ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་དང་པོ་སུམ་ཅུ་བའི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
སློབ་དཔོན་ཐོན་མིས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད་པའི་ཚུལ་ལ་བུ་སྟོན་ཆོས་འབྱུང་དུ།ཐོན་མིས་ཡི་གེ་དང་སྒྲའི་བསྟན་བཅོས་བརྒྱད་མཛད་པར་གསུངས་པ་དེ་ཡང་ལོ་ཆེན་ནམ་མཁའ་བཟང་བོའི་འགྲེལ་བ་བསྟན་པའི་སྒྲོན་མེར་དྲངས་པལྟར།སུམ་རྟགས་ཀྱི་རྩ་བའི་མཇུག་ཏུ། བྱྰ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་བོའི་བྱྰ་ཀ་ར་ཎ་དང་པོའི་སྐབས་ཏེ་ལྔ་བའོ །ཞེས་དང༌། བྱྰ་ཀ་ར་ཎའི་རྩ་བ་བརྒྱདཔ་ལས་ཀུན་ཏུ་བཟང་བོའི་བྱྰ་ཀ་ར་ཎ་གཉིས་པའི་སྐབས་ཏེ་དྲུག་ངའོ་ཞེས་གསུངས་པའི་ཚིག་ལ་བརྟེན་ནས་རྗེས་སུ་དཔག་པའིབློས་རྒྱ་གརགྱི་བྱྰ་ཀ་རའི་བསྟན་བཅོས་བརྒྱད་དང་མཐུན་པར་བོད་ལ་ཡང་བྱྰ་ཀ་ར་ཎའི་རྩ་བ་བརྒྱད་མཛད་པ་ཤེས་སམ་སྙམ་ལ། ད་ལྟ་སུམརྟགསགཉིསགཏོགསགཞན་རྣམས་གཞན་དབང་གིས་མཐོང་ལམ་དུ་སྣང་ཐབས་མེད་པས། རྒྱལ་རབས་གསལ་མེར། ཐོན་མིས་བརྩམས་ཆོས་བགྲང་སྐབས་དང་པོ་ཡི་གེ་རྣམ་འགྱུར་གྱི་བཟོ་བརྩམས་པ་དང༌། ཀ་སྨད་སུམ་ཅུར་བསྒྱུར་བ།སྡེབ་སྦྱོར་སྒྲིག་པའི་གཞི་མ། ཐོན་མིའི་མདོ་རྫིའི་སྒྲ་མདོ་ཟེར་བ་དང༌། ཡར་འབྲོག་པ་རིན་ཆེན་ཏོག་སོགས་ཀྱིསསྔགསཀྱིབཀླགཐབས་མུན་པའི་སྒྲོན་མེ་ཞེས་པ་ཞིག་དང་དཀར་ལེབས་དྲུང་ཡིག་གིས་ཀླུ་དབང་མགུལ་རྒྱན་ཞེས་པ་སོགསཡོད་པར་གསུངས་པ་རྣམས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་ཀྱི་གྲས་ཡིན་མིན་མི་ཤེས་ཀྱང་བསྟན་པ་ཕྱི་དར་གྱི་སྐབས་སུའང་སློབ་དཔོན་ཐོན་མིའི་གསུང་ཆོས་ཤིན་ཏུ་མང་བོ་ཡོད་པ་མཁས་པའིགསུང་སྒྲོས་ལས་ཐོན་ནོ
རྒྱ་གར་ཞེསཔའིངེསཚིགསྔོན་བྱོན་མཁས་པའི་བཞེད་པ་མི་འདྲ་བ་མང་ཙམ་ཡོད་པ་ཐོན་མིའི་ཞལ་ལུང་དུ་བཀོད་པ་ལ་དཔྱད་པར་འཚལ།
