ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་དང་པོ་སུམ་ཅུ་བའི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
འདིར་དངོས་སུ་མ་བཤད་པ། ད་དྲག་གི་དབང་གིས་ཀྱི་ཐོབ་པ་ནི། རྣམ་ཐར་ཀྱི་སྒོ ཕྱི་རོལཀྱི་ཁང་བ་སོགས་དང༌། འི་དང་བྱ་བ་གཅིག་པ་ཚིགས་བཅད་ཀྱི་རྐང་བ་ཁ་སྐོང་བ་ལ་ཡི་སྦྱོར་བ་ནི།འདས་པའི་སངསརྒྱསརྣམསདངཕྱོགསབཅུ་ཡི་ལྟ་བུ། ད་དྲག་མཐར་ཀྱི་སྦྱོར་བ་ནི་ཕོ་ཡིས་ཕོའི་མིང་མཐའ་དྲངསའོ།
འདིར་དངོས་སུ་མ་བཤད་ཀྱང་ཀྱི་ལསོགས་པའི་འཇུག་པ་ནི། རྣམ་དབྱེ་དྲུག་པ་མ་ཡིན་པ་གཞན་ལའང་མཐོང་སྟེ། དོན་འགལ་བ་དཔེར་ན། དྲང་བོ་དང་འཁྱོག་པོ་ལྟ་བུ་ལ་མཚོན་ན། སངས་རྒྱས་ནི་ཆོསདྲང་བོ་ཁོར་གསུངས་མོད་ཀྱི། ཐབས་ལ་མཁས་པའི་དབང་གིས་འཁྱོག་པོར་ཡང་གསུང་ངོ༌། །ལྟབུ་དང༌། དེ་ལྟ་མོད་ཀྱི་སོགས་ལྟ་བུ་མི་མཐུན་པའི་རྒྱན་ལ་འཇུག་པ་ནི་སྨྲ་སྒོར་བཤད་པ་ལྟར་རོ།།དོན་དེ་ཁོནརངེསཔརབཟུང་ནས། གཞན་འགོག་པ་ལ་འཇུག་པ། བུམ་པ་ནི། མི་རྟག་པ་ཡིན་གྱི་རྟག་པ་ནི་མ་ཡིན་ནོ།འདི་ནི་མི་ཡིན་གྱི་ལྷ་མ་ཡིན་ནོ། །འདི་ནི་རྒྱུལས་འབྱུང་གི རྒྱུམེད་པ་ལས་མི་འབྱུང་ངོ་སོགས་ལྟ་བུའོ།།ཞེསགསུངས་སོ། །
སྡོམ་ཚིག
ད་བ་ས་ཀྱི་ག་ང་གི ། ན་མ་ར་ལའི་རྗེས་སུ་གྱི། །འ་དང་མཐའ་རྟེན་མེད་མཐར་འི། །རྐང་བ་སྐོང་ཚ་ཡི་ཐོབ་བོ།  
བཞི། རྣམ་དབྱེ་གསུམ་པ་བཤད་པ།
དེ་ཉིད་ལ་ནི་བཅུ་བ་སྦྱར། །བྱེད་པའི་སར་ནི་ཤེས་པར་བྱ། །
ཞེས་གསུངས་ཏེ། རྣམ་དབྱེ་དྲུག་པར་འཇུག་པའི་གི་ཀྱི་གྱི་འི་བཞི་བོ་དེ་དག་ཉིད་ལ་བཅུ་བ་ས་ཡིག་སྦྱར་བས། གིས་ཀྱིསགྱིསའིས། ཞེསགྲུབ་པ་ནི། རྣམ་དབྱེ་གསུམ་པ་བྱེད་པ་ཞེས་བྱ་བ། བྱེད་པ་པོ་གཙོ་བོརསྟོན་པའིརྣམ་དབྱེའོ། །སཞེས་པ་གནས་ཀྱི་དོན་ཏེ། བྱེད་པ་པོ་སྟོན་པའི་གནས་སུ་ཤེས་པར་བྱའོ།  
དཔྱད་གཞི།
