ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་དང་པོ་སུམ་ཅུ་བའི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
རྒྱུམཚན་ནི། བྱས་པ་ན། མི་རྟག་གོ་ཞེས་པ་ལྟ་བུ་བྱས་པའི་རྒྱུམཚན་གྱིས་མི་རྟག་པར་སྒྲུབ་པ་དང་དོན་གཅིག་གོ །
རྒྱུམཚན་དོན་གྱིས་བསྟན་པ་ནི། འདི་ན་དུ་བ་མེད་ན་ནི། མེ་ཇི་ལྟར་ཡོད་ཅེས་པ། རྒོལ་བ་གཞན་ལ་མེ་མེད་པར་སྒྲུབ་པའི་ཞེ དངོས་སུ་དུ་བ་མེད་ན། མེ་ཇི་ལྟར་ཡོད། ཅེས་དྲིས་ནས་མེ་ཡོད་པ་བཀག་སྟེ། །ཤུགས་ལ་མེ་ཡོད་པའི་རྒྱུ་མཚན་ནམ་གཏན་ཚིགས། དུ་བ་ཡོད་དགོས་པ་ན་ཡིག་གིས་ཐོན་པ་ལྟ་བུའོ།
གཞུང་དོན་ནི། ཚིག་ཕྱི་མའི་བརྗོད་བྱ། སྔམའི་དོན་དེ་ལས་གཞན་དུ་སྟོན་པར། འགྲེལ་བའི་དཔེར་བརྗོད་ཀྱིསརྟོགསཔརསླའོ། །སོགསསྒྲས་སྔ་མ་དང་འགལ་བ་དང༌། ཕྱི་མ་ཉིད་མེད་པར་སྟོན་པ་སོགབསྡུའོ།
འོས་པར་དཀའ་བ་སྟེ། མི་འོས་པ་དཔེར་ན་དཔོན་ལྟ་བུས་ངན་ལས་བྱ་མི་འོས་པ་ཡིན་པས། དེ་མཆོག་ཏུ་འཛིན་པ་ནི། དཔོན་གྱིས་ངན་ལས་བྱ་བ་ནི། ཤིན་ཏུ་མི་རིགས་པརའཛིན་པ་ཡིན་ལ། དེ་ལྟར་བཟུང་བའི་སྒོ་ནས། དཔོན་གྱིས་ངན་ལས་བྱེད་ན་གཡོག་ལྟ་ཅི་སྨོས་ལྟ་བུ་དང༌། གྲྭ་བས་ཆང་འཐུང་ན་མི་ནག་པ་ལྟ་ཅི་སྨོས་ལྟ་བུ། །མེ་འོས་པའི་ཚིག་གིས་ཕྱི་མའི་དོན་ངེས་པར་བྱེད་པའོ །
དེ་ལས་ལྡོག་པ་གཡོག་ལྟ་བུས་ལས་བྱེད་ན་དཔོན་ཡང་ལས་བྱེད་དོ་ལྟ་བུ་སྔ་མ་འོས་པའི་ཚིག་གིས་ཕྱི་མ་ངེས་པར་བྱེད་པའོ། །
འགལ་བ་དང་འགལ་བར་སྟོན་པ་ནི། ཀུན་རྫོབ་ཏུ་ཡོད་ན་དོན་དམ་པརནི་ཡོད་པ་མ་ཡིན་ནོ་ལྟ་བུའོ། །འདི་བརྟག་པར་བྱ་བའི་གཞིའོ། །
ཐེཚོམ་གྱི་གཞི་ནི། མྱུ་གུ་ལ་རྒྱུདགོས་ན་རྒྱུགཅིག་གིས་ཆོག་གམ་དུ་མ་དགོས་ཞེས་མཐའ་གཉིས་སུ་དོག་པ་ལྟ་བུའོ།
