ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་དང་པོ་སུམ་ཅུ་བའི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།

སྐབས་དང་པོ། སུམ་ཅུ་བའི་རྩ་འགྲེལ།

རང་གཤིས་དག་པས་ཉེས་ཀུན་དྲང་བོར་སྲོང༌། །
     རང་གཞན་གཉིས་མེད་ཐུགས་རྗེའི་བཀའ་ཁྲིམས་བཙན། །
རང་བཞིན་ཡེ་ཤེས་ཐུགས་རྒྱུད་སྒམཔོ་རྗེ། །
རང་རིགས་གདོང་དམར་ཅན་གྱིས་སྤྱི་བོར་བསྙེན། །
 ལེགས་བྱས་རྩ་བ་རྒྱལ་བའི་བསྟན་ལ་དགོངས། །
ལེགས་སྦྱར་སྐད་ལས་བོད་ཡིག་རྣམ་གཞག་མཛད། །
    ལེགས་བཤད་བསྟན་བཅོས་གངས་ཅན་སྐད་དུ་བསྒྱུར། །
ལེགས་པ་དྲུག་ལྡན་ཐོན་མིར་དང་བས་བསྟོད། །
 
      གང་གི་མཁྱེན་དཔྱོད་ནམ་མཁའི་ཀློང་ཡངས་ལས། །
       ཉེར་འཁྲུངས་ལེགས་བཤད་སུམ་རྟགས་ཉི་ཟླཟུང༌།
བརྡ་སྤྲོད་རིག་པ་སྣང་བའི་གཟི་འབར་བ།
བསིལ་ལྡན་རྨོངས་མུན་སེལ་བའི་དཔའ་དུ་ཤར། །
བཅུ་ཕྲག་རིག་པའི་བསྟན་པ་རྒྱས་པའི་སླད། །
         སློབ་དཔོན་ཐོན་མིས་མཛད་པའི་སུམ་རྟགས་གཞུང༌། །
རྩ་འགྲེལ་གཡས་འཁྱིལ་དུང་གི་སྒྲ་དབྱངས་འདི། །
སྐལ་ལྡན་དོན་གཉེར་ཅན་ལ་སྐྱེས་སུ་འབུལ། །
 
ཞེས་པའི་སྙན་ཚིག་མེ་ཏོག་ཆུན་པོས་མདུན་བསུས་ནས་སྐབས་སུ་བབས་པའི་བརྗོད་དོན་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་རྩ་བ་འདི་གཉིས་འགྲེལ་བར་བྱེད་པ་ཡིན་ཏེ། ཇི་ལྟར་རྒྱལབོ་ཆེན་པོའི་སྲས་ཀྱི་ཐུ་བོ་ནི་རྒྱལ་བོའི་གདུང་རྒྱུད་འཛིན་པ། འཁོར་འབངས་མངའ་རིསསྐྱོང་བ། མཛོད་ཀྱི་ལྡེ་མིག་འཛིན་པར་འགྱུར་བ་དེ་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་མངའ་དབང་མཛད་དུས། རྒྱལ་སྲིད་ཆོས་བཞིན་སྐྱོང་བར་ཡི་གེ་མཁོ་བའི་རྟེན་འབྲེལགྱི་རང་བཞིན་ལས་རྒྱལ་བསྟན་ཉིན་བྱེད་དབང་བོ་ཕྱག་ན་པདྨའི་གདུལཞིང་འགྲོ་བའི་དཔལདུ་འདྲེན་པའི་དུས་ལ་བབས་པ་མངོན་པར་མཁྱེན་པའི་ཐུགས་དགོངས་ཟབ་མོ་ནི་རྩ་བར། འབྲས་བུའི་ཆེད་དུ་གཏན་ལ་དབབ། །ཅེསགསུངསཔ་ལསཤེས་དགོས་པ་ལྟར་བསྟན་བཅོས་ཀྱི་གཞུང་རྐང་ལ་བཟོ་བཅོས་མ་བརྒྱབ་པར་ཀླད་གཞུང་མཇུག་གི་དགེ་བའི་དོན་གསུམ་རང་སོར་བཞག་ནས་འགྲེལབའོ། །
དེ་ཡང་བོད་ཀྱི་ཡི་གེ་བྱུང་འཕེལ་གྱི་ལོ་རྒྱུས་ཐད་བཞེད་ཚུལ་མང་ཡང་སྔོན་བྱོན་མཁས་པ་མང་ཆེ་བ་ཞལ་མཐུན་གྱི་བཞེད་པ་ལྟར་ན། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་སློབ་དཔོན་ཐོན་མིས་བོད་ཡིག་གསར་བཟོ་མཛད་དུས་རྒྱ་གར་ན་སྒྲ་རིག་པའི་བསྟན་བཅོས་ཆེན་པོ་བརྒྱད་ཡོད་པ་དང་ཚུལ་མཚུངས་པར་བོད་ལ་ཡང་སྒྲ་རིག་པའི་བསྟན་བཅོས་ཆེན་པོ་བརྒྱད་མཛད་པར་གྲགས་པ་ལས།བསྟན་པ་འཕེལའགྲིབཀྱིདབང་གིས་སུམ་ཅུ་བ་དང་རྟགས་འཇུག་གཉིས་མ་གཏོགས་གཞན་ཕལཆེར་ཉམས་སོང་བ་རེད་ཅེས་གསུངས་པ་ལྟར་རོ།  །དེ་བས་བོད་ཡིག་གི་རྣམ་གཞག་ཆ་ཚང་བ་སྟོན་པའི་སྒྲ་རིག་པའི་བསྟན་བཅོས་ཉམས་པརགྱུར་པ་དང་སློབ་དཔོན་ཐོན་མིའི་དགོངས་པ་ཇི་བཞིན་མཁྱེན་པའི་མཁས་པ་དུས་གསུམ་ཀུན་ཏུ་འབྱོན་དཀའ་ར་གྱུར་པ་ནི་རང་ཅག་ཐུན་མོང་སྤྱི་མཐུན་གྱི་ལས་སུ་གྲུབ་པར་སྣང༌། ད་ལྟ་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་གཞུང་དུ་བཞེད་པ་མི་འདྲ་བ་ཉུང་ཙམ་བྱུང་བ་ནི། སྔོན་བྱོན་མཁས་པ་ང་ཚེབསསྔར་ཡོད་ཀྱི་བསྟན་བཅོས་དཔྱད་གཞིར་བཟུང་ནས་སྐབས་དེའི་བོད་མིའི་སྐད་ཆར་ཐུགས་གཞིགས་གནང་སྟེ་སུམ་རྟགས་འགྲེལ་བ་སྣ་ཚོགས་མཛད་པ་ལས་རྒྱསའགྲེལརྒྱསཔསའཆིམསདཀའ་བ། བསྡུསའགྲེལབསྡུསཔསགོདཀའ་ར་གྱུར་པ་ནི་ཐོན་མིའི་སྒྲ་རིག་པའི་བསྟན་བཅོས་བརྒྱད་རྣམས་ཉམས་པའི་ལྷག་ལུས་ཀྱི་སུམ་རྟགས་རྩ་བ་ལེའུ་གཉིས་ཀྱིས་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་དཔྱིས་ཕྱིན་པར་མི་ཤོད་པའི་གནད་ཀོ་དི་ལ་ཐུགས་པར་སེམས།
