ལེའུ་ལྔ་པ།སོ་མ་རཱ་ཛ་ལས་བདུད་རྩི་སྨན་གྱི་སྐོར་ཚན་
བཤུས།ཧྭ་ཤང་མ་ཧྭ་ཡ་ན་དང་
བེེ་རོ་ཙ་ནས་བསྒྱུར།
ས་བཅད་དང་པོ།བདུད་རྩི་སྨན་གྱི་ནུས་པ་བསྟན་པ།།
དེ་ནས་སྨན་གྱི་ནུས་པ་ནི།།ཁ་ཅིག་བུ་ག་དག་ནས་ནད།།ཁ་ཅིག་ཁོང་དུ་སྐེམ་པར་བྱེད།།ཁ་ཅིག་ལུས་ཀྱི་སྟོབས་དག་བསྐྱེད།།དེ་ཡི་ཕན་ཡོན་བསམ་མི་ཁྱབ།།མཁའ་དང་ས་དང་ཆུ་དང་ནི།།མེ་དང་རླུང་དང་རབ་ཏུ་གྲགས།།སྲ་དང་ལྕི་དང་དྲི་བསུང་ཆེ།།མང་དང་མོད་ལ་རྩ་བ་ས།།ལས་ནི་ལྕི་དང་མང་པོར་སྤེལ།།ལུས་བསྐྱེད་སྟོད་དང་སྨད་དུ་འགྲོ།ཆུ་ནི་གཤེར་དང་བསིལ་དུ་འགྲོ།རྣོ་དང་སྐམ་དང་ཤུན་ལྤགས་དང༌།།ལས་ནི་སྡུད་དང་བསིལ་བ་དང༌།།རླན་དང་འཇིག་དང་སྡུད་པའོ།ནུས་པ་དག་ནི་ཤ་མཐངས་བར།མེ་ནི་ཚ་དང་རྩུབ་པ་དང༌།།སྐམ་དང་རྣོ་བ་དུལ་དུལ་དང༌།།སྤྲ་བའི་མེ་ཏོག་དག་གི་མེ།།ལས་ནི་ཚ་དང་འཇུ་བ་དང༌།།གསལ་དང་སྨིན་པར་བྱེད་པའོ།ནུས་པ་བར་དུ་འགྲོ་བའོ།རླུང་ནི་ཡང་དང་འཇམ་པ་དང༌།། གཡོ་དང་སྒྲ་དང་སྟོང་པའོ།།ལས་ནི་མེ་དང་སྡུད་པའོ།།ནུས་པ་སྟོད་དུ་འགྲོ་བའོ།།ནམ་མཁའ་བྲག་དང་སྟོང་བ་
① སོ་མ་རཱ་ཛའམ་སྨན་དཔྱད་ཟླ་བའི་རྒྱལ་པོ་ནི་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བྱུང་བའི་སྨན་གཞུང་རྙིང་མ་ཞིག་ཡིན་ལ།གཞུང་འདིའི་མཛད་པ་བོ་ནི།སྡེ་དགེའི་པར་མའི་མཇུག་བྱང་དུ།རྒྱ་ནག་གི་བེ་ཅི་ཧངྐ་མ་ཧཱ་ལ་དཔེ་ཞུས་ཏེ་ཧྭ་ཤང་མ་ཧཱ་ཡ་ན་དང༌།བཻ་རོ་ཙ་ནས་བསྒྱུར་བའོ་
ཞེས་བཀོད་ཡོད་ཀྱང༌།དེང་དུས་གསོ་རིག་ལོ་རྒྱུས་སྨྲ་བ་མང་ཤོས་ཀྱིས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཁས་མང་བགྲོས་པའི་སོ་མ་རཱ་ཛ་བྱུང་ཞེས་གསུངས་པར་གཞི་བཅོལ་ཞིང་གཞུང་རང་གི་རྩོམ་གཤིས་དང་ནང་དོན། རྒྱ་ནག་གི་ལོ་རྒྱུས་སོགས་ལའང་གཞོགས་ཏེ་རྒྱ་ནག་ནས་བྱུང་བ་མིན་པར་
