ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་དང་པོ་སུམ་ཅུ་བའི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
༡༩ བྱ་ཚིག་གི་སྒོ་ནས་བཏགས་པ།
༢༠་འདས་ཚིག་གི་སྒོ་ནས་བཏགས་པ།
༢༡ སྐུལ་ཚིག་གི་སྒོ་ནས་བཏགས་པ།
༢༢ རིགས་ཀྱི་སྒོ་ནས་བཏགས་པ།
༢༣ བྱ་བའི་སྒོ་ནས་བཏགས་པ།
༢༤ ཡོན་ཏན་གྱི་སྒོ་ནས་བཏགས་པ།
༢༥ རྫས་ཀྱི་སྒོ་ནས་བཏགས་པ།
༢༦ རྣམ་དབྱེ་དང་པོ་མིང་ཙམ་བརྗོད་པ་གང་དུ་བསྟན་ཡོད།
༢༧ རྫོགས་ཚིག་ནི་རྣམ་དབྱེ་དང་པོའི་ཕྲད་དངོས་ཨེ་ཡིན།
༢༨ རྣམ་དབྱེ་དང་པོས་གང་རྣམ་པར་དབྱེ།
༢༩ རྩ་བར་ཏོ་སྒྲ་མ་བསྟན་པ་ཅི།
༣༠ བོད་ལ་རྣམ་དབྱེ་བརྒྱད་ཡོད་པ་གང་གིས་ཤེས།
གཉིས། རྣམ་དབྱེ་གཉིས་པ་སོགས་བཤད་པ།
    ཐོག་མར་འཇུག་པའི་ཡི་གེ་ངོས་བཟུང་བ།
    རྗེས་འཇུག་ཡི་གེ་བཅུ་བོ་ལས། ། གང་མིང་མཐའ་ན་བཅུ་བ་གནས། ། དེ་ལ་ཨཱ་ལི་གཉིས་པ་སྦྱར། ། གང་མིང་མཐའ་ན་བརྒྱད་པ་གནས། ། དེ་ལ་གཉིས་པ་ཨུ་ཡང་སྦྱར། །གང་མིང་མཐའ་ན་གསུམ་པ་གནས། ། དེ་ལ་ཨཱལི་གཉིས་པ་སྦྱར། ། བཞི་བ་དགུ་བ་དངོས་
ཀྱང་སྟེ། །
   ཞེསགསུངསཏེ། རྗེས་འཇུག་གིཡི་གེ་བཅུ་བོ་ལས་ཏེ། དེའི་ནང་ནས། གང་ཡང་རུང་བའི་མིང་གི་མཐའ་ན། རྗེས་འཇུག་བཅུ་བ་ས་ཡིག་གནས་པ་དེ་ལ། ཨཱ་ལི་གཉིས་པ་ཨུ་སྦྱར་བ་སུ་དང༌། གང་ཡང་རུང་བའི།མིང་གི་མཐའ་ན་རྗེས་འཇུག་བརྒྱད་པ་ར་ཡིག་དང༌། ར་ཡིག་དེ་ལ་ཨཱ་ལི་གཉིས་པ་ཨུ་ཡང་སྦྱར་བ་རུ་དང༌། གང་ཡང་རུང་བའི་མིང་གི་མཐའ་ན། རྗེས་འཇུག་གསུམ་པ་ད་ཡིག་གནས་པ་དེ་ལ། ཨཱ་ལི་གཉིས་པ་ཨུ་སྦྱར་བ་དུ་དང། རྗེས་འཇུག་བཞི་བ་ན་དང༌། དགུ་བ་ལ་ཡིག་གཉིས་པོ་དངོས་ཏེ། དབྱངས་སྦྱར་བ་ལ་མ་ལྟོས་པར་འོག་གི་དོན་རྣམས་ལའཇུག་པའོ ། ཀྱང་ནི་དབྱངས་སྦྱར་བ་རྣམས་སུ་མ་ཟད་པའོ། །སྟེ་ནི་ལྷག་མ་འདྲེན་པའོ།
   ༢་ ལ་དོན་གྱི་འཇུག་ཡུལ་བསྟན་པ།
   ལས་དང་ཆེད་དང་རྟེན་གནས་དང༌། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །
