ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་དང་པོ་སུམ་ཅུ་བའི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
གསུམ། སྤྱི་སྒྲ་བཤད་པ།
མིང་གང་རུང་བའི་དང་པོ་རུ། ། དང་པོ་ལ་ནི་གཉིས་པ་སྦྱར། ། སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར། །
ཞེས་གསུངས་ཏེ། མིང་གང་ཡང་རུང་བའི་དང་པོ་སྟེ་ཐོག་མ་རུ། རྗེས་འཇུག་ཡི་གེ་དང་པོ་ག་ལགཉིས་པ་ང་སྦྱར་བས། གང་ཞེས་གྲུབ་པ་དེ་ནི། སྤྱི་ལ་ཁྱབ་པའི་སྒྲ་ཉིད་དུ་འགྱུར་ཞེས་སོ། །
དཔྱད་གཞི།
ལེགས་བཤད་ལྗོན་པའི་དབང་བོ་ལས། ཅི་ཇི་སུ་གང་སྤྱི་སྒྲ་སྟེ། །ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། །སུ་ནི་གང་ཟག་གང་ཀུན་ལའོ། །ཞེས་པ་ལྟར་དོན་གྱི་རིགས་དང་ཚོགས་ལ་སོག་སོ་སོའི་དམིགསབཟུང་བར། མཐའ་དག་ལ་ཁྱབ་པར་བརྗོད་པའི་སྤྱི་སྒྲ་ལ་རྩ་བར་དངོས་སུ་བསྟན་པའི་ཕྲད་གང་དང། དོན་གྱིས་ཐོབ་པ་ཅི་ཇི་སུ་ནམ་བཅས་ལྔ་ཡོད་པ་དོན་གྱི་སྦྱོར་ཚུལ་ལཁྱབཆེ་ཆུང་ཡོད་དེ། དོན་གྱིངོ་བོ་ཙམ་དྲི་བ་ལ་ཅི་སྦྱོར་བ། དཔེར་ན། ཅི་ཞིག ཅི་སྟེ། ཅི་སླད༌། ཅི་ཙམ། ཅི་ཕྱིར་ལྟ་བུ་དང༌། དོན་གྱི་ཁྱད་པརཕྱེ་ནས་དྲི་བ་ལཇི་སྦྱོར་བ་ནི། ཇི་སྙེད། ཇི་སྲིད། ཇི་ལྟར། ཇིབཞིན། ཇི་སྐདལྟ་བུ་རྣམསདང༌། སུ་ནི་གང་ཟག་གི་དོན་ཁོ་ནར་སྦྱོར་བ། དེ་སུ་རེད། སུས་བྱིན།འདི་བ་སུ་ཚང་རེད་ལྟ་བུ་དང༌། དུས་སྟོན་པ་ལ་ནམ་སྒྲ་སྦྱོར་བ་ནི། ནམ་ཐོན། དུས་ཚོད་ནམ་ལ།བསྐལ་བ་ནམ་ཞིག་གི་ཚེ་ལྟ་བུར་དྲི་བར་ཅི་དང༌། དཔེ་ལ་ཇི། གང་ཟག་ལ་སུ། དུས་ལནམ་སྒྲ་སྦྱོར་བས་ཕྲད་དེ་བཞི་དོན་བྱེ་བྲག་པ་རེ་ལ་མ་གཏོགས་མི་འཇུག་པས་ཁྱབ་ཆུང་ལ། གང་སྒྲ་བྱེ་བྲག་མེད་པར་དོན་དེ་རྣམས་ལ་སྦྱོར་བསཁྱབ་ཆེའོ།
སྤྱི་སྒྲ་ཐོག་མར་སྦྱོར་བ་ནི་གཙོ་ཆེ་བའི་དོན་ལ་དགོངས་ཀྱི་མིང་མཐར་སྦྱོར་བའང་ཡོད་དོ།
ཀུན་བཟང་དགོངས་རྒྱན་དུ།སྤྱི་ལཁྱབ་པ་ནི། དོན་གྱི་རིགས་དང་ཚོགས་པ་ལ་སོགས་པ་སོ་སོའི་དམིགས་མ་བཟུང་བར།མཐའ་དག་ལ་ཁྱབ་པར་སྤྱིར་བརྗོད་པའོ། ། དཔེར་ན། གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་མཆོག་དེ་ཞེས་པ་ལྟ་བུ། ཐོག་མར་རིགས་སོགས་ཀྱི་གཞི་གང་ཡང་མ་བརྗོད་པར་མཐའ་དག་ལ་ཁྱབ་གང་ཞེས་སྤྱིར་སྨོས་ནས།ཕྱིས་ཡོན་ཏན་གྱི་ཁྱད་པར་སོགས་ཀྱིས་ཁྱད་པར་དུ་བྱས་ནས་དེ་ཞེས་དམིགས་འཛིན་པ་དང༌། ལྟོ་ལྡིར་བ་དང༌། ཞབས་ཞུམ་པ་དང་ཆུ་འཁྱོར་བའི་དོན་བྱེད་ནུས་པ་གང་ཡིན་པ་དེ་ནི་བུམ་པའོ། །ལྟ་བུ་རིགས་ཅན་མཐའ་དག་ལ་ཁྱབ་པའི་རིགས་ཀྱི་སྤྱི་ཙམ་བརྗོད་པ་དང༌། རབ་ཏུ་བྱུང་བ་འདི་དག་ལས། མཁས་པ་ནི་གང་ཡིན། བཙུན་པ་ནི་གང་ཡིན། ལྟ་བུ་དོན་གྱི་སྤྱིའམ་ཚོགས་པ་བཀོད་ནས། མཁས་པ་སོགས་ཀྱི་ཡོན་ཏན་དང་ལྡན་པ་གཞི་གཅིག་ཏུ་མ་ཕེབས་པར་སྤྱིར་དྲི་བ་དང༌། ཐེ་ཚོམ་དང་གདམ་ང་བྱེད་པའི་ཚེབརྗོད་ཅིང༌། སྤྱིར་བརྗོད་པ་དེ་ཉིད་བྱེ་བྲག་ལ་ཡང་གདོན་མི་ཟ་བར་སྙེག་གོ །
སྤྱིསྒྲང་དྲི་བའིགོ་དོན། སྤྱིསྒྲནི་བྱེབྲག་གི་ཚིག་ཟིན་མེད་པར་སྤྱིའི་དོན་ལ་འཇུག་པའི་སྒྲ་ཡིན་ཏེ།དཔེརན། ང་ཚོརིགགནསགང་ཡིན་རུང་སློབ་དགོས་ལྟ་བུ་བྱེ་བྲག་དངོས་བསྟན་མེད་པར་རིག་གནས་སྤྱི་ལརིས་མེད་དུ་སློབ་དགོས་པརགོ་བའོ།།དེ་བཞིན། ས་ཆ་གང་ཡིན་རང་གི་ཡུལ་དང་འདྲ། །སློབ་གྲོགས་སུ་ཡིན་རང་གི་སྤུན་དུ་བལྟ། །ལས་དོན་ཅི་ཡོད་རང་གི་དོན་དང་མཚུངས། །ཇི་ལྟ་ཇི་སྙེད་ཐམས་ཅད་ཆོས་སུ་ཤེས། །ནམ་ཡང་གཞན་དོན་འབའ་ཞིག་དོན་དུ་གཉེར། །ལྟ་བུའོ། །
དྲི་བ་ནི་རང་ལ་མི་གསལ་བ་གཞན་པར་འདྲི་བ་སྟེ། དཔེར་ན། ཁྱོད་གང་གི་མི་ཡིན། མི་འདི་སུ་རེད། མིང་ལ་ཅི་ཟེར། རང་དགར་སྡོད་པ་ཅི་ཞིག་ཡིན། དུས་ཡུན་ཅི་ཙམ་དུ་སློབ་སྦྱོང་བྱས་པ་ཡིན། ལྟ་བུའོ། །
དྲི་བའི་ཅི་དང་དཔེཡི་ཇི་གཉིས་ཀྱི་ཁྱད་པར།
ཕ་རོལ་པོ་ལ་ཐད་ཀར་དྲི་བ་ཅ་རིལགྱི་ཅི་འབྲི་བ་དང༌། དཔེཇི་ལྟབུའི་སྒོནསམཚོན་པ་ལ་ཇ་ཟེད་ཀྱི་ཇི་སྦྱོརདགོས། དེ་ཡང་སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར་ཞེས་པ་ལྟར་གཙོ་བོ་རྗོད་པ་པོའི་བསམདོན་རག་ས་སོ།
དེ་ལྟར་ཡང་སྨྲ་སྒོར།ཅི་ལ་སོགས་པ་དེ་བཞིན་ཏེ། །ཁྱབ་པ་སྐབས་ཀྱིས་བརྩི་བར་བྱ། །ཞེས་སོ། །
སྡོམ་ཚིག