ཡང་ན། ཐོག་མར་རླུང་རྡོ་རྗེ་རྒྱ་གྲམ་ཆགས་པར་གཞི་བྱས་ནས་འབྱུང་བཞིའི་འཇིག་རྟེན་ཆགས་པ་དང། དེ་ལ་གནསརྡོ་རྗེ་གདན་གྱི་འི་དབྱིབས་ནི་རྡོ་རྗེ་རྒྱ་གྲམ་ལྟ་བུ་ཡིན་ལ་འབྱུང་བཞིས་མི་འཇིག་པའི་རྒྱ་ཡིསྟེང་དུ་རྡོ་རྗེགདན་ཉིད་ཆགས་པ་དང༌། རྡོ་རྗེའི་ར་བཞིར་རྡོ་རྗེ་ཕུར་བའི་མཆོད་རྟེན་རེ་རེ་བཞེངས་པར་སྐལབཟང་གི་སངས་རྒྱས་སྟོང་མངོན་པར་རྫོགས་པར་སངས་རྒྱས་པའི་རྟགས་མཚན་ཤར་བ་ན་གནས་འོག་མིན་མན་གྱི་ལྷ་དང་ལྷ་མོའི་ཚོགས་རྣམས་དགའ་བའིགརརོལནསའཕགསཡུལརྡོ་རྗེ་གདན་་ལྷ་ཡི་མེ་ཏོག་གི་ཆར་བ་བབས་པ་ལ་རྒྱ་གར་ཞེས་བཏགས་པར་བཞེད་དོ
གཞན་ཡང༌། རྒྱ་ནག་གི་རྒྱ་ནི་རྒྱ་ནག་རྒྱལ་རབས་ཀྱི་ཐོག་མ་ཞ་རྒྱལ་རབས་ཀྱི་ཞ་ཡིག་གི་སྐད་གདངསཟུརཆགསཔ་ལསརྒྱ་ཞེསབརྗོད་པརསྣང་ཟེརབའང་ཡོད་དོ 
རྒྱ་གར་དུ་ཞེས་པའི་དུ་ཡིག་ནི་གཞི་འཛིན་པའི་ལ་དོན་ཡིན་པར་གསུངས།
ལུང་སྟོན་པ་ནི་བརྡ་སྤྲོད་པ་སྟེ། མིང་དང་དོན་བློ་ཡི་ངོ་ན་འབྲེལབ་དེ་བརྡའོ་ཞེས་གསུངས་པ་ལྟར་གོལེགསར་སེམས།
བོད་ཅེས་འི་ངེས་ཚིག་ལ་ཐོན་མིའི་ཞལ་ལུང་སོགས་སུ་རྒྱས་པར་གསུངས་ཡོད་དོ
ཡང་ན་པདྨ་བཀའ་ཐང་དུ་སྐྱེས་པའི་སྡུག་བསྔལགསུང་སྐབས། ཞ་འཐེང་འོན་ལོང་ལྐུགས་གླེན་ལུསཉམསསྡུག །འགའ་ཞིག་མི་ལ་ཕྱུགསབཞིན་ཉོ་བཙོང་སྡུག །འཇིག་རྟེན་པ་རྣམས་བོད་འབྲོག་སོ་ནམ་སྡུག །ཨར་ཇག་རྐུན་མ་སྲོག་དང་ནོར་བསྡོ་སྡུག །ཅེས་དང༌།
རྒྱ་ནག་ཡུལ་དུ་བཞུགས་པའི་ལེའུ་ལས།རྩིས་འདི་མ་བསྣུབས་དམ་ཆོས་མི་དར་བསམ། །གཙུག་ལགསྒོ་མོ་བརྒྱད་ཁྲི་བཞི་སྟོང་རྣམས། །ཟངས་ཆེན་གའུ་ཁ་སྦྱར་ནང་དུ་བཅུག །རི་བོ་རྩེལྔའི་བྱང་ཤར་གཏེརདུསྦས། །དེ་དུས་མསགསུམསེམས་ཅན་ཐམས་ཅད་ལ། །ཚེཐུང་ནད་མང་ནོར་དབུལ་མི་མི་འཕེལ། །འབྲོག་པཕྱུགས་ཉེས་བོད་པ་ལོ་ཉེས་ཤིང༌། །མུ་གེ་དམག་འཁྲུག་མི་ནད་ཕྱུགས་ནད་དར། །ཞེས་པར་བརྟག་ན་བོད་ཅེས་པ་ནི་ཞིང་ལས་ལ་གོ་དགོས་པར་བསམས།