འདིར་བློ་ལྡན་རྣམ་པའི་ཤེས་རབ་འཕེལ་ཆེད་སུམ་རྟགས་རྩ་བར་འགྲེལ་བ་ཙམ་ལས་མིང་གཞི་རྐྱང་བའི་སྒྲ་གཙོ་བོར་གྱུར་པའི་ཕྲད་སོགས་འབྲེལ་ཡོད་ཀྱི་ཚིག་ཕྲད་གཞན་རྣམས་ཞིབ་ཏུ་མ་བཀོད་པར་འགྲེལར་བྱའོ།  
ལེའུ་དང་པོ། ཐོག་མར་དགེ་བ་ཀླད་ཀྱི་དོན
ས་བཅད་དང་པོ།  མཚན་དོན 
   རྒྱ་གར་སྐད་དུ། བྱྰཀ་ར་ཎ་་ཏྲིཾ་ཤད་ནཱ་མ།
   བོད་སྐད་དུ། ལུང་སྟོན་པ་སུམ་ཅུ་བ་ཞེས་བྱ་བ།
   ཞེས་གསུངས་ཏེ། ཐོག་མར་དགེ་བ་ཀླད་ཀྱི་དོན་བཤད་པ་ལ་ཇི་ལྟར་བཏགས་པ་མཚན་གྱི་དོན་ལས་སྤྱིའི་གོ་དོན་སྐད་དོད་བསྒྱུར་བ། ཇི་སྐད་དུ།སྒྲ་ཡི་རྗེས་འབྲངས་མ་གཏོགས་པའི། །ཤེས་དེ་འཇིག་རྟེན་ཡོད་མིན། །ཞེསཔ་ལྟར།དེ་ཡང་ལུང་དུ་མི་སྟོན་པའི་སྒྲ་དང་ལུང་དུ་སྟོན་པའི་སྒྲའོ །ལུང་དུ་སྟོནཔའིསྒྲཡངསྙན་ངགམེལོངལས། ངག་གི་རང་བཞིན་དེ་དག་ཀྱང། །ལེགས་སྦྱར་དེ་བཞིན་རང་བཞིན་དང༌། །ཟུར་ཆག་འདྲེས་མ་ཞེས་པ་སྟེ། །རྣམ་པ་བཞི་རུ་མཁསརྣམསབཞེད། །ཅེསཔལྟར།ལེགས་སྦྱར་ལྷའི་སྐད་དང༌། རང་བཞིན་ཡུལ་འཁོར་བའི་སྐད་དང༌། ཟུར་ཆག་བ་གླང་རྫི་ལ་སོགས་པའི་སྐད་དང༌། དེ་དག་འདྲེས་པའམ་འབྱྰང་བོའི་སྐད་ཀྱི་རང་བཞིན་བརྗོད་ཅེས་པའི་བིཤཱ་ཙི་ཤ་ཟའི་སྐདདངབཞིརགྲགསཔ་ལས་གསུང་རབ་ཕལ་ཆེ་བ་ནི་དགོས་པའི་དབང་གིས་སྐད་མ་ངེས་པར་ཡོད་པ་སྟེ། ཡུལ་གྱི་སྒྲ་ཡི་དོན་བསྙད་པ། །དེ་ལ་བསྟན་བཅོསསྒྲཡིསཅི། །ཞེསསོགསདུསའཁོརའགྲེལ
ཆེན་ལསམངདུགསུངསསོ། །འོན་ཀྱང་མཁས་པ་རྣམས་སྐྱོན་ཡོངས་སུ་སྤངས་པ་སཾ་སྐྲི་ཏའི་སྐད་ལ་འཆད་པ་དང་རྩོམ་པ་གཙོ་ཆེ་བས་འདི་ཉིད་ལེགས་པར་སྦྱར་བ་ལྷའི་སྐད་དོད་དུའོ།།དེ་བསྒྱུར་བའི་ཚུལ་ལགནས་བརྒྱད་ཆེན་མོའི་རྩ་ར།བསྒྱུར་བའི་གནས་ནི་བཞི་སྟེ། བརྒྱུད་ཏེ་བསྒྱུར་བ་དང་ཡན་ལག་བསྒྱུརབ། རྣམ་གྲངས་བསྒྱུར་བ། དྲང་ཐད་དུ་བསྒྱུར་བའི་གནས་བཅས་བཞི་ཡོད་པ་ལས་འདི་ནི་དྲང་ཐད་དུ་བསྒྱུར་བ་སྟེ། རྒྱ་གར་ན་སྐད་རིགས་ཆེན་པོ་བཞི་ཡོད་པའི་ལེགས་སྦྱར་ལྷའི་སྐད་དུ། བྱྰ་སོགས་
