ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །ཨ་མ་དྲེད་མོང་དང་ཨ་མ་རི་བོང༌།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      རེ་ཞིག་ན་ཨ་མ་དྲེད་མོང་རྔུལ་ནག་བཞུར་བཞིན་བརྒྱུགས་འོངས་ཏེ། ཁོ་རེ་འབྲོང་རྒན་ང་ལ་ཉོན། སུག་ཐུང་ཐུང་གི་རྣ་ཀྱོར་ཀྱོར་ཅན་ཞིག་མ་མཐོང་ངམ། མ་རིག་མ་མཐོང་ཟེར་ན་འཆའ་རྒྱུ་ཡིན་ཞེས་འཇིགས་བསྐུལ། ཨ་ཁུ་འབྲོང་གིས་འབྲོང་རྩིད་འཇོལ་ལོ་ལོ་ང་རྒྱལ་དང་བཅས་ན་རེ། ང་ཡིས་མ་རིག་མ་མཐོང་ཟེར་རྒྱུ་ཡིན། བྲེ་སེར་འབྲོང་ལ་སྐྲག་ས་མེད་ཅེས་སྨོས། དྲེད་མོང་ཤིན་ཏུ་ཁྲོས་ནས་འབྲོང་རྒན་སྣ་ཧར་ཁྱོད། འུ་གཉིས་ཀས་སུ་ངར་ལ་བལྟ་ཞེས་སྡིགས་སྨོད་བྱེད་ཀྱིན་འབྲོང་རྒོད་སྟེང་དུ་མཆོངས། ཨ་ཁུ་འབྲོང་ཡང་དཔའ་མི་ཞུམ་པར་རྭ་གཡུག་ཅིག་བྱས་ནས་དྲེད་མོང་རྭ་རྩེ་ལ་བླངས་ནས་ས་ལ་བརྒྱབ་པས། ཨ་མ་དྲེད་མོང་གི་ཕོ་བ་གས་ཏེ་ཤིའོ། །
      དེ་ནས་ཨ་ཁུ་འབྲོང་གིས་སྣ་འབྱིན་ཞིག་བྱས་ཏེ། ཧིན། རི་བོང་ཁ་ཤོ། ཕྱིར་ཤོག་ཅེས་བོས། གྲགས་འགུལ་ཅི་ཡང་མེད་སོང༌། ཨ་ཁུ་འབྲོང་གིས་སླར་ཡང་རི་བོང་ཁ་ཤོ་ཕྱིར་ཤོག་ཅེས་ལན་གསུམ་བོས་པ་ན། རི་ཕྲུག་ད་གཟོད་སྐྲག་མ་དངངས་ཀྱིས་ཕྱིར་ལྡིང་འོངས། མ་གའིར། རི་ཕྲུག་བྲོས་བྲོས་ནས་ཤིན་ཏུ་ཐང་ཆད་པ་དང༌། ཨ་ཁུ་འབྲོང་གི་སྣ་ཁུང་ནང་ང་ཅང་དྲོན་པོ་ཡིན་ཕྱིར་གཉིད་ལ་ཤོར་བ་རེད། ཨ་ཁུ་འབྲོང་མར་སྒུར་སྒུར་བྱས་ནས་ན་རེ། རི་བོང་ཁ་ཤོ། ང་ཡིས་ཁྱོད་ཀྱི་དགྲ་ཤ་ལངས་ཚར། ད་ནས་ཁྱོད་ཀྱིས་ང་ལ་ཞབས་ཕྱི་སྒྲུབས་ཟེར།
