ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་དང་པོ་སུམ་ཅུ་བའི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
ས་བཅད་གཉིས་པ། དེ་ལྟར་མཁས་པར་བསླབས་ནས་
ཇི་ལྟར་བྱ་བ་བསྟན་པ།
རྗེས་འཇུག་སྦྱོར་བ་མཁས་པ་ན། །ལུང་གི་དོན་དང་སྦྱོར་བ་དང༌། །བླ་མའི་མན་ངག་གསུམ་སྦྱར་ནས། །དོན་གྱི་ཐོག་ཏུ་དབབ་པར་བྱ། །
ཞེས་གསུངས་ཏེ། དེ་ལྟར་རྗེས་འཇུག་གི་སྦྱོར་བ་མཁས་པར་ཤེས་པ་ན། གང་ཤེས་པའི་རྗེས་འཇུག་གི་སྦྱོར་བརྣམ་དབྱེ་ཕྲད་ལ་སོགས་པ་དེ་ཉིད་ལུང་གི་དོན་དང་སྦྱོར་བ་སྟེ་སྡེ་སྣོད་གསུམ་གྱིས་བསྡུས་པའི་ལུང་གི་དོན་གཏན་ལ་འབེབས་པའི་ཆེད་དུ་སྦྱོར་བའོ། །སྦྱོར་ཚུལ་ཡང་རྣམ་དབྱེ་ཚིག་ཕྲད་ལ་སོགས་པ་རྣམས་ཀྱི་ལུང་གི་ཚིག་དོན་སྔ་ཕྱི་འདྲེན་ཅིང་སྡུད་པ་དང་སྦྱོར་བ་ལ་སོགས་པའི་འཇུག་པ་མ་ནོར་བའི་སྒོ་ནས།དོན་གྱི་ངོ་བོ་དང་ཁྱད་པར་ལ་དཔྱོད་པའོ།དེ་ཡང་དགོས་པའི་དབང་གིས་ལུང་གི་ཚིག་དོན་གབ་པདང༌། དཀྲུགས་པ་ལ་སོགས་པ་ཡོད་པར་མ་ཟད། དགོངས་པ་མཆོག་ཏུ་ཟབ་ཅིང་ཕྲ་བས། རངསྟོབས་ཀྱིསཞུགསཀྱངདགོས་པ་བསྒྲུབ་མི་ནུས་པས་ན། བརྒྱུད་པ་མ་ཉམས་པའི་བླ་མའི་མན་ངག་ཀྱང་ངེས་པར་དགོས་སོ།དེ་ལྟར་རྗེས་འཇུག་གི་སྦྱོར་བ་ལ་མཁས་པ་དང༌། དེ་ལུང་དོན་དང་སྦྱོར་བ་དང༌།བླ་མ་དམ་པའི་མན་ངག་སྟེ། དེ་གསུམ་སྦྱར་ནས་ཏེ་དེ་གསུམ་སྦྲེལ་ནས། རང་གིས་ཉམས་སུ་ལེན་རྒྱུའི་དོན་མ་ནོར་བ་དེའི་ཐོག་ཏུ་དབབ་ཅིང་བསྒྲིལ་བར་བྱའོ།ཞེས་སོ། །
ས་བཅད་གསུམ་པ། རྗེས་འཇུག་གི་སྦྱོར་བ་ལ་མཁས་པར་
བྱེད་པའི་ཐབས་ཀྱི་རིམ་པ་བསྟན་པ།
དང་པོ། བསླབ་པའི་རིམ་པ་བསྟན་པ།
བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོར་ང་རོ་རྣམས་ལ་སྦྱང༌། །སྔོན་འཇུག་མིང་གཞི་རྗེས་འཇུག་རྣམས། །ཀློག་གི་ཆེད་དུ་བསླབ་པ་ཡིན། །རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །ཉན་བསམ་བསྟན་པའི་ཆེད་དུ་སྦྱང༌། །ཡན་ལག་དེ་དག་མཐུ་ཡིས་ནི། །འབྲས་བུའི་ཆེད་དུ་གཏན་ལ་དབབ། །