བོད་ཀྱི་མཁས་པ་བེ་རོ་ཙ་ན་སོགས་ཀྱིས་མཛད་པའི་བོད་ཀྱི་བསྟན་བཅོས་ཡིན་པར་འདོད།བཤད་ཚུལ་གཞན་ཞིག་ལ་རྒྱ་གར་གྱི་པཎྜི་ཏ་ཀྲི་ཎ་ཞེས་པ་དང་ལོ་ཙཱ་བ་བནྡེ་ཆོས་རབ་ཀྱིས་ལེགས་སྦྱར་ལས་བསྒྱུར་བར་འདོད་པའང་ཡོད།སོ་མ་རཱ་ཛའི་གཞུང་ཧྲིལ་བོར་ལེའུ་བརྒྱ་དང་བཅུ་གསུམ་ཡོད་
པའི་ལེགས་ཆ་རྣམས་རྒྱུད་བཞི་རུ་དྲངས་ཟིན་ཀྱང་ད་དུང་ལུས་ཆགས་ཚུལ་དང༌།ལྔས་ཀྱ་གནས་ལུགས།དབྱིབས་དང་ལྕེ་དང་སེན་མོ་ལ་བརྟག་ཚུལ།ཆུ་ལ་བརྟག་ཚུལ།སྙིང་རྩ་གློ་སོགས་ཀྱི་མཚན་ཉིད།བདུད་རྩ་སྐྲན་གྱི་ནུས་པ་བསྟན་པ་སོགས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ལ།ལྷག་པར་དུ་
གཞུང་འདི་ནི་རྒྱུད་བཞི་མ་བྱུང་གོང་གི་བོད་ཀྱི་གསོ་རིག་གི་གཞུང་སྔ་ཤོས་ཀྱི་གྲས་ཡིན་ཕྱིན་སྨན་གྱི་ནུས་པའི་རྣམ་གཞག་ལ་ཁྱད་ཆོས་ཡོད་པ་མ་ཟད།ཐང་ཕྱེ་སོགས་ཀྱི་སྦྱར་ཚུལ་ལ་ཡང་སོ་མ་རཱ་ཛ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པས་འདིར་བོད་ཀྱི་གསོ་རིག་གི་གནའ་རྩོམ་གྱི་རིགས་
ལམ་དང༌།ལོ་རྒྱུས་ཀྱི་འཕེལ་ཚུལ་སོགས་ལ་རྒྱུས་མངའ་ཡོང་ཕྱིར་དང་རོ་ནུས་ཞུ་རྗེས་ཀྱི་རྣམ་གཞག་འཇོག་ཚུལ་ལ་ཞིབ་འཇུག་བྱེད་ཕྱིར་བདུད་རྩི་སྨན་གྱི་ནུས་པ་བསྟན་པ་ཞེས་པ་དང༌།དརླ་ཀན་གྱི་སྐོར་བསྟན་པ།ཕྱེ་མའི་སྐོར་བསྟན་པ་བཅས་ལེའུ་གསུམ་བཀོད་ཡོད།
ཁོང༌།།གོ་མི་ཁེབས་དང་ཐམས་ཅད་འཕྲོད།།ལས་ནི་འཇུ་དང་ཁོང་ཡངས་དང༌།།ནུས་པ་ཁོང་ནི་ཁྱབ་པར་གྲོ།དྲོ་བ་ས་སྟེ་དཀར་བ་དང༌།།དམར་བ་མེ་སྟེ་ལྗང་ཀུ་རླུང༌།།སྔོན་པོ་ནམ་མཁའ་དག་ཏུ་འདོད།།རོ་དྲུག་ཁ་བ་མངར་བ་དང༌།།ཚ་དང་སྐྱུར་བ་ལན་ཚྭ་དང༌།།བསྐ་བ་དང་ནི་དྲུག་ཏུའོ།།མངར་བས་སྟོབས་བསྐྱེད་ཡི་ག་འབྱེད།།རྒས་དང་བྱིས་པ་དག་ལ་ཕན།།མཁྲིས་ནད་སེལ་ཏེ་བུ་རམ་གནོད།།རྨ་འབྱོར་ཤའུ་བསྐྱེད་པ་དང༌།།ཁམས་དང་དབང་བོ་གསལ་བ་དང༌།།མདངས་སུག་ཆུ་སེར་ཞི་བ་དང༌།།ས་སྲ་ལུས་པ་འཇམ་པ་དང༌།།བད་ཀན་སྐྱེ་ཞིང་མེ་སྟོབས་དབྲི།།ཁ་བས་ཁྲག་མཁྲིས་ཚད་པ་སེལ།།དང་ག་འབྱེད་ཅིང་མཛེ་དང་བད་ཀན་ལྷེན།།ཤ་སྐྱེ་རྨ་རྩིར་བཟང་བའོ།།སྐྱུར་བས་བད་ཀན་སེལ་བ་སྟེ།།ཆང་སྐྱུར་བད་ཀན་བསྐྱེད་པར་བྱེད།།དྲོད་བསྐྱེད་ཡི་ག་འབྱེད་པ་དང༌།།འཐུངས་ན་ཚིམ་དང་འཇུ་སླ་སྟེ།།མཁྲིས་པ་དག་ལས་གནོད་མི་བྱེད།།སྐྱུར་བ་དྲགས་ན་ཤ་སླ་མིག་ལ་གནོད།།སོ་ལ་གནོད་ཅིང་གདོང་བ་སྐྲངས།།ཚབ་དྲོད་བསྐྱེད་ཡི་ག་འབྱེད།།མ་ཞུ་བ་དང་ཁོང་སྲིན་དང༌།།རླུང་གིས་ལུས་འདར་མདངས་མདོག་ལེན།།དྲགས་ན་སྟོབས་དབྲི་མཁྲིས་པ་སྐྱེ།།ལན་ཚྭས་རླུང་འཇིལ་སྦོས་པ་འཇིལ།།ཟས་དག་འཇུ་ཞིང་གྲིམས་པར་བྱེད།།ཚྭ་རྣམས་ཁྲག་དང་མཁྲིས་པ་སྐྱེ།།རྒྱམ་ཚྭ་ཁ་རུ་ཚྭ་ནི་ཕན།། བད་ཀན་སྐྱེ་སྟེ་ཆུ་སེར་སྐེམ།།མཛེ་ནད་འབྲུམ་བུ་འབྲས་ལ་གནོད།། སྐམ་འདོད་གཉེར་མང་རྒས་དག་སྙི།།སྟོབས་ཆུང་ཤ་ནི་སླ་བའོ།།བསྐ་བས་རླུང་དང་མཁྲིས་པ་སེལ།།བསིལ་ཞིང་ཁྲག་དང་མཁྲིས་པ་སེལ།། རྨ་སྐམ་འཁྲུ་བ་ཞི་བར་བྱེད།།ལྤགས་མདོག་བཟང་སྟེ་རུས་ནད་སེལ།། དྲགས་ན་གཅིན་སྲི་བུ་ག་འགགས།།ལྟོ་རྒྱུན་ལྟོ་སྲིན་རླུང་ནད་སེལ།། མངར་དང་སྐྱུར་བ་ཞུ་རྗེས་རྩུབ།།བསྐ་དང་ཁ་བ་ཞུ་རྗེས་མངར།། ལན་ཚྭ་ཚ་བའི་ཞུ་རྗེས་མངར།།ཚ་དང་སྐྱུར་བས་བད་ཀན་ཞི།།ཁ་དང་མངར་བས་མཁྲིས་པའོ།།བསྐ་དང་ལན་ཚྭས་རླུང་ཞི་བྱེད།།སོ་མ་རཱ་ཛ་ལས་བདུད་རྩི་སྨན་གྱི་ནུས་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་གཉིས་པའོ།།