གཞནཡང་བོད་ཁམས་ཆོས་རྒྱལཇི་ལྟར་བྱོན་ཚུལ་ལས། བོད་ཡུལ་གངས་རི་རྩེདགུའི་ལྗོངས་འདི་རུ། །སྤུར་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང། །དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ། །ཡུལམིང་བདུད་ཡུལ་ཁ་རག་མགོ་དགུར་བཏགས། །སྔ་རྟགས་གཉེན་པོ་བཙན་པ་དེ་ནས་བྱུང། ། དེ་ནས་བདུད་དང་སྲིན་མོས་དབང་བྱས་ཏེ། །མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་ཏགས། །སྔ་རྟགས་ཤ་ཟ་གདོང་པ་དམར་བ་བྱུང༌། །དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ། །ཡུལ་གྱི་མིང་ལ་བོད་ཁམས་གླིངདགུརབཏགས།།སྔརྟགསདཀར་བུ་ཆུ་ལ་སྤྱོད་པ་བྱུང༌། །དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ། །ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས། ། སྔ་རྟགས་མདའ་མདུང་མཚོན་ཆ་དེ་ནས་བྱུང༌། ། དེ་ནས་ཟ་རམས་སྐྱེས་དྲུག་དབང་བྱས་ཏེ། ། ཡུལ་མིང་སྟོང་སྡེ་བཅོ་བརྒྱད་བྱ་བར་བཏགས། །སྔརྟགསརྟ་ཞོན་རྣ་ཆ་འདོགས་པ་བྱུང༌། །དེ་ནས་རྒྱལ་ཕྲན་བཅུ་གཉིས་དབང་བྱས་ཏེ། །ཡུལ་གྱིམིང་ནི་སྭ་ཁ་བརྒྱད་དུ་བཏགས། །སྔ་རྟགས་ཕྱག་དང་ཞེ་ས་དེ་ནས་བྱུང༌། །གཞུག་ཏུ་སྤུར་རྒྱལ་བཙན་པོས་དབང་བྱས་ཏེ། མིང་ཡང་བོད་ཁམས་རུ་བཞི་བྱ་བར་བཏགས། ། ཞེས་གསུངས་ཡོད་པས་བརྟགར་འཚལ
དྲི་ཆིག
༡ རྒྱ་གར་གྱི་སྐད་རིགས་ཆེན་པོ་བཞི་ནི་གང༌།
༢ གངས་ཅན་བོད་ཅེས་པའི་དོན་ཤོད།
༣ བརྡ་སྤྲོད་པ་ཞེས་པའི་དོན་ཅི།
༤ ཅི་ཞིག་ལ་བསྟན་བཅོས་ཟེར།
༥ སུམ་ཅུ་བ་ཞེས་པར་འགྲེལ་ལུགས་མི་འདྲ་བ་གང་དག་ཡོད།
མྰུ་ལ་ནི་རྩ་བ་སྟེ་གང་གི་རྩ་བ་ཡིན།
༧ བོད་ལ་ཡི་གེ་བཟོས་པའི་རྒྱུ་རྐྱེན་ཅི།
༨ སློབ་དཔོན་ཐོན་མིའི་ཡར་སྔོན་དུ་བོད་ལ་ཡི་གེ་ཡོད་མེད་ལ་དཔྱད་པ།
༩ ལེགས་སྦྱར་སྐད་ཀྱི་སྒྲ་རིག་པའི་བསྟན་བཅོས་བརྒྱད་ནི་གང་དག་ཡིན།
༡༠ སུམ་ཅུ་བའི་གཞུང་གི་བསྟན་བྱ་གཙོ་བོ་ཅི།
༡༡ རྒྱ་བོད་ཤན་སྦྱར་གྱི་སྐད་སྨྲས་པའི་རྒྱུ་མཚན་ཅི།
༡༢ རྒྱ་གར་ཞེས་པའི་ངེས་ཚིག་ཤོད།
༡༣ སུམ་ཅུ་བ་ནི་ཐོན་མིའི་སྒྲ་རིག་པའི་བསྟན་བཅོས་བརྒྱད་ལས་གང་དུ་གཏོགས།
