། །དེ་ལ་ཨཱ་ལི་བཞི་བ་སྤྱར། །སླར་བསྡུ་བར་ནི་ཤེས་པར་བྱ། །རྗེས་འཇུག་ཡི་གེ་བཅུ་བོ་ལས། །གང་མིང་མཐའ་ན་བཅུ་བ་གནས། །དེ་ལ་ཨཱལི་གཉིས་པ་སྤྱར། །གང་མིང་མཐའ་ན་བརྒྱད་པ་གནས། ། དེ་ལ་གཉིས་པ་ཨུ་ཡང་སྦྱར། ། གང་མིང་མཐའ་ན་གསུམ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །བཞི་བ་དགུ་བ་དངོས་ཀྱང་སྟེ། །ལས་དང་ཆེད་དང་རྟེན་གནས་དང༌། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། ། རྗེས་འཇུག་ཡི་གེ་བཅུ་བོ་ལ། ། ཨི་དང་མཐུན་ལུགས་འདི་ཞེས་བྱ། ། དང་པོ་གཉིས་ལ་དང་པོ་མཐུན། ། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །བདུན་པ་ཉིད་ལ་བདུན་པ་སྟེ། ། ལྷག་མ་རྣམས་ལ་གྱ་སྦྱར་བ། ། དེ་དག་ཨི་སྦྱར་འབྲེལ་བའི་ས། །དེ་ཉིད་ལ་ནི་བཅུ་བ་སྦྱར། །བྱེད་པའི་སར་ནི་ཤེས་པར་བྱ། །ཨཱལི་ཕྱིས་ནས་གཉིས་པ་སྦྱར། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །ལ་དོན་སུ་ལ་ཨུ་ཕྱིས་ན། །དེ་ལ་གསུམ་པའི་དང་པོ་སྦྱར། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号