ས་བཅད་གཉིས་པ།དརླ་ཀན་གྱི་སྐོར་བསྟན་པ།
དེ་ནས་བདུད་རྩི་དར་ཡ་ཀན།།ག་པུར་ནུས་པ་མཆོག་ཡིན་ཏེ།།གློ་སྙིང་དོན་གྱི་ཚད་པ་དང༌།།ཁྲག་མཁྲིས་དག་ལ་མཆོག་ཏུ་སྟེ།།རླུང་ལ་ཤིན་ཏུ་གནོད་པའོ།གུར་གུམ་བསིལ་ཞིང་ཚད་པ་སེལ།།ཁྲག་མཁྲིས་ནད་དང་ཚད་པ་འཇོམས།།ཅུ་གང་གློ་ཡི་ནད་སེལ་ཅིང༌།།རྩ་རླངས་བ་སྤུར་འདྲེན་པར་བྱེད།།ཛཱ་ཏིས་སྙིང་གི་དབུགས་སེལ་ཅིང༌།།ཀ་ཀོ་ལ་ཡང་དེ་བཞིན་ནོ།ཨུཏྤལ་སྔོན་པོས་སྨན་སྣ་འདྲེན།།རུ་རྟས་ནུས་པ་བརྟས་པར་བྱེད།།ལི་ཤིས་སྨན་གྱི་སྲུང་བ་སྟེ།།གེགས་སེལ་དོན་རྣམས་ཚ་བ་སྤོང།།མཁལ་མ་དག་ལ་སུག་སྨེལ་གྱིས།།ཆུ་ཡི་ལམ་དག་སྦྱོང་བའོ།ཏིག་ཏས་མཁྲིས་པ་རོལ་དུ་བསད།།བ་ལེ་ཀ་ཡིས་དྭངས་སྙིགས་འབྱེད།།བ་ཤ་ཀ་ཡིས་ཁྲག་ནད་འབྱེད།།ཙནྡན་ཁྲག་མཁྲིས་ཚད་པ་སེལ།།དོན་སྣོད་ཚད་པ་འཇོམས་པར་བྱེད།།རྩབས་ཤིང་རྩ་དང་རུས་པ་ཡི།།ཚད་པ་དག་ནི་སེལ་བར་བྱེད།།མོན་ཆ་རས་ནི་ལོང་ནད་ཀྱི།།འཁྲུ་བ་དག་ཀྱང་སེལ་བར་བྱེད།།འཇམ་འབྲས་རྒྱུ་མའི་འཁྲུ་བ་དང༌།།སྲ་འབྲས་ཟུག་གཟེར་འཁྲུ་བ་གཅོད།།ད་ཏྲིག་རྩམ་པ་འཛིན་པར་བྱེད།།བིལ་བས་བཅུད་འཛིན་འཁྲུ་བ་གཅོད།།ཨ་རུས་སྙོམས་ཏེ་ནད་རྣམས་སེལ།།ཕྱི་ཤུན་རླུང་སེལ་རུས་བད་ཀན།།ཚི་གུས་མཁྲིས་སེལ་ནད་ཀུན་ལ།།བ་རུ་རས་ནི་བད་ཀན་རླུང་ནད་སེལ།།སྐྱུ་རུ་རས་ནི་ཁྲག་མཁྲིས་སེལ།།པི་པི་ལིང་གིས་རླུང་དང་མཁྲིས་པ་འཇིལ།།ཚ་བ་ཤིན་ཏུ་ཆེ་ན་གནོད་པར་གྱུར།སྒ་ནི་རྩུབ་པས་རླུང་མཁྲིས་སེལ།།བད་ཀན་གྲང་བ་དག་ལ་བསྔགས།།ཕོ་བ་རིས་ཀྱིས་བད་ཀན་སེལ།།ནིམ་པ་བསིལ་བས་ཆུ་སེར་སྐེམ།།ནིམ་ཧ་ནིམ་པས་སྐྱུགས་སྒོ་སྡོམ།།ཚྭ་རྣམས་ཁྲག་མཁྲིས་ཀུན་ལ་གནོད།།རྒྱམ་ཚྭ་ཁ་རུ་ཚྭས་ནི་བད་རླུང་སེལ།།རྒྱམ་ཚྭ་ལྕེ་མྱང་ཚྭ་ནི་ནུས་པ་འདྲ།།ཙབས་རུ་ཚྭས་ནི་ཕོ་བའི་མ་ཞུ་སེལ།།ཁ་རུ་ཚྭས་ནི་གྲང་ནད་རླུང་ནད་དང༌།།ཚད་པ་རྙིང་བ་རླུང་གིས་མི་འབྱང་སེལ།།བད་ཀན་སྨུག་པོའི་ནད་ལ་འདི་རྣམས་ཕན།།རྒྱམ་ཚྭས་སྐྱུགས་པ་དག་ཀྱང་གཅོད།།འཁྲུ་དང་སྐྱུགས་པ་དག་ཀྱང་འབྱེད།།རྒྱ་ཚྭས་ཆུ་དག་འགགས་པ་སེལ།།རྩ་ནས་ཆུ་སེར་འདྲེན་པར་བྱེད།།རྭ་ཚྭ་རྩུབ་པས་བད་ཀན་སེལ།།ཐལ་ཚྭས་སྦོ་དང་དམུ་ཆུ་སེལ།།ཤིང་ཚ་ཐལ་ཚྭ་ནུས་པ་མཚུངས།།བྱི་ཏང་ཀས་ནི་སྲིན་ནད་སེལ།།རུ་རྟས་སྲིན་དང་ནུས་པ་བརྟས།།མ་ནུས་དྲོད་སྐྱེད་བད་ཀན་ཞི།།བསེ་རུས་རྩ་ཡི་ནད་རྣམས་སེལ།།ཏི་ཙས་གློ་ཡི་ནད་རྣམས་འཇོམས།།ཉི་དགས་གློ་ཡི་ནད་རྣམས་འཇོམས།།དོང་གས་ཟས་འཇིག་ཅུང་ཟད་འཁྲུ།།དན་དས་དྭགས་སྙིགས་འབྱེད་ཅིང་འཁྲུ།།སྟར་བུས་རིན་ཆེན་འཇིག་ཅིང་གློ་ནད་འཇོམས།།སྨྱག་ཤད་མེ་ཏོག་སེ་བ་དང༌།།ཁུར་མོང་སྙེ་མའི་མེ་ཏོག་དང༌།།བ་ལུ་སྤང་རྒྱན་མེ་ཏོག་དང༌།།སྙ་ལོ་མ་ཡི་མེ་ཏོག་དང༌།།ཤུ་བའི་ལྡུམ་བུ་དག་དང་ནི།།འོན་བུ་ཤུག་པའི་སྡོང་བུ་དང༌།།བ་ལེ་ཀ་དང་སྒྲོན་ཤིང་དང༌།།བ་ཤ་ཀ་དང་སྤང་རྩི་འོ།།སྒྲོ་བའི་མེ་ཏོག་ལོ་མ་དང༌།།པར་པ་ཏ་དང་དུག་མོ་ཉུང༌།།ཀྱི་ལྕེ་བ་དང་འབྲས་བུ་གསུམ།ཧོང་ལེན་སྤྱི་ཞུར་བལ་བོ་ཆེ།།སུམ་ཅུ་ཏིག་དང་སན་ཏི་དང༌།།རྐང་ཆག་ནིམ་པ་དག་དང་ནི།།དེ་རྣམས་གདུས་པའི་ཁུ་བ་དང༌།།འབྲས་བུ་གསུམ་དང་རུ་རྟ་དང༌།།ཨ་བ་དེ་མོ་ཀ་ར་དང༌།།སེར་པོ་ཁྲག་སྐེམ་དམར་པོ་དང༌།།ཨ་བ་རོན་དང་མྰུ་ལ་དང༌།།ཆུ་ཆུང་རྩ་བའི་ཕྱེ་བཏབ་སྟེ།།ག་པུར་དག་ཀྱང་ཅུང་ཞིག་བཏང༌།།དེས་ནི་འབྲི་རྟ་ཆེན་པོ་ཡི།འབྲས་བུ་གསུམ་དང་ཧོང་ལེན་དང༌།།སྐྱེར་བའི་རྩ་བ་ཤུན་སྡོང་དང༌།།ལྡུམ་བུ་རེ་རལ་བོང་ང་དང༌།། བ་ལེ་ཀ་དང་གླ་སྒང་དང༌།སྤང་རྩི་དོ་བོའི་རྩ་བ་དང༌།།འབྲས་བུ་ལོ་མར་བཅས་པ་དང༌།།ཟངས་རྩི་བ་དང་པུ་ཤེལ་གེ།སུམ་ཅུ་ཏིག་དང་ཏིག་ཏ་དང།།དུག་མོ་ཉུང་དང་སླེ་ཏྲེས་དང༌།།ཀནྡ་ཀཱ་རི་བ་ཤ་ཀ།བྱི་ཚེར་བ་ཡི་མེ་ཏོག་དང༌།།སྒྲོ་བ་སྤེན་མའི་མེ་ཏོག་དང༌།།ཁུར་མོང་ཀྱི་ལྕེའི་མེ་ཏོག་དང༌།།སྲོ་ལོ་བ་ལུའི་མེ་ཏོག་དང༌།།དེ་རྣམས་གདུས་པའི་ཁུ་བ་རུ།།འབྲས་བུ་གསུམ་དང་ཙནྡན་དང།།ཨ་རུ་ར་དང་ག་པུར་དང༌།།གུར་གུམ་ཛཱ་ཏི་སུག་སྨེལ་དང༌།།ཅུ་གང་ཀ་ཀོ་ལ་ང་ནི།།ལི་ཤི་ཨུཏྤལ་སྔོན་པོ་དང༌།།ཨ་ས་རོན་དང་ཆུ་རྩའི་ཕྱེ།།ཀ་ར་རྣམས་ནི་སྤོད་དུ་གདབ།།རིམས་ནད་འཁྲུགས་དང་ཁྲག་ཤོར་དང།། ཚད་པ་གསར་རྙིང་ཀུན་ལ་འོ།སྐྱར་བ་ཚོགས་ན་ནུས་པ་མཉམ།། ཚིག་མ་མེད་པར་སྦྱར་བར་བྱ།།འབྲི་རྟ་ཏྲེ་མེན་ཏ་ཡི་འོ།ཏིག་ཏ་སྤང་རྩི་དོ་བོ་དང༌།།ཧོང་ལེན་དག་ནི་གདུས་པ་རུ།།ཕྱེ་མ་ག་པུར་བཏབ་པ་ནི།།ཀ་ར་གསུམ་སྟེ་ཁྲག་མཁྲིས་རྒྱས།།ཚ་བ་རྒྱས་པ་ཀུན་ལ་འོ།མི་ཡི་ནུས་པ་མཆོག་ཡིན་ཏེ།།མ་ཧ་གྷོ་ར་དེ་བཞིན་ནོ།ནུས་པ་མ་སུངས་ཐམས་ཅད་སྦྱར།།མ་སུངས་དཀར་པོ་དར་ཡ་ཀན།།ཚད་པ་ཀུན་གྱི་གཉེན་པོ་འོ།མི་ཡི་ཞོ་ཚན་གཙོ་བོ་སྟེ།།ཞོ་ཚན་ཐམས་ཅད་སྦྱར་བ་ནི།།དོམ་མཁྲིས་ཁ་སྤོད་དག་ཏུ་གདབ།།ཚད་རྙིང་རྩ་མཆོག་ཐམས་ཅད་གཏར།།སེར་པོ་དརྱ་ཀན་ཡིན་ནོ།།མི་ཡི་ཕྱ་ཚན་གཙོ་བོ་སྟེ།།ཕྱ་ཚན་ཀུན་དང་སྦྱར་བ་ལ།།ཙནྡན་གི་ཝང་སྦྱར་བ་ནི།།དུག་ནད་ཚད་པའི་ནད་ཀུན་སེལ།།སྨུག་པོ་དརྱ་ཀན་ཡིན་ནོ།།སོ་མ་རཱ་ཛ་ལས་དརྱ་ཀན་གྱི་ལེའུ་སྟེ་གོ་གཅིག་པའོ།། 1/2 1 2 下一页 尾页 |