ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་དང་པོ་སུམ་ཅུ་བའི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
ས་བཅད་གསུམ་པ། མཆོད་བརྗོད།
 དང་གོ དཀོན་མཆོག་གསུམལ་ཕྱག་བྱ་བ། 
གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །
ཞེསགསུངསཏེ། གང་ཞེསབྱསནི་སྤྱིའི་སྒྲའོ། ལ་ཞེས་བྱ་བ་ནི་བདུན་པ་གནས་གཞིའི་སྒྲའོ།།ཡོན་ཏན་ཞེས་བྱ་བ་ནི། ཕན་ཡོན་ནམ་འབྲས་བུའི་ཁྱད་པར་ལེགས་པའི་མིང་སྟེ། རྒྱུཁྱད་པར་བ་ལས་ བྱུང་བའིའབྲས་བུའོ།།མཆོག་ཅེས་བྱ་བ་ནི། རྩེ་མོ་དང་ཕུལ་དུ་བྱུང་བའི་མིང་དོན་ཏེ། ཚིག་གི་རྒྱན་ཡང་ཡིན་ནོ །མངའ་བ་ཞེསབྱ་བ་ནི། ཡོད་པའམ་ལྡན་པ་ཞེས་པའོ། །འི་ནི་གཞི་མཐུན་གྱི་དྲུག་པའོ།དཀོན་མཆོག་ནི་འོག་ནས་འཆད་དོ། །དེ་ཞེས་བྱ་བ་ནི། ངེས་བཟུང་གི་སྒྲའོ།ལ་ཞེས་བྱ་བ་ནི། བཞི་བ་དགོསཆེད་ཀྱིསྒྲའོ།ཕྱགའཚལ་བ་ནི་བཤད་ཟིན་ཏོ།དོན་བསྡུ་ན། དོན་གཉིས་མཐར་ཕྱིན་པ་དང༌། འགོག་ལམ་དང༌། རིགས་གྲོལགྱི་ཡོན་ཏན་མངའ་བ་ཞེས་སྨོས་ཏེ། དེ་གང་ལ་མངའ་ཞེས་སྤྱིའི་ཚུལ་དུ་བཀོད་ནས སྤྱི་ལས་ངེས་པར་བཟུང་བའི་ཕྱིར།དཀོན་མཆོག་དེ་ཞེས་སྨོས་སོ། །ཡོན་ཏན་དེ་གཞན་ལས་ཁྱད་པར་དུ་བྱེད་པའི་ཕྱིར་མཆོག་ཅེས་སྨོས་སོ། །དེས་ན་ཡོན་ཏན་གྱི་ཁྱད་པརམཆོགཏུགྱུར་བ་གང་ལམངའ་བའིདཀོན་མཆོག་དེའི་ཆེད་དུ་ཕྱག་འཚལ་ལོ། །ཞེས་པའོ། །དཀོན་མཆོག་གི་དོན་ནི། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར།།མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི།།རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར།།འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་པ་ལྟར་ཆོས་དྲུག་དང་ལྡན་པས་དཀོན་མཆོག་གོ །
དཔྱད་གཞི།
མཆོད་བརྗོད་ནི་རང་གི་དད་འདུན་གྱིས་བསོད་ནམས་ཀྱི་ཞིང་ཁྱད་པར་ཅན་གང་དང་གང་ལ་ཕྱག་བྱ་བ་དང་མཆོད་པའི་ངག་གི་སྦྱོར་བ་སྤེལ་བ་ཡིན། མཆོད་བརྗོད་ཀྱི་དགོས་བ་ཡང་ཡུལདམ་པའི་ཡོན་ཏན་བརྗོད་པའིསྒོ་ནས་ཕྱག་འཚལ་བས་རང་གི་རྒྱུད་ལ་བྱིན་རླབས་འཇུག་པ་དང༌། རྩོམ་པའི་བར་ཆད་ཞི་བ།གདུལ་བྱ་རྣམས་བསྟན་བཅོས་འདི་ལ་ཐོས་སོགས་ཀྱིས་འཇུག་པ། རྩོམ་པ་པོ་རང་ཉིད་ནང་བ་སངས་རྒྱས་པར་སྟོན་པ་བཅས་ཡིན་ནོ
ཀུན་བཟང་དགོངས་རྒྱན་དུ། འདིར་མཁས་བ་གཞནགྱིས། གངལ་ཞེསཔའིལ་ཡིགངེསབཟུངགི་དོན་ཏེ། འཆད་འགྱུར་དེ་མ་ཐག་པའི་ཡོན་ཏན་རྣམས་དང་ལྡན་པ་དེ་ཉིད་ངོས་བཟུང་བ་དང༌། ཞེས་བཤད་པ་མི་ཐད་དེ། འདིར་མངའ་བ་ཞེས་པ་ཡོད་པའམ་བརྟེན་པའི་གཞི། སྤྱིའི་ཚུལ་གྱིས་གང་ཞེས་སྨོས་ཏེ། དེ་ལ་བརྟེན་པར་བརྗོད་པའི་སྒྲ། ལ་ཞེས་སྨྲས་པ་ཡིན་ཞིང༌། སྤྱིའི་ཚུལ་གྱིས་གང་ཞེས་བརྗོད་པ་དེ་ཉིད་དམིགས་ཀྱིས། དཀོན་མཆོག་དེ་ལ་ཞེས་སྨོས་པར་ཚིག་ཉིད་ཀྱིས་གསལ་བའི་ཕྱིར་རོ། །གཞན་དུ་ན། གང་ཞེས་པ་དང༌། ཡོན་ཏན་མཆོག་མངའ་བ། ཞེས་པ་གཉིས་སྦྲེལ་མི་ནུས་ལ། འོག་ནས་དེ་ཞེས་པའི་ངེས་བཟུང་སྨོས་པ་དང་ཟློས་ཤིང༌། དགོས་པ་གཞན་ཡང་མེད་དོ།ཞེས་གསུངས་པ་ལྟར་གང་ལ་ཡོན་ཏན་མཆོག་མངའ་བ་ཞེས་པའི་ལ་ཡིག་ནི་རྣམ་དབྱེ་བདུན་པ་ཡིན་ཏེ། གང་ཞིག་གང་ལཡོན་ཏནནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་པའི་རྒྱུ་ཁྱད་པར་བ་ལས་བྱུང་བའི་འབྲས་བུའི་མཆོག་ཡོན་ཏན་ཁྱད་པར་བ་དང་ལྡན་པའམ་ཡོད་པའི་དོན་ཉིད་དུ་སྣང་བས། གང་ལཞེས་པའི་ལ་ཡིག་དེ་བདུན་པ་གནས་གཞི་ཡིན་པར་མཁས་པརྣམས་བཞེད་དོ། །
གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་མཆོག་དེ་ལ་ཕྱག་འཚལ་ལོ།ཞེས་པའི་ལ་ཡིག་ཕྱི་མ་དེ་སི་ཏུས་ལས་སུ་བྱ་བ་དང། པྲ་ཏིས་དགོས་ཆེད་དུ་བཞེད་དོ། ། གནསབརྒྱདཆེན་མོརྩའགྲེལས། བཞི་སྦྱིན་ང་ཕྱག་འཚ་བ་ཞེསབྱབ། ཤིང་གི་ཕྱིར་ཆུ་འདྲེན་པ་བྱེད་པ་པོའི་ཆེད་ཡིན་པར་འགྱུར་བ་དང༌། མཆོད་རྟེན་ལ་ཕྱག་འཚལ་བ་ཡང་མཆོད་རྟེན་ཉིད་ཕྱག་གི་ཡུལ་ལམ་གནས་སུ་སྦྱརཡང་དོན་གྱིས་ཕྱག་འཚལ་པ་པོའི་ཆེདཡིན་པར་འགྱུར་བས་བཞི་བ་བྱ་བའི་ཆེད་ཀྱི་དོན་དུ་དྲང་ངོ༌། །ཞེས་གསུངས་པ་ལྟར།རང་རྒྱུད་ལ་འབྲས་སྐྱབས་ཀྱི་དཀོན་མཆོག་མངོན་དུ་བྱེད་ཆེད། རང་ལས་རྒྱུད་ཐ་དད་པའི་རྒྱུསྐྱབསཀྱི་དཀོན་མཆོག་ལ་ཕྱག་འཚལ་བ་ནི་ཕྱག་བྱེད་པ་པོ་རང་ཉིད་ཀྱི་ཆེད་ཡིན་ཏེ། ཡོན་ཏན་གྱི་ཁྱད་པརམཆོགཏུགྱུར་བ་གང་ལམངའ་བའི་དཀོན་མཆོག་དེའི་ཆེད་དུ་ཕྱག་འཚལ་ལོ། ། ཞེས་གསུངས་སོ། །
གཉིས་པ། འཇམ་པའི་དབྱངས་ལ་ཕྱག་བྱ་བ།
གང་གིས་སྒྲ་དབྱངས་གསུངས་པ་ཡི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
ཞེསགསུངསཏེ། གངཞེས་བ་སྤྱིའི་སྒྲ་དང༌། གིས་ཞེས་པ་རྣམ་དབྱེ་གསུམ་པ་བྱེད་པ་དང༌། སྒྲ་དབྱངས་ནི་འདིར།དབྱངས་ཡིག་དང༌། གསུངས་པ་ནི་དབྱངས་ཡིག་ཐོག་མར་གསུངས་པའོ། །དེ་ལྟར་སྒྲདབྱངསཐོགམརགསུངསཔའིབྱ་བ་བྱེད་པ་པོ་གང༌། ཞེས་སྤྱིའི་ཚུལ་གྱིས་སྨོས་པ་དེ་ཉིད་རྣམ་དབྱེ་དྲུགཔ་ཡི་ཞེས་པའི་སྒྲས་ཁྱད་པར་དུ་བྱས་ཏེ་ངོས་བཟུང་བའི་ཕྱིར། འཇམཔའིདབྱངསཞེསསྨོསཏེ།རྒྱུའི་སྐྱོན་ཆགས་སོགས་བག་ཆགས་དང་བཅས་པ་དང༌། ངོ་བོའི་སྐྱོན་སྒྲ་དང་།ཡིག་འབྲུ་དང༌། མ་འབྱོར་བ་དང༌། མ་འབྲེལ་བ་སོགས་ཀྱིརྩུབ་རེག་དང་བྲལ་བས་ན་འཇམ་པའོ།།འཇམ་པ་དེས་ཁྱད་པར་དུབྱསཔའིགསུངདབྱངསདང་ལྡན་པས་ན་འཇམ་པའི་དབྱངས་ཏེ། འི་ཞེས་པས་ཁྱད་པར་ཅན་དང་ཁྱད་པར་གཞི་མཐུན་དུ་བསྡུས་འོ།ཕྱག་འཚལ་ལོ་ནི་གོང་ལྟར་ཏེ། མདོར་ན། གསུང་པ་པོ་གང་གིས་སྒྲ་དབྱངསསྔོན་གྱི་དུསསུགསུངས་པར་གྲགས་པའི་འཇམ་པའི་དབྱངས་ལ་ཕྱག་བྱས་པའོ། །
