ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་དང་པོ་སུམ་ཅུ་བའི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
 
བཞི་བ། ཐ་སྙད་སོགས་ཀྱི་རིག་གནས་ལ་བཀའ་དྲིན་ཆེ་བའི་
དངོས་བརྒྱུད་ཀྱི་བླ་མ་ལ་ཡང་ཕྱག་བྱ་བ། 
སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང༌། །བླ་མ་ལ་ཡང་ཕྱག་འཚལ་ནས། །
ཞེས་གསུངས་ཏེ། འདིར་སྡེབ་སྦྱོརནི་རིག་གནས་ཆུང་བ་ལྔའི་ཡ་གྱལ་གྱི་སྡེབ་སྦྱོར་ཁོ་ན་མ་ཡིན་གྱི།ཡི་གེ་སྦྱོར་བ་ཡིན་ལ། དེ་ཡང་ཡི་གེ་ཕན་ཚུན་རྣམ་དབྱེ་ཚིག་ཕྲད་རྐྱེན་ལ་སོགས་པའི་དབང་གིས་བསྒྱུར་བ་དང། དབྱེབའིརྣམའགྱུརགྱིསྒོནས་སྡེབ་ཅིང་སྦྱོར་བས་སྡེབ་སྦྱོར་ཏེ། སྒྲ་རིག་པ་གཙོ་བོ་དང༌། དེའི་ཤུགས་ཀྱིས་ཚིག་རྒྱན་གྱི་སྦྱོར་བ་སྙན་དངགས་ཀྱི་རིག་གནས་དང༌། ལྕི་ཡང་སོགས་ཀྱི་སྦྱོར་བ་སྡེབ་སྦྱོར་གྱི་རིག་གནས་ཀྱང་བསྡུ་བས། དེ་དག་མཛད་པའི་མཁས་པ་རྣམས་དང༌། སློབ་དཔོན་རང་ཉིད་ལདངོས་སུ་བཀའ་དྲིན་ཆེ་བའི་བླ་མལྷ་རིག་པའི་སེང་གེ་དང༌། ཡིག་མཁན་ལི་བྱིན་ལ་ཡང་ཕྱག་འཚལ་བའོ། །ཡང་ནི་གོང་གི་དེ་རྣམས་མ་ཟད་པའོ། །
དྲི་ཚིག
 དཀོན་མཆོག་གི་དོན་ཤོད།
 མཆོད་བརྗོད་ཀྱི་དོན་ནི་ཅི་ཡིན།
 རྟག་ཞི་བར་ངོས་འཛིན་མི་འདྲ་བ་གང་དག་ཡོད།
 གང་ལ་དང་དེ་ལ་ཞེས་པའི་ལ་དོན་གཉིས་ཇི་ལྟར་འགྲེལ།
 སྒྲ་དབྱངས་ཞེས་པ་གང་ལ་ངོས་འཛིན་དགོས།
འཇམ་པའི་དབྱངས་ཀྱི་ངོ་བོ་ཅི།
 མིང་གཞི་ཞེས་པ་གང་ལ་ངོས་འཛིན་དགོས།
 ཅི་ཞིག་ལ་མིང་དང་ཚིག་དང་བརྗོད་པ་ཟེར།
 བརྒྱ་བྱིན་གྱིས་མཛད་པའི་སྒྲའི་བསྟན་བཅོས་གང་ཡིན།
ས་བཅད་བཞི་བ། རྩོམ་པར་དམ་བཅའ་བ།
བསླབ་པ་ཀུན་གྱི་གཞི་འཇིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །
ཞེསགསུངསཏེ། དེལྟརཕྱགའཚལ་བ་དང་དམ་བཅའ་བ་གཉིས་རྒྱུན་གཅིག་ཏུ་སྦྱོར་ཞིང་བྱ་བའི་གོ་རིམ་སྟོན་པའི་ཕྱིར།གོང་དུ་ནས་ཞེས་སྨོས་ལ། དེ་ནི་བྱ་བ་གཉིས་བྱེད་པ་པོ་གཅིག་གིས་རིམབཞིན་བྱེད་པར་སྟོན་པའི་མཚམས་སྦྱོར་གྱི་སྒྲའོ། །འདིར་དངོས་སུ་བསྟན་པའི་བསླབ་པ་ནི། རྟགས་འཇུག་གི་སྐབསནས། ཉན་ཐོང་རྒྱལསངསརྒྱསཀྱི། །བསླབ་པ་རྣམས་ཀྱང་མེད་པར་འགྱུར། །ཞེས་པ་ལྟར་ཐེགགསུམགྱིབསླསཔའོ། །དེ་ཡང་ཚུལ་ཁྲིམས་སམ། ཏིང་ངེ་འཛིན་ནམ། ཤེས་རབ་ཀྱི་བསླབ་པ་གསུམ་ལ་ཚང་བར་འདུ་བས། བསླབ་པ་འདི་གསུམ་ལ་ཡང་དོན་གྱིས་འཐོབ་བོ། །ཀུན་ནི་མང་ཚིག་སྟེ།མཐའ་དག་དང༌། ཕལ་མོ་ཆེའི་དོན་གཉིས་ལ་འཇུག་པ་ལས། འདིར་ནི་མཐའ་དག་པའི་དོན་ནོ།གྱི་ནི་འབྲེལ་བ་སྟེ། འོག་གི་གཞི་ཞེས་པ་དེ་བསླབ་པ་ཀུན་གྱི་ཡིན་པར་བསྒྲུབས་པའོ།།གཞི་ཞེས་པ་ནི་རྩ་བའམ་རྒྱུའི་དོན་ནོ ། འཛིན་པ་ནི་ཡི་གེའི་སྦྱོར་བས་བསླབ་པ་དེ་ཀུན་ཀྱི་རྩ་བའམ་རྒྱུབྱེད་པ་སྟོན་པའོ། །འོ་ན་ཡི་གེའི་བྱེད་པ་དེར་ཟད་དམ་ཞེ་ན། ཅིང་ཞེས་སྨོས་ཏེ། དེར་མ་ཟད་ཕྱི་རོལ་རིག་བྱེད་སྨྲ་བ་རྣམསཀྱི་རྒྱུ་ཡང་ཡིནནོ། །ཞེསཔའོ།དེ་ལ་རིག་བྱེད་ནི་བཞི་སྟེ། མཆོད་སྦྱིན། ངེས་བརྗོད། སྲིད་སྲུང༌། སྙན་ཚིག་གི་རིག་བྱེད་རྣམས་སོ། ། དེ་ཡང་མཆོད་སྦྱིན་ནི་མཐོ་རིས་ཀྱི་ཕྱིར་མཆོད་སྦྱིན་བྱེད་པའོ། །ངེས་བརྗོད་ནི་མིང་ཚིག་གི་ངེས་པ་སྒྲུབ་པའི་སྒྲའོ། །སྲིད་སྲུང་ནི་རྒྱལ་སྲིད་ལ་སོགས་པ་སྲུང་བ་དང་སྤེལའོ།།སྙན་ཚིག་ནི་ཚིག་རྒྱན་གྱི་སྦྱོར་བའོ།དེ་དག་གི་ཚུལ་སྟོན་པའི་གཞུང་ལུགས་ལ་རིག་བྱེད་ཅེས་བྱ་སྟེ། དེ་དག་གི་ངོ་བོདང་མཚན་ཉིད་དང༌། བྱེད་ལུགས་ཀྱི་ཐབས་ལ་སོགས་པ་རིག་པར་བྱེད་ཅིངགོ་བར་བྱེད་པའི་ཕྱིར་རོ། སྨྲ་བ་ནི་དེ་དག་གི་གཞུང་ལུགས་སྨྲ་བའོ།།རྒྱུནི་སྨྲ་བའི་བྱ་བ་དེའི་རྒྱུའམ་རྩ་བའང་ཡིན་ཞེས་པའོ། ། མིང་ནི་ཀ་ལ་སོགས་པའི་ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་བརྗོད་པ། ཀ་བ། བུམ་པ། ལྷ་མི་ཞེས་པ་ལྟ་བུའོ། །ཚིག་ནི་མིང་འདུས་ནས་དོན་གྱིཁྱད་པར་བརྗོད་པ།ཀ་བའི་གཟུགསབུམ་པའི་ལྟོ་བ་ཞེས་པ་ལྟ་བུའོ།།བརྗོད་པ་ནི་ངག་སྟེ། བུམ་པ་ལ་གནས་པའི་ཆུས་ལུས་འཁྲུ་ཞེས་པལྟ་བུ་ནི་ཚིག་གི་ཚོགས་པའམ་རྒྱུནོ། །དེ་ཀུན་གྱི་གཞི་ནི། དེ་མཐའ་དག་གི་རྩ་བའམ་རྒྱུའོ། །འོ་ན་དེ་དག་གི་གཞིའམ་རྒྱུདེ་གང་ཡིན་ཞེ་ན། དེ་ངོས་བཟུང་བའི་ཕྱིར་ཡི་གེའི་སྦྱོར་བ་ཞེས་སྨོས་ཏེ། ཡི་གེ་ནི་ཀ་ལ་སོགས་པའོ།དེའི་སྦྱོར་བ་ནི། དེ་དག་ཕན་ཚུན་རྣམ་དབྱེ་དང་ཚིག་ཕྲད་སོགས་ཀྱིས་སྦྲེལ་ཞིང་སྦྱོར་བའོ། །དེ་ཉིད་འདིར་བཤད་པར་དམ་བཅའ་བ་ནི། བཤད་པར་བྱ་ཞེས་པ་སྟེ། མདོར་ན་ཕྱི་རོལ་བ་རིག་བྱེད་ནས་བཤད་པ་བཞིན་སྒྲུབ་པ་དང༌། ནང་བ་མངོན་མཐོ་དང་ངེས་ལེགས་སྒྲུབ་པ་ལ།དེའི་ཐབས་ཤེས་དགོས། དེ་ཤེས་པ་བསླསདགོས། བསླསཔ་ལ་ཡང་བསླབ་བྱའི་གནས་བསླབ་པ་གསུམ་ལ་སོགས་པ་དང༌། དེ་སྟོན་པའི་གཞུང་ལུགས་སྡེ་སྣོད་གསུམ་དང༌། རིག་བྱེད་བཞི་སྟོན་པའི་རིག་བྱེད་གཞུང་ལ་སོགས་པ་ཐོས་དགོས། སྡེ་སྣོད་དང༌། གཞུང་དེ་དག་གིས་ཀྱང་བརྗོད་བྱ་སྟོན་པ་ལ།བརྗོད་བྱའི་ངོ་བོ་སྟོན་པ་ལམིང་དང༌། ཁྱད་པར་སྟོན་པ་ལ་ཚིག་དང༌། ཁོག་སྒྲིག་པ་ལ་ངག་གི་ཕྲེང་བ་རྣམས་མེད་དུམི་རུང་བས། གཞུང་དང་གདམས་པ ་ཡང་ངག་ཚིག་མིང་གི་ཕྲེང་བ་ལས་མ་འདས་ལ། དེ་དགཀྱང་མཐརགཏུགསན་ཡི་གེའི་ངོ་བོ་ལས་མ་འདས་པས། ཡི་གེའི་སྦྱོར་བ་ཉིད་དེ་དག་གི་གཞི་དང་རྒྱུའོ་སྙམ་དུ་དགོངས་ནས། དེ་ཉིད་འདིར་བཤད་པར་བྱ་ཞེས་པའོ། །དེ་ལྟར་ན་ཡི་གེའི་སྦྱོར་བ་ཉིད་འདིའི་བརྗོད་བྱའོ ། བརྗོད་བྱ་དེ་འདིར་བཤད་པའི་དགོས་པ་ནི། མིང་ཚིག་གི་སྦྱོར་བ་ལ་མཁས་པའོ།།དེ་ལྟར་མཁས་པའི་དགོས་པ་ནི། དོན་ཀྱི་ངོ་བོ་དང་ཁྱད་པར་ཤེསནསཉམསསུབླངསཔས།མཐར་ཐམས་ཅད་མཁྱེན་པ་འཐོབ་པའོ། །དེ་ལྟར་དོན་གྱི་ངོ་བོ་དང། ཁྱད་པར་ཤེས་ནས་བླང་དོར་གྱི་སྒོནསཉམསསུབླངསཔསཐམས་ཅད་མཁྱེན་པ་འཐོབ་པ་དེ། མིང་ཚིག་གི་སྦྱོར་བ་ཤེས་པ་ལ་རག་ལས་ཤིང། མིང་ཚིག་གི་སྦྱོར་བ་ཤེས་པ་ཡང༌། ཡི་གེའི་སྦྱོར་བ་ལ་རག་ལས། དེ་ཉིད་གཞུང་འདིར་འབྲེལ་བ་ནི་བསླབ་པ་ཀུན་གྱི་ཞེས་པ་ནས། བཤད་པར་བྱ་ཞེས་པའི་བར་ཀྱི་དོན་ནོ།ཞེས་གཞུང་འདིའི་དགོས་སོགས་ཆོས་བཞི་བསྟན་པའོ།
དཔྱད་གཞི།
རྩོམར་དམབཅའ་བ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས། དམ་པ་རྣམས་ཀྱིས་ཁས་འཆེས་མི་བྱེད་ལ། །གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་ཏུ་བྱེད་པར་མི་འགྱུར་སོ།ཞེས་གསུངས་པ་ལྟར་བརྩམས་པ་མཐར་ཕྱིན་པ་དང༌། དགེ་བའི་བསམ་པ་བརྟན་པའི་ཕྱིར་ཡིན།
སུམཅུབའིདགོསསོགསཆོསབཞི་ནི་གསུང་རབ་བསྟན་བཅོས་ཀྱི་ཚོགས་ལ་འཇུག་པའི་བརྡ་སྐད་གསལབར་བྱེད་པའི་ཡི་གེའི་སྦྱོར་བ་གང་ཡིན་པ་ནི་བརྗོད་བྱ་དང༌། མིང་ཚིག་བརྗོད་པ་ཐམས་ཅད་ལ་མི་རྨོངསཔའི་བློ་སྐྱེ་ཞིང་གཙུག་ལག་ལུགས་གཉིས་ལ་འཇུག་པའི་ལམ་ཡངས་པར་འགྱུར་བ་ནི་དགོས་པའོ།དེ་ལ་བརྟེན་ནས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཉིད་མངོན་དུ་བྱེད་པ་ནི་ཉིང་དགོས་སོ། །ཉིང་དགོས་དགོསཔར་འབྲེལ། དགོས་པ་བརྗོད་བྱར་འབྲེལ་ཞིང༌། བརྗོད་བྱའང་ཡན་ལག་ཕྱི་མ་ཕྱི་མ་སྔ་མ་སྔམར་འབྲེལ་བ་ནིའབྲེལའོ།
སུམ་ཅུ་བའི་བསྟན་བྱ་གཙོ་བོ་ནི་རྩབར་ཕྲད་དང་རྣམ་དབྱེ་བསྟན་པའི་སྐབས། མིང་གཞི་རྐྱང་བའི་སྒྲ་གཙོ་བོར་གྱུར་པའི་ཕྲད་བདག་སྒྲ་དང༌། འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པའི་ཕྲདཀྱི་ཀྱིསཀྱངསྟེསོགསརེའགའ་གཏོགསཔའི་སླར་བསྡུ་དང་ཨི་ལྡན། རྒྱན་སྡུད་དང་ལྷག་བཅསའབྱེད་སྡུད་དང་འབྱུང་ཁུངས།དང་སྒྲ་དང་ནི་སྒྲ། དེ་སྒྲ་དང་གང་སྒྲ་བཅས་ཕྲད་དང་རྣམ་དབྱེ་ཕལ་ཆེར་རྗེས་འཇུག་གང་ལ་ཨཱ་ལི་གང་སྦྱར་ནས་གྲུབ་ཚུལ་བསྟན་པ་དང༌། གཞུང་འདིའི་གཤམ་དུ། རྗེས་འཇུགབཅུཡི་དོན་ཤེསན། །འགྲིདངཀློག་དང་བཤད་རྣམས་ཀྱི། །མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང། །འབྲེལབརསྨྲབའིམཆོག་ཏུའགྱུར།།གཞན་ཡང་རྗེས་འཇུག་ཤེས་པ་ཡིས། །དོན་གྱི་སྦྱོར་བ་མ་མཐོང་ཡང༌། །དོན་དང་མཐུན་པའི་སྦྱོར་བ་ཤེས།།ཞེས་བསྟན་པ་ལྟར་སྔོན་འཇུག་ཡོད་མེད་ཅི་ཡང་རུང་བའི་མིང་གཞིའི་ཡི་གེ་གང་ཡང་རུང་བ་ལ་རྗེས་འཇུག་ཡི་གེ་གང་རུང་མ་ཞུགས་པར་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དུགྲུབ་པ་མི་སྲིད་པ་དང༌། མིང་གཅིག་གམ་དུ་མ་སྦྲེལ་ཀྱང་མཚམས་སྦྱོརབར་བྱེད་པའི་ཕྲད་དངརྣམ་དབྱེཕལཆེརརྗེས་འཇུག་ལས་བྱུང་ཞིང༌། མིང་དུ་མ་འདུས་པ་ལས་ཚིག་དང༌། ཚིག་གིས་འཇིག་རྟེན་གྱིདོན་མཚོན་པའི་བརྗོད་པ་ཇི་སྙེད་པ་རྗེས་འཇུག་གི་རྣམ་གཞག་ཡིན་པར་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས་བཞེད་དོ། །
བོདཡིགནི་དུསནམཞིགམཁསཔ་སུས་ཡིག་རིགས་གང་ལ་དཔེར་བལྟས་ནས་གསར་སྐྲུན་མཛད་ཅེ་ན། དུསརབསབདུན་འི་སྟོད་ཀྱི་ཆ་སྟེསྤྱིལོ་དྲུག་བརྒྱ་བཞི་བཅུ་ཡས་མས་སུབོད་རྒྱལསྲོང་བཙན་སྒམ་པོའི་བློན་པོ་ཐོན་མི་སམ་བྷོ་ཊས་རྒྱ་གར་ལེགས་སྦྱར་གྱི་ཡི་གེ་གཞིར་བཟུང་ནས་བོད་ཡིག་གསར་སྐྲུནམཛད་དོ། །
དྲི་ཚིག
༡ རྩོམ་པར་དམ་བཅའ་བའི་དགོས་པ་ཅི།
༢ བོད་ལ་རྩོམ་པར་དམ་བཅའ་བའི་སྲོལ་འབྱེད་མཁན་སུ་ཡིན།
༣ སུམ་ཅུ་བའི་རྩོམ་པར་དམ་བཅའ་བ་འདི་མཆོག་ཏུ་གྲགས་པའི་རྒྱུ་མཚན་ཅི།
༤ བསླབ་པ་གསུམ་ནི་གང་དག་ཡིན།
༥ རིག་བྱེད་བཞི་ནི་གང་དག་ཡིན།
༦ ཡི་གེའི་སྦྱོར་བ་ཞེས་པའི་དོན་ཅི་ཡིན།
༧ སུམ་ཅུ་བའི་གཞུང་གི་དགོས་སོགས་ཆོས་བཞི་གང༌།
༨ མིང་གཞི་རྐྱང་བའི་སྒྲ་གཙོ་བོར་གྱུར་པའི་ཕྲད་ཅེས་པ་གང་དག་ཡིན།
འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པའི་ཕྲད་ཅེས་པར་གོ་བ་ཅི་ལྟར་ལེན།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号