ཀུན་བཟང་དགོངས་རྒྱན་དུ། དཔེར་ན། བདག་གིས་ཐོས། རང་གིས་བྱས། ཁྱོད་ཀྱིས་བཤད།ཤེསརབ་ཀྱིསདཔྱད། སྲསཀྱིསཉན། སེམས་དཔའིབསླབས། གཞན་གྱིས་གོ དགྲ་བཅོམ་གྱིས་སྤངས།གསེར་གྱིས་ཉོས།ཞལགྱིསབཞེསལྟབུའོ།།དདྲགགི་མཐརཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ། རབ་འབྱོར་ཀྱིས་གསོལ་བ། ཕ་རོལཀྱིས་བཤད་ལྟ་བུའོ།།སྐད་གསར་བཅད་ལ། བྱང་ཆུབསེམསདཔསབསླབས།བླམསབསྐྱབས།བུམཔས་ཆུ་བཅུས་སོགས་མིང་མཐར་ས་ཡིག་སྦྱར་བས་ཀྱང་བྱེད་པ་སྟོན་ནོ།ཞེས་གསུངས་སོ། །
ཀྱིས་སོགས་ཀྱི་ཕྲད་རྣམས་བྱེད་པ་པོ་དང་དེས་བྱས་པའི་བྱ་བ་གཉིས་སོ་སོར་འབྱེད་པར་བྱེད་པའི་བྱེད་སྒྲའི་ཕྲད་ལས་གཞན་པའི་དོན་དུ་ལ་འཇུག་སྟེ། དཔེར་ན། རྐྱེན་གྱིས། སྟབས་ཀྱིསདེ་བས་ལྟ་བུ་རྒྱུ་མཚན་སྟོན་པདང། དེ་ལྟར་གྱིས། སློབ་པར་གྱིས་ལྟ་བུ་སྐུལ་ཚིག་ལ་འཇུག་པ་དང༌། རྟ་བས་བོང་བུདམན། དངུལབསགསེརབཟང་ལྟ་བུ་དགར་བའི་དོན་ལ་འཇུག་པ་དང༌། འདོམ་གང་གིས་རིང༌།ཁྲ་ལམ་གྱིས་མཐོང་ལྟ་བུ་ཚད་སྟོན་པ་བཅས་ལ་འཇུག་པ་ཡིན་ནོ །
་འགྲོ་དངངསབལྟསགཉིསབྱེད་སྒྲ་སྦྱོར་མིན་གྱི་ཁྱད་པར་ནི། ང་འགྲོ་ལྟ་བུར་འགྲོ་བྱ་དང་འགྲོ་བྱེད་གཉིས་ཀ་ང་ལས་ལོགས་སུ་མེད་པས་གང་ཞིག་འགྲོ་བྱའི་ལས་དང་འགྲོ་བ་བོ་གཉིས་ཐ་མི་དད་པའི་ལས་ཚིག་འདིའི་རིགས་ལ་བྱེད་སྒྲ་མི་སྦྱོར་བ་དང༌། ངས་བལྟས་ལྟ་བུར་བལྟ་བྱ་དངོས་སུ་མ་སྨོས་ཀྱང་ལས་གང་ཞིག་ལྟ་བ་བོ་གཞན་དང་དངོས་སུ་འབྲེལ་བས། བྱ་བྱེད་ངོ་བོ་ཐ་དད་དུ་ཡོད་སྟབས་བྱེད་སྒྲ་སྦྱོར་བ་ཡིན་ཏེ། འདིའི་གནད་ནི་བྱ་བྱེད་ཐ་དད་མིན་ཡིན་པས་རྟགས་འཇུག་གི་སྐབས་སུ་གསལ་བོར་ཤེས་པར་བྱའོ། །