སོ། །དེ་བོད་གངས་ཅན་གྱི་སྐད་དུ་བསྒྱུར་ན། ལུང་སྟོན་པ་སོགས་སུ་འགྱུར་རོ །དེ་ལ་བྱྰ་ཀ་ར་ཎ་ནི་ལུང་སྟོན་པའམ་བརྡ་སྤྲོད་པ་སྟེ། མིང་དང་དོན་བློ་ཡི་ངོ་ན་འབྲེལ་བ་དེ་བརྡའོ་ཞེས་པ་ལྟར་སྒྲའི་མཚན་ཉིད་མིང་ཚིག་ཡིགེའི་རྣམའགྱུརགྱི་སྒོ་ནས་དོན་ལུང་སྟོན་པའམ་བརྡ་སྤྲོད་པས་དེ་སྐད་ཅེས་བྱའོཏྲིཾ་ཤད་ནི་སུམ་ཅུ་བ་སྟེ། ཀཱ་ལིསུམ་ཅུ་བོའི་སྦྱོར་བ་རྒྱ་ཆེར་སྟོན་པས་བརྗོད་བྱའི་སྒོ་ནས་བཏགས་པའོ།ནྰ་ནིཞེས་བྱ་བ་ཞེས་པ་སྟེ། མིང་དེ་སྐད་ཅེས་བྱའོ་ཞེས་པའོ།
དཔྱད་གཞི།
མཚན་དོན་ལ་ལང་ཀར་གཤེགས་པའི་མདོ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར།།མགོན་པོས་མིང་དུ་གདགས་པརམཛད། །ཅེསགསུངས་བ་ལྟརསུམ་ཅུ་བའི་མཚན་ཀྱི་བཏགས་དོན་ལ། པྲ་ཏིས་ཀཱ་ལི་སུམ་ཅུ་བོའི་སྦྱོར་བ་རྒྱ་ཆེར་སྟོན་པས་བརྗོད་བྱའི་སྒོ་ནས་བཏགས་པར་གསུངས་པ་དང༌། སི་ཏུས་མཆོད་བརྗོད་དང་རྩོམཔརདམབཅའ་བ་ནི། སྐབསགཞན་གྱིཐུན་མོང་བ་ཡིན་པ་རྟགས་འཇུག་ལ་དེ་མེད་པས་གསལ་ཞིང༌།སུམ་ཅུ་བ་ནི་ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཞེས་སོགས་སྐབས་དང་པོ་ཉིད་ཀྱི་ཐུན་མོང་མིན་པའི་བརྗོད་བྱ་ཚིགས་བཅད་སུམ་ཅུ་ཉིད་ཀྱིས་རྫོགསཔསགྲངསངེསཔའིསྒོནས་བཏགས་པར་གསུངས་ཀྱང་ཚིག་རྐང་གཅིག་ཆད་པ་དང༌། རྟགས་འཇུག་ལ་མཆོད་བརྗོད་མེད་པར་ཡང་མ་ངེསཔའོ།ལོཆེན་ནམམཁའ་བཟངབོསོགསཀྱིས་སུམཅུབའིགཞུང་ལ་ཤོ་ལོ་ཀ་སུམ་ཅུ་ཙམ་ཡོད་པས་དེ་སྐད་བཏགས་པར་གསུངས་པ་ལ། ཐོན་མིའི་ཞལ་ལུང་དུ་གྲངས་ཀྱི་སྒོ་ནས་བཏགས་པའི་བསྟན་བཅོས་ཀྱི་མཚན་ཡིན་ན། གྲངས་ངེས་མི་དགོས་པས་ལོ་ཆེན་ནམ་བཟང་གི་ལུགས་འདི་འཐད་པར་གསུངས་སོ། །