སྨོན་པ་ནི། བདག་བྱང་ཆུབ་ཐོབ་ནལྷ་ལྟ་བུའོ།
དྲ་བའི་གཞི་ནི་བུམ་པ་ཡོད་ན་དེ་ཇི་ལྟར་ཡོད་ལྟ་བུའོ།། རྣམ་དབྱེ་གཉིས་པ་དང༌། བཞི་བ།བདུན་པ་རྣམས་དང༌། དེ་ཉིད་དང་ཚེསྐབས་ལ་འཇུག་པ་ནི་བཤད་ཟིན་ཏོ། །འོན་ཀྱང་སྨྲ་སྒོའི་སྐབས་འདིར་དཔྱད་གཞི་ཤིན་ཏུ་ཆེ་བ་འདུག་ཀྱང༌། འཇུག་པ་འདི་དག་ཤེས་རབ་སྐྱེ་བ་ལ་ཉེ་བར་མཁོ་བས་བཀོད་ཅིང༌། འཐད་མི་འཐད་ཀྱི་དཔྱད་པ་བྱས་ན་མང་དུ་དོགས་ནས་བཞག་གོ་ཞེས་དང༌།
འདིར་ལ་དོན་གྱི་སྒྲ་རྣམས་དོན་ལྔ་ལ་འཇུག་ཚུལ་གྱི་དབྱེ་བ་ཤེས་དགོས་པས། སླར་ཡང་བཤད་པར་བྱ་སྟེ། ཐབ་ལ་མེ་བཏང་ཞེསལྟ་བུ། གཞི་གཞན་ལ་བྱ་བ་བྱས་པ་དང༌། བྱེད་པ་སོགས་སྟོན་པའི་ལ་སྒྲ་རྣམསརྣམདབྱེགཉིས་པ་དང༌། མགྲོན་པོ་ལ་མེ་བཏང་ལྟ་བུ་བྱ་བ་བྱེད་པའི་གཞི་དངོས་མ་ཡིན་པར།དེ་ལ་མེ་བཏང་བ་ནི། དེའི་ཆེད་དུ་མེ་བཏང་བ་ཡིན་ལ། དེ་ལྟར་དགོས་པ་ལ་ལ་སྒྲ་སྦྱར་ཏེ། བྱ་བ་མེ་བཏང་བརསྟོན་པའི་ལའི་སྒྲ་ནི་རྣམ་དབྱེ་བཞི་བའོ།།ཐབ་བ་མེ་ཡོད་ལྟ་བུ།གཞི་ཐབ་ལ་མེ་བཏང་བ་སོགས་ཀྱི་བྱ་བ་བྱས་པ་མི་བརྗོད་པར།མེའི་ངོ་བོ་ཙམ་ཡོད་པར་བརྗོད་པའི་ལའི་སྒྲ་ནི་རྣམ་དབྱེ་བདུན་པའོ། །འདུས་བྱས་སུ་གྲུབ་ལྟ་བུ། གཞི་གཞན་ལ་མི་བརྩི་བར་ཆོས་རང་རང་གི་ངོ་བོ་ཉིད་ཙམ་དུ་གྲུབ་པ་སོགས་སྟོན་པའི་ལའི་སྒྲ་ནི། དེ་ཉིད་དམ་བདེན་པའི་དངོས་པོ་སྟོན་པ་ཞེས་བྱའོ།རྣམ་དབྱེ་བདུན་པ་དང་འདི་གཉིས་ཀྱི་ཁྱད་པར་ནི། གཞི་གཞན་ལ་ཡོད་པའི་གྲུབ་པ་དང༌། རང་གི་ངོ་བོ་ཉིད་དུ་ཡོད་པའི་གྲུབ་པ་གཉིས་ཀྱིསདབྱེབརབྱསྟེ། དེ་ཉིད་ཅེས་པ་དང༌། དེ་ཁོ་ན་ཉིད་ཅེས་པ་རང་གི་ངོ་བོ་ཉིད་ལས་གཞན་དུ་མི་འཇུག་ལ། རྣམ་དབྱེ་བདུན་པ་གནས་གཞིའི་ལའི་སྒྲནི། ཆོས་གང་ཡང་འཚོལ་བ་སོགས་ཀྱི་ཚེགཞི་གཞནཁོན་ལཡོད་མེད་ལྟབ་དང་འཚོལ་བ་སོགས་ལ་འཇུག་པ་མ་གཏོགས། རང་གི་ངོ་བོ་འཚོལ་བ་སོགས་འཇུག་པམངོན་སུམ་གྱིས་གྲུབ་པའི་ཕྱིརརོ། །ཚེསྐབས་ནི། ཚེདང་སྐབས་ཞེས་ཐོབ་པ་མང་བོར།དེའི་ཚབ་ཏུ་ལའི་སྒྲ་བཀོད་པ་ཐམས་ཅད་དེ། དཔེར་བརྗོད་གོང་གི་དེས་རྟོགས་སླའོ
དེལྟརསུ་རུ་དུ་ལ་རྣམསམིང་མཐའ་གང་ལ་སྦྱོར་བའི་ངེས་པ་ནི། ས་སུ་ག་བ་ད་དྲག་ཏུ། །ང་ད་ན་མ་ར་ལ་དུའ་དང་མཐའ་རྟེན་མེད་མཐར་རུ། །འདི་དང་ར་མཐའ་བྱ་བ་གཅིག །ཅེས་པ་ལྟར་རོ།
ལས་དང་ཆེད་དང་རྟེན་གནས་དང༌། །དེ་ཉིད་ཚེསྐབས་ལ་སྒྲ་ཡིན། །ཞེས་པའི་ལ་སྒྲའི་བསྟན་བྱ་གཙོ་བོ་གསུམ་སྟེ། ལས་སོགས་དོན་རྣམ་པ་ལྔའི་སྐབས་སུ་ར་རུ་ཏུ་དུ་ན་བཅས་ཕྲད་དྲུག་པོ་ཕལ་ཆེར་ལ་སྒྲའི་འཇུག་པ་དང་མཐུན་ཞིང༌། མཐའི་གསལ་བྱེད་ཀྱི་ཚིག་གིས་དེ་རྣམས་ལ་ལ་དོན་གྱིམིང་གིས་འདོགས་པ་དང་གཅིག སུ་སོགས་ལ་དོན་གྱི་ཕྲད་རྣམས་དོན་རྣམ་པ་ལྔ་བོརཁྱདམེདདུསྦྱོར་པ་དངགཉིསལས་དང་ཆེད་དང་རྟེན་གནས་དང་དེ་ཉིད་དང་ཚེསྐབས་ལྔ་བོ་གཅིག་ཁོངས་གཅིག་ཏུ་བསྡུ་བའི་རྣམ་གཞག་མི་བྱེད་པ་བཅས་གསུམ་ཡིན་པས། ན་ལ་གཉིས་དེ་ཉིད་ཀྱི་དོན་ལ་མི་འཇུག་པ་དང༌། དེ་ཉིད་ལས་སུབྱ་བའིཁོངསགཏོགསང་། ཚེསྐབསགནས་གཞིའི་ཁོངས་གཏོགས་སུ་བྱེད་པ་བཅས་ནི་ཐོན་མིའི་དགོངསམིན་ཤེས་སོ། །ཞེསགསུངས་སོ། །
 
དྲི་ལན་དང་དཔེར་བརྗོད།
དེ་ཉིད་རྣམ་དབྱེ་གཉིས་པའི་ཁོངས་གཏོགས་ཡིན་ཟེར་དོན་ནི། ལེགས་སྦྱར་སྐད་ལ་རྣམ་དབྱེ་གཉིས་པ་གཙོ་ཕལ་གཉིས་ཡོད་དེ། རྣམ་དབྱེ་གཉིས་པ་གཙོ་བོ་ནི་རང་རེས་བཞེད་པའི་རྣམ་དབྱེ་གཉིས་པ་དང་གཅིག་མཚུངས་ཡིན་ལ། རྣམ་དབྱེ་གཉིས་པ་ཕལ་བ་ནི་བོད་ཀྱི་དེ་ཉིད་དང་འདྲ་མཚུངས་ཡིན་པས་དེ་ཉིད་ནི་རྣམ་དབྱེ་གཉིས་པའི་ཁོངས་གཏོགས་ཡིན་ཞེས་བརྗོད་དོ། །