དཔྱད་གཞི།
གང་གིསསྒྲདབྱངསགསུངས་པ་ཡི། །ཞེས་པའི་སྒྲ་དབྱངས་ངོས་འཛིན་ཚུལ་ལ་འགྲེལ་ལུགས་མི་འདྲ་བ་གཉིས་ཡོད་དེ། སི་ཏུས། འཇིག་རྟེན་ཐམས་ཅད་ཀྱི་སྒྲ་དབྱངས་བརྗོད་པ་མ་ལུས་པ་གསུང་པ་པོ་འཇམདཔལདབྱངསཞེསཔརབཀྲལ་བ་དང༌། པྲ་ཏིས། སྒྲདབྱངས་ནི་འདིར་དབྱངས་ཡིག་དང༌།གསུངསཔ་ནི་དབྱངས་ཡིག་ཐོག་མར་གསུངས་པ་སྟེ་ཞེས་ཡི་གེ་ལ་དབྱངསགསལགཉིསཀྱིཟླསདྲངསཔའི་དབྱངས་ཡིག་ཏུ་བཀྲལ་ཡོད་པས་དཔྱད་པར་འཚལ།
གསུམ་པ། སྒྲའི་ལྷ་ལ་ཕྱག་བྱ་བ།
གང་གིས་མིང་གཞི་སྔོན་གསུངས་པའི། །རྟག་ཞི་བ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་ཏེ། གང་ཞེས་པ་སྤྱིའི་སྒྲ་དང༌། གིས་ཞེས་པ་རྣམ་དབྱེ་གསུམ་པ་བྱེད་པ་དང༌། མིང་གཞི་ནི་མིང་གང་ལས་བྱུང་བའི་གཞི་སྟེ་ཀ་ལ་སོགས་པའོ། །ཇི་ལྟར་ཀ་ལ་སོགས་པའི་ཡི་གེ་ལ་སྔོན་འཇུག་རྗེས་འཇུག་མགོ་འདོགས་སོགས་རྣམ་འགྱུར་བྱས་པ་དང་ཡི་གེ་གཞན་དང་ཕྲད་པ་སོགས་ལས། དོན་གྱི་ངོ་བོ་དང་ཁྱད་པར་སྟོན་པའི་མིང་ཆིག་ལ་སོགས་པ་འབྱུང་བས་ན། ཀ་ལ་སོགས་པ་ལ་མིང་གཞི་ཞེས་སྨོས་སོ། །དེལྟརགིསཞེསཔའིསྒྲསྦྱར་ཏེ། བྱེད་པ་པོ་སྤྱིའི་ཚུལ་གྱིས་གང་ཞེས་སྨོས་པ་དེའི་བྱ་བ་བསྟན་པའི་ཕྱིར།གསུངས་པ་ཞེསསྨོསསོ། །བྱསདེའི་ཁྱད་པར་སྟོན་པའི་ཕྱིར།མིངགཞིགསུངས་པ་ཞེསསྨོསསོ། །མིང་གཞི་གསུངས་པ་དེ་དུས་ཀྱི་ཁྱད་པར་དང་སྦྱོར་བའི་ཕྱིརསྔོན་ཞེས་སྨོས་པའོ།བྱེད་པ་པོ་སྤྱིའི་ཚུལ་གྱིས་གང་ཞེས་སྨོས་པ་དེ་ཉིད་ངོས་བཟུང་བའི་ཕྱིར། འི་ཞེས་དྲུག་པའི་སྒྲས་ཁྱད་པར་དུ་བྱས་ནས།རྟག་ཞི་བ་ཞེས་སྨོས་ཏེ། རྟག་པ་དང་ཞི་བའི་ལུས་གང་ལ་ཡོད་པའི་ཁྱབ་འཇུག་གམ་ཚངས་པའོ །མདོར་ན་གསུང་བ་བོ་གང་གིས་མིང་གཞིའི་ཡི་གེ་སྔོན་ཏེ་ཐོག་མར་གསུང་བ་བོར་གྲགསཔའིརྟགཞི་བ་ཁྱབ་འཇུགགམཚངསཔ་ལཕྱགབྱསའོ།