   ཞེསགསུང་པ་ཏེ། དེ་རྣམསཀྱིའཇུག་ཡུལ་འདིར་དངོས་སུ་བསྟན་པ་ནི་ལྔ་སྟེ། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང༌། བཞི་བ་དགོས་ཆེད་དང༌། བདུན་པ་གནས་གཞིའམ་རྟེན་གནས་དང༌། དེ་ཉིད་དམ་བདེན་པ་དང༌། ཚེསྐབས་རྣམས་ལ་འཇུག་པ་ལ། ལའི་སྒྲ་དང་མཐུན་པ་ཡིན་ནོ། །
 
དཔྱད་གཞི།
   མིང་གཞི་རྐྱང་བ་ཉི་ཤུ་བོའི་སྒྲ་གཙོ་བོར་གྱུར་པའི་ཕྲད་རྣམས་གཞུང་འདིར་དངོས་སུ་མ་བསྟན་པའི་རྒྱུ་མཚན་ལ། མུ་ཏིག་ཕྲེང་མཛེས་སུ། གཞུང་འདིའི་གཤམ་དུ།རྗེས་འཇུག་བཅུ་ཡི་དོན་ཤེས་ན། །ཞེསང་། རྗེསའཇུགསྦྱོར་བ་མཁས་པ་ན། ། ཞེས་སོགས་ཀྱི་སྐབས་སུ་འཆད་པར་འགྱུར་བ་བཞིན་གཞུང་འདིས་གཙོབོ་རྗེས་འཇུག་གི་བྱ་བ་འཆད་པ་ཡིན་པའི་ཕྱིར།མིང་གཞི་རྐྱང་བའི་སྒྲ་གཙོ་བོར་གྱུར་པའི་ཕྲད་བདག་སྒྲ་ཙམ་ལས་གཞན་འདིར་མ་གསུངས་པ་ཡིན་ནོ།རྒྱུམཚན་དེས་སྐབས་འདིའི་ཏོའི་སྒྲ་གཅིག་པུར་མ་ཟད་ལྷག་བཅས་ཀྱི་ཏེ་དང༌། ཨི་ལྡན་གྱི་ཡི་ཡིས། རྒྱན་སྡུད་ཀྱི་ཡང༌། འབྱེད་སྡུད་ཀྱི་ཏམ།ལ་དོན་གྱི་ཏུ་རྣམས་ཀྱང་འདིར་མ་བསྟན་པའི་གནད་ཀ་ཤེས་པར་བྱ། ཞེས་གསུངས་པ་ནི་མཁས་པ་ཆེན་པོའི་ལེགས་བཤད་རྨད་དུ་བྱུང་བའོ། །
ཀུན་བཟང་དགོངས་རྒྱན་དུ། དེ་ལྟར་སུ་ལ་སོགས་པ་རྣམས། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ལ་འཇུགནི། དཔེར་ན། གཡསསུཉལ། ཁོག་མ་རུ་ཤ་འཚོས། ལམ་དུ་ཕྱིན། སེ་ར་ན་ཆོས་ཉན།ཞེས་གསུངས་པ་སོགས་རྗེས་འཇུག་གི་དབང་གིས་ཡི་གེ་མི་མཐུན་ཡང༌། དེ་རྣམས་ཐམས་ཅད་ལ། ལཡིག་འཇུག་སྟེ། གཡས་ལ་ཉལ། ཁོག་མ་ལ་ཤ་འཚོས།སེ་ར་ལ་ཆོསཉནལྟ་བུ་ང་
རྣམ་དབྱེ་བཞི་བ་དགོས་ཆེད་ལ་འཇུག་པ་ལ་ཡང༌། ལའི་སྒྲ་དང་མཐུན་ཏེ། དཔེར་ན། མཐོ་རིས་སུ་སྨོན་ལམ་ཐོབ། ཐར་བ་ཐོབ་པ་རུ་བདག་མེད་བསྒོམ། གྲལ་གྱི་ཆེད་དུ་འཚངས། འགྱེད་ཀྱི་ཕྱིར་དུ་བསྒྲིམས། སྐལབའི་དོན་དུ་འཐབ། རྒྱན་དུ་གསེར་བརྡུངས། ཚོགས་ན་མང་ཇ་བསྐོལ། ཐར་བ་སྒྲུབ་ཏུ་ངེས་འབྱུང་བསྐྱེད་སོགསལ། མཐོརིས་ལ་སྨོན་ལཐོབ། ཐར་བ་ཐོབ་ལ་བདག་མེད་བསྒོམ་སོགསཐམས་ཅད་ལ་ལ་ཡིག་སྦྱོརརུང་བ་ལྟ་བུའོ། །
རྣམ་དབྱེ་བདུན་པ་གནས་གཞིའམ་རྟེན་གནས་ལ་འཇུག་པ་ནི། ཤར་ཕྱོགས་སུ་ཡོད། བུམ་པ་རུ་ཆུ་གནས། མདུན་དུམིའདུག གཤམ་དུ་མེ་ལོང་གསལ། བྱང་དུ་ཚྭ་མང༌། རྒྱ་གར་དུ་ཆོསར།བོད་དུ་སྣམ་བུ་ལེགས།རབ་གསལདུ་དཔོན་པོ་བཞུགས། མདུན་དུ་དཀར་ཡོལ་མཛེས། རྒྱ་ནག་ཏུ་དར་མང༌། རྒྱལ་ཁབ་ཏུ་བཙུན་མོ་གནས་སོགས་ལ་ལ་ཡིག་འཇུག་པ་ནི། ཤར་ཕྱོག་ལ་ཡོད། བུམ་ལ་ཆུ་གནས། སོགས་ཐམས་ཅད་ལ་ལ་ཡིག་སྦྱར་དུ་རུང་བ་ལྟབུའོ། །
དེ་ཉིད་དམ་བདེན་པ་ལ་འཇུག་པ་ནི། བརྗོད་བྱའི་དངོས་པོ་དེའི་རང་བཞིན་ནམ། ངོ་བོར་བདེན་པར་སྟོན་པ་སྟེ། བུམ་པ་ལྟ་བུ་འདུས་བྱས་ཀྱི་ཀུན་རྫོབ་པའི་གནས་ལུགས་སམ་རང་བཞིན་དེ་ཀ་རང་དུ་བདེན་པརཡིད་ཆེས་པ་ལ་འདུས་བྱས་སུ་གྲུབ། ཅེས་པ་དང༌། དེ་བཞིན་དུ། ཆོས་སུ་གནས། མི་སླུ་བརུ་ངེས། ཆོས་ཉིད་དུ་གསལ། དོན་དུ་གནས། དགྲ་བཅོམ་དུ་གྲུབ། མི་རྟག་པ་རང་དུ་འདུག   གསེར་དུ་གསལ། གསལ་དུ་བཏང༌། དེ་ཀ་རང་ན་འདུག རྟག་ཏུ་གནས། རབ་ཏུ་གྲུབ། ཤིན་ཏུ་བདེན་སོགས་ལྟ་བུའོདེ་རྣམས་ཀྱི། རྟག་ཏུ། རབ་ཏུ། ཤིན་ཏུ་སོགས་ལ། ལ་ཡིག་སྦྱར་ན་མི་མཛེས་ཤིང་བརྗོད་མི་བདེ་བས། དེ་འདྲའི་རིགས་མ་གཏོགས་པ་ཕལ་ཆེར་ལ་ལ་ཡིག་སྦྱར་དུ་རུང་ངོ༌། །
ཚེསྐབས་ལའཇུག་པ་ནི་དེའི་དུས་ཀྱི་ཚེ། དེའི་དུས་ཀྱི་སྐབས་ཞེས་པ་དང་དོན་གཅིག་པར་འཇུག་པ། དེའིདུསན། དེའི་དུསསུ། དེའི་དུས་ལ་ཞེས་པས་མཚོན་ཏེ། ཉིན་གུང་ལ་སླེབ་པ་རུ། ཉི་མ་ཕྱེད་དུ། ཉི་ཤར་དུ། ཕྱེད་ཡོལ་དུ། དུསགཞནདུཉིནུབ་ཏུ། ཞེས་པ་སོགསལ། དེའི་དུསཀྱི་ཚེ།ཉིན་གུང་ལ་སླེབ་པའི་ཚེ།ཉི་མ་ཕྱེད་ཀྱི་ཚེ།ཉི་ཤར་གྱི་ཚེཕྱེད་ཡོལ་གྱི་ཚེ།དུས་གཞན་གྱི་ཚེ།ཉི་ནུབ་ཀྱི་ཚེཞེས་ཚེསྦྱར་བ་དང་འདྲ་བ་དང༌། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་པ་དང༌།གཞནང་གཞུངརྣམསནསརྒྱ་ཆེར་འབྱུང་བ་རྣམསཀྱང་ལའི་སྒྲདངདོན་མཐུནནོ