གང་སུ་ཅི་ཇི་སྤྱི་སྒྲ་སྟེ། །གང་ཟག་ལ་ནི་སུ་འཐོབ་ཅིང། །
དྲི་བར་ཅི་དང་དཔེ་ལ་ཇི། །ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །
སྙེདསྲིད་ལྟརབཞིན་སྐད་ལཇི། །གྲངས་ལ་དུདང་དུས་ལ་ནམ། །
གཉིས་ཀྱང་སྤྱི་སྒྲར་འཇུག་གོ་ཟེར།།གང་ནི་ཁྱད་མེད་ཀུན་ལ་འཇུག །
བཞི། བདག་སྒྲ་བཤད་པ།
གང་མིང་གི་ནི་མ་མཐའ་ན། །པུ་ལིདྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིདྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །
ཞེས་གསུངས་ཏེ། གང་ཡང་རུང་བའི་མིང་གི་མཐའ་ན། པུ་ལིདྒ་སྟེ་པུ་རུ་ཥ་སྐྱེས་པ་དང༌། ལིདྒ་རྟགས་ཡིན་པས། པུ་རུ་ཥའི་རུ་དང་ཥ་ཕྱིས་ནས། པུ་ལིདྒར་བསྡུསནི། སྐྱེསཔའིརྟགསསམཕོརྟགས་ཞེས་འོ། །རྟགས་དེ་ནི་པ་བ་པོ་ཅན་རྣམས་སོ། །རྟགས་དེ་རྣམས་མེད་པ་ལ་པ་པོ་བ་བོ་མ་མོ་རྣམས་སྦྱརན་བདག་པོའི་སྒྲཡིན་ཤེསཔརབྱའོ། །
ཡང་ན་དངུལཆུ་རིན་པོ་ཆེས། པུ་ཞེས་པ་པ་སྡེ་དང༌། ལིང་ག་ཞེས་པ་རྟགས་ཏེ། པ་སྡེ་ནས་འབྱུང་བའི་ཕོ་རྟགས་པ་དང་མོ་རྟགས་མ་དང༌། མ་ནིང་གི་རྟགས་བ་གསུམ་གྱི་སྒྲ་སྔར་མེད་པ་་ལ་གསར་དུ་པུ་ལིང་གའི་སྒྲ་གསུམ་པོ་གང་རུང་སྦྱར་བ་ན། དེ་ནི་བདག་པོའི་དོན་གསལབར་བྱེད་པའི་སར་ཤེས་པར་བྱཞེསཔ་སྡེ་ལ་འགྲེལལྟར་རོ།
  བ་བོ་མ་མོ་སོགས་ཀྱང་བདག་སྒྲ་ལ་འཇུག་པའི་རྒྱུ་མཚན་ལ་རྩ་ཚིག་ཏུ། པུ་ལིདྒ་ཡི་སྒྲ་ཞེས་པའི་པུ་ནི་པ་སྡེརགོ་བསྟེ། སྒྲམདོར།ཨུཏ་ཀྱི་སྡེདང་བཅས་ལོ །ཞེས་སྡེ་བའི་ཐོག་མའི་ཡི་གེར་ཞབས་ཀྱུ་སྦྱར་བ་སྡེ་བ་དེ་མཚོན་པ་སྟེ། ཀུཙུ་ཌུ་ཏུ་པུ་སྡེ་བ་རྣམས་སོ། །ཞེས་པ་ལྟར་འགྲེལན་ལེགས།
དཔྱད་གཞི།
   སི་ཏུ་པཎ་ཆེན་ནས་ལིང་གའི་སྒྲ་ནི་བདག་པོའི་དོན་སྟོན་པར་བྱེད་པའི་པ་དང་པོའི་སྒྲ་གཉིས་ཁོ་ན་ཡིན་ལ་ཕྲད་རང་དབང་ཅན་དུ་བཞེད་པ་དང༌། སྐབས་འདིར་འགྲེལ་བྱེད་ཁ་ཅིག་གིས། བ། ཅན།
