ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་གཉིས་པ་རྟགས་འཇུག་གི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
སྡོམ་ཚིག
པྲ་ཏིའི་ལུགས་ལྟར་རྗེས་འཇུག་གི་དབྱེ་བ་དང་སྒྲ་ཡི་འཇུག་ཚུལ། རྗེས་འཇུག་ཕོ་མོ་མ་ནིང་སོགའ།།བྱེད་པ་བཞི་ཡིསྒོ་ནས་འཇུག །འཇུག་ཡུལ་གང་ལ་འཇུག་པ་དང་། །གང་གིས་འཇུག་པར་བྱེད་པ་དང༌། །སྒྲ་གདངས་ཇི་ལྟར་འཇུག་པ་དང༌། དགོས་པ་ཅིའི་ཕྱིརའཇུག་པརབྱེད། །རྗེས་འཇུག་བཅུ་བོ་དེ་དག་ནི། །འཇུག་ཡུལ་ཡི་གེ་ཐམས་ཅད་ལ། །བྱེ་བྲག་མེད་པར་འཇུག་ན་ཡང། མིང་དོན་སྟོན་དང་མི་སྟོན་གྱི། །ཁྱད་པར་འབྱེད་པ་ཤིན་ཏུ་གཅེས། །རྗེས་འཇུག་འཇུག་ཡུལ་མིང་གཞི་ནི། །ཁོ་ནརམ་ངེས་ད་ས་གཉིས། །རྗེས་འཇུག་ནང་ཚན་ལ་ཡང་འཇུག །རྗེས་འཇུག་བཅུ་བོའི་འཇུག་ཚུལནི། །ཇིལྟརརྣམགཉིསཡིན་ཏེ། །འཇུག་ཚུལ་སྒྲ་གདངས་དྲག་ཞན་དུ། །འགྱུར་བ་སྒྲ་ཡི་འཇུག་ཚུལཡིན། །དེལྟརཞུགསཔསདོནཅི་ཞིག །སྟོན་པ་དོན་གྱི་འཇུག་ཚུལ་ཡིན། །རྗེས་འཇུག་རྟགསཀྱི་ངོས་འཛིན་ནི། །སྤྱིར་བཏང་ཕོ་མོ་མ་ནིང་གསུམ། །ད་བ་ས་གསུམ་ཕོ་ཡིན་ཞིང༌། །ག་ལ་ར་དང་ང་ན་མ། ། མོ་ཡིན་འ་ནི་མ་ནིང་ངོ༌། ། རྗེས་འཇུག་རྟགས་ཀྱི་དབྱེ་བ་ནི། ། མིང་ལ་ཞུགས་ཚེསྒྲ་ཡི་གདངས། །དྲག་ཞན་བར་མ་གསུམ་དུ་འགྱུར།། རྗེས་འཇུག་བཅུ་བོ་དེ་དག་ལ། ། སླར་ཡང་ནང་གསེས་བརྒྱད་དུ་དབྱེ། །ཕོ་ལ་སྐྱེས་བུ་རབ་འབྲིང་ཐ། །མོ་ལ་མོ་ཙམ་ཤིན་ཏུ་མོ།མ་ནིང་འགྱུར་དང་མཚན་གཉིས་དང༌། །མཚན་མེད་དག་དང་གསུམ་དུ་འདོད། །དེ་ཡང་ཚེག་བར་གཅིག་ལ་ནི། །སྔོན་མིང་རྗེས་གསུམ་ཕོ་ཚོགས་པ། །ས་རབ་ད་འབྲིང་བ་ཐ་མ། །སྔོན་མིང་རྗེས་གསུམ་མོ་ཡིན་ན། །ག་ལར་གསུམ་མོ་ཙམ་དང༌། །ང་ན་མ་གསུམ་ཤིན་ཏུ་མོ། །འ་ཡིག་མ་ནིང་གསུམ་གར་