བྱེད་སྒྲ་རྗེས་འཇུག་གི་ཚུལ་དུ་སྦྱོར་བ་ནི། བཙན་པོའི་དུས་སུ་བསླངས་པའི་རྡོ་རིང་ཡི་གེ་དང་སྔོན་གྱིཡིག་རྙིང་རྣམས་སུདགྲའའིས་དང༌། དེའའིས། མྱེའུས་སོགས་མིང་མཐའི་རྗེས་འཇུག་འ་དང་དེའི་རྗེས་སུ་སྦྱརརྒྱུའི་ཕྲད་དང་བཅས་པ་ཆ་ཚང་འབྲི་བའི་སྲོལ་ཡོད་ལ། དེ་ནི་སློབ་དཔོན་ཐོན་མིའི་དགོངས་པ་ཉིད་དུ་སྣང་མོད། སྐད་གསར་བཅད་ཀྱི་སྐབས་སུ་ཡི་གེ་ཟོར་ཡང་བའི་སླད་དུ། རྐྱང་བ་འཕུལ་ལ་འ་མཐའ་དགོས། ། བརྩེགས་པ་བུ་དྲུག་ཅན་ལ་སྤངས། །ཞེས་པའི་གཏན་སྲོལལྟར་འ་མཐའ་བསྡུས་པ་དང་ལྷན་ཏུ་འིས་ཡིག་ཀྱང་ས་གཅིག་པུས་འཐུས་པར་བསྡུས་པས། ད་ལྟ་འ་མཐའ་དངོས་སུ་ཡོད་མེད་གང་ཡང་རུང་བའི་མིང་མཐར་བྱེད་སྒྲ་རྗེས་འཇུག་གི་ཚུལ་དུ་ས་ཁོ་ན་སྦྱོར་བ་ཡིན་ནོ
གྱིསོགས་འབྲེལསྒྲའི་ཕྲད་རྣམས་ནང་གསེས་སུ་ཕྱེ་ན། དཔའ་བོའི་སྙིང་སྟོབས་ལྟ་བུ་ཁྱད་གཞི་དང་ཁྱད་ཆོས་ཀྱིའབྲེལ་བ་དང༌། སྡོང་བོའི་ཡལ་ག་ལྟ་བུ་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་དང༌། རྒྱ་མཚོའིགྲུགཟིངས་ལྟ་བུ་རྟེན་དང་བརྟེན་པའི་འབྲེལབ་དང༌། ནས་ཀྱི་མྱུ་གུ་ལྟ་བུ་རྒྱུ་དང་འབྲས་བུའི་འབྲེལ་བ་དང༌། གསེར་གྱི་བུམ་པ་ལྟ་བུ་བདག་ཉིད་གཅིག་པའམ་བོ་ངོ་གཅིག་པའི་འབྲེལ་བ་དང༌། བླ་མའི་དབུཞྭལྟ་བུ་བདག་པོ་དང་ཡུལགྱི་འབྲེལ་བ་སོགས་དུ་མར་ཕྱེ་རུང་བ་དང༌། གཞན་ཡང༌། འདི་བདེན་གྱི་གཞན་ནི་རྫུན་ནོ་ལྟ་བུའི་གྱི་སོགས་མི་མཐུན་པའི་ཚིག་རྒྱན་ལ་སྦྱོར་བ་ཡོད་དོ
ད་ལྟ་སློབ་གྲྭ་ཆེན་མོའི་སློབ་མའི་ལས་བྱ་དང་འཕྲིན་ཡིག རྩོམ་པ་པོས་བྲིས་པའི་ལྷུག་རྩོམ་དང་བརྩམས་སྒྲུང༌། དཔྱད་རྩོམ་དང་གསར་འགྱུར་སོགས་སུ་བྱེད་འབྲེལ་ནོར་བར་བལྟས་ན་ཀློག་པ་པོའི་ཡིད་ལ་སྐྱོ་བ་སྟེར་འདུག
བོདཀྱིབརྡ་སྤྲོད་རིག་པར་བྱེད་འབྲེལགྱི་བཀོལ་སྟངས་གཞུང་ལུགས་ཀྱིས་གཏན་ལ་ཕབ་གོད་པས་སྐལ་ལྡན་སློབ་བུ་རྣམས་ཀྱིས་སྣང་མེད་དུ་མི་འཇོག་པར་ནན་ཏན་གྱིས་བསླབ་ན་ཚེགས་མེད་དུ་ཤེས་ཐུབ་ཅིང་ཤེས་ན་དོན་ཆེ་བའི་ཚན་རིག་ཅིག་ཀྱང་རེད། དེ་བས