ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་དང་པོ་སུམ་ཅུ་བའི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
སྡོམ་ཚིག
འབྱེདསྡུད་སྐབས་སུ་རྗེས་འཇུག་བཅུར། ། རང་འདྲར་མ་ཡིག་སྦྱར་བ་དང༌། ། ད་དྲག་ཐོབ་མཐརཏམདང་སྦྱར།།ཞེསཔ་ལྟར་རོ། །
དྲི་ཚིག
༡ བོད་ལ་རྣམ་དབྱེ་བརྒྱད་ཡོད་པའི་དོན་གང༌།
༢ ཅི་ཞིག་ལ་རྣམ་དབྱེ་ཟེར།
༣ ཅི་ཞིག་ལ་སུམ་ཅུ་བ་ཟེར།
༤ མིང་ཙམ་བརྗོད་པ་ཅི་ལྟར་རྣམ་དབྱེར་སོང༌།
༥ རྣམ་དབྱེ་དང་པོའི་མཚན་ཉིད་ཤོད།
༦ རྫོགས་ཚིག་རྣམ་དབྱེ་དང་པོའི་ཕྲད་དངོས་ཨེ་ཡིན།
༧ རྣམ་དབྱེ་གཉིས་པར་མ་མཐའ་ཡང་ཆ་རྐྱེན་དུ་ལྡན་དགོས།
༨ ཅི་ཞིག་ལ་ལ་དོན་ཟེར།
༩ ལ་དོན་འཇུག་ཡུལ་གང་དག་ཡིན།
༡༠ ཅི་ཞིག་ལ་བྱ་བའི་ཡུལ་ཟེར།
༡༡ ཅི་ཞིག་ལ་བྱ་བ་ཟེར།
༡༢ ཅི་ཞིག་ལ་ལས་དང་བྱ་བ་ཟེར།
༡༣ བྱ་བའི་ཡུལ་དང་ལས་ཀྱི་དངོས་པོ་གཉིས་ཀྱི་ཁྱད་པར་ཤོད།
༡༤ བྱ་བའི་ཡུལ་དང་ལས་ཀྱི་དངོས་པོ་གཉིས་ཀའི་གང་ལ་ལ་དོན་སྦྱོར།
༡༥ ལས་སུ་བྱ་བར་དུས་གསུམ་གྱི་ཁྱད་པར་ཨེ་ཡོད།
༡༦ བྱ་བའི་ཡུལ་དང་བྱ་བ་བསྒྲུབ་པའི་ཡུལ་གཉིས་ཨེ་འདྲ།
༡༧ ལས་ལ་བྱ་ལས་བྱེད་ལས་གཉིས་ཞེས་པའི་ལས་གང༌།
༡༨ བྱ་བྱེད་ཐ་དད་མིན་གྱི་བྱ་ནི་གང༌།
༡༩ རྣམ་དབྱེ་གཉིས་པའི་མཚན་ཉིད་ཤོད།
༢༠ བྱེད་པ་པོ་དང་བྱེད་པ་གཉིས་ཨེ་འདྲ།
༢༡ རྣམ་དབྱེ་གསུམ་པར་མ་མཐའ་ཆ་རྐྱེན་དུ་ལྡན་དགོས།
༢༢ རྒྱུ་མཚན་སྟོན་པའི་ཕྲད་ཅི་ལྟ་བུ་ཡིན།
༢༣ རྣམ་དབྱེའི་ཕྲད་བརྩེགས་མ་སྦྱོར་ཨེ་རུང༌།
༢༤ བྱེད་འབྲེལ་གཉིས་ཀྱི་ཁྱད་པར་ཅི་ལྟར་འབྱེད།
༢༥ བྱེད་སྒྲ་སྐུལ་ཚིག་ལ་འཇུག་པ་ཨེ་ཡོད།
༢༦ བྱེད་སྒྲའི་མཚན་ཉིད་ཤོད།
༢༧ དགོས་ཆེད་དང་ལས་སུ་བྱ་བའི་ཁྱད་པར་འབྱེད་བྱེད་གང༌།
༢༨ དགོས་པ་ཡུལ་ལ་འཇུག་པ་ཇི་ལྟ་བུ།
༢༩ དགོས་པ་བྱ་བར་འཇུག་པ་ཇི་ལྟ་བུ།
༣༠ དགོས་པ་ལས་ལ་འཇུག་པ་ཇི་ལྟ་བུ།
༣༡ དགོས་ཆེད་ཀྱི་མཚན་ཉིད་ཤོད།
༣༢ ཅི་ཞིག་ལ་འབྲེལ་གཞི་དང་འབྲེལ་ཆོས་ཟེར།
༣༣ འབྲེལ་སྒྲ་མི་མཐུན་པའི་ཚིག་རྒྱན་ལ་འཇུག་པའི་དཔེར་བརྗོད་ཕྲིས།
༣༤ བྱེད་སྒྲའི་ཚབ་ཏུ་འབྲེལ་སྒྲ་འབྲི་བའི་སྐྱོན་ལ་ཇི་ལྟར་དཔྱད།
༣༥ འབྲེལ་སྒྲའི་མཚན་ཉིད་ཤོད།
༣༦ གནས་གཞིར་མ་མཐའ་ཆ་རྐྱེན་དུ་ཚང་དགོས།
༣༧ ཅི་ཞིག་ལ་རྟེན་གཞི་དང་བརྟེན་དངོས་ཟེར།
༣༨ རྣམ་དབྱེ་གཉིས་པ་དང་བདུན་པ་གཉིས་ཀྱི་འཁྲུལ་སོ་གང༌།
བླ་མ་ཁྲི་ལ་བཞུགས་དང་དབུས་སུ་བླ་མ་བཞུགས་གཉིས་ལ་དཔྱད་པ་ཐོངས།
༤༠ རྣམ་དབྱེ་བདུན་པའི་མཚན་ཉིད་ཤོད།
༤༡ འབྱེད་སྡུད་ཀྱི་དཔེ་བརྗོད་གཉིས་གཞི་གཅིག་ལ་འཇོག་དགོས།
དྲུག རྣམ་དབྱེ་ལྔ་བ་སོགས་བཤད་པ།
རྗེས་འཇུག་ཡི་གེ་བཅུ་བོ་ཡི། ། བཞི་བ་དགུ་བ་ལ་བཅུ་བ། ། སྦྱར་བ་འབྱུང་ཁུངས་གནས་ཡིན་ཏེ། །དགར་དང་སྡུད་པའང་དེ་བཞིན་ནོ། །
ཞེས་གསུངས་ཏེ། རྗེས་འཇུག་གི་ཡི་གེ་བཅུ་བོ་ཡི གྲངསབཞི་ན་དང༌། དགུ་ལ་ཡིགགཉིསལ།བཅུ་བ་ས་ཡིག་སྦྱར་ཏེ། ནས་ལས་ཞེས་གྲུབ་པ་དེ་ནི། རྣམདབྱེལྔ་བ་་བྱུཁུངསཀྱིགནས་ལ་འཇུགཡིན་ཏེ། ལོགསསུདགརདང༌། ཕྱོགས་གཅིག་ཏུ་སྡུད་པ་ལའང་འབྱུང་ཁུངས་ལ་འཇུག་པ་དེ་བཞིན་དུ་འཇུག་པ་ཡིན་ནོ 
དཔྱད་གཞི།
ཀུན་བཟང་དགོངས་རྒྱན་དུ།དེ་ཡང་རྣམ་དབྱེ་ལྔ་བ་ལ་འཇུག་པ་ནི། དཔེར་ན། རི་ནས་ཆུ་བྱུང༌།གནམལསར་བབས། ས་ལམྱུགུསྨིན། རྟ་ལས་ལྷུངས། ཆོས་ནས་བཤད་ལྟ་བུ་འབྱུང་ཁུངས་གང་ནས་བྱུ་བ་སྟོན་འོ། །
དགརབ་ནི། རིགསདངབྱ་བ་ལ་སོགསཔའི་སྒོ་ནས་གཞན་ལས་ཁྱད་པར་དུ་བྱེད་པ་སྟེ། དཔེར་ན། སྐྱེ་བོ་ཐམས་ཅད་ཀྱི་ནང་ནས་རྒྱལ་བོའི་རིགས་ཕུལ་དུ་བྱུང་བའོ།།ལས་ཐམས་ཅད་ལས་ཡི་གེ་འབྲི་བ་ཁྱད་དུ་འཕགས་པའོ།།སྣམ་བུལས་དར་གོས་རེག་བྱ་འཇམ་མོལྷའི་ནང་ནས་རྡོརྗེ་རྩེ་བརྒྱ་འཛིན་པ་ནི་བརྒྱ་བྱིན་ནོ།ལྟ་བུ་སྟེ། རིམ་པ་བཞིན་དུ་རིགས་དང༌། བྱ་བ་དང༌། ཡོན་ཏན་དང༌། རྫས་ཀྱི་སྒོ་ནས་བཀར་ཞིང་ཕྱོགས་གཅིག་ཏུ་བྱེད་པའོ
སྡུད་པནི། གཟུགསནསརྣམམཁྱེན་གྱི་བར་ལྟ་བུ་དང༌། སེ་ར་ནས་ལྷ་སའི་བར་ལྟ་བུའོ།ལག་པ་བསྙལ་ནས་ཟས་ཟ་ལྟ་བུ་དང༌། དེ་ནས་ལྟ་བུ་མཚམས་སྦྱོར་ལ་ཡང་འཇུག་པ་ཡོད་དོ །འདི་དག་སྡུད་པ་ལ་ཡང་འཇུག་གོ །
