ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་དང་པོ་སུམ་ཅུ་བའི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
ཉེ་བའི་སྤྱི་བོ་ལས་བྱུང་བ། །ང་ཉ་ན་མ་བཞི་བོ་ནི། །
ང་ང་སྐྱེསཔའིགནསཟད། །གཞན་ཡངསྣ་ལ་སྐྱེ་ཡིན། །
ཡི་གེ་དེ་རྣམས་བྱུང་བའི་ཚེ།།ཁོག་ལས་མ་སྐྱེས་་ནི་མེད། །
ཡི་གེ་དངོསལ་སྦྱོར་བའི་ཚེ།།གནས་དང་བྱེད་པ་རྩོལ་བ་གསུམ། །
གཙོ་བོ་ལྕེ་དང་རྐན་གཉིས་ཡིན། །དེ་དག་གནས་རྣམས་ཕྲད་པའི་ཚེ།
བྱེད་པ་རྣམ་པ་དྲུག་ཏུ་དབྱེ། །ཕྲད་པ་ཅུང་ཟད་ཕྲད་པ་དང༌། །
བཙུམ་པཕྱེ་བ་དོག་པ་དང། །ཡངས་པར་ཕྱེ་རྣམས་བྱེད་པའི་རྒྱུ
རླུང་དང་རྣམ་རྟོག་རྩོལ་བའི་རྒྱུ།སྐྱེ་གནས་རྒྱུ་དེ་ལ་ཡང་ནི། །
དོག་པའི་གནས་དང་ཡངས་པའི་གནས། །དོག་པའི་གནས་ནི་མགྲིན་པ་དང༌། །
སྣ་དང་སྤྱི་བོ་གསུམ་ཡིན་ལ། །ཡངས་པའི་གནས་ནི་ཁོག་པ་དང། །
རྐན་ལྕེ་སོ་མཆུ་ལྔ་བོ་ཡིན། །ཐམས་ཅད་ལེགས་སྦྱར་སྐད་དང་མཐུན། །ཞེས་སོ། །
གཉིས་པ། སྔོན་རྗེས་སུ་འཇུག་པ་དང་མི་འཇུག་པའི་ཁྱད་པར། 
གཅིག མདོར་བསྟན།
དེ་ལས་རྗེས་འཇུག་བཅུ་ཡིན་ཏེ། །དེ་ལས་ལྔ་ནི་སྔོན་དུའང་འཇུག །མི་འཇུག་པ་ནི་ཉི་ཤུའོ། །
ཞེས་གསུངས་ཏེ། དེ་ནི་བརྗོད་ཟིནའདས་པ་དེའོ།དེ་ཡང་གོང་གི་ཀཱ་ལི་སུམ་ཅུ་བོ་དེ་ལས་ཞེས་པ་སྟེ། ལསཞེས་པ་དགརབའིདོན་ནོ།གང་དགར་ན། རྗེས་འཇུག་གི་ཡི་གེ་བཅུ་དགར་བ་སྟེ།དགརགཞིཀཱལི་སུམཅུའི་ང་ནསདམིགས་སུ་བཀར་ཏེ་རྗེས་འཇུག་བཅུ་ཕྱུངས་པའོ།།ཏེ་ནི་ཚིག་གི་ལྷག་མ་གཞན་ཡོད་པ་སྟེ། རྗེས་འཇུག་གི་ཡི་གེ་བཅུ་བོ་དེ་ལས ཡི་གེ་ལྔ་ནི་རྗེས་སུ་མ་ཟད་སྔོན་དུའང་འཇུག་ཅེས་པ་དེ་འདྲེན་པའོ།།དེ་ལས་ཞེས་པ་ནི་གོང་ལྟར་རོ།།འང་ནི་སྔ་མར་མ་ཟད་པའོ།།རྗེས་འཇུག་ཕྱུངས་ཟིན་པའི་ལྷག་མ་ཉི་ཤུ་བོ་རྣམས་ནི། སྔོན་རྗེས་གང་ལ་ཡང་མི་འཇུག་པར་མིང་གཞི་ཁོ་ནར་གནསཔའོ། །དེལྟར་ཀཱལི་སུམཅུ་བོའི་ནང་ནས་རྗེས་འཇུག་བཅུ་ཕྱུངས། རྗེས་འཇུགབཅུའི་ང་ནསསྔོན་འཇུག་ལྔ་བཏོན་ཅིང༌། དེའི་ལྷག་མ་ཉི་ཤུ་བོ་སྔོན་རྗེས་གང་ལའང་མི་འཇུག་ཅེས་པའོ། །
གཉིས། རྒྱས་བཤད།
 ཐོག་མར་སྡེ་ཚན་དབྱེ་བ།
ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི། །བཞི་བཞི་དག་ཏུ་ཕྱེ་བ་ལས། །