་དགེ་རྒན་རྣམ་པས་ཀྱང་རང་གིས་ཤེས་པ་རྒྱུམཚན་བྱས་ཏེ་བྱེད་འབྲེལ་གྱིསློབ་ཁྲིད་གནང་སྐབས་གཞུང་ལུགས་ཀྱི་སྟེང་ནས་གོ་སླ་བའི་རིག་པའི་ལྡེ་མིག་བཙལ་བ་དང༌། སློབ་མའི་ཆུ་ཚད་དང་བསྟུན་ནས་གང་ལ་གང་འཚམ་གྱིས་སློབ་ཁྲིད་ནན་ཏན་བྱས་ཏེ་བྱེད་འབྲེལ་གཉིས་ཀ་འཕྱུག་མེད་དུ་བཀོལ་སྤྱོད་བྱེད་ཤེས་སུ་འཇུག་པ་གལ།
སློབརྣམསཀྱིསའབྲེལགཞིདང་འབྲེལ་ཆོས་ལ་བསམ་བློ་མི་གཏོང་བར་འབྲེལ་སྒྲ་གང་བྱུང་དུའབྲི་བ་དང༌། ལྷག་པར་བྱེད་སྒྲའི་ཚབ་ཏུ་འབྲེལ་སྒྲ་བྲིས་ཡོད་པ་ཧ་ཅང་མང་བས་འབྲེལ་གཞི་དང་འབྲེལ་ཆོས་ཀྱི་གོ་དོན་དང༌། རྗེས་འཇུག་ལ་བལྟོས་ནས་ཐོབ་ཐང་གི་སྦྱོར་ཚུལ་སོགས་དཔེར་བརྗོད་ཀྱིས་གསལ་བརབྱེད་དགོས།
རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་གོ་དོན།
རྣམ་དབྱེ་དྲུག་པ་འབྲེལ་སྒྲས་འབྲེལ་གཞི་དང་འབྲེལ་ཆོས་གཉིས་སོ་སོརའབྱེད་པ་ཡིན།
སྡོམ་ཚིག
དྲུག་པ་འབྲེལ་བ་ཞེས་པའི་དོན། །འབྲེལ་ཆོས་གང་ཞིག་འབྲེལ་ཡུལདེར། །ཕན་ཚུན་འབྲེལབ་ཡོད་པ་དང༌། །རང་གི་ཡིན་པ་སྒྲུབ་པར་སྟོན། །ཞེས་འོ།རྩ་བར་དངོས་སུ་བསྟན་པའི་གི་ཀྱི་གྱི་འི་བཞི་དང་ཚིག་གི་རྐང་བ་ཁ་སྐོང་བའི་ཡི་སྒྲ་བཅས་ལྔ་ནི་རྣམ་དབྱེ་དྲུག་པ་འབྲེལསྒྲ་སྟོན་པའི་ཕྲད་ཡིན།
འབྲེལ་སྒྲའི་ནང་གསེས་དབྱེ་བ།
1.བདག་ཉིད་གཅིགགིའབྲེལབ། ངའི་ཤ གངས་ཀྱི་རི་བོ། ལྕགས་ཀྱི་ཐབ་ཀ
2.བདག་པོ་དང་ཡུལ་གྱི་འབྲེལ་བ། ངས་ཉོས་པའི་དཔེ་ཆ། སློབ་མའི་དཔེ་ཁུག
3.ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་བ། ངའི་ཡོན་ཏན། གོས་ཀྱི་ཚོན་མདངས།
4.ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ། ངའི་ལག་པ། སྡོང་བོའི་ཡལ་ག
5.རྟེན་དང་བརྟེན་པའི་འབྲེལ་བ། སློབ་ཁང་གི་སློབ་མ། དཀར་ཡོལ་ནང་གི་འོ་མ།
