ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །ལས་རྒྱུ་འབྲས།
སྤེལ་དུས།03-15  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།
ང་རང་ཉིད་མ་གཏོགས་གཞན་གྱིས་མི་རྙེད་སའི་བྲག་ཕུག་ཅིག་གི་ནང་དུ་སྦས་ཡོད། ཟླ་འགའ་ལ་ཁ་ཟས་འདང་རྒྱག་མེད་ཟེར། དེ་ནས་དྲེད་མོ་ན་རེ། ཨ་རོག་གྲོགས་པོ་ཚོ། དེ་རིང་འུ་ཅག་གི་ཕུག་པའི་ནང་མི་དྲི་ཞིག་འཐུལ་བ་ཅི་ཡིན་ནམ། མི་ཞིག་འུ་ཅག་གི་ཕུག་པའི་ནང་ཡོང་བ་མིན་ནམ་ཞེས་དྲིས། སྤྱང་ཁུ་ལ་འཚུབ་ཆ་ལངས་ནས་ན་རེ།ཨ་ལ། དེ་ན་འུ་ཅག་གི་གསེར་རྫ་མ་གང་བོ་རྐུན་ལ་ཤོར་སོང་བ་མིན་ནམ། ང་སོང་ནས་བལྟ་འོང་ཟེར། རི་བོང་ན་རེ། ཨ་ལ། སྤྱང་རྒན།ཁྱོད་ནམ་རྒྱུན་རིག་རྒོད་ཅིག་ཡིན་པ་མིན་ནམ། ང་ཡིས་དེ་རིང་མི་ཟས་ཟོས་པ་ཡིན་པས། མི་དྲི་འཐུལ་བ་མིན་ནམ། འུ་ཅག་གི་ཕུག་པའི་ནང་མི་ཞིག་ཡོང་བའི་དབང་དུ་བཏང་ཡང་གསེར་གྱི་རྫ་མ་ཕུག་པའི་གཡས་འགྲམ་གྱི་ས་འོག་ཏུ་སྦས་ཡོད་པ་སུས་ཤེས། ཁྱོད་ཀྱིས་དོན་མེད་ལ་འདྲོགས་མ་སློང་ཟེར། དྲེད་མོས་རི་བོང་གི་སྐད་ཆའི་རྗེས་དེད་དེ་ན་རེ།རེད་ཡ། སྤྱང་རྒན། ས་འདི་གའི་མི་རྣམས་གླེན་པ་དག་དག་ཡིན་པ་ཁྱོད་ཀྱིས་མི་ཤེས་སམ། གལ་ཏེ། ས་འདིའི་མི་རྣམས་རིག་རྒོད་དག་དག་ཡིན་ན། འུ་ཅག་གི་གསེར་རྫ་མ་གང་བོ་གནའ་སྔ་མོ་ནས་ཁོ་ཚོས་ཤེས་སོང་ཚར་འདུག་ལ། ཁོ་ཚོའི་རྒྱལ་པོའི་སྲས་མོར་ངག་མེད་པ་དེ་ཡང་སྔ་མོ་ནས་དྲག་འདུག་པ་རེད་ཟེར། སྤྱང་ཁུ་ན་རེ། ཨ་མ་དྲེད་རྒན། ཁྱོད་ཁ་ཕོ་མ་ཆེ་ཨང༌། མིའི་རྒྱལ་པོའི་སྲས་མོར་ངག་མེད་པ་དེ་ཁོ་ཚོ་གླེན་པ་དང་འབྲེལ་བ་ཅི་ཡོད། ངག་མེད་པ་ལ་བཅོས་ཐབས་འདྲ་ཡོད་དམ་ཞེས་དྲིས། དྲེད་མོ་ན་རེ། ལོས་ཡོད། རྒྱལ་པོའི་སྲས་མོར་ངག་མེད་པ་དང་དེ་མིན་ས་འདིའི་མིའི་ཁྲོད་ན་ཞྭ་བོ་དང་ལོང་བ། འོན་ལྐུགས་སོགས་མང་བ་ཡང་ས་འདིའི་མི་རྣམས་ཀྱིས་ཆུ་བོ་སྦག་བཙོག་བཟོས་པ་དང་ལྗོན་ཤིང་གང་འདོད་དུ་བཅད་ནས་ས་ཆུ་ཁོར་ཡུག་ལ་གཏོར་བརླག་བཟོས་ཕྱིར་གཞི་བདག་མ་དགའ་བའི་རྐྱེན་རེད། གལ་ཏེ། རྒྱལ་པོས་ས་ཆུ་སྲུང་སྐྱོབ་བྱེད་པའི་བཀའ་རྒྱ་ནན་མོ་བཟོས་ནས་ཉིན་བཟང་སྐར་བཟང་ལ་མཆོད་སྟོན་གྱི་ཆོ་ག་བཤམས་ཏེ་ད་ནས་བཟུང་མི་རྣམས་ཀྱིས་ང་ཚོ་སྲོག་ཆགས་འདུས་པའི་སྐྱེ་ཁམས་ཁོར་ཡུག་ལ་གང་བྱུང་དུ་གནོད་མི་སྐྱེལ་བར་བྱེད་རྒྱུའི་དམ་བཅའ་བ་དང་དེའི་རྗེས་རྒྱལ་པོའི་ཕོ་བྲང་གི་མདུན་རིའི་འོག་གི་སྨན་ཆུའི་ཆུ་ཁོལ་དྲངས་ནས་ལོང་བ་དང་ཞྭ་འཐེང་སོགས་དབང་བོ་སྐྱོན་ཅན་རྣམས་ལ་ཁྲུས་བྱས་ཚེ། དེ་ཚང་མ་སངས་དྲག་ཏུ་འགྲོ་མོད། གླེན་པ་དེ་དག་གིས་ག་ལ་ཤེས། ཁོ་ཚོས་རྒྱལ་པོའི་ཕོ་བྲང་གི་མདུན་རིའི་འོག་ན་དེ་ལྟ་བུའི་སྲིད་ན་དཀོན་པའི་སྨན་ཆུ་ཞིག་ཡོད་པ་ཡང་ཤེས་གིན་མེད། ངོ་མ་མི་ཟེར་བ་དེ་གླེན་པ་ཁོ་ན་ཞིག་རེད། ཁོ་ཚོའི་ཡན་ན་གླེན་པ་ཤིག་ཡོད་མི་སྲིད་ཟེར། དེ་ལྟར་དྲེད་མོ་དང་སྤྱང་ཁུ། རི་བོང་སོགས་ཀྱིས་མི་ཡི་གླེན་རྟགས་སྐོར་ལ་གླེང་མོལ་བྱས་བྱས་རྗེས་རྨི་ལམ་གྱི་ཞིང་ཁམས་སུ་འགྲིམས་སོང༌། དེ་ཚོས་རྨི་ལམ་ཁྲོད་དུའང་མི་རྣམས་ཀྱི་གླེན་རྟགས་གླེང་མོལ་བྱེད་པ་ཁོ་ཐག་རེད། ཐག་རིང་གི་ཆུ་བོའི་བཞུར་སྒྲ་དང༌། ཨ་མ་དྲེད་མོའི་སྔུར་བ་འཐེན་སྒྲ། སྤྱང་ཁུའི་གཉིད་བཤད་ལྡབ་ལྡིབ་ཁྲོད་དུ་དགེ་འདུན་ཞག་གང་བོར་གཉིད་མ་ཁུགས། ཡུན་རིང་སོང་རྗེས་དྲེད་མོ་དང་སྤྱང་ཁུ། རི་བོང་སོགས་ཀྱིས་ཁ་བརྡ་བྱེད་ཀྱིན་ཐག་རིང་དུ་ཕྱིན་སོང་བ་དང་དགེ་འདུན་གྱིས་ཀྱང་ནམ་ལངས་སོང་བ་ཚོར། དེ་ནས་ཁོས་ད་སེམས་བདེར་བབས་ནས་ཅུང་གཉིད་བསམས་མོད། མདང་དགོང་གི་དྲེད་མོ་སོགས་ཀྱི་སྐད་ཆས་ཁོའི་སེམས་བདེར་འབབ་མ་ཐུབ། དགེ་འདུན་གྱིས་སེམས་ལ་དེ་རིང་ང་ཡིན་གཅིག་མིན་གཉིས་ལ་ཕུག་པ་འདི་དང་ཁ་བྲལ་ནས་ས་འདིའི་རྒྱལ་པོར་མཇལ་ཐབས་ཤིག་བྱ་དགོས། སྟབས་ལེགས་ན་ང་ཡི་མིག་འདི་ལའང་བཅོས་ཐབས་ཤིག་ཡོད་ཀྱང་སྲིད་སྙམ་ནས་ཁོ་རང་ནུར་མ་གོག་གིས་ཕུག་པའི་སྒོ་ཁར་སོང༌། ཕུག་པའི་ཕྱི་རུ་དྲོད་ལམ་མེར་ཉི་མའི་འོད་སྣང་གི་དྲོད་འཁོལ་ཚོར་བྱུང༌། ཅང་མ་འགོར་བར། མི་མང་པོས་དི་རི་རི་ཁ་བརྡ་བྱེད་ཀྱིན་བསླེབས་འོང༌། མ་གཞིར། ས་དེའི་རྒྱལ་པོ་ཚང་གི་ཇ་མ་མང་པོས་ཤིང་རྟར་ཁ་ལོ་བསྒྱུར་བཞིན་ཆུ་འདྲུད་དུ་འོངས། དགེ་འདུན་གྱིས་ཕུག་པའི་མདུན་ནས་གི་བཏབ་ནས་ན་རེ། བྱང་སེམས་ལྡན་པའི་ཨ་ཁུ་ཨ་ནེ་རྣམ་པ། ཁྱོད་ཆོས་ལོང་བ་ང་ལ་སྙིང་རྗེ་ཞིག་སྒོམས་ནས་ཆུ་ཁམ་གང་བླུད་དང་ཆོག་གམ་ཞེས་ཞུ་བ་བྱས།རྒྱལ་པོའི་ཇ་མ་ཚོས་ལོང་བ་ཞིག་ཡིན་པ་མཐོང་ནས་ཁོ་རང་ལ་ཆུ་སྐྱོགས་ཐོམ་གང་བླུད། དགེ་འདུན་གྱིས་ཁྱོད་ཚོ་འདི་རུ་ཡོང་ནས་ཆུ་འདྲུད་དོན་ཅི་ཞེས་དྲིས་པ་ན། ཁོ་ཚོས་ཁོ་ཚོ་རྒྱལ་པོའི་ཇ་མ་ཡིན་ཚུལ་དང་དེ་རིང་རྒྱལ་པོས་བླ་བཙུན་མང་པོ་ཞུས་ནས་སྲས་མོ་ངག་མེད་མ་ལ་སྐུ་རིམ་སྒྲུབ་ཀྱིན་ཡོད་པས། མཆོད་ཆུ་གཙང་མ་ཡོང་བའི་ཆེད་དུ་སྡེ་བའི་གོང་གི་ཆུ་མིག་འདིའི་ཆུ་ལེན་དུ་འོང་ཚུལ་སོགས་ཞིབ་མོར་བརྗོད། དེ་ནས་དགེ་འདུན་ན་རེ། རྒྱལ་པོའི་སྲས་མོའི་ངག་གསོ་བར་ང་ལ་ཐབས་ཡོད། ཁྱོད་ཆོས་ང་རང་རྒྱལ་པོར་མཚམས་སྦྱོར་བྱེད་པའི་གྲོགས་མཛོད་དང་སྲས་མོའི་ངག་ཐོན་རྗེས་རྒྱལ་པོས་ཁྱོད་ཚོར་བྱ་དགའ་སྦྱིན་དེས་པ་མ་ཟད། བདག་གིས་ཀྱང་ཁྱོད་ཚོར་གསེར་སྲང་གསུམ་རེ་སྦྱིན་ཟེར། དང་ཐོག་ཇ་མ་ཚོས་ཁྱོད་ལ་རྒྱལ་པོའི་སྲས་མོའི་ངག་གསོ་བའི་ཐབས་ཡོད་ཚེ། ཁྱོད་རང་གི་མིག་གསོ་བའི་ཐབས་ཅི་ལ་མེད་ཟེར་ནས་ཡིད་མ་ཆེས། དགེ་འདུན་གྱིས་ང་ལ་རྒྱལ་པོས་མཐུན་རྐྱེན་བསྒྲུབས་ཚེ་ད་གཟོད་ང་ཡི་མིག་དང་སྲས་མོའི་ངག་དེ་མིན་ང་དང་འདྲ་བའི་དབང་བོ་མི་ཚང་བ་སེམས་ཅན་ཐམས་ཅད་ལ་ནད་བཅོས་བྱེད་ཐུབ་ཅེས་ཡང་ཡང་བརྗོད་མཐར། ཁོ་ཚོས་དོགས་པ་དང་བཅས་དགེ་འདུན་ཆུ་འདྲུད་སྤྱད་ཤིང་རྟའི་ནང་བཞག་ནས་རྒྱལ་པོའི་ཕོ་བྲང་དུ་དྲུད། ཕོ་བྲང་དུ་བསླེབས་ནས་ཇ་མ་ཞིག་གིས་རྒྱལ་པོའི་སྐུ་སྲུང་བར་སྲས་མོའི་ངག་གསོ་ཐུབ་ཟེར་བའི་ལྷ་རྗེ་ཞིག་འདུག་ཅེས་ཞུ་བ་དང་སྐུ་སྲུང་པས་ཀྱང་དེ་ལྟར་རྒྱལ་པོར་ཞུས་པས། རྒྱལ་པོས་དེ་སྔ་རང་གི་སྲས་མོའི་ངག་གསོ་ཐུབ་མཁན་ཡོད་ན་སྲས་མོ་བག་མར་སྦྱིན་ནས་རྒྱལ་སའི་ཕྱེད་ཀ་སྦྱིན་ཞེས་རྒྱལ་ཁམས་ཡོངས་ལ་བསྒྲགས་ཀྱང་སྲས་མོའི་ངག་གསོ་ཐུབ་ཟེར་མཁན་མ་བྱུང༌། དེ་རིང་ངག་གསོ་ཐུབ་ཟེར་མཁན་ཞིག་བྱུང་བ་འདི་གནམ་རྒན་མས་ང་ལ་