      དེ་ནས་བཟུང༌། རི་ཕྲུག་གིས་ཉིན་རེ་རེར་ཨ་ཁུ་འབྲོང་རྩྭ་ཡིས་འགྲངས་ནས་ཉི་མར་སྲོ་དུས་རྒྱབ་ལ་འཕྲུག་དགོས་ཤིང༌། ནམ་རྒྱུན་ད་དུང་ཨ་ཁུ་འབྲོང་ལ་ཁ་ཡག་ངོ་དགའ་བྱེད་དགོས། ཉིན་ཞིག་ལ། རི་ཕྲུག་གིས་ཨ་ཁུ་འབྲོང་གི་རྒྱབ་ལ་འཕྲུག་ཞོར་དུ་ཨ་ཁུ་འབྲོང་གི་ཁ་གསེར་ཁ་རེད། ཨ་ཁུ་འབྲོང་གི་སྣ་གསེར་སྣ་རེད་ཅེས་བསྟོད་པ་བྱས། ཨ་ཁུ་འབྲོང་དགའ་ནས་འཛུམ་དམུལ་ལེར་སྣ་ཁུང་ཇེ་ཧར་དང་ཇེ་ཧར་ལ་བཏང༌། རི་ཕྲུག་ལ་སུན་སྣང་སྐྱེས་ཏེ། སེམས་ལ་གློ་བུར་དུ་བློ་ཞིག་དྲན་ནས། ཨ་ཁུ་འབྲོང༌། ཨ་ཁུ་འབྲོང༌། ཐེངས་སྔོན་མར་ང་ཁྱེད་ཀྱི་སྣ་ཁུང་ལས་སྦས་དུས། ང་ཡི་ལྷམ་སྒྲོག་ཡ་གཅིག་ཁྱེད་ཀྱི་སྣ་ཁུང་ལས་ལུས་སོང༌། ང་མྱུར་དུ་ལྷམ་སྒྲོག་ལེན་དུ་འགྲོ། དེ་མིན་ཡུན་རིང་ན་ཨ་ཁུ་འབྲོང་ཁྱེད་ཀྱི་སྣ་ཁུང་ནང་དུའང་ཟ་འཕྲུག་ལངས་དེས་ཟེར། འབྲོང་གིས་མཉམ་ཞིག་བཞག་པ་ན། ཨ་ལ། ངོ་མའི་སྣ་ཁུང་ནང་ཟ་འཕྲུག་ཅིག་ཡོང་བ་འདྲ། དེ་ནས་ཨ་ཁུ་འབྲོང་ན་རེ། ཁྱོད་རང་སོང་དང་ཆོག་མོད། ཡིན་ཡང༌། ཁྱོད་ཀྱིས་ངའི་སྣ་ཁུང་གི་ཤ་འཐུག་སར་སོ་འདེབས་མི་རུང༌།ཁྲག་སྲབ་སར་ཧུབ་བྱེད་མི་རུང་ཟེར། རི་ཕྲུག་གིས་འོ་ཡ་ཟེར་བཞིན་ཨ་ཁུ་འབྲོང་གི་སྣ་ཁུང་དུ་འཛུལ་ནས། ཤ་འཐུག་སར་སོ་ཞིག་བཏབ།ཁྲག་སྲབ་སར་ཧུབ་ཅིག་བྱས། རང་གི་ལྷམ་སྒྲོག་གྲོལ་ནས་ཁྲག་བྱུག་ཅིག་བྱས་རྗེས། ད་གཟོད་ཕྱིར་འོངས་ནས། ཨ་ཁ་ཁ། ཨ་ཁུ་འབྲོང༌། ང་འགྲོ་རན་ཞིག་ལ་སོང་བ་རེད། ད་ཅུང་འཕྱིས་ཚེ་ལྷམ་སྒྲོག་ཤ་ནང་དུ་ཟུག་ནས་མི་ལོན་པར་འདུག་ཟེར། ཨ་ཁུ་འབྲོང་གིས་སེམས་ལ་ཡར་སྔོན་ཚ་ཙག་ཙག་བྱས་པ་རི་བོང་ཁ་ཤོ་འདིས་ལྷམ་སྒྲོག་འཐེན་པའི་རྐྱེན་ཡིན་རྒྱུ་རེད། ལྷམ་སྒྲོག་ངོ་མ་ཤ་ནང་དུ་ཟུག་པ་རེད་སྙམ། དེ་ནས་རི་བོང་གིས་མུ་མཐུད་དུ་ཨ་ཁུ་འབྲོང་གི་ཁ་གསེར་ཁ་རེད། ཨ་ཁུ་འབྲོང་གི་སྣ་གསེར་སྣ་རེད་ཟེར་ནས་བསྟོད་པ་བྱས། རེ་ཞིག་ནས་རི་ཕྲུག་གིས་ཕ་གི་ཉིན་ཁ་ཞིག་ན་ཁུང་བུ་ཞིག་ཡོད་པའི་ཕྱོགས་བསྟན་ནས་ན་རེ། ཨ་ཁུ་འབྲོང༌། ཕ་གིའི་ཉིན་ཁ་གན་ན་རྩྭ་ཆུ་འཛོམས་ཤིང་ཉི་མ་དྲོ་བས། འུ་གཉིས་དེར་སོང་ནས་ཉི་མར་སྲོ་ཞོར་དུ་རྩྭ་ཆུར་རོལ་ན་སྐྱིད་པ་རེད་ཟེར། ཨ་ཁུ་འབྲོང་གིས་རི་ཕྲུག་གི་ཁ་ཐོག་ཏུ་བཞག