ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་དང་པོ་སུམ་ཅུ་བའི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
མཚན་གཞིའི་དཔེར་བརྗོད།
1.བྱེད་པ་པོས་བྱས་པའི་བྱ་བ་སྟོན་པ། བཟོ་བས་འཕྲུལ་འཁོར་གྱི་ལྕགས་རྡུང༌།
2.བྱེད་པས་བྱས་པའི་བྱ་བ་སྟོན་པ། བཟོ་བས་འཕྲུལ་འཁོར་གྱིས་ལྕགས་རྡུང༌། བཟོ་བའི་འཕྲུལ་གྱིས་ལྕགསརྡུང༌།
3.རྒྱུམཚན་སྟོན་པ། རྒྱུཡོད་པའི་སྟབས་ཀྱིས་འབྲས་བུ་འབྱུང༌། རྒྱུ་ཡོད་པས་འབྲས་བུ་འབྱུང༌།ཉི་མ་ཤར་བའི་དབང་གིས་མུན་པ་ཡལ། ཉི་མ་ཤར་བས་མུན་པ་ཡལ། བཤེས་གཉེན་བསྟེན་པའི་རྐྱེན་གྱིས་ཡོན་ཏན་འབྱོར། བཤེས་གཉེན་བསྟེན་པས་ཡོན་ཏན་འབྱོར།
4.བྱེད་པ་ལ་འཇུག་པ། གསེར་གྱིས་ཉོས། སོ་ཕག་གིས་མཁར་བརྩིགས།
5.རྣམ་དབྱེ་གསུམ་པ་རྗེས་མཐུན་ལ་འཇུག་པ། ནོར་གྱིས་དབུལ། བརྗོད་ཀྱིས་མི་ལང༌།
6.གྲུབ་ཚུལ་དང་མྱུར་ཚད་སྟོན་པའི་ཕྲད། ལྷུན་གྱིས་གྲུབ། རིམ་གྱིས་གྲུབ། ཁྲ་ལམ་གྱིསམཐོང༌། ཡུད་ཀྱིས་སོང༌། སྐད་ཅིག་གིས་ཡལ། སྐད་ཅིག་གི་སྒོ་ནས་ཡལ། སྐད་ཅིག་གི་ངང་ནས་ཡལ
7.གྱིས་ཡིག་ཐོབ་ཐང་ལ་མི་བལྟ་བར་སྐུལ་ཚིག་ལ་འཇུག་པ། མཉམ་འབྲེལ་གྱིམཐུན་སྒྲིལ་གྱིས། བགཡོད་གྱིས།ཁྲུསགྱིས།འགྲོགྲབས་གྱིས
སྐབས་འདིར་སློབ་མ་རྣམས་ཀྱིས་གོ་བ་ལེན་བདེ་
བའི་ཆེད་དུ་སླར་ཡང་བཤད་པར་བྱ་སྟེ།
བྱེད་པ་པོས་བྱས་པའི་བྱ་བ་སྟོན་པ་འདྲ་ཡང་བྱེད་སྒྲ་སྦྱོར་མིན་ཐད་ཁྱད་པར་ཡོད་པ་ནི་བྱ་བྱེད་ཐ་དད་པ་ལ་བྱེད་སྒྲ་སྦྱོར་ཞིང་བྱ་བྱེད་ཐ་མི་དད་པ་ལ་བྱེད་སྒྲ་མི་སྦྱོར་རོ།།བྱ་བྱེད་ཐ་དད་མིན་གྱི་དབྱེ་བ་ནི་བྱེད་པ་དང་ལས་ཀྱི་དངོས་པོ་སྟེ་བསྒྲུབ་བྱ་གཉིས་སོ་སོར་ཡོད་མེད་ཀྱི་སྟེང་ནས་ཤེས་དགོས། བྱ་བྱེད་ཐ་དད་མིན་དང་གོང་གི་རྣམ་དབྱེ་གཉིས་པའི་སྐབས་ཀྱི་བྱ་བྱེད་ལས་གསུམ་ལ་གོ་བ་མི་འདྲ་བ་ལེན་རྒྱུཡོད་དེ།དཔེརན།
མཚམས་འདིའི་བྱ་བྱེད་ཐ་དད་པའི་བྱ་ནི་བྲི་བྱ་ལ་གོ་དགོས། བྱེད་ནི་བྱེད་པ་པོ་དང་བྱེད་པ་དང༌།ཐ་དད་པ་ནི་སོ་སོར་ཡོད་པ་ལ་གོ་དགོས་པས་བྱེད་པ་པོ་ང་དང་བྲི་བྱ་ཡི་གེ་གཉིས་སོ་སོར་ཡོད་པས་བྱེད་སྒྲ་སྦྱོརདགོས།འགྲོཞེསཔའིསྐབསསུ་འགྲོ་བ་བོ་ཡང་ང་ཡིན་ལ་འགྲོ་བྱ་ཡང་ང་ལས་ལོགས་སུ་མེད་པས་བྱ་བྱེད་ཐ་མི་དད་པའི་རིགས་འདིར་བྱེད་སྒྲ་སྦྱོར་མི་རུང་ངོ༌། །ལས་ནི་མཇུག་མཐའི་ལས་ཚིག་ལ་གོ་དགོས། ལས་ཚིག་འདིར་ཡང་བྱ་ལསབྱེད་ལགཉིསསུའགྱུར་པ་ཡོད་པས་མཁས་དབང་པྲ་ཏི་རིན་ཆེན་དོནགྲུབཀྱིས། ལསལ་བྱལསབྱེད་ལས་གཉིས། །ཞེས་གསུངས་པ་ཡང་ལས་ཚིག་འདི་བྱེད་པ་པོ་དང་འབྲེལ་ན་བྱེད་ལས་སུ་གོ་དགོས་པ་སྟེ་འབྲི་བར་བྱེད་ལྟ་བུ་དང༌། བྱ་བའི་ཡུལ་དང་འབྲེལ་ན་བྱ་ལས་སུ་གོ་དགོས་པ་སྟེ་བྲི་བར་བྱ་ལྟ་བུའོ། །
གོང་གསལ་རེའུ་མིག་འདི་ཇི་བཞིན་ཤེས་པ་ན་བྱེད་སྒྲ་སྦྱོར་ཚུལ་གསལ་བོར་ཤེས་ཐུབ་པར་མ་ཟད་རྟགས་འཇུག་གི་ཐད་ལའང་བློ་གྲོས་ཀྱི་སྒོ་མོ་གསར་བ་ཞིག་འབྱེད་ངེས།
དྲི་ཚིག
༡ རྣམ་དབྱེ་སྐབས་དང་བྱ་བྱེད་ཐ་དད་པའི་སྐབས་ཀྱི་བྱ་ལས་གཉིས་ཨེ་འདྲ།
༢ རྣམ་དབྱེ་སྐབས་ཀྱི་བྱ་བྱེད་གཉིས་གང་ལ་ངོས་འཛིན།
༣ བྱ་བྱེད་ཐ་དད་མིན་སྐབས་ཀྱི་བྱ་བྱེད་གཉིས་གང་ལ་ངོས་འཛིན།
༤ བྱ་བྱེད་ཐ་དད་མིན་གྱི་དབྱེ་བ་ཇི་ལྟར་འབྱེད།
༥ བྱ་བྱེད་ཐ་དད་པ་དང་བྱ་བྱེད་ཐ་མི་དད་པ་གཉིས་ཀྱི་གང་ལ་བྱེད་སྒྲ་སྦྱོར།
༦ བྱེད་པ་པོ་དང་བྱེད་པ་གཉིས་ཨེ་འདྲ།
༧ བྱེད་སྒྲ་སྦྱོར་ཡུལ་དུ་ཡོད།
༨ བྱ་བའི་ཡུལ་དང་བྱ་བ་བསྒྲུབ་པའི་ཡུལ་གཉིས་ཨེ་འདྲ།