ས་བཅད་གཉིས་པ། འགྱུར་ཕྱག་གི་ཚུལ།སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །
སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །
ཞེས་སྨོས་ཏེ། སྨྲ་བ་ནི་ངག་དང། དབང་ཕྱུག་ནི་དབང་འབྱོར་བ་ཡིན་ལ། ངག་གི་རང་བཞིན་ཤེས་བྱའི་ངོ་བོ་དང་རྣམ་པ་མ་ལུས་པ་ཇི་ལྟར་བ་བཞིན་སྨྲ་བ་ཐོགས་པ་མེད་པར་རང་དབང་དུ་སྤྱོད་པའི་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ་ཞེས་པའོ །འདིར་ཕྱག་འཚལ་བ་ནི་འདུད་པ་སྟེ། ལུས་དང་ངག་དང་ཡིད་ཉེ་བར་བསྙེན་ཅིང་བཏུད་པ་ཡིན་ལ། དེ་ཡང་ཡིད་ཡོན་ཏན་ལ་དང་བས་ཉེ་བར་ཕྱོགས་པ་དང༌། དེས་ཀུན་ནས་བསླང་སྟེ་ངག་གིས་ཡོན་ཏན་བརྗོད་པ་དང༌། ལུས་ཀྱིས་ཐལ་མོ་སྦྱར་ནས་མགོ་བོ་བདུདཔ་སོགས་ཉེ་བར་བསྙེན་པའི་རྣམ་འགྱུར་སྟོན་པ་སྟེ། མདོར་ན་ལུས་ངག་ཡིད་ཀྱི་ཕྱག་གསུམ་སྟེ།སློབ་དཔོན་ཀླུ་སྒྲུ་ནས་ཇི་སྐད་དུ།ལུས་ཀྱིས་ཕྱག་འཚལ་མ་ལྔ་ས་ལ་ཕབ། །ངག་གིས་ཕྱག་འཚལ་བསྟོད་ཚིག་དབྱངས་དང་བཅས། །ཡིད་ཀྱིསཕྱག་མཚལམོསགུསགདུང་བས་འདུད། །ཅེས་དང༌། ཇི་ལྟར་ཆུལ་ཆུ་བཞག་དང༌། །དེ་བཞིན་མརལ་མར་བཞག་ལྟར། །རང་གིསརངབཞིན་རིག་པ་ནི། །ལེགསམཐོང་གང་ཡིན་དིརཕྱག་ཡིན། །ཞེས་གསུངས་པ་ལྟར་རོ། 
དཔྱད་གཞི།
སྤྱིར་འགྱུརཕྱགཅེསཔ་ནི་སློབ་དཔོན་ཐོན་མི་ནས་བཟུང་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་སྐད་རིགས་གཞན་གྱི་སྟེང་ནས་རྒྱལ་བའི་མདོ་རྒྱུད་བསྟན་བཅོས་སོགས་བོད་སྐད་དུ་བསྒྱུར་བར་མཛད་དུས། འགྱུར་ལེགས་པར་མཐར་ཕྱིན་པའི་དོན་དུ་རང་གི་ལྷག་པའི་ལྷ་ལ་ཕྱག་བྱེད་པའི་ཚིག་མང་ཉུང་ཅི་རིགས་ཤིག་བཀོད་པ་བསྒྱུར་བྱའི་གཞུང་རང་ན་མེད་པ་དེ་ལ་བྱ་ཞིང༌། ཐོན་མིའི་སྔོན་དུ་དཔེར་བྱེད་པའི་ལོ་ཙཱབ་གཞན་མེད་པ་དང༌། སུམ་ཅུ་བའི་བསྟན་བཅོས་འདི་བོད་གཞུང་ཡིན་པས་འདིར་འགྱུར་ཕྱག་གི་དོད་ཙམ་ལས་འགྱུར་ཕྱག་དངོས་ཀྱི་མིང་མི་འདོགས་པར་གསུངས་ལ། བསྟན་པ་སྔ་དར་གྱི་དུས་སུ་ལོ་པཎ་རྣམས་ཀྱིས་སྡེ་སྣོད་གསུམ་གྱི་གང་དུ་གཏོགས་པ་ངོས་འཛིན་བདེ་བའིསླད་དུ་འགྱུར་ཕྱག་གི་ཚིག་ལ་གཏན་ཕབ་ཡོད་ན་ཡང། ཕྱི་དར་སྐབས་སྔར་གྱི་སྲོལ་དེ་རིམ་གྱིས་ཉམས་པའི་དབང་གིས་སྐབས་འདིར་ཚིག་འདྲ་མིན་སྣ་ཚོགས་བྱུང་བར་མངོན་ཏེ། དེའི་ཐད་སི་ཏུས། ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་དང༌། བསྟན་འགྱུར་ཁྲོད་ན་བཞུགས་པའི་སུམ་ཅུ་བར།སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་དང༌། པྲ་ཏིས། སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཞེས་དང༌།གསེར་ཏོག་འགྲེལ་བར། སྨྲ་བའི་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་ཚིག་འགྲོས་སྣ་ཚོགས་སྣང་བ་ཐམས་ཅད་ཀྱང་འཕགས་པ་འཇམ་དཔལ་གཞོན་ནུརགྱུར་པ་ལ་ཕྱག་བྱེད་པ་འདྲ་བས་དོན་ལ་ཁྱད་པར་མེད་ལ། ཞ་ལུ་ལོ་ཆེན་གྱི་འགྲེལ་བར་འགྱུར་ཕྱག་ཏུ་མ་ཟད།རྒྱ་བོད་ཀྱི་སྐད་ཤན་སྦྱར་བའི་མཚན་སྨོས་པ་ཡང་མེད་པར་གསུངས་སོ། །
ཀུན་བཟང་དགོངས་རྒྱན་དུ། གལཏེ་འདི་བོད་ཀྱི་བསྟན་བཅོས་མ་ཡིན་ནམ། ཅི་རྒྱ་འགྱུར་དང་འདྲ་བར་རྒྱབོད་ཤན་སྦྱར་བའི་སྐད་ཐོག་མརསྨོས་པ་དང༌། འགྱུར་ཕྱག་གི་ཚུལ་འདིར་བཀོད་པས་ཅོ་ཞིག་བྱཞེན། བདེན་ཏེ། འོན་ཀྱང་མཁན་པོ་འདིས་འཕགས་ཡུལ་དུ་ཐུན་མོང་བའི་རིག་གནས་སོགས་ལ་སྦྱངས་པས་མཁས་པའི་ཕུལ་ཏུ་ཕྱིན་ཏེ། རྒྱ་གར་མཁས་པ་དག་གིས་ཀྱང་འདིའི་སྙན་པ་བརྗོད་པར་གྲགས་པས། རྒྱ་གརབའིམཁསདང་དེས་མཛད་པའི་བསྟན་བཅོས་ཁུངས་དང་ཚད་མར་བྱེད་པ་བཞིན་དུ། མཁན་པོ་འདི་དང་འདིས་མཛད་པའི་བསྟན་བཅོས་ཀྱང་ཚུལ་དེ་དང་མཐུན་པར་ཡིད་ཆེས་པའི་གནས་སུ་གོ་བའི་ཆེད་ཡིན་ནོ།ཞེས་གསུངས་སོ། །
དྲི་ཚིག
༡ འགྱུར་ཕྱག་ཅེས་པ་ཅི།
༢ འགྱུར་ཕྱག་གི་སྲོལ་གཏོད་པ་པོ་སུ་ཡིན།
༣ འགྱུར་ཕྱག་གི་ཚུལ་ཞེས་པར་གོ་བ་ཅི་ལྟར་ལེན།
༤ རྒྱ་གར་སྐད་སོར་བཞག་བྱས་པའི་དགེ་བ་ཅི།
༥ ཐོག་མར་སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་བའི་རྒྱུ་མཚན་ཅི།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号