ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་དང་པོ་སུམ་ཅུ་བའི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
བདུན་པ་གནས་གཞི་ཞེས་པ་ནི། །རྟེན་གཞི་གང་ལ་བརྟེན་དངོས་ཤིག །
ལྡན་པ་བརྟེན་པ་གནས་པ་སོགས། །སྦྱར་ན་ཡོད་པ་གཙོ་བོར་སྟོན། །
རྣམ་དབྱེ་བདུན་པ་གསལ་བྱེད་ཀྱི་སྒྲ་ནི། ཡོད། མཆིས། གདའ། སྣང༌། གནས། འདུག་སོགས་ཡིན་པས་ལ་དོན་སྦྱར་སའི་གཞིའམ་ཡུལདེ་ལཆོས་གཞན་ཞིག་གནས་པ་ཙམ་སྟོན་པའི་ལ་དོན་ནི་རྣམ་དབྱེབདུནཡིན།
རྣམ་དབྱེ་བདུན་པའི་དཔེར་བརྗོད།
བོད་ལྗོངསསུགཙངབོ་མང༌། ཨམདོ་རུ་རྩྭ་ཐང་མང༌། སློབ་གྲྭར་སློབ་མ་མང༌། ཤིང་ལ་འབྲས་བུ་ཡོད། དབུསསུབླབཞུག(ཡོད་པའི་དོན་ལ་གོ་བས་སོ) མདུན་ན་འདུག བུམ་པར་ཆུ་ཡོད།
ནགས་གསེང་ན་སྤྲེའུ་མང༌། ཆུ་ཀླུང་དུ་ཉ་མོ་གནས། ནགས་སུ་རྨ་བྱ་ཡོད། ལྟག་སྒོ་རུ་བཟའ་ཤིང་རྒྱས།ཕྱོགས་ཀུན་ཏུ་བདེ་སྐྱིད་ལྡན། གྲོང་ཁྱེར་དུ་ཚོང་རྫས་མང༌། ཤར་ཕྱོགས་ན་ཉི་མ་ཤར། རིའི་ཕང་བར་སྡེ་གྲོང་ཆགས། སྤང་ལ་མེ་ཏོག་ཡོད། ལྕགས་ལ་བཙའ་ཡོད། ས་ཁུང་དུ་བྱི་བ་ཡོད། བཟོ་གྲྭར་འཕྲུལ་འཁོར་མང༌། བོད་ཡུལན་མཁས་པ་ཡོད། ཤིང་ལ་ལོ་མ་ཡོད། མཁའ་ལ་སྤྲིན་དཀྲིགས། མཚོལ་དར་ཆགས།
གནས་གཞི་རྗེས་མཐུན་པ་ནི། གནམན་སྤྲིན་མེད། སའདིར་ཆུ་མེད། ཐངརྩྭ་མེད།
བདུན་པ་གནས་གཞི་དང་ཆ་འདྲ་བ་ནི། མཛུབ་རྩེརགནམགྲུ་འཕུར། མེ་མདའི་སོ་བ་ན་འབེན་ཡོད་ལྟ་བུའོ།
(གཞི་འཛིན་པའི་ལ་དོན། སེང་གེ་ལ་སྐྲག སྡིག་པ་ལ་འཇིགས། ཀུན་ལ་དགའ། དམན་པར་བརྩེ།བདུད་རྩི་ལ་མོས།)
དེ་ཉིད་ནི་བྱ་ལས་ངོ་བོ་གཅིག་ཏུ་གྱུར་པ་ཞིག་ཡིན་ཏེ།
ལ་དོན་འཇུག་ཡུལ་དེ་ཉིད་ནི། །བྱ་ཡུལ་གང་ལ་བྱ་བ་ཞིག །
བྱེད་ཚེ་ལས་དང་བྱ་བ་གཉིས། །ངོ་བོ་གཅིག་ཏུ་གྱུར་པ་སྟོན། །དེ་ཉིད་ཀྱི་དཔེར་བརྗོད།