༩ བྱ་བའི་ཡུལ་གྱི་དངོས་པོ་དང་བྱ་བའི་དངོས་པོ། ལས་ཀྱི་དངོས་པོ་གསུམ་ཨེ་འདྲ།
༡༠ འབྲི་བྱེད་དང་འབྲི་བར་བྱེད་གཉིས་ཨེ་འདྲ།
༡༡ བྲི་བྱ་དང་བྲི་བར་བྱ་གཉིས་ཨེ་འདྲ།
༡༢ བྲི་བར་བྱ་དང་བྲི་བར་བྱ་བ་གཉིས་ཨེ་འདྲ།
༡༣ བྱ་ཚིག་དང་ལས་ཚིག་གཉིས་ཨེ་འདྲ།
༡༤ བྱ་ལས་དང་བྱེད་ལས་གཉིས་ཨེ་འདྲ།
ལྔ། རྣམ་དབྱེ་དེ་དག་གི་ཡི་གེའི་སྦྱོར་ཚུལ་ལས་འཕྲོས་ནས་ཚིག་རྒྱན་སོགས་འཆད་པ།
༡ ཐོག་མར་རྒྱན་སྡུད་བསྟན་པ།
ཨཱལི་ཕྱིས་ནས་གཉིས་པ་སྦྱར། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །
ཞེས་གསུངས་ཏེ། གོང་དུ་རྣམ་དབྱེ་དྲུག་པའི་སྒྲ་དངོས་སུ་བསྟན་པ། ཀྱི་འི་གཉིས་ཀྱི་ཨཱ་ལི་སྟེ་ཨི་ཕྱིསས།རྗེསའཇུགགཉིས་པ་ང་ཡིག་སྦྱར་བས། ཀྱང་འང་ཞེས་གྲུབ་པ་དེ་ནི། མཐུན་པ་དང་མི་མཐུན་པའི་ཚིག་རྒྱན་གཉིས་དང༌། སྡུད་པའི་དོན་ལའཇུག་པར་འགྱུར་རོ། །
དཔྱད་གཞི།
ཆིག་རྒྱན་དང་སྡུད་པའི་ཁྱད་པརནི་མཐུན་པ་དང་མི་མཐུན་པའི་ཆོས་གཉིས་གཞི་གཅིག་ཏུ་སྡུད་པ་འདྲ་ཡང་ཁྱད་པར་དུ་ཚིག་མཛེས་པར་བྱེད་པ་ནི་ཚིག་རྒྱན་གྱི་དོན་དང༌། སྡུད་པ་ནི་དོན་གྱི་གཞི་སྔ་ཕྱིར་སྦྱར་བྱའི་བྱ་བ་ལ་སོགས་པའི་ཁྱད་པར་གྱི་ཆོས་རྣམས་གཞི་གཅིག་ཏུ་སྦྱོར་བར་སྟོན་པ་སྟེ། ཚིག་དོན་གོང་འོག་གཞི་གཅིག་ཏུ་སྡུད་པར་བྱེད་པ་ཙམ་ལས་ཚིག་མཛེས་པར་མི་སྤུད་པས། ཚིག་རྒྱན་ཡིན་ན་སྡུད་པ་ཡིན་དགོས་ལ། སྡུད་པ་ཡིན་ཡང་ཚིག་རྒྱན་དུ་མི་འགྱུར་བའི་ཁྱད་པརཡོད་དོ
རྒྱན་སྡུད་ཀྱི་སྡུད་པ་ལ་ནང་གསེས་དབྱེ་བ་གསུམ་སྟེ། ཨུཏྤལའང་ཡིན་ལ་སྔོན་པོ་ཡང་ཡིན་ལྟ་བུ་ཁྱད་པར་གྱི་གཞི་དང༌། ཁྱད་པརགྱི་ཆོས་གོང་འོག་གཉིས་ཀ་ཕན་ཚུན་གཞི་མཐུན་དུ་སྡུད་པ་དང༌། བོད་མིས་རིག་གནསསློབ་སྟེ། རྒྱམིས་ཀྱང་སློབ་བོལྟ་བུའོག་མས་གོང་མ་སྡུད་པ་དང༌། ཡོན་ཏན་ཡང་ལྡན་ཏེ།ཡོན་ཏན་མ་ཡིན་པ་མིན་ནོལྟ་བུ་གོང་མས་འོག་མ་སྡུད་པ་བཅས་གསུམ་ཡོད་དོ། །
ཀུན་བཟང་དགོངས་རྒྱན་དུ། དེ་ལ་མཐུན་པའི་ཚིག་རྒྱན་ནི་མཐུན་པའི་ཆོས་གཉིས་གཞི་གཅིག་ལསྡུད་ཅིང༌། ཁྱད་པར་ཚིག་མཛེས་པར་བྱེད་པ་སྟེ། དཔེར་ན། མཛེས་པའང་ཡིན་ཏེ་མདོག་ཀྱང་དཀར།།ཞེས་ལྟ་བུའོ། །མིམཐུན་པའིཚིགརྒྱན་ནི། མི་མཐུན་པའི་ཆོས་གཉིས་གཞི་གཅིག་ཏུ་སྡུད་ཅིང༌། ཁྱད་པར་ཚིག་མཛེས་པར་བྱེད་པ་སྟེ། དཔེར་ན། ཕྱོགས་རི་མེད་ཀྱང་བདུད་དཔུང་འཇོམས། ། འཆིང་བ་སྤངས་ཀྱང་ཐུགས་རྗེས་བསྡམས། ། ཆགས་པ་སྤངས་ཀྱང་འགྲོ་ལ་ཆགས་ལྟ་བུའོ།།ཚིག་རྒྱན་དུ་མི་འགྱུར་བའི་སྡུད་པ་ལ་ཡང༌། ཁྱད་པརགྱི་གཞི་དང༌། ཁྱད་པར་གྱི་ཆོས་གོང་འོག་གཉིས་ཀས་ཕན་ཚུན་སྡུད་པ། ཨུཧྥལའང་ཡིན་ལ་སྔོན་པོའང་ཡིན་ནོ། །ལྟ་བུ་གཞི་མཐུན་པར་སྟོན་པ་དང༌། ཆོས་ཀྱང་དྲན་ཏེ། ཆོས་མ་ཡིན་པ་མིན་ནོ། །ལྟ་བུ་གོང་མས་འོག་མ་སྡུད་པ་དང། ལྷས་ཆར་ཕབ་སྟེ། ཀླུས་ཀྱང་འབེབས་སོ། །ལྟ་བུ་འོག་མས་གོང་མ་སྡུད་པའོ། །
ཡང་པྲ་ཏིས། འོ་ན་ལྷག་བཅས་དང་སྡུད་པའི་ཁྱད་པར་གང་ཞེ་ན། དེ་ཡང་སྡུད་པ་ནི། དོན་གྱི་གཞི་སྔ་མར་གང་སྦྱར་བྱའི་བྱ་བ་ལ་སོགས་པའི་ཁྱད་པར་དེ་དག་ཕྱི་མར་ཡང་ངེས་ཅན་དུ་སྦྱོར་བ་སྟོན་པ་སྟེ།དཔེར་ན། མོན་པས་འབྲས་ཟའོརྒྱ་གརབསཀྱང་འབྲསའོ།།ཞེས་པ་ལྟབུབྱབའིཁྱདར་འབྲས་ཟ་བ་གཞི་གཉིས་ཀ་ལ་སྦྱར་ནས། གཉིས་ཀའམ་གང་ཡང་རུང་བ་ལ། ཀྱང་སོགས་སྡུད་ཚིག་སྦྱར་རུང་གི མོན་པསའབྲསཟའོ། །རྒྱ་གར་བས་ཀྱང་ཁྲུས་བྱེད་དོ། །ལྟ་བུ་འབྲས་ཟ་བ་དང་ཁྲུས་བྱེད་པ་ལ་སོགས་པ་ཁྱད་པར་མི་མཐུན་པས། གཞི་མི་མཐུན་པ་ལ་སྦྱོར་བ་ལ་སྡུད་ཚིག་སྦྱར་མི་རུང་ངོ། །ལྷག་བཅས་ནི། ཁྱད་པར་གཅིག་ལྟ་བུ། གཞི་ཐ་དད་པ་དུ་མ་ལ་སྦྱོར་བའི་ངེས་བཟུང་མི་དགོས་པར། དོན་སྔ་མ་མ་རྫོགས་པར།ལྷག་མ་ཡོད་པ་ཙམ་སྟོན་པའོ། །