ལྡན་རྣམས་ཀྱང་པུ་ལིང་གའི་སྒྲརའདོད་པར་སྣང་བ་འཐད་པར་མ་མཐོང་སྟེ། དེ་དག་ལབཤད་མ་ཐག་པ་ལྟརགྱིཔུ་ལིང་གའི་སྒྲ་འཇུག་པའི་རྒྱུ་མཚན་མེད་པའི་ཕྱིར་དང༌། ཅན་ལྡན་གྱི་སྒྲ་གཉིས་གང་ཞིག་གང་ལཡོད་པ་སྟོན་པའི་ཆ་ནས་བདག་སྒྲ་དང་མཚུངས་པ་ཡོད་ཀྱང༌། དེ་དག་བེམ་པོ་ལའང་འཇུག་པས་བདག་སྒྲར་མ་ངེས་པའི་ཕྱིར་དང༌། བ་ཡིག་ནི་པུ་ལིང་གའི་སྒྲ་དངོས་སུ་འགྱུར་བ་ལྟ་ཅི་སྨོས། སྤྱིར་བདག་པོ་སྟོན་བྱེད་ཙམ་དུའངམི་འཇུག་པའི་ཕྱི་རོ། །ཞེས་སོགས་གསུངས་ཏེ། སི་ཏུ་པཎ་ཆེན་གྱིས་པ་པོ་གཉིས་ཁོ་ན་
མ་གཏོགས། བ་བོ་དང་མ་མོཅན་ལྡན་མཁན་སོགས་ཀྱི་སྒྲ་གང་ཡང་བདག་སྒྲར་མི་འདོད་དོ
   གཞན་ཡང། གཞུང་འདིར་མིང་གཞི་རྐྱང་བའི་སྒྲ་གཙོ་བོར་གྱུར་པའི་ཕྲད་བདག་སྒྲ་ཙམ་ལས་མ་གསུངས། ཞེསཔའིདམབཅའ་མཛད་ཡོད་པ་ནི་ཐོན་མིའི་དགོངས་པ་དངོས་ལ་རེག་པའི་མཁས་པ་ཆེན་པོའི་ལེགས་བཤད་ཡིན་ནོ །
   ཀུན་བཟང་དགོངས་རྒྱན་དུ།བདག་སྒྲ་མེད་པ་དཔེར་ན། རྟ། གསེར།སེ་ར། ལྷ་ས། སྨ་ར།བུམ་པ། ཀ་བ་ལ་སོགས་པའོ།།དེ་དག་ལ་པ་བ་པོ་ཅན་གང་ཡང་རུང་བ་སྦྱར་བས། རྟ། གསེར།སེ་ར།ལྷས། སྨ་ར་ཅན། ཀ་བ། བུམ་པ། མྱོང་བ། བློ་ལྡན་ལ་སོགས་པ་རང་རང་གི་བདག་པོའམ་རང་ཉིད་གང་ལལྡན་པའིགཞིསྟོན་པའིསྒྲའོ།།བུམ་པ་དང༌། ཀ་བ་ལྟ་བུའི་པ་དང་བ་ནི། རང་མིང་གི་ཆ་ཤས་སུཐོགནསགྲུབ་པསབདག་པོའི་སྒྲ་མིན་པ་ནི། པུ་ལིདྒ་ཡི་སྒྲ་མེད་པ། །ཞེས་གསུངས་པ་ཉིད་ཀྱིས་ཤེསསོ། །དེ་ལྟར་པ་པོ་ཅན་གྱི་སྒྲནི་བདགཔོའམ་ལྡན་པའིདོན་དུ་སྦྱོར་ཞིང༌། དེའི་སར་ནི་ཤེས་
པརབྱའོ།དེ་ལྟར་ཡང་སྨྲ་སྒོ་ལས།པ་བ་ཅན་ནི་བདག་པོའམ། །ལྡན་པའི་དོན་དུ་སྦྱར་བར་བྱ། །ཞེས་སོ། །
   བདག་སྒྲ་དང༌། མིང་གི་ཆ་ཤས་ཀྱི་པ་བའི་ཁྱད་པརནི་གང་ཡང་རུང་བའི་མིང་གི་མ་མཐའ་ན་པ་པོ་བབོ་མ་མོ་སོགས་པུ་ལིང་གའི་སྒྲ་སྔར་མེད་པ། དཔེར་ན། རྟ་དང༌། ཡོན་ཏན། ལྷ་ས། སྒྲུབ་པ།
ཙོང་ཁ་ལྟ་བུར་པཔོ་སོགས་ཀྱི་སྒྲ་གསརདུ་སྦྱར་བས། རྟ་བ། ཡོན་ཏན་པ། ལྷ་ས་བ། སྒྲུབ་པཔོ། ཙོང་ཁ་བ་སོགས་རང་ཉིད་གང་ལ་དབང་བའམ་གང་ལ་ལྡན་པའི་དོན་སྟོན་པ་ནི་བདག་སྒྲ་དང༌། མིང་གི་ཆ་ཤས་ཏེ་ཐོག་མ་ཉིད་ནས་མིང་གང་འགྲུབ་བྱེད་ཀྱི་ཆ་ཤས་སུ་གྱུར་པ་དང་པོ་ལྟ་བུའོ།གལ་ཏེ་ཆ་ཤས་དེ་སོ་སོར་བསལ་ན་མིང་དེ་བརྗོད་དོན་གསལ་བར་བྱེད་པའི་ནུས་པ་དང་བྲལ་བ་ནི་མིང་གི་ཆ་ཤས་སུ་གྱུར་པའི་པ་བ་སོགཡིན་ས།སུམཅུབའིགཞུང་འདིར་བདག་སྒྲ་བསྟན་པའི་ཤུགས་ལ་མིང་གི་ཆ་ཤས་སུ་གྱུར་པའི་པ་པོ་བ་བོ་མ་མོ་དང་མིང་མཐའི་པ་བ་སོགས་ཀྱང་ཤེས་དགོས་པ་ཡིན་ནོ