འདིརསྨྲ་སྒོ་ལས། སྡུད་པ་དག་དང་མཚམས་སྦྱོར་ནི། ནས་ལཅུང་ཟད་ལྷག་པ་ཡིན། ཞེས་ནས་ཀྱི་སྒྲའི་འཇུག་པ་ཕལ་ཆེར་ལས་དང་མཐུན་ཡང༌། སྡུད་པ་དང་མཚམས་སྦྱོར་གཉིས་ལ། ལས་མི་འཇུག་ཅིང་ནས་འཇུག་པནས་ཀྱི་འཇུག་པ་ལྷག་པར་བཤད་དོ། །
དེ་ཡང་དཔྱད་པར་བྱ་སྟེ། དེང་སང་གཟུགས་ལ་སོགས་པ། ཞེས་ལ་དང་སོགས་ཀྱི་བར་དུ་ཚེག་བར་མང་ངོ༌། །འོ་ན་དེའི་ལ་དེ་རྣམ་དབྱེ་སོགས་གང་ཡིན་འདྲིའོ། །གལ་ཏེ་རྣམ་དབྱེ་གཉིས་པ་དང་
བཞིབ་དང་བདུན་པ་གང་རུང་ངོ་སྙམ་ན་ཡང་འཐད་པ་མ་ཡིན་ཏེ། གཟུགས་ལ་བྱས་པ་སོགས་དང༌།གཟུགས་ཀྱི་ཆེད་དུབྱས་པ་སོགས་ཀྱི་བྱ་བ་གང་ཡང་མི་སྟོན་པ་ཤིན་ཏུ་གསལ་ཞིང༌། སོགས་ཀྱི་སྒྲས་བསྟན་པའི་ཆོཀྱང་གཟུགས་ལ་ཡོད་པ་སོགས་སུ་མི་སྟོན་པར་ཤིན་ཏུ་རྟོགས་སླ་བས། རྣམ་དབྱེ་དེ་གསུམ་གང་དུ་ཡང་མི་འཐད་དོ།གཟུགས་ཀྱི་ངོ་བོ་ཉིད་དུ་མི་སྟོན་པས་དེ་ཉིད་ལ་མི་འཇུག་ཅིང། དུས་མི་སྟོན་པས་ཚེསྐབས་ཀྱང་མིན་ལ། སྟེ་སོགས་ལྷག་བཅས་ཀྱི་སྒྲའི་འཇུག་པ་དང་མི་མཐུན་པས་ལྷག་བཅས་ཀྱང་མིན་པ་དང༌། མཚམས་སྦྱོར་གྱི་སྒྲ་ཡིན་ན། དཔེར་ན། ལག་པ་བསྙལ་ནས་ཟན་ཟ། ཞེས་པ་ལ། ལག་པ་བསྙལ་ལཟན་ཟ་ཞེས། ནས་ཀྱི་སྒྲ་དང་འཇུག་པ་གཅིག་པའི་ལ་ཡིག་ལྟ་བུ་དགོས་པ་ལས་དེ་ལྟ་བུ་མིན་པ་དང༌། རྒྱུམཚན་གཞན་གྱི་སྒོ་ནས་ཀྱང་མཚམས་སྦྱོར་གྱི་སྒྲར་མི་འཐད་དོ།སྡུད་པ་ཡིན་ནོ་ཞེ་ན་ཡང་མི་འཐད་དེ། ལ་ཡིག་གཞུང་འདིར་སྡུད་པར་མ་བཤད་ཅིང༌། གོང་དུ། དགར་དང་སྡུད་པའང་དེ་བཞིན་ནོ།ཞེས་ནས་ལས་གཉིས་ཐུན་མོང་དུ་སྡུད་པའི་དོན་ལ་འཇུག་པར་བཤད་པ་དང༌། སྔོན་གྱི་མདོ་རྒྱུད་བསྟན་བཅོས་ཀྱིཡིགརྙེ་ཕལ་ཆེར་ལས་སོགས་པ་དང༌། ལས་སྩོགས་པ་ཞེས་པ་ཤ་སྟག་བྱུང༌། འདི་དག་སྡུད་པའི་སྐབས་སུ་ཡང་ལ་སོགས་པ་དང༌། ལ་སྩོགས་པ་ཞེས་ལ་དང་སའི་བར་ན་ཚེག་བར་མེད་པ་མཐའ་ཡས་པ་མཐོང་བས་ལས་སྒྲ་སྡུད་པའི་དོན་ལ་འཇུག་པ་ཉིད་འཐད་པའི་ཕྱིར་རོ
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号