ཚེསྐབས་རྣམ་དབྱེ་བདུན་པའིཁོངས་གཏོགས་ཡིན་ཟེར་དོན་ནི། དུས་དེ་ལ་བརྟེན་ནས་བྱུང་བའི་རྒྱུམཚན་གྱིསཚེསྐབསརྣམདབྱེ་བདུན་པའི་ཁོངས་གཏོགས་ཡིན་ཞེས་འདོད་པ་ཙམ་ལས་བཤད་རྒྱུགཞན་མེད་དེ་གཅིག་གཅིག་གི་ཁོངས་སུ་བསྡུ་བའི་དགོས་པ་མེད་དོ
ལ་དོན་འཇུག་ཡུལ་ལྔའི་ཁྱད་པར་ནི། ལས་སོགས་དོན་རྣམ་པ་ལྔར་ལ་དོན་གྱི་ཕྲད་སྦྱོར་བའི་ཆ་ནས་འདྲ་ཡང༌། མི་འདྲ་བའི་ཁྱད་པར་ནི་ལ་དོན་གྱི་གནད་དོན་ཁ་ཤས་ཞེས་པར།ལས་དང་ཆེད་དང་རྟེན་གནས་དང༌། །དེ་ཉིད་ཚེསྐབས་ལ་སྒྲ་ཡིན། །ཞེས་པའི་ཁྱད་པར་རྣམས་སྡོམ་ཚིག་གཅིག་གིས་བརྗོད་ན། ཚིག་སྦྱོར་གང་ཞིག་གི་ཡུལདང་ལས་སོ་སོར་སྣང་མིན་གང་ཡིན་རུང༌། བྱ་ལས་ངོ་བོ་གཅིག་ཏུ་ཡོད་མེདཀྱི་ཆ་ནསལསསུབྱསདང་དེ་ཉིད་ཀྱི་ཁྱད་པར་བྱུང་བ་དང༌། ཡུལ་དེ་ལ་བྱ་བ་ཙམ་བྱས་པ་དང་ཡུལ་དེ་ལ་ཕན་འདོགས་ཆེད་བྱས་པ་ཡིན་མིན་གྱི་ཆ་ནས་ལས་དང་དགོས་ཆེད་ཀྱི་ཁྱད་པར་དང༌། ཡུལ་དེ་ལ་བྱས་པའི་གྲུབ་པ་དང་ཡུལ་དེ་ལ་ལྡན་པའི་གྲུབ་པ་ཡིན་མིན་གྱིཆ་ནས་ལས་དང་གནས་གཞིའི་ཁྱད་པར་བྱུང་བ་རེད། ཅེས་གསུངས་པའོ། །
སི་ཏུས་ན་ལ་གཉིས་དེ་ཉིད་ལ་མི་འཇུག་པར་གསུངས་པ་ནི་སྨྲ་སྒོའི། དུ་ལ་སོགས་པ་ལ་དང་མཐུན། །དེ་ཉིད་ལ་ནི་ལྷག་པ་ཡིན། །ཞེས་པའི་ཚིག་ལ་བརྟེན་ནས་ན་ལ་གཉིས་དེ་ཉིད་ཀྱི་དོན་ལ་མི་འཇུག་པར་གསུངས་ན་ཡང༌། རྩ་བར། ལས་དང་ཆེད་དང་རྟེན་གནས་དང༌། །དེ་ཉིད་ཚེསྐབས་ལ་སྒྲ་ཡིན། །ཞེས་ལ་དོན་གྱི་ཕྲད་རྣམས་ལས་སོགས་དོན་རྣམ་པ་ལྔར་ཁྱད་མེད་དུ་སྦྱོར་བར་བསྟན་པ་དང༌།བོད་སྐད་ཀྱི་ཁྲོད་དུ། དེ་ཁོ་ན་ཉིད། སོ་ན་གནས།ཇེ་བཟང་ལ་