མྰུ་ལ་ཞེས་པ་རྩ་བའི་དོན་ཡིན་ཏེ། སུམ་ཅུ་བ་ནི་བརྡ་སྤྲོད་པའི་བསྟན་བཅོས་གཞན་བདུན་གའི་རྩ་བ་ཡིན་མིན་ལ་འགྲེལ་ལུགས་མི་མཐུན་པ་ཡོད་དེ། མུ་ཏིག་ཕྲེང་མཛེས་སུ། རྒྱ་གར་སྐད་དུ། བྱྰ་ཀ་ར་ཎ་མྰུ་ལ་ཏྲཾ་ཤད་ནཱ་མ། བོད་སྐད་དུ། ལུང་སྟོན་པ་རྩ་བ་སུམཅུབ་ཞེསབྱབ། ཞེས་སྒྲའི་མཚན་ཉིད་ལུང་དུ་སྟོན་ཅིང་ལེའུ་ཕྱི་མ་རྣམས་ཀྱི་རྟེན་གཞིར་གྱུར་པ་གང་ཞིག་གཞུང་ཚད་ཤོ་ལོ་ཀ་སུམ་ཅུར་གནས་པས་ན་དེ་སྐད་ཅེས་བྱའོ་ཞེས་སུམ་ཅུ་བ་ནི་བརྡ་སྤྲོད་འི་བསྟན་བཅོས་གཞན་བདུན་གའི་རྩ་བར་བཞེད་ཀྱང༌། ཀུན་བཟང་དགོངས་རྒྱན་དུ། ལུང་སྟོན་པ་སུམ་ཅུ་པ་ཞེས་འགྲེལ་བས་བརྡ་སྤྲོད་པའི་ལེ་ཚན་གཞན་རྣམས་ཀྱི་རྟེན་གཞིརམི་འདོད་ལ། ཐོན་མིས་མཛད་པའི་བསྟན་བཅོས་གཞན་དག་ད་ལྟ་མི་བཞུགས་པའི་དབང་གིསབསྟན་བཅོསཀུན་གྱིཕྱིམོཡིན་མིན་མི་ཤེས་ཀྱང༌། སུམ་ཅུ་བའི་གཞུང་ནས་མདོར་བསྟན་པ་དང་གསལ་བོར་མ་བསྟན་པའི་དོན་མང་བོ་ཞིག་རྟགས་འཇུག་ནས་རྒྱས་པར་བསྟན་པས་རྟགས་འཇུག་ནི་སུམ་ཅུ་བའི་རྒྱས་བཤད་དང་ཡན་ལག་ལྟ་བུའི་བསྟན་བཅོས་ཡིན་ཕྱིར་རོ་ཞེས་འདོད་དོ། །
རྒྱ་གརགྱིསྒྲའི་བསྟན་བཅོས་ཆེནཔོབརྒྱད་ནི། ཨིནྡྲབྱྰ་ཀ་ར་ཎ། བི་ཤ་ལ་བྱྰ་ཀ་ར་ཎ། ཤ་ཀཽ་ཊ་ཡ་ན་བྱྰ་ཀ་ར་ཎ། པཱ་ཎིབྱྰ་ཀ་ར་ཎ། ས་མནྟབྷ་དྲ་བྱྰ་ཀ་ར་ཎ། པ་ཏཉྫ་ལི་བྱྰ་ཀ་ར་ཎ། མ་ནུ་ཛནྡྲབྱྰ་ཀ་ར་ཎ།སྭ་ར་སྭ་སྟི་བྱྰ་ཀ་ར་ཎ་སྟེ་བརྒྱད་འདྲེན་པ་ཡིན་ནོ །སྡེ་སྲིད་སངས་རྒྱས་རྒྱ་མཚོའོ་བཻ་དཀར་གཡའ་སེལ་དུ། སློབ་དཔོན་ཐོན་མིསརྒྱ་གརགྱིསྒྲའི་བསྟན་བཅོས་ཆེན་པོ་བརྒྱད་དང་ཚུལ་མཚུངས་པར་བོད་ཀྱི་བརྡ་ལཉེ་བར་མཁོ་བའི་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད་པར་གསུངས་སོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号