འགྱུར། །སྔོན་མིང་ཕོ་དང་ཕྲད་པ་ན། །དྲག་དང་ཕྲད་པས་དྲག་པར་འགྱུར། །སྔོན་མིང་མོ་དང་ཕྲད་པ་ན། །ཞན་དང་ཕྲད་པས་ཞན་པར་འགྱུར། །དེ་གཉིས་འགྱུར་བ་མ་ནིང་ཡིན། །སྔོན་མིང་ཕོ་མོ་ཐ་དད་པར། །ཕྲད་ན་མཚན་གཉིས་མ་ནིང་ཡིན། །མིང་གཞི་མ་ནིང་དང་ཕྲད་ན། །དྲག་ཞན་གང་དུའང་མི་འགྱུར་བས། །མཚན་མེད་མ་ནིང་ཞེས་བྱ་སྟེ། །འ་ཡིག་གྲོགས་ཀྱི་དབང་གིས་འགྱུར།།ཕྱི་མ་མིང་མཐའ་འདྲེན་ཚུལནི། །མིང་གཅིག་ཉིད་ལ་ངོ་བོ་ཡི། །ཁྱད་པར་རྫོགས་པའི་མཐའ་འདྲེན་ཚུལ། །སྔ་མའི་མིང་མཐའི་རྗེས་འཇུག་ཕོས།།མིངགཞིའི་ཕོཡིག་འདྲེན་པ་ཡིན། །དེ་བཞིན་རྗེས་འཇུག་མོ་ཡིག་གིས། །མོ་ཡིག་འདྲེན་པ་ཇི་བཞིན་དུ། ། མ་ནིང་གིས་ནི་མ་ནིང་དྲངས། ། དེ་རྣམས་རྟགས་མཚུངས་འདྲེན་ཚུལ་ཡིན། །དེ་ཡང་བརྗོད་བདེ་འདྲེན་པ་ཡོད། །མིང་མཐའ་སྔ་ཕྱི་དེ་དག་གིས། །རྟགས་མཚུངས་བརྗོད་བདེ་སྒྲ་མཐུན་པར། །གྱུར་པའི་རྣམ་དབྱེ་ཚིག་ཕྲད་སོགས། །སྦྱོར་ཚུལ་ལེགས་པར་འབྱུང་བ་ནི། །ཆོས་དངོས་ལས་དང་བྱེད་པ་དང༌། །སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང༌། །གནས་དང་བོད་པའི་སྒྲ་ཡང་དྲངས། །
དྲི་ཚིག
༡ མོ་ཡི་ཡི་གེ་ནང་ནས་ནི། །ཞེས་པའི་མོ་ཡིག་གང་དག་ཡིན།
༢ རྗེས་འཇུག་ཅེས་པའི་དོན་ཅི་ཡིན།
༣ སྔོན་འཇུག་གི་དོན་ཅི་ཡིན།
༤ སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་གང་ཡིན།
༥ སྔོན་འཇུག་རྟགས་ཀྱི་དབྱེ་བར་བཞེད་པ་མི་འདྲ་བ་མེད་པའི་རྒྱུ་མཚན་ཅི།
༦ སྔོན་འཇུག་རྟགས་ཀྱི་དབྱེ་བ་རྒྱུ་མཚན་གང་གིས་བཞག
༧ སྔོན་འཇུག་བཞི་ཞེས་པའི་དོན་ཅི་ཡིན།
༨ སྔོན་འཇུག་ལྔ་བོ་མིང་གཞིར་འཇུག་མིན་ཡོད་པའི་རྒྱུ་མཚན་ཅི།
༩ སྔོན་འཇུག་རྟགས་ཀྱི་འཇུག་ཚུལ་ཅི་ལྟར་ཡིན།