   སྔོན་གྱི་མཁས་པ་ཆེན་པོས་མཛད་པའི་བསྟན་བཅོས་རྣམས་སུ། སྟོང་པ། རྐང་པ། བཟང་བོ།དཀར་པོ་སོགས་ཡོད་པ་དམིགས་གསལཡིན་ཟེར་ཡང་དམིགས་གསལ་གཏོང་དགོས་པའི་རྒྱུམཚན་སུར་ཡང་བཤད་རྒྱུམེད་དོ། །ཚད་མར་འཛིན་པའི་བསྟན་བཅོས་སོགས་ན་ཡང༌། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བྱ། །ཞེས་པའི་པ་བ་སོགས་ཐོབ་ཐང་ལྟར་སྦྱར་མེད་པ་ནི་ཐམས་ཅད་རྩོམ་པ་པོའི་དགོངས་པ་དངོས་ཡིན་པའི་ངེས་པ་མེད་དེ། ཡི་གེ་བ་དང་པར་ཞུས་པ་དག་གི་འདོད་པའི་དབང་དུ་སོང་བ་ཡོད་སྲིད། དེ་བས་མ་དག་རྒྱུན་འབྱམས་སུ་སོང་བས་ད་ལྟའི་རྩོམ་ཡིག་རྣམས་སུ་པ་ཚོགས་བརྒྱབ་ཡོད་པ་དོར་ནས་མིང་གི་ཆ་ཤས་ཀྱི་པ་བ་སོགས་རང་སོར་འཇོག་པ་དང༌། བདག་སྒྲ་དང་མིང་མཐའི་པ་བ་ཐམས་ཅད་ཐོབ་ཐངལྟར་སྦྱར་ལེགས་སོ། །
   མིང་ལ་མིང་གི་ཆ་ཤས་དང་མིང་མཐའ་གཉིས་ཀྱི་ཁྱད་པར་ཡོད་དེ། དཔེར་ན། སྐྱེས་པ། དང་པོ།དརབ། བཟོ་བོ། རིམ། རི་མོ་ལྟ་བུའི་་སོགབསྡུསཏེ་སྐྱེས་དང་དར་བཟོ་རི་སོགས་ཀྱིས་གོང་གི་དོན་རྣམསསྟོནམིཐུབ་ར་འགྱུརབའི་རིགས་ལ་མིང་གི་ཆ་ཤས་ཟེར་བ་དང༌། གཉིས་པ། གསུམ་པ། བཞི་བ། རི་བོ།འོ་མ། འབྲི་མོ་ལྟ་བུའི་པ་སོགས་བསྡུས་ཀྱང་མིང་དོན་གོ་ཐུབ་པ་ཅན་ལ་མིང་མཐའ་ཟེར་བའོ། །
   གཞན་ཡང་ཆོས་དང་ཆོས་ཅན་གྱི་སྒྲ་སོགས་མང་ཡང་འདིར་བདག་སྒྲདང་མིང་གི་ཁྱད་པར་མཚོན་བྱེད་ཀྱི་དཔེར་བརྗོད་ཙམ་འགོད་ན།
   བདག་སྒྲའི་པ་ཡིག འབྲོག་པ། ལས་བྱེད་པ། གསོལ་ཐབ་པ། ཤིང་བརྐོས་པ། བཙུན་པ།ལམ་པ། སྐྱེས་པ། མཁས་པ། ཡོན་ཏན་པ།
   མིང་གི་པ་ཡིག ཐག་པ། སྐུད་པ། བཅིབ་པ། མུན་པ། ནོམ་པ། ཐོད་པ། རྣམ་པ།
   བདག་སྒྲའི་པོ་ཡིག ཕྱུག་པོ།མེད་པོ། གཡོག་པོ། དཔོན་པོ། གྲོགས་པོ།གཏུམ་པོ། བླུན་པོ། མགྲོནཔོ། བློནཔོ།
མིངགི་པོཡིག འཐུག་པོ། སྔོན་པོ།སྐམཔོ། ལེགས་པོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号