འདུས་བྱས་སུ་གྲུབ། འོད་དུ་འཚེར།མཐའ་རུ་འཁྱོལ། བརྟན་པར་བྱས། བདུད་རྩིར་བསྒྱུར།བདུད་རྩིརུ་བསྒྲུབ། ཤིན་ཏུ་མཛེས། རྟག་ཏུ་བཟང༌། ལེགས་པར་གྲུབ། ཡོངས་སུ་གསལ། རབ་ཏུ་དཀར།མཆོག་ཏུ་མཛེས། ཀུན་ཏུ་བྲིས། ཆོས་ཉིད་དུ་གསལ། ཡིན་པར་གསལ། ཇེ་བཟང་དུ་སོང༌།དགའ་བར་གྱུར།མེད་དུཟད། ཤིན་ཏུ་སྐྱིད། རབ་ཏུ་གྲུབ། ཐོབ་པར་གྱུར།སྲ་བར་བྱེད། ལྟ་བརབྱེད། བརྟན་པར་གྱུར།སྐྱབས་སུ་ཤེས། གཅིག་ཏུ་གྱུར། འོག་མིན་དུ་ཤེས། སྟོད་དུ་རིག(མིག་གིས་རིག་དང་མི་འདྲ) བསམ་པར་བྱ། གུས་པར་བྱ། བལྟ་བར་བྱ། མངོན་དུ་བྱས། བརྟན་པར་བྱས།ལྐོག་ཏུ་གྱུར།གནས་སུ་གྱུར།རྟོགས་པར་འགྱུར།ལྷུང་བར་འགྱུར། རྙེད་དུ་ཟིན། ཇེ་དགའ་རུ་སོང༌།སྡུག་ཏུ་སོང༌། སྙམ་དུ་བསམས། ཉམས་སུ་མྱོང༌། གསལ་བར་ཤེས། ཆོས་ཉིད་དུ་གསལ། ཡིན་པར་གསལ། ཡིན་དུ་ངེས། རྣམ་འདྲེན་དུ་མཐོང༌། རབ་ཏུ་གྲུབ། ཤིན་ཏུ་བདེན། མཆོག་ཏུ་འཆར། ཀུན་ཏུ་སྤངས།ཤིན་ཏུ་ཆུང༌། རབ་ཏུ་འགྲོ ཡོངས་སུ་བཀང༌། ཤིན་ཏུ་སྐྱོ། ཤེས་སུ་བཅུག ཡོད་དུ་འཇུག   དོརདུ་ཆུག དཔལ་དུ་འདུག ཡིན་པར་འདུངོ་མཚརདུ༌འདུག
དགག་སྒྲ་སྦྱར་བའི་དེ་ཉིད། བསམ་དུ་མེད། སྤྱད་དུ་མེད། དྲན་དུ་མེད། བཟོད་དུ་མེད།དགགདུམེད།
ན་ལ་གཉིས་དེ་ཉིད་ལ་འཇུག་པ། སོ་ན་གནས།བདེ་ཐོག་ན་ཡོད། དེ་ཁོ་ན་ཉིད། དེ་ག་རང་འདུག ངེས་དོན་ལྟར་ན་སྟོང༌། ཡོན་ཏན་ལ་བཟང༌། ཇེ་གཙང་ལ་གྱུར།ཇེ་ཟབ་ལ་བཏང༌། ཇེ་ལེགས་ལ་བཏང༌། དོན་ལ་གནས། ནམ་མཁའ་ཀུན་ལ་ཁྱབ། ཇེ་སྡུག་ལ་སོང༌། ཇེ་གསལ་ལ་བཏང༌།ཁུ་བྱུཁྲ་ལ་ལོག བོད་མིམཁསཔ་ཡོད། ཤིང་ལ་ཙན་དན་ཡོད། འབྲུ་རིགས་ལ་གྲོ་ཡོད། འདིའི་ཡོད་ནི་གནས་གཞིར་མི་གོ་བར་འབྲུ་རིགས་ཀྱིབོར་གྱུར་པའི་གྲོ་ཡོད་པའི་དོན་ཡིན་པས་དེ་ཉིད་ཡིན་ཞེས་མཁས་དབང་དམུ་དགེ་བསམགཏན་ལགསནསགསུངས་སོ། །
མིང་གི་ཆ་ཤས་ཀྱི་ལ་དོན་དེ་ཉིད་དུ་འགྲོ་བའི་དཔེར་བརྗོད། རྣམ་པར་ཤེས་པ། ལེགས་པར་བཤད་པ། རབ་ཏུ་བྱུང་བ། ཡིད་དུ་འོང་བ། བདེན་པར་གྲུབ་པ། བདེན་པར་མེད་པ། རྣམ་པར་འབྱེད་པ། རྣམ་པར་རྟོག་པ། ལོག་པར་རྟོག་པ། ལོག་པར་འགྲེལ་བ། ཡོད་དུ་འཐད་པ། རྣམ་པར་དག་པ།
(མིང་གི་ཆ་ཤས་དང་ལ་དོན་གཉིས་ལྷན་དུ་སྦྱར་བ། ཁྱད་པར་དུ་གྲུབ། ལྷག་པར་དུ་མཛེས།ངེས་པར་དུ་བཟང༌། མེད་པར་དུ་བཏང་ལྟ་བུའི་ར་སྒྲ་ནི་ལ་དོན་མིན་པར་མིང་གི་ཆ་ཤས་ཡིན་ལ་ཕྱི་མ་ནི་དེ་ཉིད་ཡིན། རྒྱུམཚན་ནི་རྣམ་དབྱེའི་ཕྲད་ཉིས་བརྩེགས་སྦྱོར་མི་རུང་བས་སྔ་མའི་ར་སྒྲ་མིང་གི་ཆ་ཤས་སུ་གོ་ན་ལགས།)
ཚེ་སྐབས་ནི་དུས་ཀྱི་རྣམ་པ་སྟོན་པ་ཡིན་ཏེ།
 
དུས་ཀྱི་རྣམ་པ་སྟོན་བྱེད་པའི། །ལ་དོན་རྣམས་ནི་ཚེ་སྐབས་ཡིན། །ཞེས་པ་ལྟར།ཚེསྐབས་ནི་དུས་ཀྱིརྣམ་པ་སྟོན་པ་ལ་འཇུག་སྟེ། དཔེར་ན། སྔ་དྲོ་རུ་སླེབས། གཞོན་དུསུརིགསབཟང།ད་ལོར་སྦྱང་བ་མཐར་ཕྱིན། ནམ་ཞིག་ཏུ་མཁས་པར་འགྱུར།དེ་དུས་ན་ཕན་ཐོགས་ཡོད། རྟག་ཏུ་ལུས་རྩལ་སྦྱ་།སྔ་མོར་ལངས་ལྟ་བུའོ། །
ན་ལ་གཉིས་གཞན་ལ་འཇུག་ཚུལ་བཤད་པ།
ན་སྒྲ་མིས་ཀྱིས་འབྱེདཔ་ནི། །བརྗོདབྱའི་དོན་ལ་ང་གཙོ་བོ། །
ཆེད་དུ་དམིགས་ནས་བརྗོད་པ་སྟེ། །ཞིབ་ཏུ་བརྟག་ན་མདོར་བསྡུས་ན། །
རྒྱུམཚན་རྒྱུ་འབྲས་ཚུལ་དུ་བརྗོད། །མེ་ཡོད་པ་ན་དུ་བ་འབྱུང༌། །
རྒྱལབྱས་ན་རྗེསསུལུས། །འབད་བརྩོན་བྱསའབྲསབུཐོབ། །
རྒྱུམཚན་དོན་གྱིས་བསྟན་པ་ནི། །དུ་བ་མེད་ན་མེ་ལ། །
ས་བོན་མེད་ན་ཇི་ལྟར་སྐྱེས། །ང་རྒྱལ་སྐྱེས་ན་ཡར་ཐོན་ཅི། །
སྔ་ཕྱི་འགལ་བ་སྟོན་པ་ནི། །བདེན་པ་ཡིན་ན་རྫུན་པ་མིན། །
འོས་པར་དཀའ་བ་མཆོག་འཛིན་ནི། །དགྲས་ཀྱང་བཀུར་ན་གཉེན་ལྟ་ཅི། །
འོས་འཛིན་ཕྱི་ཚིག་ངེས་བྱེད་ནི། །གཉེན་གྱིས་བཀུར་ན་དགྲས་ཀྱང་བཀུར། །
བུད་ཤིང་འབར་ན་ཆུ་ཡང་འབར། །སྨོན་པ་འགྲུབ་ན་ཅི་མ་རུང༌། །
ཐེ་ཚོམ་བྱས་ན་ཆོག་མི་ཆོག །ལ་སྒྲ་ལྷག་མ་འདྲེན་པ་ནི། །
བདུད་རྩིབཏུང་ལ་ཁ་རོག་སྡོད། །མཚམས་སྦྱོར་དྭངས་ལ་དྲི་མ་མེད། །
ཅེས་པ་ལྟ་བུ་རིགསསྒྲེའོ།  
གསུམ། རྣམ་དབྱེ་དྲུག་པ་བཤད་པ།
༡་ ཐོག་མར་དམ་བཅའ་བ།
རྗེས་འཇུག་ཡི་གེ་བཅུ་བོ་ནི། །ཨི་དང་མཐུན་ལུགས་འདི་ཞེས་བྱ། །
ཞེས་གསུངས་ཏེ། མིང་གི་མཐའི་རྗེས་འཇུག་གི་ཡི་གེ་བཅུ་བོ་རྣམས་ནི། དབྱངས་ཨི་སྦྱར་བའི་རྣམ་དབྱེ་དྲུག་པ་དང་མཐུན་ལུགས་དི་ཞེས་བྱའོ། །ཞེས་པའོ། །
༢ མཐུན་ལུགས་དངོས་བསྟན་པ།
དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །
བདུན་པ་ཉིད་ལ་བདུན་པ་སྟེ། །ལྷག་མ་རྣམས་ལ་གྱ་སྦྱར་བ། །