དཔྱད་གཞི།
གཞུང་འདིའི་མཆོད་བརྗོད་དུ་མཆོག་གསུམ་ལ་ཕྱག་འཚལ་མ་ཐག་རྟག་ཞི་བར་ཕྱག་བྱས་ན་སྐྱབས་འགྲོའིབསླབབྱ་དང་འགལ་ལམ་ཞེ་ན་མི་འགལ་ཏེ། སྤྱིརསྐྱབསའགྲོའི་རྒྱུང་། སྐྱབསའགྲོའི་ཡུལ།སྐྱབསསུ་འགྲོ་ཚུལ། སྐྱབསའགྲོའི་བསླསབྱབཅས་ཁྱད་པར་བཞི་དང་ལྡན་པའི་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་སོང་བའི་གང་ཟག་གིས་འཇིག་རྟེན་པའི་ལྷ་ལ་ཕྱག་བྱས་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་ཡང༌། སྐབས་འདིར་ཕྱི་རོལ་བ་རྗེས་སུ་འཛིན་པའི་དགོས་པ་དང་བཅས་མདོ་སྡེ་རྣམས་སུ་བསྟན་པའི་ཚུལ་ཇི་ལྟར་ཐུགས་སུ་ཆུད་ནས་ཡི་གེའི་ཐོག་མའི་འ བྱུང་ཁུངས་གཙོ་ཆེ་བའི་དབང་དུ་བྱས་ཤིང༌།འཇིག་རྟེན་གྲགས་པའི་སྒོ་དང་བསྟུན་ཏེ་བསྟན་བཅོས་འདི་ཕྱི་ནང་གཉིས་ཀས་སྦྱང་བྱར་ཤེས་ཤིང་ཕྱི་རོལབ་རྣམས་རྗེས་སུ་འཛིན་པའི་སླད་དུ་དགོས་དབང་གིས་ཕྱག་འཚལ་བས་སྐྱོན་མེད་པར་གསུངས་སོ། །
གང་གིས་མིང་གཞི་སྔོན་གསུངས་པ་ཞེས་པའི་མིང་དང་མིང་ཚིག་བརྗོད་པ་ཀུན་གྱི་གཞི་ཞེས་པའི་མིང་གཉིས་ཀྱི་ཁྱད་པར་ནི་གང་གིས་མིང་གཞི་སྔོན་གསུངས་པ་ཞེས་པའི་མིང་ནི། མུ་ཏིག་ཕྲེང་མཛེས་སུགང་གིས་མིང་ཚིག་བརྗོད་པ་ཀུན་གྱི་གཞི་ཡིན་པས་མིང་གཞི་སྟེ་ཡི་གེ་སྔོན་དུ་གསུང་པ་པོ་ཞེས་དབྱངས་གསལ་གཉིས་ཀྱི་བདག་ཉིད་ཅན་གྱི་ཡི་གེ་སྤྱི་ཡིན་པར་འདོད། ཀུན་བཟང་དགོངས་རྒྱན་དུ།མིང་གི་གཞི་ནི་མིང་གང་ལས་བྱུང་བའི་གཞི་སྟེ་ཀ་ལ་སོགས་པའོ་ཞེས་ཡི་གེ་ལ་དབྱངསགསལགཉིསསུཕྱེབའིགསལབྱེད་ཁོ་ནར་འདོད་པ་དང༌། མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཞེས་པའི་མིང་ནི་ཀ་ལ་སོགས་པའི་ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་མིང་ལ་བྱེད་པས་དེ་གཉིས་ལ་ཁྱར་པརཡོད་དོ།