ཅེསགསུངསཏེ། འབྲས་བུ་ཆེན་པོ་དོན་དུ་གཉེར་ཞིང་དེའི་རྒྱུ་བསླབ་པ་གསུམ་དང་དེ་སྟོན་པའི་སྡེ་སྣོད་གསུམ་ལ་སོགས་པ། བསླབ་བྱའི་གནས་ལ་སློབ་པར་བརྩོན་པའི་གང་ཟག་དེ་དག་གིས།བསླབ་པར་བྱ་བའིརེམཔ་ནི་འདི་ཡིན་ཏེ། དུས་དང་པོར་ཀ་ལ་སོགས་པའི་ཡི་གེ་རེ་རེའི་གདངས་ཀྱི་ང་རོ་རྣམས་ལ་རང་རང་གི་སྐྱེ་གནས་ལས་ཇི་ལྟར་འབྱུང་བ་ལྟར།སྒྲ་དམན་ལྷག་དང་བྲལ་བར་སྦྱང་བརབྱའོ།དེ་ལྟར་བྱང་བ་ན། དེ་ནས་སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ་སྦྱར་ཏེ། ཚེག་ཁྱིམ་གཅིག་གི་ཡི་གེ་རྣམས་སྦྲེལབའིསྒྲའི་རྣམ་ཉམསར་བཀླག་པརབྱའོ། །དེ་ལྟར་ཡི་གེ་རེ་རེ་བ་དང༌། སྔོན་རྗེས་མིང་གཞི་སྦྱར་བའི་ཀློག་ཚུལ་དེ་ཡང༌། ཀློག་གི་སྒྲ་འབྱོར་ཞིང་མ་ཉམས་པའི་ཆེད་དུ་བསླབ་པ་ཡིན་ནོ།དེ་ལྟར་ཀློགདག་ཅིང་ལེགསཔར་གྱུར་པ་ན། རྟགས་འཇུག་ནས་འབྱུང་བ་ལྟར། རྗེས་འཇུག་གང་གིས་གཞི་གང་ལ་ཚུལ་ཇི་ལྟར་དགོས་པ་ཅིའི་ཕྱིར་འཇུག་པ་བཞིའི་སྦྱོར་བ་བསླབ་སྟེ། སློབ་དཔོན་ལསཆོསན་དང༌། རང་ཉིད་ཀྱིས་དོན་བསམ་པ་དང༌། གཞན་ལ་བསྟན་པའི་ཆེད་དུ་སྦྱང་བར་བྱའོ། །དེ་ལྟར་གནསསྐབསཀྱིདགོས་པ་ཀློག་པ་དང༌། ཉན་བསམ་ལ་སོགས་པ་ལ་མཁས་པ་དང། དེའིཆེད་དུ་ཡི་གེའི་སྐྱེགནསནསབཟུང། རྗེས་འཇུགགི་འཇུག་ཚུལ་བཞིའི་བར་ལ་སྦྱངས་པའིཐབསསམ་རྒྱུའི་ཡན་ལག་དེ་དག་གི་མཐུ་ཡིས་ནི་སྟེ། དེ་དག་ལ་བརྟེན་ནས། གང་གཏན་ལ་འབེབས་ན་ཐམས་ཅད་མཁྱེན་པར་བགྲོད་པའི་ལམའབྲས་བུདངབཅས་པ་སྟོན་པའིགསུང་རབ་ཀྱི་དོན་གཏན་ལ་འབེབས་པ་ཡིན་ལ། དེ་གང་གི་ཆེད་དུ་གཏན་འབེབསན། འབྲས་བུ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པའི་ཆེད་དུ་འབེབས་པ་ཡིན་ནོ།ཞེསཔའོ
དཔྱད་གཞི།
སུམ་ཅུ་བའི་གཞུང་འདིར་བོད་ཡིག་བསླབ་པའི་རིམཔ་བསྟན་པ་སྟེ། བརྡ་སྤྲོད་པའི་ཚུལ་ལ་བསླབ་པར་བརྩོན་པའི་གང་ཟག་དེས་ནི། ཐོག་མར་བླ་མ་མཁས་པའི་མདུན་ནསདབྱངསགསལགྱིཡིགེ་རྣམསརང་རང་གི་སྐྱེ་གནས་དང་མཐུན་པ་དང༌། དབྱངས་ལྡན་གྱི་ཡི་གེ་རྣམས་ཀྱང་སོ་སོའི་ང་རོ་དབྱུང་ཚུལ་བཅས་ཀློག་དག་པར་སྦྱང་བར་བྱ་ཞིང༌། དེ་ནས་སྔོན་མིང་རྗེས་གསུམ་གྱི་ཡི་གེ་རྣམས་ཚེག་བར་གཅིག་ཏུ་སྦྱོར་ཚུལ་ཀློག་ལེགས་པར་བྱང་བའི་ཆེད་དུ་བསླསཔར་བྱ་བ་དང༌། དེ་ལྟར་ཀློག་བྱང་ཆུབ་པའི་རྗེས་སུ་རྟགསའཇུག་ཏུ་བསྟན་པའི་སྔོན་རྗེས་ཀྱི་ཡི་གེ་དག་མིང་གཞི་གང་ལ་འཇུག་པ། འཇུག་བྱེད་གང་གིས་འཇུག་པ། སྒྲའི་ཚུལ་ཇི་ལྟར་འཇུག་པ། དགོས་པ་ཅིའི་ཕྱིར་འཇུག་པ་བཞིའི་སྦྱོར་བ་སོགས་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་གཞུང་ནས་བསྟན་པའི་དོན་རྣམས་བྱང་ཆུབ་པར་བསླབས་པའི་རྗེས་སུདེ་ལས་རྒྱས་པའི་མདོ་རྒྱུད་ཀྱི་བསྟན་བཅོས་ཆེན་པོ་རྣམས་ལ་སྦྱང་བའི་རིམ་པ་གསལ་བར་བསྟན་ལ། དེ་ཡང་སྦྱོརཀློག་གི་སྐབས་སུ་འཕུལ་རྟེན་མགོ་འདོགས་ཀྱི་ཡི་གེ་རྣམས་སྒྲ་དག་པར་ཐོན་དགོས་པ་ལ། སློབ་དཔོན་བསོད་ནམས་རྩེམོས། གང་དང་ གང་ལ་གང་བཏགས་པས། །གོ་རིམ་བཞིན་དུ་གནས་ནས་དབྱུང༌། །དེ་ལ་ར་མགོ་ལྕེ་རྩེ་འདར།།ལ་མགོ་ལྕེ་ཀློད་རྒྱ་ཡང་བསྐྱེད། །སམགོ་སོ་ཡིར་ནསབྱུང། །ལྷག་མརྣམས་ཀྱང་དེ་བཞིན་ཤེས། །གལ་ཏེ་མ་ཕྱིན་གྱུར་ན་ནི། །ཡི་གེ་ཕྲལ་ཞིང་བརྗོད་པར་བྱ། །དཔེར་ན་གྲ་ལ་ག་རའམ། །སྒྲ་ལ་སྒ་ར་ཇི་བཞིན་དུ། །དེ་ནསའཕུལ་བ་བསླསར་བྱ། །གསའཕུལཐོགམརརྐན་ནས་དབྱུང༌། །དས་འཕུལ་ལྕེ་རྩེཀློད་པ་ལས།།བ་མས་འཕུལ་བ་ཐོག་མར་ནི། །མཆུ་བཙུམ་པ་ལས་ཁྱད་པར་སྣ། །འས་འཕུལ་གྲེ་བའི་ཕུག་ནས་དབྱུང༌། །འཕུལཞིང་བརྩེགས་པའི་ཡི་གེ་ཡང༌། །གོ་རིམ་བཞིན་དབྱུང་མ་ཕྱིན་ན། །འདི་ཡང་ཕྲལ་ཞིང་བཀླག་པ་སྟེ། །མཁྲ་ལ་མཁའ་ར་ཇི་བཞིན་ནོ།ཞེས་གསུངས་པ་ལྟར་ཀློག་དག་པར་འབྱིན་པ་གལ་ཆེ་ཞིང༌། བསླབ་བྱའི་རིམ་པ་མ་འཛོལ་བར་རིམ་གྱིསཤེས་བྱའི་སྟེགས་བུརའཛེགས་ན་མཁསཔའིགོ་འཕང་ཐོབ་པར་འགྱུབའོ
གཉིས་པ། རིམ་པ་དེ་ལྟར་དུ་བསླབ་པའི་ཕན་ཡོན་བསྟན་པ།
བསླབ་པའི་རིམ་པ་འདི་ཡིས་ནི། ། གང་ཞིག་འབད་པ་ཆུང་ངུས་ཀྱང༌། ། ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །
ཞེསགསུངསཏེ། བསླབ་པའིརིམ་པ་འདི་ཡིས་ནི་སྟེ། གོ་རིམ་བཤད་མ་ཐག་པ་ལྟར་བྱས་པ་དེ་ལབརྟེནནསནི། གང་ཟག་གང་ཞིག་འབད་པ་ཆེན་པོས་འཇུག་པ་ལྟ་ཅི་སྨོས་ཏེ། འབད་པ་ཆུང་ངུས་ཞུགས་པར་གྱུར་ཀྱང༌། དེའི་ཆོས་རབ་ཏུ་རྣམར་འབྱེད་པའིཤེསབ་མྱུར་དུགྲོལ་བ་སྟེ། ཤེསབ་ཀྱིསྒོཚེགསཆུང་ངུསམྱུརདུདབྱེཞིང་ཡངསཉིད་ཐོབ་པར་འགྱུར་རོ།།ཞེསཔའོ
ས་བཅད་བཞི་བ། སླར་ཡང་དོན་བསྡུས་ཏེ་གདམས་པ།
དེ་ཕྱིར་དང་པོར་འདི་ཉིད་བསླབ། །དེ་ནས་རྒྱས་པའང་མཉན་བྱས་ནས། །བསླབ་པ་གང་ལ་དད་པ་ཡི། །གཞུང་ཉིད་བླ་མ་རྣམས་ལས་མཉན། །
ཞེསགསུངསཏེ། བསླབ་རིམ་དེལྟརབྱསཔསཤེསབ་ཡངསཔའིམཁས་པ་འཐོབ་པ་དེའི་ཕྱིར།དུས་དང་པོར་བསླབ་རིམ་དེ་དག་གི་གཞིར་གྱུར་པའི་གཞུང་འདི་ཉིད་ལ་བསླབ་པར་བྱ་ཞིང༌། དེའི་དོན་ཁོང་དུ་ཆུད་པ་ན། དེ་ནས་བརྡ་སྤྲོད་པའི་གཞུང་ལུགས་རྒྱས་པ་ཀ་ཙན(ཀ་ལཱ་པ་དང་ཙན་དྲ་པའི་བསྡུས་མིང)ལ་སོགས་པའང་མཉན་པར་བྱའོ། །དེའི་དོན་རྟོགས་པར་བྱས་ནས། རང་ཉིད་ཐེག་པ་གསུམ་གྱིབསླབབྱའི་གནསཀྱི་གཙོབོ་ཚུལ་ཁྲིམས་ལ་སོགསཔ་གསུམ་པོ་གང་ལ་དད་པ་དེ་སྟོན་པའི་གཞུང་ཉིད་བླ་མམཁས་པ་རྣམས་ལས་མཉན་པརབྱས་ཏེ། གཞུང་འདི་ཉིད་བླ་མའི་མན་ངག་ལ་བརྟེན་ནས། རང་ཉིད་ལཕན་པའིབླང་དོར་སྟོན་པའི་གདམས་པམཆོག་ཏུ་རྟོགསཔརབྱས་ཉམསསུ་ལེན་པའོ
ས་བཅད་ལྔ་བ། གཞུང་འདི་ཉིད་འདོམས་པ་དང་མི་
འདོམས་པའི་ཡུལ་གྱི་གང་ཟག་ངོས་བཟུང་བ།
སློབ་དཔོན་དེ་ཉིད་དུ་འཇིན་ཅིང༌། ། ལེ་ལོ་གཡེང་བ་རྣམ་པར་སྤངས། ། ཟོ་བཟང་དད་པ་ལ་བརྟེན་པ། །སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ། ། དེ་ལ་དུས་སུ་འདོམས་པར་བྱ། །ཅིག་ཤོས་དེ་ལས་ལྡོག་པའོ། །
ཞེས་གསུངས་ཏེ། འདི་ལྟ་བུ་སྟོན་པའི་སྣོད་རུང་གི་སློབ་མ་ཕུན་སུམ་ཚོགས་པ་ལ། སྣོད་ཀྱི་ཡོན་ཏན་འདིལྟ་བུ་དགོསཏེ། སློབ་དཔོན་དེ་ལ་སློབ་དཔོན་ཉིད་དུ་འཛིན་པའི་གུས་པ་དང་བཅས་པའི་སྒོ་ནས།བསྟེན་ཚུལ་ཕྱིན་ཅི་་ལོག་པ་ཡོད་ཅིང། སྙོམལས་ད་སྒྱིད་ལུག་གི་ལེ་ལོ་དང༌། བྱ་བ་ངན་ཞེན་གྱི་གཡེང་བརྣམར་སྤངས་པ་དང། ཟོནི་ཁམསསམ་རངབཞིན་གྱིདོན་ཡིན་པས་རང་བཞིན་བཟང་བོ་དྲང་ཞིང་བསམ་པ་དགེ་བ་དང༌། ལས་འབྲས་དང་དཀོན་མཆོག་སོགས་སྤྱི་དང༌། ཁྱད་པར་བསླབ་བྱའི་གནས་ལ་གུས་པའི་དད་པ་ལ་བརྟེན་པ་རྣམས