བཏང༌། བོད་སྐད་ལ་བསྒྱུར་ལྟ་བུ་སོགས་ལ་དང་ན་གཉིས་ལ་དོན་སྦྱར་སའི་གཞི་དེ་ཉིད་ཀྱི་ངོ་བོར་གྲུབ་པའི་དོན་ལ་སུ་སོགས་ཕྲད་གཞན་དང་ཁྱད་མེད་དུ་སྦྱོརབ་ཤིན་ཏུ་མང་བས། ན་ལ་གཉིས་དེ་ཉིད་ཀྱི་དོན་ལའཇུག་དགོས་པ་ནི་སློབ་དཔོན་གྱི་དགོངས་པ་དྲི་མ་མེད་པ་དང་བོད་སྐད་ཀྱི་ཆོས་ཉིད་དང་མཐུན་པ་ཞིག་རེད།
ཐོན་མིའི་རྩ་ཚིག་ཏུ་ལ་དོན་གྱི་ཐོབ་ཐང་ཨེ་བསྟན།
ལན། རྩ་བའི་ཚིག་ཏུ་སའི་རྗེས་སུ་སུ་ཐོབ་པ་སོགས་མ་བསྟན། གལ་ཏེ་ཐོབ་ཐང་བསྟན་ན་ར་ཡི་རྗེས་སུ་རུ་ཐོབ་དགོས་པར་འགྱུར་བའི་སྐྱོན་འབྱུང་ངོ༌། །རྣམ་དབྱེ་གཉིས་པའི་གོ་དོན་དང་དཔེར་བརྗོད།
རྣམ་དབྱེ་གཉིས་པའི་གོ་དོན།
གཉིས་པ་ལས་སུ་བྱ་བ་ནི། །བྱ་གཞི་གང་ཡང་རུང་བ་ལ། །
བྱ་བ་ཅི་ཞིག་བྱེད་པའམ། །བྱས་པ་ལ་སོགས་གཙོ་བོར་སྟོན། །
བྱེད་པ་པོ་དངོས་བསྟན་ཤུགས་བསྟན་གང་ཡང་རུང༌། བྱ་བའི་གཞིའམ་ཡུལ་གང་རུང་ཞིག་ལ་བྱ་བ་བྱེད་པའམབྱས་སོགསགཙོབོར་སྟོན་པའི་ལ་དོན་གྱི་ཕྲད་ཅན་ལ་རྣམདབྱེགཉིས་པ་ལསསུབྱ་བ་ཟེར། རྣམ་དབྱེགཉིསཔས་བྱ་བ་བྱེད་སའི་གཞི་དང་གཞི་དེ་ལ་བྱས་པའི་བྱ་བ་གཉིས་རྣམ་པར་དབྱེ་བའོ།
དཔེར་ན། རྒྱ་སྲང་དུ་འགྲོ་ལྟ་བུར་མཚོན་ན། རྒྱ་སྲང་ནི་བྱ་བའི་ཡུལ། འགྲོ་བ་ནི་བྱ་བ་ཡིན་ཡང་ལ་དོན་གྱི་ཕྲད་མ་སྦྱར་ཚེ་འགྲོ་མཁན་གཞན་ཞིག་ཡོད་པ་མི་གོ་བར་རྒྱ་སྲང་ནི་འགྲོ་བ་བོར་གོ་བས་སོ། །རྒྱ་སྲང་དུ་འགྲོ་མཁན་དེ་སྨྲ་ཤེས་དོན་གོ་བའི་མི་ཞིག་ཡིན་ཕྱིན་དགོས་པ་ཅི་ཡང་མེད་པར་རྒྱ་སྲང་ལ་འགྲོ་བའི་བྱ་བ་མི་བྱེད་ཀྱང་རྒྱ་སྲང་དུ་འགྲོ་ཞེས་པའི་ཚིག་གི་དོན་ལ་དཔྱད་ན་ལས་སུ་བྱ་བ་གཙོཆེའོ། །རྒྱུམཚན་ནི།ཁྱོད་གང་དུ་འགྲོ་ཞེས་པའི་ལན་ལ་ང་རྒྱ་སྲང་དུ་འགྲོ་ཟེར་བ་ནི་ལས་སུ་བྱ་བ་ཡིན། ཅི་བྱེད་དུ་འགྲོ་ཞེ་ན།ཚོང་རྒྱག་ཏུ་འགྲོ་ཞེས་པ་དགོས་ཆེད་ཡིན་པ་ལྟར་གོ་བ་ལེན་དགོས།