རྟག་ཞི་བ་ཞེས་པར་ངོས་འཛིན་ལུགས་མི་འདྲ་བ་སྟེ། པྲ་ཏིས་ཁྱབ་འཇུག་གམ་ཚངས་པ་དང༌།རྣམ་གླིང་པཎ་ཆེན་གྱིས་སྤྱན་རས་གཟིགས་དབང༌། སི་ཏུས་དབང་ཕྱུག་ཆེན་པོ་དང༌། ད་དུང་ལུགས་གཞན་ལསངསརྒྱསསུ་འདོད་པ་སོགསསྣཚོགས་ཡོད།
ཀུན་བཟང་དགོངསརྒྱན་དུ།དེ་ཡང་ཡི་གེ་སྔོན་བྱུང་གི་ལོ་རྒྱུས་ལས། ཡི་གེ་ཁྱབ་འཇུག་ལྷ་ཡིས་བཀོད། །འཇམདཔལདབྱངསཀྱིསངོརོས་དྲངས། །ཞེས་གསལ་བྱེད་ཀྱི་ཡི་གེ་ཁྱབ་འཇུག་གིས་ཐོག་མར་བཀོད་པ་དང༌། དབྱངས་ཡིག་འཇམ་དཔལདབྱངས་ཀྱིས་ཐོག་མར་མཛད་པར་བྱེད་པ་དང༌། སྒྲའི་རིག་བྱེད་ཚངས་པས་ཐོག་མར་བྱས་པ་དང༌། མིང་གཞི་ཀ་ཙ་ཊ་ཏ་པ་ཡ་ཤ་ཧ་རྣམས་སྔོན་དུ་གསུངས་པར་གྲགས་ཤིང༌། བརྒྱ་བྱིན་གྱིས་དེ་ལས་བསྡུས་པའི་ཨིནྡྲ་བྱྰ་ཀ་ར་ཎ་བྱསཔརགྲགསཔསསྔོན་གྱིདུསསུགསུངས་པ་དང། རྟག་ཞིསཡང་འགྲེལ་བ་སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་སུ། ཚངས་པ་དང་ཁྱབ་འཇུག་གཉིས་ཀ་ལ་རྟག་པ་དང་ཞི་བའི་ལུས་ཡོད་པར་བཤད་ཅིང༌། སོ་སོར་འབྲང་མའི་ལྟེ་བསྒྱུར་ཀྱི་སྐབས་སུདམངས་རིགས་ཕྱིརནི་རྟག་ཞི་བ། །ཁྱབ་འཇུག་ལེགས་པར་བྲི་བར་བྱ། །ཞེས་ཁྱབ་འཇུག་དང།ཚངས་པ་ལ་རྟག་ཞི་བ་ཞེས་བསྟན་བཅོས་གཞན་ལས་ཀྱང་མཐོང་བས་ཚངས་པ་ལའང་འཇུག་པ་སོགས་ཀྱི་འཐད་པ་མང་ངོ༌། ། གཞན་དག་ནི་སྤྱན་རས་གཟིགས་དང༌། སངས་རྒྱས་སོགས་བཤད་པ་མང་ཡང༌།སངསརྒྱས་ལ་བྱེད་པ་ནི་གོ་རིམ་ལོག་ཅིང་ཟློས་པ་དང༌། དགོས་པ་གཞན་ཡང་མེད་པས་མི་འཐད་ལ།འཇམ་དབྱངས་བྱུང་ན་སྤྱན་རསགཟིགས་སོགས་ཡོད་དགོས་པའི་ངེས་པ་མེད་ཅིང༌། ཡི་གེའི་བསྡུ་བ་མཛད་པས་ཡི་གེ་གསུང་བ་བོ་ཙམ་དུ་གྲུབ་ཀྱང༌། ཡི་གེའི་ཐོག་མའི་མཛད་པ་པོ་ཡིན་པའི་ཁུངས་དང་ཤེས་བྱེད་དྲངས་པ་སོགས། འགྲེལ་མཛད་རྣམས་ཀྱིས་རྙེད་ན་སྟོན་དགོས་པ་ལས་སུས་ཀྱང་མ་བསྟན་