6.དཔེདངདཔེཅན་གྱིའབྲེལབ། ཤེས་བྱའི་རྒྱ་མཚོཕ་མཐའ་ཡས་པའི་གླིང༌། །སྙན་འགྱུར་མགྲིན་པའི་རྒྱུད་མང་སྦྲེང་བས་སྤྲོ། །
7.ཆ་དང་ཆ་ཅན་གྱི་འབྲེལ་བ། མེ་ཏོག་གི་འདབ་མ། བུམ་པའི་ལྟོ་བ།
8.དེ་བྱུའབྲེལ། རྒྱམཚོའིརླངསཔ། གངས་རིའི་ཆུ།
9.རྒྱུདང་འབྲས་བུའི་འབྲེལ་བ། གྲོ་ནས་ཀྱི་མྱུ་གུ
10.མི་མཐུན་པའི་ཚིག་རྒྱན། འདི་ནི་ཡིན་གྱིགཞན་ནི་མིན།
11.ལས་ཚིག་གི་རྗེས་སུ་མིང་སྦྱར་བའི་འབྲེལབ། བཤད་པའི་གཏམ། འཕུར་བའི་བྱ། རྒྱུག་པའིརྟ། འགྲོ་བའི་མི།
12.སྒོ་ནས། ངང་ནས། སྟབས་ཀྱིས། ཕྱིར་དུ་སོགས་ཀྱི་སྔོན་དུ་བྱེད་སྒྲ་མི་སྦྱོར་བར་འབྲེལ་སྒྲ་སྦྱོརདགོསདཔེརན། ནན་ཏན་གྱི་སྒོ་ནས། ཡིན་པའི་སྟབས་ཀྱིས་སོགས་སོ། །
13.རྒྱུམཚན་སྟོན་པར་བྱེད་སྒྲ་སྦྱོར་བ་ལས་འབྲེལ་སྒྲ་སྦྱོར་མི་རུང་བ་ནི། དཔེར་ན། བཤེས་གཉེན་བསྟེན་པས་ཡོན་ཏན་འབྱོར། དཀའ་བ་སྤྱད་པས་འབྲས་བུ་ཐོབ་ལྟ་བུ།
14.ཚིག་དང་ཕྲད་བསྡུ་བ། རྡོ་ཡིས་བཟོས་པའི་ཁང་བ་ལ། རྡོ་ཡི་ཁང་བ་དང༌། རྡོ་ཁང་ལྟ་བུའོ། །
རྣམ་དབྱེ་གསུམ་པའི་སྡོམ་ཚིག
གསུམ་པ་བྱེད་པ་ཞེས་པ་ནི། །བྱེད་པ་པོ་དང་བྱེད་པ་གཉིས། །
དངོསབསྟན་ཤུགསབསྟན་གང་རུང་བས། །ཅི་བྱས་གསལ་བོར་སྟོན་པ་ཡིན། །
བྱེདསྒྲ་སྦྱོར་ཡུལ་ནི་བྱེད་པ་པོ་དང་བྱེད་པ་གཉིས་ཡིན། གཞན་ཡང༌། རྒྱུམཚན་སྟོན་པ་དང༌།སྐུལ་ཚིག་ལ་འཇུག་པ། ཚིག་མཐར་ལས་ཚིག་ཡོད་པ་སྟེ་གསུམ་པ་རྗེས་མཐུན་སོགས་ཡོད། དུས་གསུམ་གྱི་ལས་ཚིག་གང་ཡང་རུང་ལ་ལས་གང་ཞིག་བྱེད་པ་པོའམ་བྱེད་པ་སོགས་ཀྱིས་བྱས་པའི་བྱ་བ་སྟོན་པ་ཞིག་ཡིན་དགོས། སློབ་རྣམསཀྱིསརྒྱུམཚན་སྟོན་པའི་ཕྲད་ཉིས་བརྩེགས་འབྲི་བ་སྟེ། ཡིན་པས་ཕྱིར་དང་ཡིན་པས་སྟབས་ཀྱིས་ལྟ་བུ་དང༌། བྱེད་སྒྲའི་ཚབ་ཏུ་རྒྱུན་པར་འབྲེལ་སྒྲ་འབྲི་བར་ཡིད་འཇོག་བྱེད་དགོས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号