ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །མངའ་རིས། དྲུག་པ། གནས་རི་དང་བླ་མཚོ།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

          མངའ་རིས་ལ་དེ་མིན་གནས་རི་གངས་རིན་པོ་ཆེ་དང་བླ་མཚོ་མ་ཕམ་གཡུ་མཚོ་ཡོད་པས་སྙན་གྲགས་ལྷག་པར་ཆེན་པོ་ཡོད་པ་དང༌། གནས་རི་གངས་རིན་པོ་ཆེ་ནི་གངས་ཏི་སིའི་རི་རྒྱུད་ཀྱི་གངས་རི་མཐོ་ཤོས་ཡིན་འིང༌། རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་6714ཡོད་པ་དང༌། བརྗིད་ཆགས་ཡིད་དུ་འོང་ཤིང༌། ཉམས་དང་ལྡན་པས་ཆོས་ལུགས་ཀྱི་ཆོ་ག་མང་པོའི་ཁྲོད་དུ་མཆོག་གྱུར་གྱི་གནས་བབ་ཞིག་བཟུང་

53.jpg

ཡོད་པ་དང་ལོ་ངོ་སྟོང་ཕྲག་མང་པོའི་རིང་ཁྱད་མཚར་བའི་སྒྲུང་དང་ཤོད་རྒྱུན་མང་དག་ཅིག་གིས་ཆོས་དད་ཡོད་པའི་མང་ཚོགས་དང་ཡུལ་སྐོར་པ་མང་པོའི་བློ་བཀུག་པ་མ་ཟད་དད་པ་དང་ཡིད་སྨོན་སྐྱེ་རུ་བཅུག་ཡོད་པས། ལོ་ལྟར་འདིར་གནས་མཇལ་དང་ཡུལ་སྐོར་ལ་ཡོང་མཁན་གྱི་རྒྱལ་ཕྱི་རྒྱལ་ནང་གི་དད་ལྡན་པ་དང་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད།

          ནང་ཆོས་ཁྲོད་དུ་རི་རྒྱལ་ལྷུན་པོ་ནི་འཛམ་གླིང་གི་ལྟེ་བ་ཡིན་པར་བཤད་ཡོད་རུང༌། སྐྱེ་བོ་ཕལ་པ་རྣམས་ཀྱི་བློ་ངོར་དེ་ནི་རྣམ་རྟོག་གིས་བཞེངས་པའི་རི་བོ་ཞིག་ཡིན་པ་ལས་འདི་རེད་ཅེས་བསྟན་རྒྱུ་མེད༌།པར་བསམ་པ་ལས་དེ་ནི་དངོས་ཡོད་ཀྱི་རི་ཞིག་ཡིན་པར་བསམ་གྱི་མེད་པ་རེད། 《བཀའ་འགྱུར་》ལས་《མངོན་པ་མཛོད་》ནང༌།“ རྒྱ་གར་ནས་བྱང་ཕྱོགས་སུ་རི་དགུ་བརྒྱབ་རྗེས་གངས་རི་ཞིག་ཡོད་ཅིང༌། དེ་ནི་གངས་ཏི་སི་རི་རྒྱུད་ཀྱི་རི་རྩེ་མཐོ་ཤོས་གངས་རིན་པོ་ཆེ་ཡིན་”པར་གསུངས་ཡོད་པ་སོགས་ལ་གཞིགས་ན་འདི་ནི་ནང་ཆོས་ནང་དུ་གསུངས་པའི་རི་རྒྱལ་ལྷུན་པོ་དེ་ཡིན་པར་སྣང༌།
54.jpg
           བཤད་སྲོལ་ལ་འདིར་སྐོར་བ་གཅིག་བརྒྱབ་ན་ཚེ་འདིའི་སྡིག་སྒྲིབ་དག་ཐུབ་པ་དང༌། སྐོར་བ་བཅུ་བརྒྱབ་ཚེ་སྐྱེ་བ་ལྔ་བརྒྱའི་རིང་ངན་སོང་དུ་སྐྱེ་མི་དགོས་པ། སྐོར་བ་བརྒྱ་ཚར་བྱས་པ་ཡིན་ན། སངས་རྒྱ་བར་བཤད་པ་མ་ཟད་སྟོན་པ་སྐུ་འཁྲུངས་པའི་དུས་ཆེན་ལ་སྐོར་བ་གཅིག་བྱས་ཚེ་ལྡབ་བཅུ་གཉིས་ཀྱི་དགེ་བ་བྱུང་ནས་ལོ་གཅིག་ལ་སྐོར་བ་བཅུ་གསུམ་སྐོར་བ་དང་ཁྱད་མེད་པར་ཤོད་ཀྱི་ཡོད། ལོ་ངོ་སྟོང་ཕྲག་དུ་མའི་རིང༌།དད་ལྡན་གྱི་སྐྱེ་བོ་ཟམ་མ་ཆད་པར་གནས་རི་འདིའི་ཕྱོགས་སུ་བསྐྱོད་པས་མི་རྣམས་ལ་སེམས་འགུལ་ཐེབས་ཐུབ་པའི་སྐོར་ལམ་ཞིག་
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号