༡༠ ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པའི་དོན་ཅི་ཡིན།
༡༡ དུས་གསུམ་གྱི་དབྱེ་བ་ཅི་ལྟར་ཡིན།
༡༢ བྱ་བའི་ལས་བསྒྲུབ་པའི་དཔེར་བརྗོད་ཇི་འདྲ་ཡིན།
༡༣ དངོས་པོ་གཞན་དང་བྱ་བའི་ལས་གཉིས་ཨེ་འདྲ།
༡༤ ལས་ལ་བྱ་ལས་བྱེད་ལས་གཉིས་ཞེས་པའི་དོན་ཅི་ཡིན།
༡༥ལས་གང་ཞིག་ཞེས་པའི་ལས་ནི་ལས་ཀྱི་དངོས་པོར་གོའམ་ལས་ཚིག་སྟེ་བྱ་ཚིག་ལ་གོ
༡༦ བྱེད་པ་པོ་དང་བྱེད་པ་པོ་གཞན། བྱེད་པ་པོ་རང་རྣམས་དོན་གཅིག་གམ།
༡༧ བྱེད་པ་པོ་དང་བྱེད་པ། བྱེད་པའི་ལས་གསུམ་གྱི་གོ་དོན་ཅི་ཡིན།
༡༨ བྱ་བའི་ཡུལ་དང་བྱ་བ་བསྒྲུབ་པའི་ཡུལ། བྱ་ཡུལ་དང་བྱ་བའི་ལས་སོགས་ཀྱི་གོ་དོན་ཅི་ཡིན།
མཚམས་འདིའི་བྱ་ཡུལ་ཞེས་པ་བྱ་བའི་ཡུལ་ལ་གོའམ་བྱ་བ་བསྒྲུབ་པའི་ཡུལ་ཏེ་ལས་ཀྱི་དངོས་པོར་གོ
༢༠ དངོས་པོ་བདག་གཞན་གཉིས་ཀྱི་གོ་དོན་ཅི་ཡིན།
༢༡ དངོས་པོ་བདག་གཞན་གཉིས་སུ་དབྱེ་བའི་དགོས་པ་གང༌།
༢༢ བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་ཁྱད་པར་ཅི་ཡིན།
༢༣་ བྱ་བྱེད་ཐ་མི་དད་པ་ལ་དངོས་པོ་བདག་གཞན་དང་དུས་གསུམ་གྱི་དབྱེ་བ་ཨེ་ཡོད།
༢༤ སྐུལ་ཚིག་ནི་དངོས་པོ་བདག་གཞན་དང་དུས་གསུམ་གྱི་གང་དུ་བསྡུ་དགོས།
༢༥ བསྒྲུབ་བྱ་དང་བསྒྲུབ་པར་བྱ། བཀླག་བྱ་དང་བཀླག་པར་བྱ། གཅད་བྱ་དང་གཅད་པར་བྱ་སོགས་ཀྱི་གོ་དོན་ཨེ་འདྲ།
དྲི་བ་དྲི་ལན།
༡་ཅི་ཞིག་ལ་བྱ་བྱེད་ལས་གསུམ་ཟེར།
བྱེད་པ་པོས་བྱ་བ་བྱེད་པའམ་བྱས་པ་སོགས་ཀྱི་བྱ་ཚིག་ལ་བྱ་ཞེས་པ་དང༌། བྱེད་པ་པོ་དང་བྱེད་པ་གཉིས་ལ་བྱེད་ཅེས་པ་དང༌། གང་ལས་སམ་ལས་ཀྱི་དངོས་པོའམ་དངོས་པོ་གཞན་ལ་ལས་ཞེས་པའི་ཐ་སྙད་འཇུགསཡིན། དཔེརན། ངསཡིགེ་བྲིས། ལྟ་བུའི་ང་ནི་བྱེད་པ་པོ། ཡི་གེ་ནི་ལས། འབྲི་བ་ནི་བྱ་བ་ཡིན་ནོ། །དེ་བཞིན། ངས་ས་སྨྱུག་གིས་སློབ་ཁང་ནང་དུ་སྒོ་སམ་ཐོག་ལཡི་གེ་བྲིས་ལྟ་བུའི་ང་ནི་བྱེད་པ་པོ།ས་ནི་བྱེད་སྒྲའི་ཕྲད། སསྨྱུག་ནི་བྱེད་པ། སློབ་ཁང་ནི་བྱ་བའི་ཡུལ། སྒོ་སམ་ཀྱང་བྱ་བའི་ཡུལ། ཡི་གེ་ནི་ལས་ཀྱི་དངོས་པོ། བྲིས་ནི་བྱ་བ་གསལ་བྱེད་ཀྱི་སྒྲའོ །
༢ ཅི་ཞིག་ལ་བྱ་བྱེད་ཐ་དད་པ་ཟེར།
སྐབས་འདིའི་བྱ་བྱེད་ཅེས་པའི་བྱ་ནི་མཐའི་བྱ་ཚིག་ལ་མི་གོ་བར་བསྒྲུབ་བྱ་སྟེ་ལས་ཀྱི་དངོས་པོར་གོ་དགོས། དེ་བས་བྱ་བ་གང་བྱེད་ཀྱང་བྱེད་པ་པོ་དང་ལས་ཀྱི་དངོས་པོ་གཉིས་སོ་སོར་ཡོད་པ་ཞིག་ལ་བྱ་བྱེད་ཐ་དད་པ་ཟེར།
དཔེརན། ངསཡིགེ་བྲིས། ལྟབུའི་ང་ནི་བྱེད་པ་པོ་དང༌། ཡི་གེ་ནི་བྲི་བྱ་ཡིན་པས་བྱེད་པ་པོ་ང་དང་བྲི་བྱ་ཡི་གེ་གཉིས་སོ་སོར་ཡོ་པ་འདིའི་རིགསབྱབྱེདདད་པ་ཟེར།
དེ་བཞིན། ངས་བྲིས(འབྲི)ལྟ་བུར་ལས་དངོས་སུ་མི་སྣང་ཡང་བྲི་བྱ་ཡི་གེ་ཤུགས་བསྟན་ཡིན་པས་འབྲི་བ་བོ་ང་དང་བྲི་བྱ་ཡི་གེ་གཉིས་སོ་སོར་ཡོད་པས་བྱ་བྱེད་ཐ་དད་པ་ཡིན་པ་དང༌།
འཁོར་ལོ་སྐོར།(བསྐོར།བསྐོརད། སྐོརད་ཅིག)ལྟ་བུར་བྱེད་པ་པོ་དངོས་སུ་མི་སྣང་ཡང་སྐོར་སོགས་བྱེད་འབྲེལ་ལས་ཚིག་ཡིན་པས་བྱེད་པ་པོ་ཤུགས་བསྟན་ཡིན་ཕྱིར་སྐོར་བ་བོ་དང་བསྐོར་བྱ་འཁོར་ལོ་སོ་སོར་ཡོད་སྟབས་བྱ་བྱེད་ཐ་དད་ཡིན་པ་ཤེས་དགོས། བྱ་བྱེད་ཐ་དད་པར་བྱེད་སྒྲ་སྦྱོར་ཞིང་དངོས་པོ་བདག་གཞན་གྱི་དབྱེབའང་ཡོད།
༣་ ཅི་ཞིག་ལ་བྱ་བྱེད་ཐ་མི་དད་པ་ཟེར།
བྱེད་པ་པོ་དང་བསྒྲུབ་བྱ་སྟེ་ལས་ཀྱི་དངོས་པོ་གཉིས་སོ་སོར་མེད་པར་ངོ་བོ་གཅིག་པའི་རིགས་ལ་བྱ་བྱེད་ཐ་མི་དད་པ་ཟེར། དཔེར་ན། ང་འགྲོ་ལྟ་བུར་འགྲོ་བ་བོ་ཡང་ང་ཡིན་ལ་འགྲོ་བྱ་ཡང་ང་ལས་ལོགས་སུམེད་པ་དང༌། འཁོར་ལོ་འཁོར་ལྟ་བུ་འཁོར་བྱེད་ཅིག་མེད་པ་མི་སྲིད་ཀྱང་འཁོར་བཞིན་པའི་སྐབས་དེར་སྐོར་མཁན་དངོས་མེད་པས་བྱེད་མེད་ལས་ཚིག་འཁོར་ཞེས་སྦྱར་བ་སོགས་བྱ་བྱེད་ཐ་མི་དད་པ་ཡིན་ནོ། །དེ་བས་བྱ་བྱེད་ཐ་མི་དད་པ་ལ་བྱེད་སྒྲ་དང་ལ་དོན་མི་སྦྱོར་ཞིང་དངོས་པོ་བདག་གཞན་གྱི་དབྱེ་བའང་འབྱེད་རྒྱུམེད།