་དང་ལྡན་དགོས་སོ། །ཡོན་ཏན་དེ་དག་དང་ལྡན་པས་སྐྱེས་བུ་དེས་ནི་གཞུངདོན་མྱུར་དུརྟོགསཔརའགྱུར་ཏེ། དེ་འདྲའི་སྐྱེས་བུ་དེ་ལ་དུས་སུ་བབ་ཅིང༌། བློ་འདུན་པའི་ཚེའདོམསཔརབྱའོ། །ཅིག་ཤོསནི། སྣོད་ལྡནདེ་ཡིཅིག་ཤོས་ཏེ། སློབ་དཔོན་ལ་མི་གུས་ཤིང་ལེ་ལོཅནདང༌། གཡེང་བ་ཅན། རང་བཞིན་ངན་པ། བསླབ་པ་ལ་མི་དད་པའི་སྐྱེས་བུ་དེའོ།དེ་ལས་ལྡོག་པ་ནི་འདོམས་པལས་ལྡོག་པ་སྟེ། མི་མདོམས་པའོ།།དེ་ལྟར་སྣོད་མིན་གྱི་གང་ཟག་དེ་ལྟ་བུ་ལ་འདོམས་པར་མིབྱཞེས་པའོ།
དཔྱད་གཞི།
ཀུན་བཟང་དགོངས་རྒྱན་དུ། འདི་དག་ལ་གཞན་དག་གི་བཤད་པ་ཟློས་ཤིང་མ་འབྲེལ་བ་མཐའ་ཡས་ཀྱང༌། གཞུང་དངོས་གཞིའི་སྐབས་དོན་གྱི་དཔྱད་པ་ལ་མཁོ་བ་རྣམས་ལ་དགག་སྒྲུབ་ཅུང་ཟད་རེ་བྱས་ཤིང༌། ཧ་ཅང་མཚང་མི་ཆེ་བ་དུ་མ་ཞིག་ནི་ཕ་རོལཔོ་བསམ་པ་ངན་པས་དམའ་ཕབ་པ་ལྟ་བུར་གོ་དོགས་ཀྱིས་དགག་བྱ་དང་བཅས་གསལ་ཁ་མ་བྱས་ཤིང༌། མཇུག་གི་སྐབས་སུ་ནི་ཚིག་དོན་བཀྲོལ་བ་ཙམ་ལསགཞུངདངོསཀྱི་དོན་གཙོ་ཆེ་བ་གལབོ་ཆེར་བཤད་ཕྱིན། དེ་ཙམ་དུ་གལ་མི་ཆེ་བར་གོ་ནས་རྒྱས་པར་མ་སྤྲོས་སོ། །ཞེས་དང༌།
ཡངའགྲེལ་པ་བསྟན་པའིསྒྲོན་མེར།བྱྰ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་བོའི་བྱྰ་ཀ་ར་ཎ་དང་པོའི་སྐབས་ཏེ་ལྔ་བའོ། །ཞེས་གསུངས་པ་ལྟར་ན། ཐུ་མིས་མཛད་པའི་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་རྩ་བ་ཆེན་པོ་བརྒྱད་ཡོད་པའི་ནང་ནས།རྩ་བ་དང་པོའི་ནང་གི་སྐབས་སམ་ལེའུ་ལྔ་བ་ནི་བསྟན་བཅོས་འདི་ཡིན་པར་བཞེད་འདུག་པལ། རྣམ་གླིང་བས།འགྲེལ་བ་འདི་ལྟར་ན་འདི་ཉིད་བསྟན་བཅོས་བརྒྱད་ཀྱི་ལྔ་བ་ཡིན་པར་མངོན། ཞེས་མ་བརྟགས་པ་ཁོ་ནར་གསུང་ངོ༌། །ཞེས་གསུངས་ཀྱང༌། ལོ་ཆེན་ནམ་བཟང་གི་ལུགས་ལྟར་ན་སུམ་ཅུ་བ་ནི་སློབ་དཔོན་ཐོན་མིས་མཛད་པའི་སྒྲ་རིག་པའི་བསྟན་བཅོསབརྒྱད་ལས་ལྔ་བ་ས་མནྡབྷ་ཊ་སྟེ་འཕགས་པ་ཀུན་ཏུ་བཟང་བོས་ལུང་བསྟན་པའི་བསྟན་བཅོས་ཀྱི་སྐབསདངཔོའི་ལེའུ་ལྔ་བ་དང་རྟགས་འཇུག་ནི་སྐབས་གཉིས་པའི་ལེའུ་དྲུག་པ་ཡིན་པར་འདོད་ཅེས་དཔྱད་གཞིར་ཕུལ་བ་ལེགས་སོ།