རུ་བསྡུས་པའི་རཡིག་ཀྱང་ལ་དང་མཐུན་ཏེ། དཔེར་ན། ཁོག་མར་གྲོ་མ་བཙོས་ཞེས་པ་གཉིས་པ་ལས་སུ་བྱ་བ་དང༌། གྲྭ་སར་ཁང་བ་བརྩིགས་ལྟ་བུ་བཞི་བ་དགོས་ཆེད་དང༌། བུམ་པར་ཆུ་ཡོད་ལྟ་བུ་བདུན་པགནསགཞིདང། མིརྟེགར་གྲུབ་ལྟ་བུ་དེ་ཉིད་དང༌། སྔ་མོར་ཕྱིན་ལྟ་བུ་ཚེསྐབས་ལ་འཇུག་ཅིང༌།དེ་རྣམས་ཀྱི། རཡིག་ཐོབ་ལ་ལ་ཡིག་ཀྱང་འཐོབ་བོ། །
སྨྲ་སྒོར་ཡང༌། འཇུག་ཚུལ་ཕལ་ཆེར་གཞུང་འདི་དང་མཐུན་པར།ལ་ནི་གཉིས་པ་བཞི་བ་དང༌། །བདུན་པ་སྡུད་དང་སྦྱོར་བ་དང༌། །སྨོན་དང་ཚད་འཛིན་གཞི་དང་ནི། ། ཚེསྐབས་དག་ཏུ་འདོད་པ་ཡིན། །ཞེས་རྣམ་དབྱེ་བཞི་བ་བདུན་པ་དང༌། ཚེསྐབས་རྣམས་ལ་འཇུག་པར་བཤད་ཅིང།གཞུངའདིར་མ་བཤད་པ། སྡུད་པ་དང༌། མཚམས་སྦྱོར་དང༌། སྨོན་པ་དང༌། ཚད་འཛིན་བཞི་ལ་འཇུག་པར་བཤད་ལ་དཔེར་བརྗོད་ཀྱང༌། དེའི་འགྲེལ་བར། སྡུད་པ་ལ་ལག་པ་བསྙལ་ལཟས་ཟ། ཞེས་པ་དང༌། སྦྱོར་བ་ལདི་ན་མེ༌ཡོད་ལ་འདི་ན་མེད་གོ །ཞེས་དང༌། སྨོན་པ་ལབདག་ནམ་ཞིག་ན་འདི་ལྟ་བུ་ཞིག་ཏུགྱུརགྱུརནསཀྱང་ཞེས་དང༌། ཚད་འཛིན་ལ། ཇི་ཙམ་ལ། དེ་ཙམ་ལ་ཞེས་པ་རྣམས་བཀོད་མོད། འདི་དག་ལས་ཚད་འཛིན་མ་གཏོགས་གཞན་རྣམས། ལྷག་མ་འདྲེན་ལུགས་ཀྱི་རྣམས་གྲངསམིདྲ་བ་ཙམ་ལས། དོན་དུལྷགབཅསཀྱིསྟེའི་སྒྲ་དང་བྱ་བ་གཅིག་པ་ནི། ལག་པ་བསྙལ་ཏེ་ཟས་ཟ། འདི་ན་མེ་ཡོད་དེ་འདི་ན་མེད་དོ། །ཞེས་སོགས་བྱ་རྒྱུཡིན་པས། ལྷག་བཅས་ལས་མ་འདས་སོ།སྡུད་པ་དང༌། མཚམས་སྦྱོརནི་འོག་ནས་འཆད་ལ། སྨོན་པ་དང༌། ཚད་འཛིན་ནི། གྱུར་ཅེས་པ་དང༌།ཙམ་ཞེས་པས་སྟོན་ཅིང༌། ལ་ཡིག་གི་ནུས་པ་མིན་ནོ། །དེ་ལྟ་མིན་ན། འདི་བུམ་པ་ཡིན་ལ་ཞེས་པའི་ལ་ཡིག་ཀྱང་བུམ་པ་སྒྲུབ་བའི་ཕྲད་དུ་འགྱུར་དགོས་པ་ལས།བུམ་པ་ཡིན་པ་ནི་ལ་ཡིག་ལམི་ལྟོས་པའི་ཕྱིར་དང། དེའི་ལ་ཡིག་ནི་ཚིག་ཕྱི་མའི་ལྷག་མ་ཡོད་པ་སྟོན་པ་ཙམ་ཡིན་པའི་ཕྱིར་རོཞེས་གསུངས་པ་དང༌།