ཉིན་ཁའི་ཁུང་བུའི་ཁ་ནས་རི་ཕྲུག་གིས་མུ་མཐུད་དུ་ཨ་ཁུ་འབྲོང་གི་ཁ་གསེར་ཁ་རེད། ཨ་ཁུ་འབྲོང་གི་སྣ་གསེར་སྣ་རེད་ཟེར་ནས་བསྟོད་པ་བྱས། ཡུད་ཙམ་ནས་རི་བོང་ལ་སུན་སྣང་སྐྱེས་ནས་ཨ་ཁུ་འབྲོང་གི་ཁ་སྐྱག་ཁ་རེད། ཨ་ཁུ་འབྲོང་གི་སྣ་སྐྱག་སྣ་རེད་ཟེར་ནས་ཁུང་བུའི་ནང་འཛུལ་སོང༌།
      གྲོགས་པོ་ཆུང་ཆུང་ཚོ། ཨ་མ་དྲེད་མོ་དང་ཨ་མ་རི་བོང་གི་གྲོ་མ་རྐོ་བའི་གནའ་གཏམ་འདི་ནི། ང་རང་བྱིས་པའི་དུས་སུ། ང་ཡི་ཨ་མའི་ཨ་མས་ང་ཚོར་བཤད་པའི་གནའ་གཏམ་ཞིག་ཡིན། ད་ལྟའི་བར་ལོ་ཟླ་ཅི་ཙམ་འགོར་བ་མི་ཤེས་མོད། གནའ་གཏམ་ཁྲོད་ཀྱི་ཨ་མ་རི་བོང་གི་ལས་ལ་བརྩོན་པའི་གཤིས་རྒྱུད་དང་རང་གི་རི་ཕྲུག་བསམས་ནས་སྲོག་ལ་བབས་ཀྱང་གྲོ་མ་ཡོངས་རྫོགས་དྲེད་མོ་ལ་མི་སྟེར་བའི་འཇིག་རྟེན་ཨ་མའི་སེམས་པ། རི་ཕྲུག་གིས་རང་གི་ཨ་མར་དགྲ་ཤ་ལེན་ཆེད་སྟོབས་ལྡན་དྲེད་མོ་དང་འགྲན་པའི་བློ་གྲོས། དེ་མིན་རྟ་རྫི་ལུག་རྫི་སོགས་ཀྱིས་ཉམ་ཆུང་རི་ཕྲུག་ལ་སྙིང་རྗེ་ནས་རོགས་བྱེད་པའི་བྱམས་སེམས་སོགས་ལྷམ་མེར་ལྷན་ནེར་ལྷང་དེར་ང་ཡི་ཡ་ཆུང་ངོས་སུ་བརྗེད་མེད་དུ་ཤར་ཞིང༌། རི་ཕྲུག་གིས་རང་གི་ཨ་མ་དྲེད་མོང་གིས་བསད་པ་ཤེས་རྗེས། ང་ཡི་ཨ་མ་ད་ནས་ཕྱིར་འོང་ཞིག་གང་ན་ཡོད་བསམས་ནས་ངུ་བཞིན་ཕྱིར་་ལོག་པའི་ཚུལ་དེ་ཡིས་རང་དབང་མེད་པར་ང་ཡི་མིག་ཟུང་མཆི་མས་བརླན་པར་བྱས། གཏམ་རྒྱུད་འདི་དང་འདི་ལྟ་བུས་ང་དང་ང་ལྟ་བུའི་མི་རབས་མང་པོའི་མི་ཚེའི་འཚར་ལོངས་ལ་བག་ཆགས་ཟབ་མོ་ཐེབས་ཤིང་དགེ་བའི་ཤུགས་རྐྱེན་ཟབ་མོ་བཞག་མྱོང༌། དེ་དང་དེ་བཞིན་ཁྱོད་ཚོར་ཡང་ཤུགས་རྐྱེན་ལེགས་པོ་ཐེབས་པར་སྨོན།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号