གཞུང་འདི་འདོམས་པའི་སྣོད་ཀྱི་ཁྱད་པར་ནི་མདོ་རྒྱུད་གསུང་རབ་གང་ལ་ཉན་བཤད་བྱེད་པའི་སྔོན་དུ།ཉན་པཔོའི་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པའི་སྐྱོན་ལྔ་སྤངས་ཏེ། བསམ་པ་དད་གུས་དང་ལྡན་ཞིང༌། སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པར་བྱས་ཏེ་ཀུན་སྤྱོད་ལ་འདུ་ཤེས་བཞི་བརྟེན་པ་དང་ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་པར་བྱ་དགོས། བཞི་བརྒྱ་བ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བཤད། །ཅེས་གསུངས་པ་ལྟར་དང༌། ཆོས་རྗེ་ས་པཎ་གྱིསསློབ་མའི་མཚན་ཉིད། རང་བཞིན་གྱིས་བློགསལ་བ། རྩོལ་བས་ཤེས་པར་འདོད་པ། དད་པས་བླ་མར་གུས་པའོ།།ཞེསསོགསགསུངསཔའིཁྱད་ཆོས་དག་ངེས་པར་ཚང་དགོས་ལ། བྱེ་བྲག་སྒྲའི་བསྟན་བཅོས་ཆེན་པོ་འདི་ཉིད་བསྟན་དུའོས་པའིསྣོད་ཀྱི་ཁྱད་པར་ནི། གདམས་ངག་སྟོན་མཁན་སློབ་དཔོན་དེ་ལ་སློབ་དཔོན་དུའཛིན་ཅིང་དྲིན་དུ་གཟོ་བ། རིག་པའི་མི་མཐུན་ཕྱོགས་ལ་ཞེན་པའི་ལེ་ལོ་དང༌། མིག་གཟུགས་ལ་ཡེངས་པ་དང་རྣ་བ་སྒྲ་ལཡེངས་པའི་གཡེང་བ་དང་བྲལ་བའི་རྟག་སྦྱོར་གྱི་བརྩོན་འགྲུས་དང་ལྡན་པ། རང་བཞིན་གྱིས་རྒྱུད་དུལཞིང་བསླབ་བྱའི་གནས་ལ་སྤྲོ་བའི་གུས་སྦྱོར་གྱི་བརྩོན་པ་ལྡན་པ་སྟེ།འདིལྟ་བུའི་མཚན་ཉིད་གསུམ་ཚང་བའི་སྐྱེས་བུ་དེས་ནི་བསླབ་བྱའི་དོན་གང་ཡིན་པ་དེ་མྱུར་དུརྟོགས་ནུསཔས་དེ་ལྟ་བུལ་དུས་སུ་འདོམས་པར་བྱ་ཞིང༌། དེ་ལས་ལྡོག་པ་སྟེ། བླ་མར་མི་གུས་པ་དང༌། ལེ་ལོ་ཅན་དང་རང་བཞིན་གྱིས་རྒྱུད་གྱོང་བའི་མི་ནི་གཞུང་འདི་འདོམས་པའི་སྣོད་མིན་པས་འདོམས་མི་རུང་བརབསྟན་ཏོ།། །།
                                               བསླབ་པ་གསུམ་དུ་འདུས་པའི་ཆོས་ཀྱི་དོན། །
སྡེ་སྣོད་གསུམ་གྱིས་ལེགས་པར་བཀྲལ་བའི་གཞུང༌། །
སྒོ་གསུམ་དད་པ་ཤེས་རབ་དང་འགྲོགས་ནས། །
སྐུ་གསུམ་སངས་རྒྱས་ས་ལ་བགྲོད་པར་ཤོག །
                        ས་རྦ་མངྒ་ལཾ།

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号