གཞན་ཡང་སྨྲ་སྒོར།དུ་སོགས་པ་ལ་དང་མཐུན། །དེ་ཉིད་དག་ནི་ལྷག་པ་ཡིན། །དེ་བཞིན་ལྷག་བཅས་ལ་ལའོ།།ཞེས་ལ་ཡིག་དེ་ཉིད་ལ་མི་འཇུག་ཅིང༌། དུ་ལ་སོགས་པ་ལྷག་བཅས་ལ་མི་འཇུག་པར་གསུངས་པནིའཐད་པར་མཐོང་སྟེ། ལྷག་བཅས་ལ་དེ་ལྟར་ཡིན་དུ་ཆུག་ཀྱང༌། ལ་ཡིག་དེ་ཉིད་ལམི་འཇུག་པར་བཤད་པ་ནི། གཞུང་འདིར།ལས་དང་ཆེད་དང་རྟེན་གནས་དང༌། དེ་ཉིད་ཚེསྐབས་ལསྒྲ་ཡིན། །ཞེས་ལ་ཡིག་དོན་ལྔ་བོ་དེར་འཇུག་པ་གཞིར་བཞག་ནས། དུ་ལ་སོགས་པ་ཡང་དོན་ལྔ་བོ་དེར་འཇུག་པ་ལ། ལའི་སྒྲ་དང་ཁྱད་པར་མེད་པར་བཤད་པ་དང་དངོས་སུ་འགལ་བས་སོ། །གལ་ཏེ་ལ་ཡིག་དེ་ཉིད་ལ་འཇུག་ཀྱང་ཁྱབ་ཆེ་ཆུང་ཡོད་པའི་དབང་དུ་བྱས་པ་ཡིན་ནོ་ཞེ་ན་ཡང་འཐད་པ་མ་ཡིན་ཏེ། གང་འཇུག་པ་ཉུང་ཞིང་དཀོན་པ་དེ་ཉིད་རྟོགས་དཀའ་བས་རྩལ་དུ་བཏོན་ནས་འཆད་དགོས་པ་ལས། དཔེར་བརྗོད་ཙམ་ཡང་མ་བཤད་པས་མིའཐད་པའི་ཕྱིར་རོ།
ན་ཡིག་ཀྱང་སྨྲ་སྒོར། ན་ཞེས་བྱ་བའི་ཚིག་གི་དོན། ། དམིགས་ཀྱིས་འབྱེད་དང་རྒྱུམཚན་དང༌། །རྒྱུམཚན་དོན་གྱིས་བསྟན་པ་དང༌། །ལས་དང་ཆེད་དང་རྟེན་གནས་དང༌། ། ཕྱི་ཚིག་དེ་གཞན་སོགས་སྟོན་དང༌། །འོས་པར་དཀའ་བ་མཆོག་འཛིན་པ། །ཕྱི་ཚིག་ངེས་པར་འབྱེད་པ་དང༌། དེ་ལས་བཟློག་པ་ཉིད་དང་ནི། །འགལ་དང་མི་འགལ་སྟོན་པ་དང༌། །སྨོན་དང་འདྲི་དང་ཐེ་ཚོམ་གཞི། །ཚེསྐབས་རྣམས་ལ་དི་མཐོང་ངོ།ཞེས་གསུངས་པ་ལས།
དམིགས་ཀྱིས་འབྱེད་པ་ནི། དམིགས་ཀྱིས་བསལབའི་དོན་ཡིན་པས། དགར་བ་དང་དོན་གཅིག་གོ །འདི་ལ་གལ་འཛུགས་པ་དང༌། གཞུང་འཛུགས་པ་གཉིས་ལས། གལ་འཛུགས་པ་ནི། ཡིན་གྲང་ན་ཞེས་སྔ་མ་མཐའ་གཉིས་སུ་བཅད་པ་ནས།ཕྱི་མ་ལ་དོན་གཅིག་གལ་དམིགས་སུ་འཛིན་པ་ལ་སོགས་པ་ལྟ་བུའོ། །གཞུང་འཛུགས་པ་ནི་དངོས་སུ་ན། མདོར་ན་ལྟ་བུ་གཞུང་གི་དོན་ཁྱད་པར་དུ་བཏོན་ནས་དམིགས་འབྱེད་པའོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号