འདིརལསསུབྱ་བ་ཞེས་པ་ལསརྒྱུའི་བྱསཞེསཔརགོདགོསཡང་སློབ་མ་རྣམས་ཀྱིས་གོ་བ་ལེན་བདེ་བའི་ཆེད་ལས་དང་བྱ་བ་གཉིས་སོསོར་དགར་ནས་བཤད་ནལེགས། དགེ་རྒན་གྱིས་སྒོ་སམ་སྟེང་དུ་ཡི་གེ་བྲིས་ལྟ་བུར་མཚོན་ན། དགེ་རྒན་ནི་བྱེད་པ་པོ། སྒོ་སམ་ནི་བྱ་བའི་ཡུལ། དུ་ནི་ལ་དོན་གྱི་ཕྲད། ཡི་གེ་ནི་ལས་ཀྱི་དངོས་པོ།བྲིས་ནི་བྱ་བ་གསལ་བྱེད་ཀྱི་སྒྲ་ཡིན། སྤྱིར་ན་རྣམ་དབྱེ་གཉིས་པའི་དཔེར་བརྗོད་ལ།བྱེད་པ་པོ་དང་བྱ་བའི་ཡུལ། ལ་དོན་གྱི་ཕྲད། ལས་ཀྱི་དངོས་པོ། བྱ་བ་གསལ་བྱེད་ཀྱི་སྒྲ་བཅས་ཆ་རྐྱེན་ལྔ་ཚང་དགོས།བྱེད་པ་པོ་དང་ལས་ཀྱི་དངོས་པོ་གཉིས་བསྡུ་རུང་ཡང་བྱ་བའི་ཡུལ་དང་ལ་དོན་གྱི་ཕྲད།བྱ་གསལབྱེད་ཀྱིསྒྲགསུམངེསཔར་དུ་ང་དགོས
ལ་དོན་སྦྱརའི་གཞིའམཡུལ་དེ་ལ་བྱ་བ་ཞིག་བྱེད་པརསྟོན་པའི་ལ་དོན་དེ་རྣམ་དབྱེ་གཉིས་པ་ཡིན་ཏེ་དཔེར་བརྗོད་ནི།
འབྲས་སྤུངས་སུ་འགྲོརང་ཤག་ཏུ་ལོག རྒྱབ་ཏུ་ཁུར།ནམ་མཁའ་ན་འཕུར།ཕྱི་རོལ་ཏུ་བསྡད། ཐམསཅད་ལ་བཤད། ནང་དུསོང༌། རྫ་སྣོད་དུ་ཚོད་མ་བསྙལ། དར་ཆ་གྱེན་དུ་བསྒྲེང༌། སྒོ་འགྲམདུསྡོང་བོ་འཛུགས། རྒྱ་ར་དུམངགས། འབྲོག་ཁུལ་དུ་བསྐྱོད། ཐང་ག་ལ་ཚོན་རྩི་བྱུགས། ལྷ་སརུ་བལྟ།གཡས་སུ་རྒྱུག ས་ལ་ཉལ། བུམ་པར་ཆུ་ལུགས། རྒྱབ་ཏུཕྱོགས།རྡོབརགཟུགསབརྙན་བྱེད། ཁུང་དུ་འཛུལ། ཆུ་ལ་ཞུགས། ལྕགས་ལ་གསེར་འབྱུག མཚོན་ཁར་བསད། མདུན་ན་རྒྱུ།སྣོད་དུ་བཅུག གཡུལདུབསད། གདན་ལའདུག ཁྲི་ལ་བཞུགས། ནགས་སུ་ཤིང་སྡོང་བཅད། ཆུ་ལཟམ་པ་བཙུགས། ནགསགསེང་ན་སྤྲེའུ་མཆོངས། ཆུ་ནང་དུ་ཉ་མོ་འཁྱུགས། ས་མཚམས་སུ་རྡོ་རིང་བསླངས། སྟོད་ཕྱོགས་སུ་དངོས་རྫས་བཀྲམ། བོད་ལྗོངས་སུ་སྣམ་བུ་འཐག