ཞེས་གསུངས་ཏེ། མིང་གི་མཐར་རྗེས་འཇུག་དང་པོ་ག་དང་གཉིས་པ་ང་གནས་པ་ལ། དྲུག་པའི་སྒྲ་འདྲེན་པའི་ཚེདང་པོ་ག་མཐུན་ཞིང༌། མིང་མཐར་རྗེས་འཇུག་གསུམ་པ་ད་དང༌། ལྔ་བ་བ་དང༌།བཅུ་བ་གནས་ལ་ཀྱདངསྦྱར་བ་མཐུན་པ་དང༌། བདུན་པ་འ་ཉིད་དེ་འ་ཡིག་གནས་པ་ལ་བདུན་པ་འ་ཉིད་སྦྱར་བ་མཐུན་པ་སྟེ། དེའི་ལྷག་མ་ན་མ་ར་ལ་རྣམས་གནས་པ་ལ་གྱ་སྦྱར་བ་མཐུན་ནོ། །
༣ དེ་དག་གང་ལ་འཇུག་པ་བསྟན་པ།
དེ་དག་ཨི་སྦྱར་འབྲེལ་བའི་ས། །
ཞེསགསུངསཏེ། དེལྟར་སྦྱར་བ་དེ་དག་སྟེ། ག་ཀྱ་འ་གྱ་རྣམས་ལ་དབྱངས་དང་པོ་ཨི་སྦྱར་བས་གི་ཀྱིའི་གྱི་ཞེས་འབྱུང་བ། དེ་རྣམས་དོན་གང་གི་སའམ་གནས་ལ་འཇུག་ན། རྣམ་དབྱེ་དྲུག་པ་འབྲེལ་པའི་ས་སྟེ། རང་གི་ཆ་ཤས་དང༌། ཡོ་བྱད་ལ་སོགས་པ་འབྲེལཆོས་རྣམས། རང་དང་འབྲེལབར་སྒྲུབ་པའམ་རང་གི་ཡིན་པར་སྒྲུབ་པ་ལ་འཇུག་གོ །
དཔྱད་གཞི།
སྔོན་བྱོན་མཁས་པ་རྣམསཀྱིསསྐབས་འདིའི་ཨི་དང་མཐུན་ལུགས་ཞེས་པའི་མཐུན་ལུགས་འདི་ལ་གོ་བ་ཟབ་མོ་ལེན་རྒྱུཡོད་དོ་ཟེར། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར་བ་མཐུན་ལུགས་ཡིན་པ་ནི་སློབ་དཔོན་ཐོནམིའི་དགོངས་པ་དྲི་མ་མེད་པ་ཡིན་ཞིང༌། མིང་གཞི་རྐྱང་བའི་སྒྲ་གཙོ་བོར་གྱུར་པའི་ཕྲད་ཀྱི་ཀྱིས་ཀྱང་གསུམ་ནི་གཞུང་འདིར་མཐུན་ལུགས་སྟོན་པ་འདི་ལས་ཐོན་པའོ། །ཞེས་གསུངས་པ་ནི་ཐོན་མིའི་ཐུགས་དགོངས་དངོས་སུ་མཁྱེན་པར་སེམས། །
ཀུན་བཟང་དགོངས་རྒྱན་དུ། དེ་ཡང་དང་པོ་གཉིས་ལ་དང་པོ་མཐུན་པའི་དཔེ་ནི། བདག་གི་མིགརང་གི་གཟུགས་ལྟ་བུའོ། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར་བའི་དཔེ་ནི། ཁྱོད་ཀྱི་ནོར། ཁྲབ་ཀྱི་བྱང་བུ། ལས་ཀྱི་རྣམ་སྨིན་ལྟ་བུའོ། །བདུན་པ་ཉིད་ལ་བདུན་པ་མཐུན་པའི་དཔེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ། ངའི་ལུས་ལྟ་བུའོ། །ལྷག་མ་རྣམས་ལ་གྱ་སྦྱར་བའི་དཔེ་ནི། གཞན་གྱི་ཚིག གཤམ་གྱིམི། གསེར་ཀྱི་སྣོད། ཞལ་གྱི་སྒོ་ལྟ་བུའོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号