སྙིང་རྗེ་བསྒོམས་པ་ཡིན་སྲིད་ཟེར་ནས་དགེ་འདུན་ནང་དུ་གདན་དྲངས། དགེ་འདུན་གྱིས་རྒྱལ་པོ་ལ་སྲས་མོར་ངག་མེད་པ་ནི་ས་འདིའི་མི་རྣམས་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་མ་བྱས་པར་གང་བྱུང་དུ་གནོད་སྐྱེལ་་ཕྱིར། གཞི་བདག་མ་དགའ་བའི་རྐྱེན་རེད་ཟེར། རྒྱལ་པོ་བྲེལ་འཚུབ་ལངས་ནས་ན་རེ། འོ་ན་དེ་ལ་བཅོས་ཐབས་འདྲ་ཨེ་ཡོད་ཅེས་དྲིས། དགེ་འདུན་ན་རེ། གལ་ཏེ་རྒྱལ་པོ་རིན་པོ་ཆེ་ལ་བསམ་པ་རྣམ་དག་ཅིག་ཡོད་ཚེ། སྲས་མོའི་ནད་ལ་བཅོས་ཐབས་ཡོད་པ་མ་ཟད། ང་དང་ང་འདྲའི་དབང་བོ་སྐྱོན་ཅན་དག་དང་དེ་མིན་གནས་འདིའི་ས་ཆུ་ཁོར་ཡུག་དང་མི་རབས་རྗེས་མའི་འཚོ་བཞེས་ཁོར་ཡུག་ལའང་ཤིན་ཏུ་ཕན་པའི་དགེ་བའི་ལས་ཤིག་བསྒྲུབ་རྒྱུ་ཡོད་པ་རེད་ཅེས་སྨོས།
      རྒྱལ་པོས་དགེ་འདུན་གྱི་བཤད་པ་ལྟར་བསྒྲུབ་རྒྱུའི་ཁས་བླངས་ཏེ། མངའ་འབངས་ཡོངས་ལ་རང་བྱུང་ཁོར་ཡུག་དང་ས་ཆུ་ནགས་རྩྭ་སོགས་ལ་གང་བྱུང་དུ་གནོད་སྐྱེལ་མི་རུང་བའི་བཀའ་རྒྱ་བསྒྲགས་ཤིང༌། ཉིན་བཟང་སྐར་བཟང་ལ་སྒྲུབ་མཆོད་ཀྱི་ཆོ་ག་གཟབ་ཆེན་བསྡུས་ནས་དངུལ་མགར་བརྒྱ་དང་ལྕགས་མགར་བརྒྱ་ཡིས་རྒྱལ་པོའི་ཕོ་བྲང་གི་མདུན་རིའི་འོག་གི་སྨན་ཆུ་ཕྱིར་དྲངས། ཐོག་མར་རྒྱལ་པོའི་སྲས་མོས་ཁྲུས་བྱས་པ་ན། དེ་མ་ཐག་ངག་ཐོན་པ་དང་དེའི་རྗེས་དགེ་འདུན་གྱིས་ཉིན་གཅིག་ལ་ཁྲུས་བྱས་པས་ཀྱང་མིག་གིས་མཐོང་བར་གྱུར། དེ་ནས་རྒྱལ་པོས་མངའ་འོག་གི་དབང་བོ་སྐྱོན་ཅན་དང་ནད་པ་ཡོད་དོ་ཅོག་ཉིན་ལྟར་གོ་རིམ་ལྡན་པའི་ངང་སྨན་ཆུས་ཁྲུས་བྱེད་ཆོག་པའི་བཀའ་བསྒྲགས། དེ་ལྟར་ལོང་བ་དག་གི་མིག་གིས་མཐོང་བ་དང་འོན་པ་དག་གི་རྣ་བས་ཐོས་ཤིང༌། ལྐུགས་པ་དག་ལ་ངག་ཐོན་ལ། ཞྭ་བོ་དག་གི་རྐང་ལག་བདེ་བར་གྱུར། རྒྱལ་པོས་དགེ་འདུན་གྱིས་རང་གི་དཔྲལ་བའི་མིག་ལྟ་བུའི་སྲས་མོར་ངག་ཐོན་དུ་བཅུག་པ་དང་འབངས་མི་མང་པོའི་སྡུག་བསྔལ་སེལ་བས། སྲས་མོ་ཁོ་ལ་བག་མར་སྦྱིན། དགེ་འདུན་གྱིས་མིག་གིས་མཐོང་རྗེས། རི་བོང་དང་སྤྱང་ཁུ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号