ཞེས་གསུངས་ཏེ། ཀཱ་ལི་སུམ་ཅུ་བོ་སྡེ་ཚན་ཕྱེད་དང་བརྒྱད་དུ་གནས་པ་ནི། ཡིག་འབྲུ་བཞི་ཚན་བཞི་ཚན་དག་ཏུ་ཕྱེ་བའི་དབང་དུ་བྱས་པའོ །
༢ དེ་ཉིད་ལས་རྗེས་འཇུག་དབྱུང་བ།
དང་པོ་གསུམ་པ་བཞི་བ་ཡི། །མས་གཉིས་དྲུག་པའི་གསུམ་པ་དང༌། །བདུན་པ་ལ་ནི་ཤ་མ་གཏོགས། །རྗེས་འཇུག་ཡི་གེ་བཅུ་རུ་བཤད། །
ཅེས་གསུངས་ཏེ། གོང་གི་བཞི་ཚན་གྱི་སྡེ་བ་ཕྱེད་དང་བརྒྱད་དུ་གནས་པ་དེ་ལས། སྡེ་ཚན་དངཔོ།ཀ་ཁ་ག་ང་དང༌། སྡེ་ཚན་གསུམ་པ། ཏ་ཐ་ད་ན། སྡེ་ཚན་བཞི་བ། པ་བ་དངབཅསསྡེན་སོསོའི་ཡི་གེ་མས་མ་གཉིས་གཉིས་སོ། །དེ་ཡང་སྡེ་བ་དང་པོའི་མས་མ་ག་ང་གཉིས། གསུམ་པའི་མས་མ་ད་ན་གཉིས་དང༌། བཞི་བའི་མས་མ་བ་མ་གཉིས་ཏེ་ཡི་གེ་དྲུག་དང༌། སྡེ་བ་དྲུག་པ་ཞའི་སྡེ་ཚན་གྱི་ཡི་གེ་གསུམ་པ་འ་ཡིག་དང༌། བདུན་པ་རའི་སྡེ་ཚན་གྱི་ཤ་ཡིག་མ་གཏོགས་པའི་ར་ལ་ས་གསུམ་དང་བཅས་པ་བཏོན་པས། ཁྱོན་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་བོ་དེ་ཉིད་རྗེས་འཇུག་གི་ཡི་གེ་བཅུ་རུ་བཤད་པ་ཡིན་ནོ།ཞེས་སོ།
  རྗེས་འཇུག་གི་ནང་ནས་སྔོན་འཇུག་དབྱུང་བ།
རྗེས་འཇུག་ཡི་གེ་བཅུ་ཉིད་ལས། །དང་པོ་གསུམ་པ་ལྔ་བ་དྲུག །བདུན་པ་རྣམས་ནི་སྔོན་དུའང་འཇུག །
ཅེས་གསུངས་ཏེ། རྗེས་འཇུག་གི་ཡི་གེ་ག་ང་ད་ན་བ་མ་འ་ས་སྟེ་བཅུ་བོ་དེ་ཉིད་ལས། གྲངས་དངཔོག གསུམ་པ་ད། ལྔ་བ་བ། དྲུག་པ་མ། བདུན་པ་འ་ཡིག་སྟེ་ལྔ་བོ་དེ་རྣམས་ནི་རྗེས་སུ་འཇུག་པར་མ་ཟད་སྔོན་དུའང་འཇུག་གོ །ཞེས་པའོ། །
༤ དེ་ནས་མི་འཇུག་པ་བསྟན་པ།
མིང་གཞི་གཉིས་སམ་སུམ་སྦྲེལ་ལམ། ། དེ་ལ་དབྱངས་ཀྱི་གཞི་ལྡན་ཡང༌། ། གང་དུའང་འཇུག་མིན་སྦྱར་བའང་མིན། །
ཞེསགསུངས་ཏེ། གོང་དུ་རྗེས་འཇུག་ཕྱུངས་ཟིན་པའི་ལྷག་མ། ཀ་ཁ། ཅ་ཆ་ཇ་ཉ། ཏ་ཐ། པ་ཕ། ཙ་ཚ་ཨ། ཞཟ་ཡཤ ཧ་ཨ་སྟེ། སྔོན་རྗེས་གང་དུའང་མི་འཇུག་པའི་མིང་གཞི་ཁོ་ནར་གནས་པཉི་ཤུ་བོ་དེའི་ནང་ནས ཀཏ། ཏཕ། ལྟ་བུདང་ཏ་ཡིག་སྔོན་དུ་འཇུག་པ་དང༌། ཆཀ ཐཝ་ལྟ་བུ།ཀ་ཝ་རྗེས་སུ་འཇུག་པ་ཉིས་སྦྲེལ་ལམ། ཡང་ན། ཕཁཉ། ཀཞཝ་ལྟབུ་སྔོན་རྗེས་གཉིས་ཀ་ཡོད་པའི་སུམ་སྦྲེལ་ལམ། དེ་དག་ལ་དབྱངས་ཀྱི་གཞི་སྟེ། ཨིསོགས་པ་ང་ལྡན་པ། ཀཏི། ཏཕུ།ཆེཀ ཐོཝ།ཕཁོཉ། ཀཞིཝ་ལྟ་བུ་བོད་སྐད་ཀྱི་ཡི་གེ་ལ་འབྱུང་བ་མི་སྲིད་ལ། སྲིད་ན་ཡང་གསུང་རབ་ཀྱི་ཐ་སྙད་གང་དུའང་འཇུག་པ་མིན་ཞིང༌། ཐུ་མི་བདག་གིས་སྦྱར་བའང་མིན་ནོ།ཞེས་པའོ། །
