ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་གཉིས་པ་རྟགས་འཇུག་གི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
དེ་ལ་ཨཱལི་གསུམ་པ་སྦྱར། ། དེ་ནི་ལྷག་མ་དང་བཅས་པའོ། །རྗེས་འཇུག་ཡི་གེ་བཅུ་བོ་ལ། །དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། །རྗེས་འཇུག་ཡི་གེ་བཅུ་བོ་ཡི། ། བཞི་བ་དགུ་བ་ལ་བཅུ་བ། ། སྦྱར་བ་འབྱུང་ཁུངས་གནས་ཡིན་ཏེ། ། དགར་དངསྡུད་པའང་དེ་བཞིན་ནོ། ། གང་མིང་བརྗོད་པའི་དང་པོ་རུ། ། ཀྱེ་སྦྱར་བ་ནི་བོད་པ་ཡིན། །གང་མིང་མཐའ་དང་མཐུན་པ་ཡི། །བཞི་བ་ལ་ནི་ཨི་སྦྱར་བ། །དགར་དང་བརྣན་པའི་ཚིག་ཏུ་འགྱུར། ། མིང་གང་རུང་བའི་བར་མཚམས་སུ། ། གསུམ་པ་ལ་ནི་གཉིས་པ་སྦྱར། །དེ་ནི་སྡུད་དང་འབྱེད་པ་དང༌། ། རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། ། མིང་གང་རུང་བའི་དང་པོ་རུ། །དང་པོ་ལ་ནི་གཉིས་པ་སྦྱར། ། སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར། །གང་མིང་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། ། བདག་པོའི་སར་ནི་ཤེས་པར་བྱ། །མིང་གང་རུང་བའི་ཡ་མཐའ་རུ། །སྟྲྰི་ལིངྒ་ཡི་སྒྲ་མེད་པ། ། དེ་ལ་སྟྲྰི་ལིངྒ་སྦྱར་ན། །དགག་པའི་གནས་སུ་ཤེས་པར་བྱ། །གང་མིང་གི་ནི་ཡ་མཐའ་རུ། །གསུམ་པ་ལ་ནི་ཨེ་སྦྱར་བ། ། ཐ་སྙད་དབང་དུ་གསུམ་ཡིན་ཏེ། ། དངོས་པོའི་དབང་གིས་བཞི་རུ་འགྱུར། ། དུས་ཀྱི་དབང་གིས་གཉིས་ཡིན་ནོ། ། ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང༌། ། དེ་ནི་དེ་བཞིན་སྦྱར་བར་བྱ། ། སྔོན་འཇུག་ཡོད་དམ་མེད་ཀྱང་རུང༌། ། མིང་གཞིའི་ཡི་གེ་གང་ཡིན་ལ། །ཉིས་སྦྲེལ་ཡོད་དམ་སུམ་སྦྲེལ་ཡོད། །ཨཱལི་བཞི་ལས་གང་ལྡན་ཡང༌། ། རྗེས་འཇུག་བཅུ་བོ་མ་ཞུགས་ན། ། མིང་གཞན་སྦྱོར་བ་ཡོད་མི་སྲིད། ། རྗེས་འཇུག་བཅུ་བོའི་དོན་ཤེས་ན། ། འབྲི་དང་ཀློག་དང་འཆད་རྣམས་ཀྱི། ། མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང༌། ། འབྲེལ་བར་སྨྲ་བའི་མཆོག་ཏུ་འགྱུར། །གཞན་ཡང་རྗེས་འཇུག་ཤེས་པ་ཡིས། ། དོན་གྱི་སྦྱོར་བ་མ་མཐོང་ཡང༌། ། དོན་དང་མཐུན་པའི་སྦྱོར་བ་ཤེས། །རྗེས་འཇུག་སྦྱོར་བ་མཁས་པ་ན། །ལུང་གི་དོན་དང་སྦྱོར་བ་དང༌། །བླ་མའི་མན་ངག་གསུམ་སྤྱར་ནས། ། དོན་གྱི་ཐོག་ཏུ་དབབ་པར་བྱ། ། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོར་ང་རོ་རྣམས་ལ་སྦྱང༌། ། སྔོན་འཇུག་མིང་གཞི་རྗེས་འཇུག་རྣམས། ། ཀློག་གི་ཆེད་དུ་བསླབ་པ་ཡིན། ། རྗེས་འཇུག་བཞི་ཡི་སྦྱོར་བ་ནི། ། ཉན་བསམ་བསྟན་པའི་ཆེད་དུ་སྦྱང༌། ། ཡན་ལག་དེ་དག་མཐུ་ཡིས་ནི། ། འབྲས་བུའི་ཆེད་དུ་གཏན་ལ་དབབ། ། བསླབ་པའི་རིམ་པ་འདི་ཡིས་ནི། ། གང་ཞིག་འབད་པ་ཆུང་ངུས་ཀྱང༌། །ཤེས་རབ་མྱུར་ཏུ་གྲོལ་བར་འགྱུར། ། དེ་ཕྱིར་དང་པོར་འདི་ཉིད་བསླབས། ། དེ་ནས་རྒྱས་པའང་མཉན་བྱས་ནས། །བསླབ་པ་གང་ལ་དད་པ་ཡི། །གཞུང་ཉིད་བླ་མ་རྣམས་ལས་མཉན། །སློབ་དཔོན་དེ་ཉིད་དུ་འཛིན་ཅིང༌། །ལེ་ལོ་གཡེང་བ་རྣམ་པར་སྤངས། །ཟོ་བཟང་དད་པ་ལ་བརྟེན་པ། ། སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ། ། དེ་ལ་དུས་སུ་འདོམས་པར་བྱ། །ཅིག་ཤོས་དེ་ལས་ལྡོག་པའོ། །
བྱྰ་ཀ་ར་ཎའི་རྩ་བ་བརྒྱད་པལས་ཀུན་ཏུ་བཟང་བོའི་བྱྰ་ཀ་ར་ཎ་དང་པོའི་སྐབས་ཏེ་ལྔ་བའོ །
༄༅། །རྟགས་འཇུག་གི་རྩ་བ་བཞུགས་སོ། །
རྒྱ་གར་སྐད་དུ། ལིངྒ་ཨ་བ་ཏཱ་ར་ན་མ།
བོད་སྐད་དུ། རྟགས་ཀྱི་འཇུག་པ་ཞེས་བྱ་བ།
སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། ། སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །ཐམས་ཅདམཁྱེན་ལ་ཕྱག་འཚལ་ལོ། ། ཕོ་ཡི་གེ་འབའ་ཞིག་ལ། ། སྡེ་བ་ཕྱེད་དང་བརྒྱད་གནས་པའང༌། །སྡེ་ཚན་ལྔ་རུ་དྲིལ་བྱས་ཏེ། །ཡི་གེ་སུམ་ཅུ་ཐམ་པ་ལ། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་རུ། །སྡེ་བ་བཞི་བ་ཡན་ཆད་དབྱེ། །ལྷག་མ་བཅུ་བཞི་གནས་པ་ལ། །ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །ཝ་ནི་བ་དང་སྦྱར་བར་བྱ། །ལྷག་མ་དྲུག་ནི་མོ་རུ་སྦྱར། །ར་ལ་ཧ་ནི་མོ་གཤམ་སྟེ། །མ་ནིང་མཚན་མེད་ཅེས་ཀྱང་བྱ། །མོ་ཡི་ཡི་གེའི་ནངནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །འཇུག་པ་བཅུ་ཡི་ནང་ནས་ནི། །སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །སྔོན་འཇུག་ཡི་གེ་ལྔ་བོ་ལ། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུམོ་དང་བཞི་རུ་དབྱེ། །དེ་དག་རེ་རེའང་བཞི་བྱེད་དེ། །གང་གིས་འཇུག་བྱེད་གང་ལ་འཇུག །ཇི་ལྟར་འཇུག་བྱེད་ཅིའི་ཕྱིར་འཇུག །གང་གིས་གང་ལ་འཇུག་ཅེ་ན། །ཕོ་ནི་ཕོ་དང་མོ་ལ་འཇུག །མོ་ནི་མོ་དང་མ་ནིང་ལ། །མ་ནིང་ཡང་ནི་ཕོ་མོ་ལའོ། །ཤིན་ཏུ་མོ་ནི་མ་ནིང་དང༌། །མོ་དང་ཤིན་ཏུ་མོ་ཉིད་ལའོ། །མི་འཇུག་པ་ནི་འདི་ལྟ་སྟེ། །ཕོ་ནི་མ་ནིང་ལ་མི་འཇུག །མོ་ཡང་ཕོ་ལ་འཇུག་པ་མིན། །མ་ནིང་རང་ལ་རང་མི་འཇུག །རང་གི་སྡེ་དང་ཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ། །ཇི་ལྟར་འཇུག་པར་བྱེད་ཅེ་ན། །ཕོ་ནི་དྲག་པའི་ཚུལ་གྱིས་འཇུག །མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ། །ཤིན་ཏུ་མོ་ནི་མཉམ་པས་སོ། ། ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། །ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདགདང་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་པས་སོ། །རྗེས་འཇུག་ཡི་གེ་བཅུ་བོ་ལ། །ཕོ་མོ་མ་ནིང་གསུམ་དུ་དབྱེ། །ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །མོ་ལ་མོ་དང་ཤིན་ཏུ་མོ། །མ་ནིང་འགྱུར་དང་མཚན་གཉིས་དང༌། ། མཚན་མེད་དག་དང་གསུམ་དུ་འདོད། ། དེ་ཡང་བྱེད་པ་བཞི་བྱེད་དེ། །གང་ལ་འཇུག་བྱེད་གང་གིས་བྱེད། ། ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །གང་ལ་ཡི་གེ་ཐམས་ཅད་ལ། ། གང་གིས་བཅུ་བོ་དེ་དག་གིས། ། ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། ། སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ། ། ཕོ་གསུམ་མོ་གཉིས་མ་ནིང་གསུམ། །དྲག་ཞན་བར་མ་གསུམ་དུ་འཇུག ། དྲག་པ་གསུམ་ཉིད་ནང་ཕྲད་དམ། ། གལ་ཏེ་ཞན་པ་ནང་ཕྲད་ན། ། དེ་ལ་ནང་གི་ཆ་ཤས་ཀྱིས། ། དེ་ཡང་དྲག་ཞན་གཉིས་སུ་དབྱེ། ། མ་ནིང་གསུམ་དུ་གང་གཏོགས་པ། ། དྲག་དང་ཕྲད་ན་དྲག་པར་འགྱུར། ། ཞན་དང་ཕྲད་ན་ཞན་པར་འགྱུར། །གཉིས་ཀ་དག་དང་ཕྲད་གྱུར་ན། །དེ་ནི་གཉིས་ཀ་ཅན་དུ་འགྱུར། །གཉིས་ཀ་དག་དང་མ་ཕྲད་ན། །གང་དུ་ཡང་ནི་མི་འགྱུར་རོ། ། དེས་ན་འགྱུར་དང་མཚན་གཉིས་དང༌། །མཚན་མེད་མ་ནིང་གསུམ་དུ་འདོད། །དེ་ནི་སྒྲ་ཡི་འཇུག་ཚུལ་ལོ། །དོན་ནི་རྣམ་པ་གཉིས་ཡིན་ཏེ། །སྔ་མ་གང་ལྟར་གྱུར་པ་དང༌། །ཕྱི་མ་གང་ལྟར་འགྱུར་བའོ། །སྔ་མ་སྔོན་འཇུག་ལྔ་བཞིན་སྤྱར། །ཕྱི་མ་དག་གི་འདྲེན་ཚུལ་ནི། །ཕོ་ཡིས་ཕོ་ཡི་མིང་མཐའ་དྲང༌། །མོ་ཡིས་མོ་ཡི་མིང་མཐའ་དྲང༌། ། མ་ནིང་གིས་ནི་མ་ནིང་ངོ༌། ། མིང་མཐའ་དེ་དག་ཉིད་ཀྱིས་ནི། ། དེ་ཉིད་རང་གི་སྒྲ་མཐུན་པའི། ། ཆོས་དངོས་ལས་དང་བྱེད་པ་དང༌། ། སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང༌། ། གནས་དང་བོད་པའི་སྒྲ་ཡང་དྲངས། །གཞན་ཡང་སླར་བསྡུ་ལྷག་བཅས་དང༌། ། འབྱེད་སྡུད་བརྣན་དང་བདག་པོ་དང༌། ། དགག་སྒྲུབ་རྒྱན་དང་དུས་ལའང་འཇུག །དེ་དག་སྔ་ཤུགས་འདྲེན་པས་འབྱུང༌། །དེ་དག་ནང་གསེས་གང་འཇུག་པ། ། མཐར་སྦྱར་འོག་མའི་མིང་དོན་ལེས། ། སྤྱིར་འཇུག་ཡོད་དམ་བྱེད་པ་ཡོད། ། དེ་བཞིན་ཆེད་བྱེད་རྟེན་བྱེད་དང༌། །ལས་བྱ་བླང་བྱ་བསྒྲུབ་པར་བྱ། །སྔོན་དུ་འོས་པ་གནས་པའམ། །གཞན་ཡང་ཚིག་དོན་འོག་མ་ལས། ། བསྡུ་རྒྱུ་ཡོད་དམ་མེད་པ་དང༌། །གོང་མ་ལས་ཀྱང་དེ་བཞིན་ཏེ། ། རྣམ་གྲངས་དག་ནི་བཀོད་པ་ལས། ། བསྐྱར་བ་ཡོད་དམ་མེད་པ་དང༌། ། ཕོ་སྒྲ་དང་ནི་མོ་སྒྲ་དག  ། མིང་གི་མཐའ་ན་ཡོད་མེད་དང༌། ། རྒྱན་དུ་གྱུར་པ་རྣམས་ལ་ཡང༌། ། དོན་ལ་སྙེག་པ་ཡོད་མེད་དང༌། ། བསྟན་བྱ་ལྷག་མ་ཡོད་མེད་དང༌། །ཚིག་དོན་རྫོགས་དང་མ་རྫོགས་ཀྱིས། ། དེ་དག་ནང་གསེས་རྣམ་པར་དབྱེ། ། ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། ། ཡི་གེའི་ཁོངས་ནས་མིང་ཕྱུངས་ཏེ། ། མིང་གི་ཁོངས་ནས་ཚིག་ཕྱུངསནས། ། ཚིག་གིས་དོན་རྣམས་སྟོན་པར་བྱེད། ། མོ་ཡི་ཡི་གེ་མེད་པ་ན། ། ཕོ་ཡིག་བརྗོད་པ་མེད་པར་འགྱུར། ། ཕོ་ཡིག་དེ་དག་རྣམས་ལ་ཡང༌། ། འཇུག་པར་བཅས་པ་མེད་པར་ནི། ། མིངདང་ཚིག་ཀྱང་གསལ་མི་ནུས། ། མིང་ཚིག་གསལ་བ་མེད་ན་ནི། ། དོན་རྣམས་བརྗོད་པར་མི་འགྱུར་རོ། ། དེ་ལྟར་གྱུར་ན་འཇིག་རྟེན་ན། ། དོན་མཚོན་བརྗོད་པ་ཀུན་ཀྱང་མེད། ། རིག་བྱེད་སྨྲ་བའང་ཡོད་མི་འགྱུར། ། ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། །བསླབ་པ་རྣམས་ཀྱང་མེད་པར་འགྱུར། །ཇི་ལྟར་འཇིག་རྟེན་སེམས་ཅན་དག །ཕུང་བོ་ཁམས་དང་སྐྱེ་མཆེད་དང༌། །གྲུབ་མཐའ་གཞན་ཡང་ཡོད་མོད་ཀྱི། །རང་ཉིད་ཀྱིས་ནི་མི་ཤེས་བཞིན། །དེ་བཞིན་ཡི་གེ་འཇུག་ཚུལ་རྣམས། །སྨྲ་བ་ཀུན་ལ་གནས་གྱུར་ཀྱང༌། །རང་ཚུལ་དེ་ཉིད་མི་ཤེས་པས། །དོན་ལ་སྦྱོར་བ་ག་ལ་ཤེས། ། དེ་ཕྱིར་སྨྲ་བའི་དབང་ཕྱུག་གི། །རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག །
བྱྰ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་བོའི་བྱྰ་ཀ་ར་ཎ་གཉིས་པའི་སྐབས་ཏེ་དྲུག་པའོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号