 བོད་ཀྱི་བརྡ་སྤྲོད་རིག་པའི་ལས་ཞེས་པར་རྣམ་པ་དུ་ཡོད།
ལས་ལ་རྣམ་པ་གསུམ་ཡོད་དེ། བྱ་བྱེད་ལས་གསུམ་གྱི་ལས་དང༌། སྤྱིར་བྱ་ཚིག་ལ་ལས་ཚིག་ཅེས་པའི་ལས་དང༌། ལས་ལ་བྱ་ལས་བྱེད་ལས་གཉིསཞེསཔའི་ལབཅསགསུམ་ཡིནནོ།
 བྱ་བྱེད་ལས་གསུམ་གྱི་ལས་ནི་གང་ལ་ངོས་འཛིན།
ལས་ཀྱིདངོས་པོསྟེལསསུབྱབའིལསངོསའཛིན་དགོས། དཔེར་ན། ངས་འབྲི་དེབ་ཐོག་ཏུ་ཡི་གེ་བྲིས་ལྟ་བུའི་བྲི་བྱ་ཡི་གེ་ལ་གོ་བའོ
 སྤྱིར་བྱ་ཚིག་ལ་ལས་ཚིག་ཅེས་པའི་ལས་ནི་གང༌།
དངོས་པོ་བདག་གཞན་དང་དུས་གསུམ་སྐུལ་ཚིག་སོགས་ཀྱིས་བསྡུས་པའི་བྱ་ཚིག་ཡོད་དོ་ཅོག་གི་སྤྱི་མིང་ལ་ལས་ཚིག་ཟེར།
༧་ ལས་ལ་བྱ་ལས་བྱེད་ལས་གཉིས་ཞེས་པའི་ལས་ནི་གང༌།
ལས་དེ་ནི་བྱ་བྱེད་ཐ་དད་སྐབས་ཀྱི་བྱ་བྱེད་ལས་གསུམ་གྱི་བྱ་ཚིག་སྟེ་ལས་ཚིག་ལ་གོ་དགོསལས་དེ་ལ་ནང་གསེས་དབྱེ་བ་གཉིས་ཡོད་དེ། བྱེད་པ་པོ་དང་འབྲེལ་བའི་བྱེད་ལས་ཏེ་སྒྲུབ་པར་བྱེད། འབྲི་བར་བྱེད། གཅོད་པར་བྱེད་ལྟ་བུ་དང༌། བྱ་བའི་ཡུལ་དང་འབྲེལ་བའི་བྱ་ལས་ཏེ་བསྒྲུབ་པར་བྱ། བྲི་བར་བྱ།གཅད་པར་བྱ་ལྟ་བུའི་གཉིས་ཚོགས་ཀྱི་ལས་ལ་གོ་དགོས།
བྱ་བྱེད་ལས་གསུམ་གྱི་ལས་དང་བྱ་ལས་བྱེད་ལས་གཉིས་ཞེས་པའི་ལས་ཀྱི་གོ་དོན་ཨེ་འདྲ།
དེ་ནི་རྣམ་པ་གཉིས་ཡིན་ཏེ། བྱ་བྱེད་ལས་གསུམ་གྱི་ལས་ནི་ལས་ཀྱི་དངོས་པོར་གོ་བ་དང༌། ལས་ལ་བྱལསབྱེད་ལགཉིསཞེསཔའི་ལས་ནི་བྱ་བྱེད་ལས་གསུམ་གྱི་བྱ་ཚིག་སྟེ་ལས་ཚིག་ལ་གོ་བའོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号