ཡང་ཀུན་བཟང་དགོངས་རྒྱན་དུ།ཀྱང་འང་གཉིས་དང་འཇུག་པ་མི་མཐུན་པ་ཡང་གི་དོན། ཡང་ན་འདིལྟརབྱསྟེ་ལྟ་བུ་རྣམགྲངསགཉིས་ལ་སོགས་པ་བསྣན་པ་ལ་འཇུག་པ་སྟེ། སྨྲ་སྒོར། ཡང་ཞེས་བྱ་བ་བསྣན་པའང་ཡིས །ཞེས་སོ། །འདི་ནི་སྔ་མའི་སྟེང་དུ་རྣམ་གྲངས་གཞན་བསྣན་པ་ཡིན་ནོ། །དེ་བཞིནདུ། ཡང་དང་ཡང་དུ་དང༌། ཡང་ནས་ཡང་དུ་དང། སླར་ཡང་དང༌། དེ་ནས་ཡང་སོགས་བསྐྱརབའི་དོན་ལ་འཇུག་ཅིང༌། དོན་སྔ་མ་ཉིད་བལྡབས་པ་ཡིན་ལ། སྡུད་པ་ནི་དོན་སྔ་མ་བལྡབས་པ་ཙམཡིན་ར།བྱ་བ་དང། བྱེད་པ་དང༌། དགག་པ་དང༌། སྒྲུབ་པ་ལ་སོགས་པའི་ཁྱད་པར་རྣམས།དོན་སྔ་ཕྱིའི་སྦྱོར་བསྡུད་པར་བྱེད་པའོ།།ཞེས་གསུངས་སོ། །
སྡོམ་ཚིག
ད་བ་ས་ད་དྲག་མཐར། །ཀྱང་དང་རྗེས་འཇུག་གཞན་རྣམས་མཐར། །འང་ཐོབ་རྐང་བ་སྐོང་ཚེཡང༌། །ཞེས་བྱའོ། །
 ལྷག་བཅས་ཀྱི་སྒྲ་བསྟན་པ།
ལ་དོན་སུ་ལ་ཨུ་ཕྱིས་ནས། །དེ་ལ་གསུམ་པའི་དང་པོ་སྦྱར། །དེ་ལ་ཨཱལི་གསུམ་པ་སྦྱར། །དེ་ནི་ལྷག་མ་དང་བཅས་པའོ། །
ཞེས་གསུངས་ཏེ། གོང་གི་ལའི་སྒྲ་དང་མཐུན་པའི་སུ་ཡིག་ལ། དེའི་དབྱངས་ཨུ་ཕྱིས་ནས། ས་རྐྱང་དུ་གནས་པ་དེ་ལ། སྡེ་བ་གསུམ་པ་ཏ་སྡེའི་ཡི་གེ་དང་པོ་ཏ་ཡིག་སྦྱར་བས་སྟ་ཞེས་པ་འབྱུང་ངོ༌། །དེ་ལཨཱལི་གསུམ་པ་ཨེསྦྱར་བས། སྟེཞེསགྲུབ་པ་དེ་ཉིད་ནི། ཚིག་དོན་སྔ་མ་མ་རྫོགས་པར། སླར་ཚིག་ལྷགམ་གཞན་སྟོན་རྒྱུཡོད་པ་ལ་འཇུག་པས། ལྷག་མདངབཅསཔའིསྒྲའོ།ཞེསའདིདངོསསུབསྟན་འོ། 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号