པའི་ཕྱིར་རོ།།རྣམ་གླིང་པཎ་ཆེན་གྱིས་ཀྱང༌། སངས་རྒྱས་དང༌། ཚངས་པ་དང༌། ཁྱབ་འཇུག་སོགས་ལ་བྱེད་པ་བཀག་ནས།རང་སྡེ་ནང་བའི་ངོརསྤྱན་རསགཟིགས་ལ་བྱེད་པ་སྐབས་སུ་བབ་ཅེས་བཤད་མོད། སངས་རྒྱས་ལ་བྱེད་པ་བཀག་པལྟར་ཡིན་ཡང༌། ཚངས་པ་དང་ཁྱབ་འཇུག་ལབྱེད་པ་ལ་གནོད་བྱེད་ཡི་གེའི་བསྡུ་བ་མད་པ་ཙམ་གྱིས་དེར་ངེས་སོ་སྙམ་ན་མི་འཐད་ཅེས་པ་ཙམ་ལས་གཞན་མ་རྙེད་ཅིང་སྤྱན་རས་གཟིགས་ལ་བྱེད་པ་ཡང་རང་གི་འདོད་པ་ཙམ་ལས་ཤེས་བྱེད་གཞན་མ་རྙེད་པས། ཤེས་བྱེད་གང་ཡང་མེད་པར་ཤེས་བྱེད་དུ་མ་དང་ལྡན་པ་སུན་འབྱིན་པ་མི་འཐད་པའི་ཕྱིརརོ། །སྐབས་འདིར་འགལ་བའང་སྣང་སྟེ། དྲག་པོ་དབང་ཕྱུག་སོགས་ལ་བྱེད་པ་དགོས་པ་ཡང་མ་མཆིས་ཞེས་སྨྲས་ནས། འོག་ཏུ་གཞན་སྡེ་རྣམས་རྗེས་སུ་འཛིན་པའི་ཕྱིར་སོ་སོའི་འདོད་པ་བཞིན་གྱི་ལྷར་འགྲེལ་དགོས་པའི་ཁུངས་སུ། མདོ་སྡེ་ཟ་མ་ཏོག་བཀོད་པའིརྒྱལ་བོ་ལས།སྔོན་བྱུང་པསཞེསསོགསནས། དེ་བཞིན་གཤེགས་པའི་གཟུགས་ཀྱིས་ཆོས་འཆད། དེ་བཞིནདུ་སྦྱར་ཏེ་རང་སངས་རྒྱས་ཀྱིས། དགྲ་བཅོམ་པས། བྱང་ཆུབ་སེམས་དཔས། དབང་ཕྱུག་ཆེན་པོས། མཐུབོཆེས། ཚངསཔསཞེས་པ་སོགས་དང་བཅས་དགོས་པ་ཡོད་པར་བསྒྲུབས་པའི་ཕྱིརརོ། །འདིརའཇམ་དབྱངས་དང༌། རྟག་ཞི་བ་གཉིས་མཆོད་བརྗོད་ཀྱི་ཡུལ་དུ་སྨོས་པ་ནི། ཡི་གེའི་ཐོག་མའི་འབྱུང་ཁུངས་གཙོ་ཆེ་བའི་དབང་དུ་བྱས་ནས་དོན་དུ་ན་ཚངས་པ་དང༌། ཁྱབ་འཇུག་སོགས་སྤྱན་རས་གཟིགས་ཀྱི་སྐུ་ལས་བྱུང་བར་གོང་གི་མདོ་དེ་ལས་གསུངས་པ་བཞིན། ལྷ་དེ་དག་ལ་ཕྱི་རོལ་བ་ཁོ་ནས་མ་ཁྱབ་པས་འགལ་བ་མེད་པར་མ་ཟད། གང་ལས་ཡོན་ཏན་གྱིཁྱད་པར་བྱུང་བ་དེ་ཉིད་དྲིན་ཆེ་བས་བཀུར་འོས་པ་ཡིནནོ། །ཞེས་གཞན་ལ་འདོམས་པའི་ཆེད་དུ་ཡིན་ནོ །ཞེས་གསུངས་སོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号