དཔྱད་གཞི།
པྲ་ཏིས། འདིར་ཡང་གཞན་དུ་བཤད་པ་མང་ཡང་མངས་སུ་དོགས་ནས་མ་བཀོད་ཅིང༌། རྣམ་དཔྱོད་ཀྱིསལེགསཔརབརྟགས་ན་འདི་ཁོ་ན་འཐད་པར་སེམསསོ། །ཞེསགསུངས་པ་བཞིནབཀོད་བོ།  
དྲི་ཚིག
༡ བོད་ཡིག་ལ་རྩ་བའི་དབྱེ་བ་དུ་ཡོད།
༢ ཡི་གེ་ཞེས་པ་ཅི།
༣ ཡི་གེ་ཨཱ་ལི་ཀཱ་ལི་གཉིས་སུ་ངེས་པའི་རྒྱུ་མཚན་ཅི།
༤ ཨ་ཁར་ནི་མི་འགྱུར་བ་ཞེས་པའི་དོན་ཅི།
༥ བོད་ཀྱི་ཨ་ཡིག་ལ་དབྱེ་བ་དུ་ཡོད།
༦ སྲོག་གི་ཡི་གེ་ཞེས་པ་ཅི།
༧ རྐྱེན་གྱི་ཡི་གེ་ཞེས་པ་ཅི།
༨ དབུ་ཁྱུད་དང་ཚེག་དང་ཤད་རྣམས་བོད་ཡིག་ཨེ་ཡིན།
༩ དབུ་ཁྱུད་ཀྱི་གོ་དོན་ཅི།
༡༠ ཤད་རྣམས་སྦྱོར་ཚུལ་ཤོད།
༡༡ ཕ་མ་བུ་ཚའི་ཡི་གེ་གང་དག་ཡིན།
༡༢ བོད་ཀྱི་དབྱངས་གསལ་སོ་བཞིའི་སྐྱེ་གནས་ཤོད།
༡༣ བྱེད་པ་རྣམ་པ་དུ་ཡོད།
༡༤ རྩོལ་བའི་རྒྱུ་གང་དག་ཡིན།
༡༥ བོད་ཡིག་ལ་དབྱངས་སྲོག་ཞུགས་ཀྱི་རྣམ་གཞག་མ་མཛད་པའི་རྒྱུ་མཚན་ཅི།
ས་བཅད་གཉིས་པ། ཡི་གེ་སྦྱོར་བ་དངོས་ཀྱིས་
མིང་ཚིག་གི་འཇུག་པ་བསྟན་པ། 
དང་པོ། རྣམ་དབྱེ་འཕྲོས་དོན་དང་བཅས་པ་བཤད་པ། 
གཅིག རྣམ་དབྱེ་དང་པོ་དང་འབྲེལ་བ་གོ་སོགས་བཤད་པ།
༡ རྣམ་དབྱེ་དང་པོ་དང་འབྲེལ་བ་འཆད་པའི་དབང་དུ་བྱས་ཏེ། མཐའ་གང་དུ་འཇུག་པའི་ཡི་གེ་ངོས་བཟུང་བ།
རྗེས་འཇུག་ཡི་གེ་བཅུ་བོ་ནི། །མིང་གང་གི་ནི་མཐར་སྦྱར་བ། །དེ་ལ་ཨཱ་ལི་བཞི་བ་སྦྱར། །
ཞེས་གསུངས་ཏེ། རྗེས་འཇུག་གི་ཡི་གེ་བཅུ་བོ་དེ་ཉིད་ནི་རྣམ་དབྱེ་དང་པོ་མིང་སྟེ། འབྲུག གླང༌།དྲེད། བོན། ཤེསརབ། ལམ། དགའ།གསེར།དངུལ། འདུས་བྱས་སོགས་གང་དང་གང་གི་མཐརསྦྱར་བ་དེ་ལ། སླར་ཡང་རྗེས་འཇུག་རང་འདྲརཨཱལིབཞི་བ་ཨོསྦྱར་བའིགོངོདོནོབོམོའོརོལོསོཞེས་པའིསྒྲ་སྦྱརཏེ། འབྲུག་གོ །གླང་ངོ། །དྲེདདོ། །བོན་ནོ །ཤེསབ་བོ།།ལམ་མོ།།དགའ་འོ།།གསེར་རོ།།དངུལ་ལོ། །འདུསབྱས་སོ། །ཞེསཔ་ལ་སོགས་འབྱུང་ངོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号