རྒྱ་མཚོརུ་གྲུ་གཏོང༌།སའི་ལྟེ་བ་རུ་ཁང་ཆེན་བརྩིགས། མགོ་རུ་ཝ་ཞྭ་གྱོན། བྲག་ཏུ་གནའ་བ་བཟུང༌། ཕ་རོལདུ་བེའུ་འཚོ།གནས་ཁང་དུ་གློག་སྒྲོན་སྤྲད། གཡོན་དུདཔེ་ཆ་བརྩིགས། སྒམ་དུ་བསྡུ་སྐྱོག་བྱེད། སྒོ་ན་བྱིས་པ་རྩེ། རི་འདབས་ན་རྩ་འཐུ། བར་སྣང་ན་གློག་འཁྱུགས། ཐག་རིང་ན་མཚོརྩེ། ཐང་བདེར་བྲོ་འཆམ། རི་རྩེར་མདའ་འཕེན། མིག་སྔར་གསོལ་སྟོན་བཤམས། ཉལ་ཁྲི་ལ་བྱིས་པ་བསྙལ། ལྷ་སར་བལྟ་ལ་སོགས་པ་ལྟ་བུའོ། །
 
རྣམ་དབྱེ་བཞི་བས་དགོས་པ་བསྒྲུབ་སའི་གཞིའམ་ཡུལ་དང་དགོས་པ་གཉིས་རྣམ་པར་དབྱེ་བ་སྟེ།
བཞི་བ་དགོས་ཆེད་ཅེས་པ་ནི། །བྱ་བ་གང་གིས་བྱ་བའི་ཡུལ། །དེ་ལ་ཕན་ཐོགས་ཆེད་དུ་ནི། །སྦྱར་བ་གཙོ་བོར་སྟོན་བྱེད་ཡིན། །
རྣམ་དབྱེ་བཞི་བ་དགོས་ཆེད་གསལ་བྱེད་ཀྱི་སྒྲ་ནི་དེའི་དོན་དུ་དང༌། ཆེད་དུ། སླད་དུ། ཕྱིར་དུ་སོས་ཡིན།
དགོས་ཆེད་ཀྱི་དཔེར་བརྗོད་ནི། ཁ་ཟས་སུ་གཡོསྐོལབྱེད། རྟ་ལ་རྩྭབྱིན། ནད་པར་སྨན་བཅོས་བྱེད། དམངས་དོན་དུ་སློབ་སྦྱོང་བྱེད། སྒྲོལམ་ཚེལྷ་རུ་བསྟེན། ཟམ་པ་རུ་ཤིང་བཅད། རྩྭ་རི་ལ་སྲུང་སྐྱོསབྱེད། ཆུ་ལ་རྐ་ལམབཟོཇ་ཉོརུའགྲོསྐྱོ་སངས་ལ་འགྲོཚོང་རྒྱག་ཏུ་འགྲོཤིང་གཅོད་དུ་སྟ་རེ་དགོས། ནོར་འཚོང་དུ་འགྲོདགྲ་འགོག་ཏུ་མཚོན་ཆ་རྡུང༌།
བྱ་ཚིག་གཉིས་ཀྱི་བར་དུ་ལ་དོན་སྦྱར་ཚེབྱ་ལས་ངོ་བོ་གཅིག་ཏུ་གྱུར་མེད་ན་དགོས་ཆེད་དང་ངོ་བོ་གཅིག་ཏུ་གྱུར་ཡོད་པ་ནི་དེ་ཉིད་ཡིན་ནོ། །
རྣམ་དབྱེ་བདུན་པས་གནས་གཞི་དང་གནས་ཆོས་གཉིས་རྣམ་པར་དབྱེ་བ་སྟེ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号